མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་བོད་དོན་ཐོག་ཐུགས་ཁུར་གནང་གི་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཨོ་བྷ་མས་རྒྱ་ནག་གི་མི་འདོད་པའི་རྣམ་འགྱུར་ལ་མ་ལྟོས་པར། ༸གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་གདན་ཞུས་གནང་སྟེ་ཆུ་ཚོད་སྐར་མ་ ༤༥ རིང་མཇལ་འཕྲད་བཀའ་མོལ་ཞུས་འདུག

ཁ་སང་ཕྱི་ཚེས་ ༡༦ ཉིན་གྱི་ཝ་ཤིན་ཊོན་ཆུ་ཚོད་ ༡༡ སྐར་ ༣༥ སྟེང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལགས་ཀྱིས་༸གོང་ས་མཆོག་ཕོ་བྲང་དཀར་པོའི་ནང་གདན་ཞུས་གནང་སྟེ། དུས་ཡུན་སྐར་མ་ ༤༥ རིང་ལ་ཕན་ཚུན་མཇལ་འཕྲད་བཀའ་མོལ་གནང་ཡོད་འདུག  མཇལ་འཕྲད་གནང་གྲུབ་རྗེས་ཨ་རིའི་ཕོ་བྲང་དཀར་པོས་གསལ་བསྒྲགས་སྤེལ་ཏེ། སྲིད་འཛིན་ཨོ་བྷ་མ་ལགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་བར་ཐད་ཀར་འབྲེལ་མོལ་གནང་སྟེ་གནད་དོན་སེལ་དགོས་པ་གླེང་སློང་གནང་ཡོད་སྐོར་དང་། དེ་བཞིན་ཨ་རིའི་ཕྱོགས་ནས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་ལེན་ཡོད་སྐོར་བརྗོད་འདུག  དེ་བཞིན། ཕྱི་ཚེས་ ༡༥ ཉིན་ཕོ་བྲང་དཀར་པོས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་དུའང་།  ཐེངས་འདིའི་མཇལ་འཕྲད་ལས་སྲིད་འཛིན་ཨོ་བྷ་མ་ལགས་ཀྱིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གནང་བཞིན་པ་མཚོན་ཡོད་སྐོར་བསྒྲགས་ཡོད་པ་རེད།

ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་གྲུབ་རྗེས། ༸གོང་ས་མཆོག་གིས་ “ཨོ་བྷ་མ་ནི་ཆེས་རླབས་ཆེ་བའི་དམངས་གཙོའི་རྒྱལ་ཁབ་ཀྱི་སྲིད་འཛིན་ཡིན་པ་དང་། དེ་བཞིན་དུ་ཁོང་གིས་གཞི་རྩའི་འགྲོ་མ་མིའི་ཐོབ་ཐང་རིན་ཐང་དང་ཆོས་ལུགས་རང་དབང་ཐད་ཐུགས་ཁུར་གནང་གི་འདུག” ཅེས་གསུངས་ཡོད་འདུག    

ཕྱི་ཚེས་ ༥ ཉིན་ཨ་རི་གཞུང་གི་དམངས་གཙོ་དང་འཛམ་གླིང་ལས་དོན་ཐད་ཀྱི་བློན་ཆེན་ཟུར་བ་ཨོ་ཐི་རོ་ (Maria Otero) ་ལགས་གནམ་ཐང་དུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་ལ་སྣེ་ལེན་མཇལ་འཕྲད་གནང་པ་དང་། ཕྱི་ཚེས་ ༧ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་བྷེ་ནེར་ (John Boehner,R-OH) དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཕའེ་ལོ་སི་ (Nancy Pelosi,D-NY) རྣམ་གཉིས་ནས་ཀྱང་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་རེད། དེ་བཞིན། ཕྱི་ཚེས་ ༡༤ ཉིན་རྒྱབ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་སྐུ་མ་རི་ཨོ་ཏེ་རོ་མཆོག་ (Maria Otero) ཀྱང་དུས་འཁོར་དབང་ཆེན་གྱི་ཆོས་ཐུན་གཅིག་ལ་ཆེད་བཅར་ཞུས་ཡོད་འདུག

ཉེ་སྔོན་ནས་རྒྱ་གཞུང་གིས་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་མི་འདོད་པའི་རྣམ་འགྱུར་སྟོན་བཞིན་པ་ལྟར། ཕྱི་ཚེས་ ༡༦ ཉིན་རྒྱ་ནག་ཕྱི་འབྲེལ་ལས་ཁང་གིས་གསར་འགོད་བསྒྲགས་ཤིག་སྤེལ་ཏེ། “རྒྱལ་ཁབ་སུ་ཞིག་གི་མགོ་ཁྲིད་ཡིན་ཡང་རྣམ་པ་གང་རུང་གི་ཐོག་ནས་ཏཱ་ལའི་བླ་དང་ཐུག་འཕྲད་བྱ་རྒྱུར་མཐའ་གཅིག་ཏུ་ངོ་རྒོལ་ཡོད” ཅེས་བརྗོད་དེ། ཨ་རི་གཞུང་གིས་༸གོང་ས་མཆོག་དང་མཇལ་འཕྲད་ཀྱི་ལས་འཆར་དེ་ཕྱིར་བསྡུ་གནང་རྒྱུར་རེ་སྐུལ་ཞུས་ཡོད་པ་མ་ཟད། ༸གོང་ས་མཆོག་དང་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་མ་གནང་བའི་ཆུ་ཚོད་འགའི་སྔོན་ལ། རྒྱ་ནག་ཕྱི་འབྲེལ་ལུས་ཁུངས་ཀྱི་མགོ་གཙོ་གཞོན་པ་ཚའེ་ཐེན་ཁའེ་པེ་ཅིན་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ཀྱི་ལས་ཚབ་ཝང་ཞའོ་མེན་ཡོད་སར་ཆེད་བཅར་གྱིས། ཨ་རི་གཞུང་གིས་སྲིད་འཛིན་ཨོ་བྷ་མ་དང་ཏཱ་ལའི་བླ་མ་གཉིས་ཀྱི་མཇལ་འཕྲད་ཕྱིར་འཐེན་དགོས་སྐོར་ཤུགས་ཆེན་པོས་བརྗོད་པ་དང་། དེ་དང་དུས་མཉམ་དུ་ཨ་རིར་གནས་སྡོད་རྒྱ་ནག་གཞུང་ཚབ་ཀྲང་ཡེ་སཱི་ཡིས་ཀྱང་དེར་མཚུངས་ནན་སྐུལ་དང་ངོ་རྒོལ་བྱས་ཡོད་འདུག ད་དུང་། མཇལ་འཕྲད་གནང་གྲུབ་སྟེ་ཆུ་ཚོད་ ༢  འདས་པའི་རྗེས་ལའང་། རྒྱ་གཞུང་ཕྱི་འབྲེལ་མགྲིན་ཚབས་པ་མཱ་ཀྲོ་ཞིས་ཐེངས་འདིར་ཨ་རི་གཞུང་གིས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་ཚབ་ཆེན་གནང་སྟེ། རྒྱ་ནག་མི་མང་གི་བརྩེ་སེམས་ལ་ཕོགས་ཐུག་དང་། ཨ་རྒྱ་གཉིས་ཀྱི་མཛའ་འབྲེལ་ལ་བར་ཆད་བཏང་ཡོད་སྐོར་སྐྱོན་བརྗོད་བྱས་འདུག

ཡིན་ནའང་། ཨ་རིའི་སྤྱི་མཐུན་ཚོགས་པའི་འཐུས་མི་སི་མེ་ཐི་ལགས་ཀྱིས། ཕོ་བྲང་དཀར་པོས་མཇལ་འཕྲད་གནང་རྒྱུ་དེ་སྔ་ས་ནས་གསལ་བསྒྲགས་མ་གནང་པར། ཕྱི་ཚེས་ ༡༥ དགོང་མོ་ད་གཟོད་ཕྱིར་བསྒྲགས་བྱས་པ་དེ་ནི་སྤྱི་ཚོགས་ཁྲོད་གླེང་སློང་ཤུགས་ཆེན་པོ་མི་ཡོང་བར་དམིགས་པ་ཞིག་ཡིན་པའི་སྐྱོན་བརྗོད་གནང་ཡོད་འདུག 

ཐེངས་འདིའི་མཇལ་འཕྲད་ནི་༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་རྒས་ཡོལ་གནང་བའི་རྗེས། ཨ་རིའི་སྲིད་འཛིན་གྱིས་ཕོ་བྲང་དཀར་པོའི་ནང་གདན་ཞུས་ཀྱིས་མཇལ་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 11

  1. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    དབུ་ཁྲིད་རྣམ་གཉིས་མཇལ་འཕྲད་གནང་བར་བཀྲིས་བདེ་ལེགས་ཞུ་བ་དང་། འོན་ཀྱང་མི་ལོ་དྲུག་བཅུ་མ་ཟིན་ཙམ་རིང་ལ་འཛམ་གླིང་དབུ་ཁྲིད་དག་ནས་བོད་དོན་དང་བོད་མི་རིགས་ཀྱི་བདེ་དོན་ནི་རང་རང་རྒྱལ་ཁབ་སོ་སོའི་སྲིད་ཀྱི་ལག་ཆ་ཞིག་ལས་དོན་དམ་པའི་རྒྱབ་བསྐྱོར་རྩ་བ་ནས་བྱེད་ཀྱི་མེད་པ་ཀུན་གསལ་ཡིན་ན། ད་རེས་ཀྱང་ཨ་རིའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་གཏོང་རྒྱུ་ལས་མགོ་ནག་བོད་མིར་ཕན་པའི་རེ་བ་དང་ཡིད་ཆེས་དེ་ཙམ་མེད།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཨ་ལ།གོང་གི་མཆན་འདི་དག་ལ་བལྟས་ཚེ།ང་ཚོ་བོད་པ་ཚོ་དུས་རབས་ཉེར་གཅིག་པའི་སྐབས་སུ་འང་།ད་དུང་གཉིད་ལས་སད་མི་འདུགད་སད་རན།ཨ་རིའི་རྒྱབ་སྐྱོར་ཡོད་ཅེས་པ་ངག་ནས་ཁྲོལ་བ་ཙམ་ལས་དོན་ལ་ལག་ལེན་གསེར་གྱི་ཐིགས་པ་རེད།ད་ལྟ་ཨ་རི་ལ་མཚོན་ན།བོད་ལ་རྒྱ་དཀྲུག་པའི་སྤྱོད་སྒོ་མེད་པ་མ་ཟད།ཚོང་ལས་ཐད་ནས་བར་ཆད་ཞིག་ཏུ་གྱུར་ཡོད།ཨ་རིས་དམངས་གཙོ་སྒྲུབ་པ་ནི་བྱི་ལས་སྟོན་པའི་ཚུལ་བསྟན་ནས་ཙི་གུར་ཆོས་གསུངས་པའི་ཚུལ་ཁོ་ནའོ།

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 15 སྔོན།

    ༼ཨོ་བྷ་མས་ཐུགས་ཁུར་གནང་གི་འདུག་ཟེར།༽ ཁ་བྱང་བྲིས་སྟངས་ལ་་བལྟས་ན་དུས་བབ་ཚང་གིས་༧གོང་ས་མཆོག་ལ་གུས་ཞབས་མེད་པའམ་ཡི་མ་རངས་བ་ལྟ་བུ་ཞིག་ཤུགས་ཀྱིས་མངོན་གྱི་འདུག དེ་འདྲ་མིན་ན་སླད་མར་ཁ་བྱང་འགོད་ཕྱོགས་ལ་གཟབ་གཟབ་གནང་རོགས།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    ལྷ་ཡི་ཐུགས་དང་མི་ཡི་སེམས་ཁམས་གཉིས།།
    ཅོག་ཙེ་གཅིག་གི་སྟེང་ལ་མི་འདུ་རུང་།།
    མི་ཡི་སྡུག་བསྔལ་ལྷ་ཡིས་སེལ་ཐབས་ལ།།
    ཁང་བ་གཅིག་གི་ནང་ན་གླེང་ངམ་ཅི།།

    Reply
  5. བློ་བཟང་རྒྱལ་མཚན། says:
    ལོ་ 15 སྔོན།

    ག་རེ་བཀྲ་ཤིས་བདེ་ལེགས་
    ཞི་བདེའི་གདོོངས་འབག་གོེན་མཁན་རང་རེད་་་་་་ཁོང་སྲིད་འཛིན་ཆགས་པའི་ཉིན་མོ་དེ་ནས་བཟུང་དམག་ས་གསར་པ་མང་པོ་འགོ་འཛུགས་པ་རེད་ལ་དམར་གསོད་དེ་བས་ཀྱང་ཚམ་ཆད་མེད་
    ་ཨོ་བྷ་མའི་ཁ་གཅིག་ལ་ཅེ་གཉིས་ཡོད་

    Reply
  6. མི་ཕམ་ཚངས་ཐིག says:
    ལོ་ 15 སྔོན།

    ཨོ་བྷ་མ་དང་༸གོང་ས་མཆོག་མཇལ་འཕྲད་གནང་འདི་མ་གཏམ་བཟང་ཞིག་ཡིན་ཏ་ཡིན། དགྲ་སྡུག་རྒྱུ་ཟིན་དགའ་རྒྱུ་ཡོད་པ་ཞིག་རེད་ཏ་རེད།
    འོན་ཏེ་༸གོང་ས་མཆོག་གི་གཟི་བརྗེད་དང་མཛད་རྗེས་ལ་ཡི་རིང་བྱས་ནས་བསྡད་འདུག་པ་ཙམ་གྱིས་མི་འགྲིག་པ་ཐག་ཆོད་རེད། ༸གོང་ས་མཆོག་གིས་དབང་ཆ་མི་དམངས་ཀྱི་ལག་དུ་བཞག་པ་དེ་རང་ཅག་མི་རེ་བཞིན་ལ་ལས་འགན་ཇེ་བརྗིད་དུ་སོང་བ་ཤེས་དགོས།
    དེའི་རྩ་བ་ལ་རྒྱ། ཆིག་བསྒྲུལ། དྲང་བདེན། ཆོད་སེམས། གསར་གཏོད་བཅས་ལ་ཐུག་ཡོད། ང་ཚོས་ཆབ་སྲིད་ལང་ཕྱོགས་ལ་བསམ་བློ་གསར་བ་བཏང་རན་ཡོད།
    ཇོ་ནང་བ་ལ་ཆོས་བརྒྱུད་གཅིག་བཙུང་གིས་ཐོབ་ཐང་མ་གནང་བར་ཕྱི་གཤོལ་ལེ་ལོ་བྱས་ལུགས་སོགས་ལྟ་བུ་བྱས་ན།
    བསྟན་སྲིད་ཟིན་གྱི་མ་རེད། འདིསྐོར་མི་ཤེས་མཁན་ཡོད་ན་སྤྱི་ཟླ་༦ པའི་ ཚེས་༡༢ ལ་སྤེལ་བའི་དུས་བབ་ཀྱི་ཐོག་གི༼ དུས་འཁོར་གྱི་ཉམས་བཞེས་ཇོ་ནང་བ་ཁོ་ན་ལ་ཡོད ༽ཟེར་བའི་ཁ་བྱང་ཐོག་གཟིགས་དང་དེར་གསལ་བོ་འདུག

    Reply
  7. མི་ཕམ་ཚངས་ཐིག says:
    ལོ་ 15 སྔོན།

    འདི་དག་ཚང་མ་གཏམ་བཟང་ཡིན་ཏ་ཡིན། དགྲ་སྡུག་རྒྱུ་ཟིན་དགའ་རྒྱུ་ཞིག་རེད་ཏ་རེད།
    འོན་ཏེ་༸གོང་ས་མཆོག་གི་གཟི་བརྗེད་དང་མཛད་རྗེས་ལ་ཡི་རང་བྱས་ནས་བསྡ་འདུག་པ་ཙམ་གྱིས་མི་འགྲིག་པ་ཐག་ཆོད་རེད། ༸གོང་ས་མཆོག་གིས་དབང་ཆ་མི་དམངས་ཀྱི་ལག་དུ་བཞག་པ་དེ་རང་ཅག་མི་རེ་བཞིན་ལ་ལས་འགན་ཇེ་བརྗིད་དུ་སོང་བ་ཤེས་དགོས།
    དེའི་རྩ་བ་ལ་རྒྱ། ཆིག་བསྒྲུལ། དྲང་བདེན། ཆོད་སེམས། གསར་གཏོད་བཅས་ལ་ཐུག་ཡོད། ང་ཚོས་ཆབ་སྲིད་ལང་ཕྱོགས་ལ་བསམ་བློ་གསར་བ་བཏང་རན་ཡོད།
    ཇོ་ནང་བ་ལ་ཆོས་བརྒྱུད་གཅིག་བཙུང་གིས་ཐོབ་ཐང་མ་གནང་བར་ཕྱི་གཤོལ་ལེ་ལོ་བྱས་ལུགས་སོགས་ལྟ་བུ་བྱས་ན།
    བསྟན་སྲིད་ཟིན་གྱི་མ་རེད། འདིསྐོར་མི་ཤེས་མཁན་ཡོད་ན་སྤྱི་ཟླ་༦ པའི་ ཚེས་༡༢ ལ་སྤེལ་བའི་དུས་བབ་ཀྱི་ཐོག་གི༼ དུས་འཁོར་གྱི་ཉམས་བཞེས་ཇོ་ནང་བ་ཁོ་ན་ལ་ཡོད ༽ཟེར་བའི་ཁ་བྱང་ཐོག་གཟིགས་དང་དེར་གསལ་བོ་འདུག

    Reply
  8. bodpa says:
    ལོ་ 15 སྔོན།

    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་བར་བཀྲིས་བདེ་ལེགས་ཞུ། དེས་ཨ་རིའི་གཞུང་ནས་དོན་དུ་བོད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཞིག་བསྟན་པ་རེད། རྒྱ་དམར་སྲིད་གཞུང་ནས་དངོས་ཤུགས་བརྒྱུད་གསུམ་ནས་༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་དབར་མཇལ་འཕྲད་མི་ཡོང་བའི་ཐབས་ཤེས་བྱས་ཀྱང་གྲུབ་འབྲས་མ་ཐོན་པ་ནི་རྒྱ་དམར་སྲིད་གཞུང་སྔོ་ལོ་འཆར་བ་རེད།

    Reply
  9. མཁར་རྔ་། says:
    ལོ་ 15 སྔོན།

    ཕོ་རབས་ཟེར་ན་འོ་བྷ་མ་ལྟ་བུ་དགོས་པ་རེད། ཡིན་ནའང་བྷུ་ཤུ་མཆོག་གི་ཆོད་སེམས་ལ་དོ་ཟླ་མི་ཉན་གི་ཡ།

    Reply
  10. མཁར་རྔ་། says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  11. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    འཚེ་མེད་ཞི་བའི་ཚབ་མཚོན་གོང་ས་དང་། །
    བྲན་གཡོག་བུ་རྒྱུད་མི་ནག་སྲིད་འཛིན་གཉིས། །
    ཕོ་བྲང་དཀར་པོའི་ནང་དུ་མཇལ་འཛོམས་ཀྱིས། །
    གདུག་རྩུབ་བཙན་དབང་མཁན་ཚོར་བརྡ་ཞིག་སྤྲད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese