མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་འཁྱོག་བཤད་ཡིག་ཆ་དཀར་པོར་ལན་འདེབས་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༡/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཕྱི་དྲིལ་
ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་བསྐྱངས་ཏེ། རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་དེབ་ནང་བཀོད་པའི་འཁྱོག་བརྗོད་ལ་ལན་འདེབས་ཞིབ་ཕྲ་གནང་རྒྱུ་ཡིན་ཟེར།   

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་དང་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ།  ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་གཞུང་གིས་འགྲེམས་སྤེལ་བྱས་པའི་༼བོད་ཞི་བའ་བཅིངས་འགྲོལ་བཏང་ནས་ལོ་ ༦༠ ལོན་པ༽ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་དེ་ནི།  རྒྱ་མིས་བཙན་དབང་འོག་བོད་མི་ཚོས་དཀའ་སྡུག་ཆེ་ཤོས་མྱངས་དང་མྱོང་བཞིན་ཡོད་པའི་མུན་ནག་གི་དུས་སྐབས་དེ་འགེབ་སྲུང་བྱེད་པའི་སྲིད་བྱུས་ཤིག་ཡིན་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་པ་དང་།  རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཐོག་ཡིག་ཆ་དཀར་པོ་ཟེར་བ་དེ་ནམ་ཞིག་འདོན་མི་དགོས་པའི་དུས་ཤིག་ཤར་ཚེ།  གུང་ཁྲན་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་དེ་ཁ་ཞེ་གཉིས་མེད་ཆགས་རྒྱུ་ཡིན་ཞེས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྐབས་འདི་བརྒྱུད་པེ་ཅིན་ལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།

གསར་བསྒྲགས་ཡིག་ཆའི་ནང་། རྒྱ་གཞུང་གིས་བོད་ཐོག་སྲིད་བྱུས་བཟང་ངན་ཅི་འདྲ་ཞིག་འཛིན་ཡོད་མེད་ཀྱི་མཐའ་མའི་ཐག་གཅོད་དེ་ནི་བོད་མི་ཚོས་བྱེད་རྒྱུ་ཞིག་ཡིན་པས། ཕྱི་ལོ་ ༡༩༥༡ ལོར་རྒྱ་གཞུང་གི་བཙན་དབང་འོག་གྲོས་མཐུན་དོན་ཚད་ ༡༧ བཞག་པ་ནས་བཟུང་། ཕྱི་ལོ་ ༡༩༨༤ ལོའི་བར་རྒྱ་གཞུང་གིས་བོད་ ༡༢༠༠༠༠༠ རྐྱེན་འདས་སུ་བཏང་ཡོད་ལ། ཉེ་ཆར་ཡང་བོད་ཤར་ཕྱོགས་ཁམས་དཀར་མཛེས་ཁུལ་དང་བོད་བྱང་ཤར་ཨ་མདོ་རྔ་པ་ཁུལ་བཅས་ཛ་དྲག་གི་གནས་སྟངས་འོག་ཡོད་པ་བཅས། བོད་མི་ཚོས་དུས་དང་རྣམ་པ་ཀུན་དུ་ལུས་སྲོག་བློས་གཏོང་གིས་རང་གི་མངོན་འདོན་རྣམས་གསལ་སྟོན་བྱས་ཡོད་དེ་ནི། རྒྱ་གཞུང་གིས་ལོ་ ༦༠ རིང་བོད་ལ་དབང་བསྒྱུར་བྱས་པར་བོད་མི་ཚོ་འདོད་མོས་མེད་པའི་དན་རྟགས་ཁ་གསལ་ཞིག་ཡིན་པ་གསལ་བཤད་གནང་འདུག  དེ་བཞིན་རྒྱ་གཞུང་གིས་བོད་ཐོག་བཏོན་པའི་ཡིག་ཆ་དཀར་པོ་ཟེར་བའི་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ལ་འཁྱོག་བཤད་བྱས་པ་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྗེས་སུ་ལན་འདེབས་ཞིབ་ཕྲ་འདོན་རྒྱུ་ཡིན་སྐོར་བསྟན་འདུག

ཉེ་ཆར་རྒྱ་གཞུང་གིས་བོད་ཞི་བའི་བཅིངས་འགྲོལ་བཏང་ཚུལ་དང་། འདས་པའི་ ༦༠ རིང་འཕེལ་རྒྱུས་བྱུང་སྟངས། ད་ལྟ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱ་འོས་པའི་གྲུབ་འབྲས་བླངས་ཡོད་སྐོར་བཅས་དོན་ཚན་གསུམ་གྱི་སྟེང་ནས་རྒྱལ་སྤྱིའིི་སྒང་དྲིལ་བསྒྲགས་བྱེད་བཞིན་པའི་ཡིག་ཆ་དཀར་པོ་དེའི་ནང་། གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་སྐབས་བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དེ་རྒྱ་བོད་གཉིས་ཀྱི་འཐུས་མི་ཡོངས་ཀྱི་ངོས་ནས་གཅིག་གྱུར་ངོས་འཛིན་བྱུང་ཡོད་ཚུལ་དང་། དེ་བཞིན། རྒྱ་དམག་བོད་དུ་ཡོང་སྐབས་ལྟོ་རྒྱབ་འགྲོ་གྲོན་ཡོངས་རྫོགས་རྒྱ་གཞུང་རང་ངོས་ནས་བཏང་སྟེ། བོད་མིའི་སྤྱི་ཚོགས་འཚོ་བར་བཀྲེས་ལྟོགས་ཀྱི་དཀའ་ངལ་བྱུང་བའི་བརྡབ་གསིག་ཅི་ཡང་བཏང་མེད་པར། གནམ་ས་བླ་འོག་བརྗེ་པ་ལྟ་བུའི་ཡར་རྒྱས་ཆེན་པོ་བཏང་ཡོད་སྐོར་བཀོད་འདུག  

བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཨ་ཏི་ཤ་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། གྲོས་ཆོད་དོན་ཚན་བཅུ་བདུན་ནི་རྒྱ་ནག་གིས་བཙན་དབང་ཐོག་བཞག་པ་ཞིག་ཡིན་པ་དེ།  ཕྱི་ལོ་ ༡༩༥༩ ཟླ ༤ ཚེས་ ༡༨ ཉིན་རྒྱ་གར་ས་ཆ་ཏའེ་ཙི་བྷོར་༸གོང་ས་མཆོག་གིས་འཛམ་གླིང་ལ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པའི་སྐོར་གསལ་བཤད་དང་། དེ་བཞིན། ཁོང་གིས  ༼རྒྱ་ནག་ཁོ་ཚོས་བཏོན་པའི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་ནང་དུའང་། རྒྱ་ནག་བཅིངས་འགྲོལ་དམག་མི་བོད་ནང་དུ་ཡོང་རྒྱུར་བོད་པའི་སྐུ་ཚབ་རྣམས་ཀྱིས་མོས་མཐུན་མ་གནང་བར་ངོ་རྒོལ་བྱས་པའི་སྐོར་གསལ་འདུག་པ་དེས་ཀྱང་གསལ་བོ་མཚོན་ཡོད་པ་རེད།༽ ཅེས་བརྗོད་དེ། གྲོས་ཆོད་དོན་ཚད་བཅུ་བདུན་འཇོག་སྐབས་ས་དབང་ང་ཕོད་ངག་དབང་འཇིགས་མེན་གཙོས་པའི་བོད་ཀྱི་སྐུ་ཚབ་རྣམས་ཀྱིས་སོ་སོའི་གཞུང་འབྲེལ་སྐུ་སྒེར་དམ་ཕྲུག་བསྣམས་ཡོད་ནའང་གྲོས་ཆོད་ཡིག་ཆའི་ཐོག་མ་བརྒྱབ་པར་བརྟེན། རྒྱ་གཞུང་གིས་དམ་ཕྲུག་རྫུན་མ་བཟོས་ཏེ་རྒྱག་དགོས་བྱུང་ཡོད་པ་དེས་གྲོས་ཆོད་དེ་ནི་བཙན་དབང་འོག་བཞག་པ་ཡིན་པ་གསལ་བོར་མཚོན་ཡོད་སྐོར་དང་། གཞན་ཡང་། རྒྱ་ནག་བཅིངས་འགྲོལ་དམག་མི་བོད་ནང་དུ་སླེབས་པ་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་གྲོང་ཁྱེར་ཆེ་ཁག་ཏུ་མི་མང་གི་འཚོ་བར་བརྡབ་གསིག་ཆེན་པོ་ཐེབས་པར་བརྟེན། བོད་མི་རྣམས་ཀྱིས་ངོ་རྒོལ་ཡང་ལངས་བྱེད་དགོས་བྱུང་བའི་སྐོར་གསལ་བཤད་གནང་སོང་།

རྒྱ་ནག་གཞུང་གིས་༼ རྒྱབ་ཤ་དཀར་པོ ༽ཞེས་པ་དེ་ ༡༩༩༢ ལོ་ནས་འདོན་མགོ་བརྩམས་ཏེ། ད་བར་དེབ་ཕྲེང་དགུ་ཙམ་བཏོན་ཡོད་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་དག་ལ་དུས་ལྟར་ལན་འདེབས་གསལ་བཤད་གནང་ཡོད།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

སྐར་མ ༢༤ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

སྐར་མ ༥༧ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧

མཆན། 13

  1. བློ་བཟང་བསྟན་པའི་རྒྱལ་མཚན། says:
    ལོ་ 14 སྔོན།

    ཞུ་འདོད་པ་ཞིག་ལ་ དེ་ལ་རྒྱབ་ཤ་དཀར་པོ་ཞེས་བརྗོད་དགོས་པ་ལས་ཡིག་ཆ་དཀར་པོ་ཞེས་བརྗོད་ན་འགྲིག་གི་ཡོད་མེད་ཐེ་ཚོམ་རེད་ལགས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བློ་མཐུན་ལ་དགག་པ་རྒྱག་ལོས་ཆོག རང་སྐྱོན་རང་བརྗོད་དང་། གཞན་སྐྱོན་རོགས་རམ་ཟེར་བ་དེ་སུའི་གསུང་ཡིན་པ་ཤེས་སམ། ང་ཚོས་ཀྱང་ནང་ཁུལ་ལ་དགག་པ་རྒྱག་གིན་ཡོད་པ། འོ་ན་ང་ཚོ་ཚང་མ་བློ་མཐུན་མ་རེད་དམ། བློ་མཐུན་ཞེས་པ་བསམ་པ་ཡོངས་སུ་མཐུན་པ་ཞིག་ཅི་ལ་ཡིན། དེ་འདྲ་ཞིག་གྲོགས་པོ་དང་བཟའ་ཟླའི་བར་ལ་ཡང་ཡོངས་ཐབས་མེད།
    བོད་གཞུང་དང་གཞུང་གཉིས་ཡིན་ཁྱབ་མཉམ་དུ་འདོད་པ་དེ་ཡང་ཡ་མཚར། མ་དགའ་བའི་གཏམ་ཁོ་ན་བཤད་པ་ལས་རྒྱུ་མཚན་དང་གནས་ལུགས་རེ་གསུང་རོགས།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ལགས།
    ང་ཚོར་ཡོད་པ་ནི་རྒྱུ་མཚན་དང་གནས་ལུགས་ཡིན། དེ་ནི་ང་ཚོའི་སྟོབས་ཤུགས་ཡིན་ལ། ང་ཚོའི་ལག་ཆའང་ཡིན། དེའི་ཕྱིར་ང་ཚོས་བདེན་དོན་གྱི་ལག་ཆ་དེ་བེད་སྤྱོད་ཀྱིས་རྒྱ་ནག་གི་འཁྱོག་བཤད་ཁག་ངེས་པར་ཡོ་བསྲངས་བྱེད་དགོས་ངེས་ཡིན།
    རྒྱ་གཞུང་གིས་ད་བར་བོད་ཀྱི་ལོ་རྒྱུས་དངོས་ཡོད་ནག་བསུབ་བཏང་དང་གཏོང་བཞིན་པ་ཁག་གི་རྫུན་རྐུབ་བརྟོལ་དགོས་པར་མ་ཟད། རྒྱ་དམར་གྱིས་རྒྱ་ནག་གི་ལོ་རྒྱུས་ལ་རྫུན་བཟོ་འདྲ་མིན་བྱས་འདུག་པ་དེ་དག་གི་རྫུན་རྐུབ་ཀྱང་ང་ཚོས་ངེས་པར་བརྟོལ་དགོས་ངེས་ཡིན།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཡིག་ཆ་དཀར་པོ། བརྗོད་བྱ་ནག་པོ་རེད། རང་གཞན་གཉིས་ཕོངས།

    Reply
  5. སེར་སྨད་བློ་དགའ། says:
    ལོ་ 14 སྔོན།

    ཡིག་ཆ་འདི་ཚོ་མཐོང་དུས། བདེན་རྫུན་འོ་ཆུ་འབྱེད་པའི་དགག་བཞག་ངང་པའི་རྒྱལ་པོ་ལྷང་ངེར་དྲན་ཡོང་གི དུས་ནས་དུས་སུ་ལྕགས་ལ་ལྕགས་ཀྱི་ལྷན་པ་དང་ཟངས་ལ་ཟངས་ཀྱི་ལྷན་པ་རེ་རྒྱབ་ཐུབ་ན། དགོས་རྒྱུ་དེ་རེད་ཡ་་་་་་

    Reply
  6. ཤར་མཁན་སྤྲུལ། says:
    ལོ་ 14 སྔོན།

    རྒྱ་མའི་སྐྱག་རྫུན་ལ་ལན་འདེབས་དགོས་ནི་རེད། རྒྱུ་མཚན། རྒྱ་གཞུང་གི་དབང་བརྒྱུར་འོག་ཡོད་པ་དག་གིས་ནི་ང་ཚོས་ལན་རྒྱབ་ཡང་མི་གོ ཕྱི་ན་ཡོད་མཁན་སུས་ཀྱང་རྒྱ་མའི་རྫུན་ལ་མི་ཉན།
    བོད་གཞུང་གི་མིང་བསྒྲིག་འཛུག་ལ་བརྒྱུར་བ་ཟམ་གདོང་གིས་༸གོང་ས་མཆོག་གིས་དགེར་གཅོད་གནང་བ་ཡིན་མདོག་གིས་ལག་པ་ཕྱི་ཐབས་བྱས་ཀྱང་། དེ་ནི་༸གོང་ས་མཆོག་གིས་ཞར་དྲོན་པོ་ལས་ཡོངས་ཁྱབ་གསལ་བཤད་ཞིག་བྱུང་ན་མ་གཏོགས་དེ་ལ་ཡིད་ཆེས་རྩ་བ་ནས་མེད། དེ་ཡང་ཡོང་མི་སྲིད་པ་ཞིག་རེད། ༸གོང་མཆོགགིས་འཁྲུངས་སྐར་དུ་གནང་བའི་གསུང་བཤད་དུ་ཉོན་དང་ཤེས་སླ། བོད་གཞུང་གི་མཚན་བྱང་གསར་བ་དེ་ནི། དགྲ་བོའི་ཆོ་འཕྲུལ་ཞིག་གམ། ཡང་ན་ཕྱི་མགོ་ནང་བཙོང་གི་གཡོ་རྒྱ་ཞིག་རེད། ། དེ་དག་མ་ཡིན་པའི་དབང་དུ་བཏང་ན། བསམ་བློ་མཏང་བའི་བྱ་བ་ཞིག་དང་། གམིགས་པ་མ་བཟུང་བའི་ཕཊ་སྒྲ་ཞིག་རེད། ཀླུ་མྱོན་གྱིས་གསུང་བའི་མཁས་པའི་ཚིག་གིས་ཟུར་ལ་ལྟོས་དང་། ཐ་ན་ལུག་རྫི་རྒན་པོས་ཡང་ཤེས་ནུས་པའི་ངན་མཚང་ཞིག་རེད། ངས་ནི་རྒྱུན་དུ་བོད་གཞུང་ཟེར་གྱུ་ཡིན།

    Reply
  7. པད་མ་དཀར་པོ། says:
    ལོ་ 14 སྔོན།

    རྒྱ་མིའི་རྫུན་གྱི་བསླུས་པའི་ཁྲི་པ་ལགས་ནས་པཎ་ཆེན་རྫུན་མ་ཐུག་འདུག་ག།
    རྫུན་དང་འཁྱོག་བཤད་ཐམས་ཅད་ཤན་འབྱེད་དགོས་པ་ལས། ཉ་དང་ཉུང་མ་བསྲེས་ན་མ་འགྲིག་ཞིང༌། གསེབ་ཏུ་ཡིབ་པའི་གཡོ་སྒྱུའི་གདོང་སྦག་མཐུག་པོ་དེ། མིག་མཐོང་ལག་ཟིན་བྱུང་ནས་ཤན་འབྱེད་དགོས་པ་བཞིན། དགའ་ཁྲི་ཟུར་པ་བརྒྱ་དང་བཅུ་མེད་གཅིག་གི་ནི། གཡོ་སྒྱུའི་རྫུན་སྦག་གདོང་ངོར་འཆང་ནས་ནི། ༸རྒྱལ་བ་མཆོག་ལ་གཡོ་དང་རྫུན་གྱི་ཁྲ་མ་ཟླ་ནས་ལོ་ངོར་བསྐོར། རབ་བྱུང་འདུས་སྡེའི་ཚོགས་པ་ནག་པོའི་གཡོ་ཡིས་བསླུད། དྲང་བཞག་མེད་པར་མ་ཡིན་ཡིན་ཚུལ་གྱིས། འདུས་སྡེའི་ཚོགས་ཀྱི་དབུས་སུ་བཙུགས་པོར་བཞེངས་ནས་ནི། ལྷ་དང་བླ་མའི་དགོངས་པ་རྟོགས་པའི་གདེངས་ཚོད་ཡོད་ཁུལ་བྱེད། དམ་ཚིག་སྡོམ་པ་ སྲུང་བའི་ཁྲི་པ་ཡིན་པའི་ངོམས་རྟགས་བྱེད། འོན་ཏེ་ད་ཆ་དུས་ནི་འདས་ནས་རེ་ཞིག་སོང་བ་ན། མི་གཙང་རུལ་ནས་དྲི་ངན་རླུང་བུས་འཁུར། འདུས་ཀྱི་སྡེ་པ་ཧ་ལས་ཧོན་ཐོར་བྱེད། སྐྱེ་བོ་སྲོང་པོར་ཤེས་འདོད་རྣམས་ཀྱི་འདི་ན་གཟིགས། འདི་འཇུག་རང་རང་སོ་སོས་ལེགས་ཉེས་འབྱེད། མཁྱེན་འདོད་ཡོད་པའི་སྐྱེ་བོ་ཀུན་གྱི་འདི་ལ་གཟིགས། དགའ་ལྡན་ཁྲི་པ་ཟུར་བ་ 101་ ནས་རྒྱ་ཡིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་དང་ཐུག་འཕྲད་བྱས་ཡོད་ཅེས་འུད་ཤོབ་བྱ་གི་འདུག་ག་ ད་ལྟོས་དང༌། དྲ་གྱ་དེའི་ནང་ཁྲི་ཟུར་ 101་ནས་པཎ་ཆེན་རྫུན་མ་ཐུག་འདུག ལྟོས་དང༌། http://www.nagbausa.org/

    Reply
  8. པད་མ་དཀར་པོ། says:
    ལོ་ 14 སྔོན།

    བོད་ཞེན་ཡོད་པ་ཀུན་གྱི་དོ་སྣང་བྱེད། བཅའ་ཁྲིམས་བསྐྱར་བཅོས་སྐོར་ལ་དཔྱད་གཏམ་འབྲི་མཁན་ཀུན་ལ་འཚམས་འདྲི་ཡད། ལེགས་ཉེས་ཤེས་ན་མཁས་པ་ཡིན། རྫུན་དང་ལེགས་ཉེས་ཤན་འབྱེད་མ་ཐུབ་ཚེ། དེ་ནི་ལྐུགས་པ་ལྐུགས་རྐྱང་ཡིན། ངས་ཁ་སྔོན་བཞག་པའི་དྲ་གྱའི་ནང་དགའ་ལྡན་ཁྲི་པ་ཟུར་བ་ 101་ ནས་རྒྱ་ཡིས་ངོས་འཛིན་བྱས་པའི་པཎ་ཆེན་རྫུན་མ་དང་ཐུག་འཕྲད་བྱས་ཡོད་འདུག་ཟེར་བྲིས་ཡོད། ད་ལྟོས་དང༌། དྲ་གྱ་དེའི་ནང་ཁྲི་ཟུར་ 101་ནས་པཎ་ཆེན་རྫུན་མ་ཐུག་འདུག ད་ཁོང་ཚོའི་བྱ་སྟངས་དེ་སུ་ལ་སྐྱག་སྐྱག་རེད། ལྟོས་དང༌། http://www.nagbausa.org/

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 14 སྔོན།

    ཨ་ཁུ་ཀླུ་སྨྱོན་ལགས།

    བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་ཟློས་གར་ཁང་། བོད་ཀྱི་སྨན་རྩིས་ཁང་། འདི་དག་གི་མིང་ཐོག་མར་བཙན་བྱོལ་དུ་འབྱོར་བ་ནས་བཟུང་འདི་འདྲ་ཞིག་བཏགས་ཡོད་འདུག བོད་མི་རྣམས་ཀྱིས་དེ་དག་ཚང་མའི་སྔོན་དུ་བོད་གཞུང་ཞེས་བཏགས་ཏེ་འབོད་སྲོལ་ཡོད་པ་རེད། དེ་མ་གཏོགས། དབྱིན་ཡིག་གི་ནང་དུ། Tibetan Institute of Performing Arts(TIPA) དང་ Tibetan Medical and Astrology Institute(TMAI) ཞེས་བཏགས་འདུག་སྟབས་བོད་གཞུང་ཅེས་པ་ཞིག་དང་པོ་ནས་འབོད་ཁག་པོ་ཆགས་ཡོད་ས་རེད།

    གཞུང་འབྲེལ་ཅེས་པ་དེ་ Official དང་ Formal ཙམ་གྱི་གོ་དོན་ལ་འཇུག་གི་ཡོད་པ་འདྲ་བས་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཅེས་བཏགས་ཀྱང་འགལ་བ་ཅི་ཡང་མེད་པ་འདྲ་ཞིག་རེད།

    ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་པ་མང་ཆེ་བར་བཙན་བྱོལ་བོད་གཞུང་ཅེས་པའི་མིང་དེ་དགོས་ན་གྲོས་ཚོགས་བརྒྱུད་བཅའ་ཁྲིམས་བསྐྱར་བཅོས་བྱས་ན་འགྲིག་གི་རེད་ཅེས་གསུངས་སོང་།

    Reply
  10. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    རྒྱ་ནག་གི་གཡོ་བྱུས་ལ་ལན་འདེབས་བྱེད་རྒྱུ་དེ་གཡོར་མི་རུང་བའི་དོན་དག་གཅིག་ཡིན།ང་ཚོས་རྒྱ་གཞུང་གིས་༸གོང་ས་མཆོག་ལ་སྒྲོ་སྐུར་མཚན་སྨོད་བྱེད་རྒྱུ་ཡོད་པ་དེར་སྣང་མེད་དུ་བཞག་གི་འདུག་འདིའི་རིགས་ལ་ལན་འདེབས་གང་མང་གནང་དགོས་རྒྱུ་འདུག

    Reply
  11. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    ད་ནི་གཞུང་འབྲེལ་གསར་འགོད་གསལ་བསྒྲགས་ཟེར་བ་ཞིག་ཡོད་པ་མ་རེད། སྒྲིག་འབྲེལ་གསར་འགོད་གསལ་བསྒྲགས་ཟེར་དགོས་ཀྱི་རེད། བོད་གཞུང་སྨན་རྩིས་ཁང་གི་སྒོ་བྱང་ཡང་བརྗེས་ཏེ་སྒྲིག་འཛུགས་སྨན་རྩིས་ཁང་། བོད་གཞུང་ཟློས་གར་ཡང་སྒྲིག་འཛུགས་ཟློས་གར་ལ་བསྒྱུར་དགོས་པ་རེད། དེ་བཞིན་བོད་གཞུང་དམངས་ཚོགས་འདུ་ཡང་སྒྲིག་དམངས་ཚོགས་འདུ་ལ་བསྒྱུར་དགོས།

    Reply
  12. གྲགས་བསོད་ says:
    ལོ་ 14 སྔོན།

    ངས་འདིར་མང་པོ་བཤད་ཀྱི་མི་མདོར་བསྡུས་ནས་བཤད་ན་རྒྱབ་ཤ་དཀར་པོ་ལ་གནོད་ཏུ་མཁད་པའི་ལན་འདེབས་རེ་གནང་རོགས་ཞུ།

    Reply
  13. གནས་ཚང་། says:
    ལོ་ 14 སྔོན།

    དགག་པ་ག་རེ་རྒྱག་གི་ཡིན། ཟམ་གདོང་རིན་པ་ཆེ་བློ་མཐུན་ཞེས་འབོད་ཀྱི་མེད་པར་དགག་པ་རྒྱག་གི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese