མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་དྲོ་ནས་བཟུང་ཇོའུ་མི་རིགས་ཀྱི་སྲོལ་རྒྱུན་རང་བཞིན་གྱི་དུས་ཆེན་ཞིག་རེད། དུས་དྲན་འདི་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ལ། ཆུ་ཚོད་ཉེར་བཞིའི་རིང་དུ་རྒྱལ་ཁབ་ཀྱི་དངོས་ནས་འགྲིམ་འགྲུལ་ཡོངས་སུ་རྫོགས་པ་མཚམས་འཇོག་གི་འདུག ཆོས་པ་དག་གིས་ཆོས་ཀྱི་ཆོ་ག་ཕྱག་ལེན་བྱེད་ཀྱི་ཡོད་པ་དང་ཆོས་ལུགས་པ་མིན་མཁན་དག་གིས་ཀྱང་། རང་ཉིད་ཇོའུ་མི་རིགས་ཤིག་ཡིན་དུས། ཆུ་ཚོད་ཉེར་བཞིའི་རིང་དུ་འགྲིམ་འགྲུལ་མི་བྱེད་པར་སྲོལ་རྒྱུན་ལ་གུས་བཀུར་བྱེད་ཀྱི་འདུག གལ་སྲིད། ཉིན་འདི་ལ་རླངས་འཁོར་རེ་གཉིས་རེ་གཞུང་ལམ་དང་སྲུང་བར་དུ་མཐོང་རྒྱུ་ཡོད་ཚེ། དེ་ནི་ཁ་ཆེ་བ་ཞིག་དང་དེ་མིན་ཛ་དྲག་གི་དོན་རྐྱེན་གང་ཞིག་འཕྲད་མཁན་གྱི་མི་ཞིག་ཡིན་པར་བཤད་ཆོག་པར་བརྩི་བཞིན་འདུག

ད་དུང་། ཆུ་ཚོད་ཉེར་བཞིའི་རིང་དུ་ཇོའུ་མི་རིགས་ཚང་མས་ཟས་ཆད་ཀྱི་ཕྱག་ལེན་ཞིག་བྱེད་ཀྱི་ཡོད། ཉིན་མོ་འདིར་ཁོང་ཚོས་རང་རང་གིས་བྱས་ཟིན་པའི་ནག་ཉེས་དང་ནོར་འཁྲུལ་དག་ལ་ཕྱིར་དྲན་དང་བཟོད་གསོལ་བྱེད་དགོས་པར་བཤད། དེ་ཡི་སྟབས་ཀྱི་ཉིན་བཀང་བོར་ཕྱི་ལོག་དུ་འགྲོ་ས་མེད་པར་གངས་མཚོའི་ཨ་མ་དང་ངེད་གསུམ་ཕྱི་ལོག་དུ་གོམ་བཀང་ཡང་མ་ནུར་བར་བསྡད་པ་དང་། གངས་མཚོ་མོ་རང་གིས་ཆུ་ཚོད་ཉེར་བཞིའི་རིང་དུ་ཟས་ཁམ་བཀང་ཡང་ཟས་མ་སོང་། མོ་རང་གི་མ་རྒན་གྱིས་རང་ཉིད་ལོ་ན་མཐོ་བའི་ཟས་ཁམ་བཀང་ཡང་མ་ཟས་པར་བསྡད་ན་འགྲིག་གི་མེད་གསུངས་སོང་། ༡༡།༡༠།༠༨

འདང་ནུབ་ང་དང་གངས་མཚོ། བློ་དོན་བཟའ་མི་གསུམ། ང་ཚོ་བུ་ཆུང་བཟའ་མི་གཉིས་ཀྱི་ནང་དུ་དགོང་ཟས་ལ་རོལ་དུ་སྐད་བཏང་བ་ལྟར་སོང་། བུ་ཆུང་བཟའ་མི་གཉིས་ཀྱི་ནང་དུ་ང་ཚོས་བོད་ཀྱི་ཁ་ཟས་ཤ་མོག་མོག་དང་ཤ་མེད་མོག་མོག་བཅས་བཟོས་པ་ཡིན། བུ་ཆུང་གི་ནང་དུ་འབྱོར་དུས་བོད་པ་ཞིག་གི་ནང་དུ་འབྱོར་བ་ལྟ་བུའི་ཚོར་བ་སྟེར་གྱི་འདུག སྒོ་ཡོལ་བོད་ཀྱི་སྒོ་ཡོལ་ཞིག་རེད་འདུག་ལ། ༧རྒྱལ་བའི་སྐུ་དཔར་ཞིག་གི་མདུན་དུ་བདུན་ཚར་ཞིག་ཕུལ་འདུག བརྩིགས་ངོས་སུ་བོད་ཀྱི་ཐང་ག་དང་མ་ཎི་ཐང་ག་བཅས་བཀལ་འདུག

དགོང་ཟས་རྗེས་སུ་ང་དང་གངས་མཚོ། བློ་དོན་བཟའ་མི་གསུམ་བཅས་གངས་མཚོའི་མ་རྒན་གྱི་ནང་དུ་ཡོང་། གངས་མཚོ་དང་བློ་དོན་གྱི་རྒན་མོ་གཉིས་ཀྱི་ཁ་བརྡ་འདྲ་བྱས་ནས་བསྡད། མི་རིང་བར་ཁོང་ཚོ་ཚང་མ་ཉལ་དུ་འགྲོ་སོང་། བློ་དོན་ངེད་གཉིས་ཀྱིས་འགྲོ་བ་མིའི་རིགས་ཀྱི་སྐོར་དང་བོད་ཀྱི་མ་འོངས་པའི་སྐོར་ལ་བསམ་གཞིགས་གང་བྱེད་ཀྱི་ཡོད་མེད་སོགས་གླེང་ནས་ནམ་ཕྱེད་ཀྱི་ཆུ་ཚོད་གཉིས་དང་ཕྱེད་ཀ་་བར་དུ་བསྡད་པ་ཡིན། བློ་དོན་ཁོ་རང་གི་སེམས་ཁོང་དུའང་བོད་མི་རིགས་ཀྱི་འཇིག་ཉེན་དང་རང་གི་བུ་རྒྱུད་དག་ལ་བཅིངས་པའི་སེམས་ཁོང་གི་རེ་བ་ཆེས་མི་ཉུང་བ་ཞིག་འདུག་ལ། རང་ཉིད་བོད་མི་ཞིག་གི་སྐྱེ་བ་དེར་འགན་ཞིག་ཡོད་པར་ངེས་འཛིན་གསལ་བོ་ཞིག་སྐྱེ་བཞིན་འདུག

ང་ཚོས་ཞོགས་ཇ་འཐུང་རྗེས་སུ། བློ་དོན་བཟའ་མི་གསུམ། བུ་ཆུང་བཟའ་མི་གཉིས་དང་གངས་མཚོའི་གྲོགས་མོ་ཝན་བཟའ་མི་གཉིས་བཅས་ང་ཚོ་མི་དགུ་རྗོ་སུ་ལམ་གྱི་གནའ་ཤུལ་གྲགས་ཅན་དུ་འབོད་པའི་གྲོང་ཁྱེར་རྙིང་བའི་ནང་གི་ཡེ་ཤེས་སྐུ་གྲོངས་སའི་ལྷ་ཁང་དང་དེ་ཡི་འགྲམ་གྱི་གནའ་ཤུལ་གྱི་ཚོང་རྭ། ཨེས་སུ་རལ་གྱི་རྒྱལ་བོ་སྒྲེས་བས་ཀྱི་ཕོ་བྲང་གི་མཁར་ཤུལ་སྟོང་བ་དེར་བལྟ་སྐོར་དུ་སོང་། གལ་སྲིད། གནམ་འོག་འདི་ནས་ཡེ་ཤེས་སྟོན་པ་ལ་དད་གུས་བྱེད་མཁན་གྱི་སྐྱེ་བུ་ཞིག་ཡིན་ན། ཡེ་ཤེས་སྐུ་གྲོངས་ཡུལ་འདིར་ངེས་སུ་མཇལ་ཐུབ་པར་རེ་བ་ཡོད་པར་བཤད་ཀྱི་ཡོད་ལ། དེ་རིང་ཡང་ཕར་བལྟས་ཚོད་ཀྱིས་ཤར་ཕྱོགས་པའི་ངོ་གདོང་འཁུར་བའི་མི་ཡང་མི་ཉུང་བ་ཞིག་ཡེ་ཤེས་སྟོན་པ་སྐུ་གྲོངས་སའི་ལྷ་ཁང་འདིར་མཇལ་དུ་སླེབས་འདུག  ལྷག་པར་དུ། མཁར་གྲོང་རྙིང་བ་འདི་ན། ཆོས་ལུགས་ཆེན་པོ་གསུམ་གྱི་གནས་ཆེན་གསུམ་འདུག ཡེ་ཤེས་པ་དག་གི་རྗེས་མཇུག་ཚོར་ཡེ་ཤེས་གྲོངས་སའི་ལྷ་ཁང་། ཁ་ཆེ་བ་དག་ལ་གསེར་དང་དངུལ་གྱི་ལྷ་ཁང་གཉིས། ཇོའུ་ཆོས་ལུགས་པ་དག་ལ་རྡོ་ཡི་མཁར་བརྩིགས་ཤིག འདི་དག་ནི་ཆོས་ལུགས་ཆེན་པོ་འདི་གསུམ་གྱི་དད་པ་དང་ཡིད་ཆེས་བྱེད་ཡུལ་ཞིག་ཡིན་ལ། དེ་དག་གི་མཐའ་འཁོར་དུ་རང་རང་གི་ཆོས་ལུགས་ལ་དད་མོས་བྱེད་མཁན་གྱི་མི་ནི་རྟག་དུ་མཐོང་རྒྱུ་ཡོད་རབས་བཤད།

རྒྱལ་བོ་དེ་ཡི་མཁར་ཤུལ་སྟོང་བ་དེར་འཛུལ་བ་ལ་རིན་པ་སྤྲོད་དགོས་ཀྱི་འདུག རིན་གོང་ཡང་ཆུང་ཆུང་མ་རེད། གང་ལྟར། ངེད་ཀྱི་མཛའ་མོའི་འཛིན་བྱང་གཏོགས་སོང་། མཛའ་མོས་ང་རང་ལ་ཁོ་མོས་གང་ནུས་ཅི་ཐུབ་ཀྱིས་ངོ་སྤྲོད་བྱེད་པ་དང་བལྟ་སྐོར་འགྲོ་ཡུལ་ཞིག་ལ་ངས་འདོད་པ་ཡོད་མེད་ལ་མ་བལྟས་པར་མོ་རང་གིས་གང་ཐུབ་ཀྱིས་དངུལ་གཏོང་རྐྱང་བྱེད་ངེས་ཡིན། ནང་དུ་སོང་ནས་གནའ་མཁར་སྟོང་བ་དེ་ལ་བལྟས་པ་དང་། གནའ་ཤུལ་དེ་ཡི་སྐོར་གྱི་བརྙན་འཕྲིན་ཐུང་ཐུང་ཞིག་ཀྱང་བསྟན་སོང་། ༡༣།༡༠།༠༨

ཝན་བཟའ་མི་གཉིས་ཀྱིས་མགྲོན་དུ་བོས་པ་དང་། ངེད་གཉིས་ཁོང་བཟའ་མི་གཉིས་ཀྱི་རླངས་འཁོར་ནང་དུ་བསྡད་ནས་རྗོ་སུ་ལམ་ནས་རྒྱལ་ཁབ་འདིའི་ལྷོ་ཕྱོགས། ཨེས་ལ་ཀྲི་ཟེར་བའི་གྲོང་ཁྱེར་དེ་ཡི་ཕྱོགས་སུ་ཁ་ཕྱོགས། ཁོང་བཟའ་མི་གཉིས་ལ་བུ་མོ་གཉིས་ཡོད། བུ་མོ་ཆེ་བའི་མིང་ལ་ཡག་རྡན་དང་ཆུང་བའི་མིང་ལ་ཝོས་ནས་ཟེར་གྱི་ཡོད།

ཆུ་ཚོད་ལྔ་ཙམ་གྱི་རྗེས་སུ་ཨེས་ལ་ཀྲི་གྲོང་ཁྱེར་དུ་ཡོད་པའི་ཝན་བཟའ་མི་དག་གི་ནང་དུ་སླེབས། དེ་ནས་ཤིང་ཏོག་གི་ཁུ་འཁྱགས་པ་ཤེལ་ཕོར་གཅིག་འཐུང་རྗེས། གངས་མཚོས་རེ་འདོད་ལྟར་མཚོ་དམར་པོའི་འགྲམ་དུ་ལྟ་སྐོར་ལ་སོང་། མཚོ་དམར་པོའི་འགྲམ་དུ་ཁང་བརྩེགས་མཐོན་པོ་མི་ཉུང་བ་ཞིག་མཐོང་ཐུབ་ལ། དེ་དག་ནི་མགྲོན་ཁང་དང་ཚོང་ཁང་ཁོ་ན་ཡིན་རབས་བཤད། མཚོ་དམར་པོའི་ཕར་ཕྱོགས་སུ་ཡང་གྲོང་ཁྱེར་ཞིག་མཐོང་གི་འདུག མོ་ལ་དྲིས་དུས། དེ་ནི་རྒྱལ་ཁབ་གཞན་ཞིག་ཡིན་པ་དང་མིང་ལ་རྗོར་རྡན་ཟེར་གྱི་ཡོད་པ་དང་། དེ་ཡི་གོང་དུ་སོ་སྒྲེས་ཨ་རབ་སྤེས་ཡ་ཡོད། མཚོ་འདིའི་ཚུར་ཕྱོགས་ནས་ཡར་དུ་སོང་ན་ཨེས་རྒྱབ་དུ་སླེབས་ཀྱི་ཡོད་པ་རེད། ཚང་མ་ཁ་ཆེ་རྒྱལ་ཁབ་རེད་ཟེར།

ཚོང་འདུས་ཁྲོམ་རྭ་ཆེན་མོ་ཞིག་གི་ནང་དུ་མོ་རང་གིས་ང་རང་ལ་གོན་པ་གསར་བ་སྟོད་ཐུང་གཉིས་དང་དོར་མ་གཉིས། མོ་རང་གིས་ངའི་གྱོན་ཆོས་དག་ལ་བཏང་བའི་འགྲོ་སོང་གི་ཕྱོགས་སུ་འདང་ཞིག་བརྒྱབས་དུས། ངས་རྒྱ་གར་ནས་ལོ་གཅིག་གི་གླ་ཆ་རེད་འདུག་སྙམ་ནས། མོ་རང་ལ་ང་རང་ལ་དེ་འདྲའི་གྱོན་ཆོས་མང་བོ་ཞིག་མི་དགོས་ཚུལ་དང་ང་རང་ལ་གྱོན་ཆོས་རྒྱ་གར་དུ་ཉོས་པ་དག་ད་ལྟ་ཡང་ཡོད་པ་རེད་ཅེས་བཤད་དུས། མོས་ཁྱེད་རང་གི་དེ་དག་ནི་དབྱར་ལྭ་རེད། ད་ནི་དགུན་ཁ་སླེབས་ཀྱི་ཡོད་པ་རེད། ཕྱིར་རྗོ་སུ་ལམ་དུ་སོང་ན་དངོས་ནས་གྲང་མོ་ཡོད་པ་རེད་ཟེར། འགྲོ  མགྱོགས་པོ་བྱོས། ཝན་གྱིས་རླངས་འཁོར་བཏང་ནས་འུ་གཉིས་བསུ་རུ་ཡོང་འདུག ཚོང་ཁང་འདིའི་ཕྱི་ན་ཡོད་པ་རེད་ཟེར།

ཝན་བཟའ་མི་དག་གི་ནང་གི་ཆ་རྐྱེན་ནི་དངོས་ནས་ཡག་པོ་འདུག ཁང་བ་གསར་བ་རེད་འདུག་ལ། ནང་གི་ཅ་དངོས་ཡོད་ཚད་དེང་རབས་ཀྱི་ཅ་དངོས་་རྐྱང་རྐྱང་རེད་འདུག ཁང་བ་ཕྱི་ནང་གང་དུ་སོང་ཡང་། དེང་རབས་ཀྱི་ཁྱད་ཆོས་འདུག་པ་མ་ཟད། ཁང་བའི་སྒོ་ཕྱེ་བ་ལ་ཡང་གློག་གི་ཨང་གྲངས་བསྒྲིགས་ནས་བཞག་འདུག ཁང་བ་འདི་ནི་ལོ་གཅིག་ལྷག་གི་སྔོན་དེར་ཉོས་པ་ཞིག་རེད་འདུག

ཞོགས་པ་སྔ་བོ་ངེད་གཉིས་མོ་རང་གི་གྲོགས་མོ་མ་ཡ་ཟེར་བ་ཞིག་བསུ་རུ་སླེབས་སོང་། ངེད་གཉིས་མ་ཡ་དང་འགྲོགས་ནས་མཚོ་དམར་པོའི་འགྲམ་གྱི་སྒེར་གཉེར། ཉ་རྩྭ་ཆེན་ཞིག་ཡོད་པ་དེ་ཡི་ནང་དུ་ལྟ་སྐོར་དུ་སོང་། ནང་དུ་འཛུལ་བར་ཨ་སྒོར་ཉི་ཤུ་མི་གཅིག་ལ་དགོས་ཀྱི་འདུག དངོས་ནས་བཤད་ན་ཉ་འདི་དག་ནི་མི་དག་གིས་བཟུང་བཙོན་དུ་ཐེབས་པ་ཤ་སྟག་ཡིན། ངས་ཉ་དེ་དག་གི་རང་དབང་འཕྲོག་མཁན་གྱི་འགྲོ་བ་མི་དག་ལ་དངོས་ནས་སེམས་གཏིང་ནས་སྙིང་རྗེ་ཤོར་སོང་། ལྷག་དུ་ཉ་དེ་དག་ལ་ཡང་སེམས་གཏིང་ནས་སྙིང་རེ་རྗེའང་སྙམ་ན་ཡང་། རང་ཉིད་ནི་ལྟ་སྐོར་བའི་ཚུལ་དུ་ཉ་ཆེན་འདི་དག་གི་འགྲམ་དུ་སླེབས་ཡོད་པ་རེད།

མཚོ་འགྲམ་གྱི་སྒེར་གཉེར་ར་སྐོར་འདིའི་ནང་དུ་ཆུ་ནང་གི་ངལ་གསོ་བྱེད་ས་དང་། ཆུ་ནང་གི་འཕུར་གཉེལ་གཏོང་མཁན་གྱི་བུད་མེད་ཀྱང་ཡོད་ལ། ཟ་ཁང་དང་འཚིག་ཇ་འཐུང་ས་ཡང་འདུག ཡོད་ཚད་ལ་རིན་གོང་ལོག་གར་རེད། མཛའ་མོ་ངེད་གཉིས་ཀྱིས་ཉིན་བཀང་བོར་དེ་ནས་བཏང་། དངོས་ནས་བཤད་ན་རང་ཉིད་ནི་བསམ་རྒྱུ་དྲན་རྒྱུ་མེད་པའི་མི་ལྟ་བུ་ཞིག་ཆགས་ནས། མཚོ་འགྲམ་དེ་ཡི་བུད་མེད་གཅེར་བུ་མ་དག་གི་རྐུབ་དང་འོ་མའི་ཆེ་ཆུང་ལ་བལྟས་དེ་བསྡད་ཡོད་པ་རང་གི་མཛའ་མོས་ག་ལ་ཤེས།  ཚིམས་སྣང་མེད་པའི་སྣང་བ་འདི་སྐྱེ་བ་ཕོ་ཡོད་ཚད་ལ་ཡོད་དམ། ཡང་ན། ང་ལྟ་བུའི་གསལ་ལེ་རྒྱལ་རྐྱང་རྐྱང་གི་མིག་དང་སེམས་པའི་ངལ་གསོ་བྱེད་སྟངས་ཤིག་ཡིན་ནམ། ༡༤།༡༠།༠༨

མུ་འགོད།

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese