མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ཞེ་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

གངས་མཚོ་ངེད་གཉིས་མཚོ་དམར་པོའི་འགྲམ་གྱི་ངོ་མཚར་བའི་སྒེར་གཉེར་ཉ་རིགས་སྣ་ཚོགས་ལ་ལྟད་མོ་བལྟ་ས་ཞིག་ཡོད་པ་དེ་ཡི་ནང་དུ་སོང་། ནང་དུ་འཛུལ་བ་ལ་མི་གཅིག་ལ་ཨ་སྒོར་ཉེར་ལྔ་ལྷག་དགོས་ཀྱི་འདུག ནང་དུ་འཛུལ་མ་ཐག ཉ་རིགས་འདྲ་མིན་སྣ་ཚོགས་ཤིག་ཆུའི་བཙོན་རའི་ནང་དུ་བཅུགས་ཡོད་པ་མཐོང་དུས་སུ། མི་རྣམས་ངོ་མཚར་བའི་ཚུལ་གྱིས་ལྟ་བཞིན་ཡོད་ཀྱང་། ངའི་སེམས་སུ་སྙིང་རེ་རྗེ་སྙམ་ཞོར་དུ། མི་གཞན་དག་ལྟར་བང་བསྒྲིགས་ནས་ཆུའི་བཙོན་རའི་ནང་གི་ཉ་རིགས་དེ་དག་ལ་བལྟས། ཆུའི་བཙོན་ར་ཞེས་པའི་མིང་ཚིག་འདི་ནི་ངས་དེ་སྔོན་བོད་ཀྱི་ཐ་སྙད་གང་དུ་ཡང་མཐོང་མྱོང་མེད་ཀྱང་། མི་བཙོན་འཇུག་བྱེད་ས་ལ་བཙོན་ཁང་ཟེར་གྱི་ཡོད་པ་བཞིན། ངས་འདི་ནས་ཉ་རིགས་དག་འཇུག་སའི་ཆུ་མཛོད་ཀྱི་ར་བ་དེ་དག་གི་མིང་ལ་དེ་ལྟར་བཏགས་པ་ཡིན།

ཆུ་འོག་དུ་བསྐྱོད་པའི་གྲྭ་གཟིངས་ཤིག་གི་ནང་དུ་སོང་དུས། ད་གཟོད་ཆུའི་བཙོན་ར་ནང་གི་ཉ་དང་རྒྱ་མཚོའི་ནང་དུ་རང་དབང་གིས་བསྐྱོད་ཀྱིན་པའི་ཉ་རིགས་འདྲ་མིན་བར་གྱི་ཁྱད་པར་མཐོང་སོང་ལ། རྒྱ་མཚོའི་ནང་དུ་རང་དབང་གིས་བསྐྱོད་ཀྱིན་པའི་ཉ་རིགས་དེ་དག་ནི་མི་ཞིག་ལ་བཙོན་ན་རང་དབང་ལྡན་པ་དང་རང་ཁྱིམ་ཡོད་པ་དང་འདྲ་བོ་འདུག ཆུའི་བཙོན་རའི་ནང་དུ་ཡོད་པའི་ཉ་རིགས་དེ་དག་གིས་ཕ་ཡུལ་མེད་པ་དང་རང་དབང་བོར་བའི་མི་རིགས་བོད་པ་ངའི་སེམས་སུ་ལྷག་དུ་སྐྱོ་བ་ཞིག་འདྲེན་གྱི་འདུག གྲུ་གཟིངས་ཀྱི་ལྟ་སྐོར་དེ་ནི་སྐར་མ་བཅོ་ལྔ་ཙམ་གྱི་རིང་དུ་རེད་འདུག དེ་ཡི་རྗེས་སུ་ཉ་རིགས་འདྲ་མིན་གྱི་གླིང་ག་དེ་ནས་ཉ་རིགས་ཀྱི་སྐོར་ནས་བརྙན་འཕྲིན་སྐར་མ་སུམ་བཅུ་སོ་ལྔའི་རིང་དུ་ཡོད་པ་ཞིག་བསྟན་སོང་། བལྟ་ཡུལ་ནི་རྐུབ་སྟེགས་ཀྱི་སྟེང་དུ་ཡིན་ཡང་། རྐུབ་སྟེགས་དག་རང་བཞིན་གྱིས་འགུལ་བསྐྱོད་ཀྱི་ནུས་པ་ནི་གྲུ་གཟིངས་དུ་བསྐྱོད་པ་ལྟ་བུ་ཞིག་བཟོས་འདུག་སྟབས། བརྙན་འཕྲིན་ལ་བལྟ་སྐབས་སུ་གྲུ་གཟིངས་སུ་རང་ཉིད་ངེས་སུ་ཡོད་པའི་སྣང་བ་སྤྲོད་ཀྱི་འདུག

རྒྱལ་ཁབ་འདིའི་ནང་གི་ཚོང་ཁང་ཆེས་མང་ཤོས་ཤིག་གི་ནང་དུ་བྱིས་པའི་རྩེད་ཆོས་མང་ཤོས་ཤིག་རྒྱ་ནག་ནས་བཟོས་པ་རྐྱང་རྐྱང་ཡིན་པ་ལྟར། སྤྱི་གླིང་འདིའི་ཚོང་ཁང་ནང་གི་དྲན་རྟེན་གྱི་ལག་སྐྱེས་དག་ཡང་རྒྱ་ནག་ནས་བཟོས་པ་ཤ་སྟག་རེད་འདུག འདིར་ཟ་ཁང་ཞིག་ཡོད་ལ་དེ་ཡི་ཐོག་རྩེ་ཡི་གཡིབ་ནི་དུ་ཁང་གི་བཟོ་ལྟ་ལྟ་བུ་ཞིག་ཡིན། དེ་ཡི་མཐོ་ཚད་ནི་ཁང་བརྩེགས་བརྒྱད་དགུ་ཞིག་འདུག དེ་ཡི་སྟེང་དུ་བུད་ནས་ཕྱོགས་ཡོངས་ལ་བལྟས་དུས། མཚོ་དམར་པོའི་ཕར་ཚུར་གྱི་རྒྱལ་ཁབ་དག་གི་གྲོང་ཁྱེར་གྱི་མཛེས་ལྗོངས་མཐོང་གི་འདུག

དེ་རིང་འདི་ནས་མཐོང་བའི་ཉ་རིགས་དག་ནི་སྔོན་ཆད་རང་ཉིད་ཀྱི་མི་ཚེ་ཡི་ནང་དུ་བརྙན་འཕྲིན་དག་གི་ནང་ནས་མཐོང་བ་ལས་ངེས་སུ་མིག་གི་མཐོང་བ་ནི་ཐོག་དང་བོ་ཡིན་དུས། དངོས་ནས་མ་འདྲ་བ་ཞིག་འདུག བོད་པ་དག་གིས་ཆེས་དགའ་མོས་བྱེད་སའི་བྱུ་རུའི་ར་ཅོ་ཡང་མཐོང་རྒྱུ་འདུག དངོས་ནས་བཤད་ན་བོད་པ་འདི་དག་འབུ་སྲིན་གྱི་རིགས་ཤིག་སྐེ་རུ་བཏགས་ནས་རང་ཉིད་ཀྱི་སྣང་བ་སྤྲོ་བོ་ཡོད་པའི་རྒྱུ་མཚན་དེ་ལ་སྙིང་བོ་ཞིག་ཡོད་དམ་ཅི་སྔ་མོ་ནས་སྙམ་མྱོང་ན་ཡང་། ཆུ་ནང་གི་འབུ་རིགས་ཤིག་ཡིན་པ་ག་ལ་ཤེས། གང་ལྟར། སེམས་ཅན་འབུ་སྲིན་གྱི་རིགས་སུ་གཏོགས་པའི་བྱུ་རུའི་དམར་པོའི་སྐེ་རྒྱན་ལ་དགའ་མཁན་དེ་དག་ཡ་རེ་ང་བའི་ངེས་ཤེས་ཟབ་མོ་འདི་ནས་མིག་ལ་བསྟན་སོང་།

འགྲོ་བ་མིའི་རིགས་ཀྱི་ཚད་འཛིན་གྱི་བྱེད་ལས་ནི་སྲོག་ཆགས་གཞན་དག་ལས་ཆེས་ཁྱད་དུ་འཕགས་པ་ཞིག་ཡིན་པ་མིག་གིས་མཐོང་དུ་བཅུགས་པ་དང་། ཉའི་རིགས་ཀྱི་ཁ་དོག་དང་ཉའི་རིགས་ཀྱི་ཐུན་མོང་མ་ཡིན་པའི་གནས་ཡུལ་དག་ཞིབ་དུ་མཐོང་དུས། ཉའི་རིགས་ལ་ཡང་ཆེས་ངོ་མཚར་ལྡན་པའི་བྱུང་བ་ཞིག་ཡོད་པའི་ངེས་ཤེས་སྐྱེས་སོང་། རི་མོ་སྒྱུ་རྩལ་བ་དག་གིས་པུར་རྩེ་ནས་འབྲི་དཀའ་བའི་ཁ་དོག་ཉའི་རིགས་ཀྱི་ཁ་དོག་འདི་དག་ཇི་ལྟར་གྲུབ་པ་ཡིན་ནམ། ཕལ་ཆེར། གཅིག་ཐང་ན་སྐྱེ་བ་སྔོན་མ་བུད་མེད་ཁ་དོག་འདྲ་མིན་ལ་དགའ་བ་ཚོའི་རྣམ་ཤེས་ཉྭ་རུ་སྐྱེ་བ་ཡིན་སྲིད། ཧ་ཧ་ཧ་་  གླེན་པ་ངས་དྲན་ལུགས་འདི་ཇི་འདྲའི་ཁྱད་མཚར་ཞིག་འདུག་སྙམ་བཞིན་དེ་རིང་འདི་ནས་འབྲི་མཚམས་བཞག

མོས་ང་རང་ལ་དགུན་ལྭ་མི་ཉུང་བ་ཞིག་ཉོས་པ་དང་། ང་རང་གི་བསམ་བློ་ཡང་ཧིན་སྒོར་གྱི་ཕྱོགས་སུ་དེད་ནས་སོང་། དགུན་ལྭ་དེ་དག་གི་རིན་པ་ནི་དངོས་ནས་ཧིན་སྒོར་གཅིག་ཁྲི་ལྷག་རེད། ད་བསམ་བློ་དེ་ཡི་ཕྱོགས་སུ་མི་གཏོང་བ་བྱེད། ད་ནི་རང་ཉིད་རྒྱ་གར་དུ་ཧིན་སྒོར་བེད་སྤྱོད་བྱེད་མཁན་གྱི་མི་དེ་ནི་མ་རེད་སྙམ་ནས། མོ་རང་གིས་ཕྱི་བཞིན་དུ་བགྲེང་ནས་ཁ་རོག་གེར་མོ་རང་གིས་གང་དུ་འགྲོ་ཟེར་བ་དེ་ཡི་ཕྱོགས་སུ་འགྲོ་རྐྱང་བྱས་པ་ཡིན། མོ་རང་གིས་ང་རང་མཚོ་དམར་པོའི་འགྲམ་གྱི་མི་ཚོགས་སྣ་འདུས་ཀྱི་ཁོར་ཡུག་ཞིག་དུ་ཁྲིད་སོང་།

ཡུལ་འདི་ནི་ན་གཞོན་གྱི་འཇིག་རྟེན་ཞིག་དུ་འབོད་ཆོག་པ་དང་། དེང་རབས་རོལ་དབྱངས་ཀྱི་དབྱངས་རྟ་མཚོ་དམར་པོའི་རླབས་དང་འགྲོགས། མཚོ་དམར་པོའི་འགྲམ་གྱི་བསིལ་རླུང་དང་བསྡེབས། མི་ཚོགས་ཀྱི་སེམས་དང་རྣ་བུའི་བུ་གར་འཛུལ་གྱིན་འདུག མཚོ་ནང་དུ་ཆུ་རྐྱལ་བྱེད་བཞིན་པའི་ཕོ་མོ་རྒན་གཞོན་ཁྱད་མེད་དུ་མཐོང་བ་དང་། རང་རང་གི་སྣང་བ་གང་དྲན་ལ་རོལ་བཞིན། གསར་འགྲོགས་ཀྱི་ན་གཞོན་དག་གིས་གཅིག་གིས་གཅིག་ལ་འཁྱིད་པ་དང་། འདྲིས་ཟིན་པའི་རིགས་ཀྱི་རང་རང་གི་སྣང་བ་འགྲོ་བའི་སྐད་ཆ་རེ་བཤད་ཀྱིན། རྒན་པ་དག་གིས་ཚགས་ཤོག་རེ་ཀློག་པ་དང་། དེབ་ཀློག་པ། ལྟད་མོ་བལྟ་བ་བཅས། མི་སྣ་སྣ་འདུས་དང་བྱེད་ལས་སྣ་འདུས་རེད། ན་གཞོན་དག་གི་འགྲན་སེམས་བྱེད་ས་དང་རྒན་པ་དག་གི་ཞེན་ཆགས་བྱེད་ས། བྱིས་པ་ཚོའི་སྣང་བ་སྐྱིད་པོ་བྱེད་སའི་མཚོ་དམར་པོའི་འགྲམ་ནས་ཉི་མ་ནུབ་ཀྱིན་པ་བདག་གིས་ངེས་སུ་མཐོང་།

ཁ་སང་དེ་རིང་མོ་རང་གི་སེམས་ཁྲལ་ཆེ་ཤོས་ནི་ང་རང་གི་ཟླ་ངོ་གསུམ་གྱི་རྗེས་སུ་ཐོངས་ཆེན་རྫོགས་དུས་གང་བྱེད་མིན་དེ་ཡི་སྐོར་རེད། འདི་ནི་དངོས་ནས་ཡ་མཚན་རེད། ང་རང་ལ་སེམས་ཁྲལ་ཡོད་ན་ཆོག་མོད། ང་རང་ལ་སེམས་ཁྲལ་མེད་པར་མོ་རང་གིས་ངའི་དོན་དུ་ཟེར་ན་རེད། ང་རང་འདི་ནས་བསྡོད་ཐུབ་མིན་གྱི་སྐོར་ལ་སེམས་ཁྲལ་མང་དུ་བྱེད་ཀྱི་འདུག འདི་ནི་ཁོ་མོས་ང་རང་ལ་གཅེས་པའི་དན་རྟགས་ཤིག་མིན་འགྲོ  ༡༥།༡༠།༠༨
 
འདང་དགོང་ང་རང་ལ་ཆེས་རྨི་ལམ་ལྟས་ངན་ཞིག་རྨིས་པ་དེ་ནི། བོད་མི་ཞིག་གི་གོ་ན་མི་འདོད་པ་ཞིག་རེད། དེ་རིང་ང་ནི་མཛའ་མོ་དང་མཉམ་དུ་སྲོག་ཆགས་སྣ་འདུས་ཀྱི་སྤྱི་གླིང་ཞིག་དུ་ལྟ་སྐོར་དུ་སོང་ན་ཡང་། ཉིན་བཀང་བོར་འདང་གི་རྨི་ལམ་དེ། རྒྱལ་བ་རིན་པོ་ཆེ་ཞིང་གཞན་དུ་ཕེབས་པ་ཞིག་རྨིས་པ་དེར་བསམ་བློ་བཏང་བ་ཡིན། དེ་དུས་གཞི་ནས་རང་ཉིད་ཆུང་དུས་སུ་དྲིན་ཆེན་མ་ལོའི་ཨ་མ་ཡི་ཨ་མ་གྲོངས་པའི་རྨི་ལམ་ཞིག་རྨིས་དེ། ཕྱིར་ཉིན་ཉིན་བཀང་བོར་ངུས་དུས། དྲིན་ཆེན་མ་ལོའི་ཅིའི་ཕྱིར་ངུ་བཞིན་ཡོད་ཟེར། དེ་དུས་ངས་རང་གིས་རྨི་ལམ་བཤད་དུས། དྲིན་ཆེན་མ་ལོས་མི་གསོན་པོ་ཤི་བ་རྨིས་པ་ཡིན་ན་ཚེ་ཐག་རིང་བོ་འདུག་པའི་རྟགས་རེད། དེ་ནི་ཡག་པོ་རེད། ངུ་དགོས་པ་མ་རེད། དེ་ཡིན་དུས་ད་ནི་ཨ་མ་རྒན་མོ་ཚེ་ཐག་རིང་བོ་འདུག་ཁོ་ཐག་རེད་ཟེར་བ་དྲན་སོང་། དངོས་ནས་བདེན་པ་ཡིན་ས་རེད། ད་ལྟ་ཡང་ངའི་མ་ལོའི་མ་རྒན་གསོན་ནས་ཡོད། དེ་འདྲ་ཡིན་ན་བཟང་བ་ལ། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་བ་དེ་ལས་ཡག་ཞིག་གང་ན་ཡོད་སྙམ་གྱིན་མཛའ་མོ་དང་མོའི་གྲོགས་མོ་གཉིས་ཀྱི་རྗེས་སུ་མགོ་བོ་ནང་དུ་བཀུགས་ནས་སོང་།

ཕལ་ཆེར། ཟླ་ངོ་གཅིག་གི་རིང་དུ་ང་རང་གི་འཚོ་བ་དང་འགྲོ་འདུག་ནི་རྒྱུན་ལྡན་ལྟ་བུ་ཡིན་དུས། རྨི་ལམ་འདི་དམིགས་བསལ་ཞིག་ཡིན་དུས། ཞོགས་པ་སྔ་བོ་ཉིན་ཐོ་འབྲི་དེབ་ཀྱི་ཁ་ཕྱེ་དགོས་བྱུང་བ་རེད། ༨།༡༡།༠༨

དེ་རིང་ནི་ངས་སྔོན་ཆད་བཤད་མྱོང་བའི་མཆི་ལམ་སྙེགས་པའི་ལོ་ལོན་གཉིས་ཀྱི་ནང་ནས་རྒན་ཤོས། མོ་རང་གི་ཨ་ནེ་ཀྲ་མ་རུས་མི་ཡུལ་ཁམས་དང་གྱེས་སོང་། ང་རང་ཐོག་མར་ཁོ་མོ་དང་འཕྲད་དུས་སུ། གངས་མཚོ་ངེད་གཉིས་སླར་ཡང་ང་ཚོ་མཇལ་ཡོང་གསུངས་དེ་ངེད་གཉིས་ལ་བསྐྱེལ་མ་བྱས་པ་དེ་བདག་གིས་མིག་ལམ་དུ་ཤར་ནས་འོང་། ཡིན་ཡང་། ཟླ་ངོ་གཉིས་ཀྱི་རྗེས་ཀྱི་དེ་རིང་ཁོ་མོ་ཁང་བ་འདིའི་ནང་དུ་མི་འདུག དེ་རིང་འདིར་འཛོམས་པ་ནི། ཁོ་མོར་སྙིང་ཉེ་བའི་ཉེ་དུ་དང་ངོ་ཤེས་དག་རེད། ཁོ་མོར་གཉོར་སྐྱོང་བྱེད་མཁན་གྱི་ཝེས་ལས་ཕེན་བུད་མེད་དེས་བཤད་ན། {ཁྱེད་རང་གིས་ཇི་ལྟར་ཤེས་ཀྱི་ཡོད། ང་རང་ལ་བརྩེ་དུང་སྤྲོད་མཁན་གྱི་མི་ཞིག་དགོས་ཀྱི་ཡོད་}ཅེས་པའི་གླུ་དབྱངས་དེ་ཉན་ཞོར་དུ་འཇིག་རྟེན་འདི་དང་ཁ་གྱེས་སོང་ཟེར། དངོས་ནས་དེ་འདྲའི་རང་དབང་ཞིག སྐྱིད་པ་ལའང་གཟེར་ཟུག་གང་ཡང་མེད་པར་གླུ་དབྱངས་དེ་འདྲའི་སྙན་མོ་ཞིག་ཉན་ནས་བསམ་སོང་།

མི་ཤི་རྗེས་སུ་དེ་ཡི་ལོ་རྒྱུས་གླེང་ན། ད་གཟོད་ཚང་མ་སྙན་མོ་དང་ཡག་པོ་རྐྱང་རྐྱང་ཡིན་ཟེར་སྲོལ་ཞིག་ཡོད་པ་ལྟར། ཁོ་མོ་བཞུད་ཤུལ་དུ་ཉེ་འབྲེལ་དག་གིས་དེ་རིང་ཁོ་མོའི་སྐོར་གླེང་ནས་འོང་དུས། ཀྲ་མ་རུས་ནི་བསམ་བློ་ཀུ་ཡངས་པ། བརྩེ་ཞིང་དུངས་པའི་མི་ཞིག་ཡིན་པ། ཀུན་ལ་བྱམས་པ་སོགས་ཀྱི་ཡ་རབས་ཀྱི་ཤུལ་རྗེས་རྐྱང་རྐྱང་གླེང་གི་འདུག དངོས་ནས་ཉན་དེ་འོང་དུས། ཁོ་མོ་ནི་བུད་མེད་ཡ་རབས་ཤིག་ཡིན་པ་འདྲ། མོ་རང་ཤི་རྗེས་སུ་མོ་རང་གི་ཕུང་བོ་དོན་མེད་དུ་དུར་ས་ཞིག་ནས་ས་འོག་དུ་སྤས་པ་ལས། སྨན་ཁང་ཞིག་དུ་ཕུང་བོའི་སྐོར་ལ་སློབ་སྤྱོང་བྱེད་མཁན་གྱི་གསར་སློབ་དག་གི་ཞིབ་འཇུག་བྱེད་ས་ཞིག་ལ་མ་ཤི་སྔོན་ནས་ཞལ་འདེབས་ཕུལ་འདུག

མི་ཤི་བ་དང་ཁྲིམས་རྩོད་པ་ཞིག་ཀྱང་སླེབས་འདུག ཁྲིམས་རྩོད་པ་དེ་ནི་ཁོ་མོ་གསོན་དུས་སུ་ཁོ་མོའི་ཁ་ཆེམས་དག་ཁྲིམས་ཐོག་ནས་ཡི་གེ་ཕབ་དུ་བཅུགས་ནས། ཁ་ཆེམས་དང་ཤུལ་བཞག་གི་རྒྱུ་ནོར་སོགས་ཀྱི་ཁུངས་སྣེ་ཁྲིམས་རྩོད་པ་བུད་མེད་དེ་ཡི་དབང་དུ་ཡོད་རབས་འདུག ཁྲིམས་རྩོད་པ་བུད་མེད་དེ་ཡི་ཤུལ་བཞག་གི་རྒྱུ་ནོར་དེ་དག་ལས་དངུལ་དག་ཉེ་འབྲེལ་སུ་སུ་ལ་སྤྲོད་དགོས་ཀྱི་ཡོད་མེད་དང་། རྒྱུ་དངོས་དག་སུ་ལ་དབང་ཆོག་མིན་སོགས་དེ་ནས་ཁོང་ཚོ་ཉེ་འབྲེལ་དག་གི་ལག་དུ་ཁོ་མོའི་ཁ་ཆེམས་ཀྱི་ཡི་གེ་ཞིག་བཞག ༡༩།༡༡།༠༨

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 2

  1. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་རང་ཕེབས་པ་དགའ་ཡོད། ང་རང་སྔར་བཞིན་ཡིན། ཁྱེད་རང་དུས་དབང་ལ་འགྲོ་ཐུབ་སོང་ངམ།

    Reply
  2. karmadentse says:
    ལོ་ 15 སྔོན།

    བཀླགས་ཡོད། ཉྭ་དེ་ཚོ་བཙོན་ལ་མ་བཅུག་ན་དེང་རབས་བྱིས་པ་ཚོས་རྒྱ་མཚོའི་ནང་ན་ག་རེ་ཡོད་མེད་ཤེས་ཀྱི་མ་རེད།
    གནས་སྐབས་བདེ་མོ་ཡིན་ཤག་ཡིན།
    དེ་ཙམ་བྱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese