མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཁོ་མོས་ང་རང་ཨེས་སུ་རལ་གྱི་འགྲེམ་སྟོན་ཁང་ཆེ་ཤོས་ཤིག་དུ་ཁྲིད། འགྲེམ་སྟོང་ཁང་འདི་ནི་ཨེས་སུ་རལ་གྱི་རྒྱལ་ས་རྗོ་སུ་ལམ་དུ་ཡོད་ལ། ནང་གི་ཅ་དངོས་མང་ཤོས་ཤིག་ལོ་ངོ་སྟོང་ཕྲག་དུ་མ་ཞིག་རྒྱུད་ནས་འོང་བ་ཤ་སྟག་རེད་འདུག མང་ཤོས་ཤིག་ཁྱིམ་མཚེས་རྒྱལ་ཁབ་ཨེས་རྒྱབ་ནས་བྱུང་བ་འདུག དེའི་ནང་གི་དམིགས་བསལ་གྱི་མཚོན་བྱེད་གལ་ཆེ་ཤོས་ཤིག་ཡོད་པ་དེ་ནི་རྡོ་དཀར་དམར་དམག་གསུམ་ཞིག་ཡོད་པ་དེ་ནི་ཆོས་ལུགས་གསུམ་གྱི་ཚབ་མཚོན་དུ་ཁོང་ཚོས་ངེས་འཛིན་བྱེད་ཀྱི་འདུག  ཆོས་ལུགས་གསུམ་དེ་ནི་རྗོ་ཤུ  ཁ་ཆེ། ཡེ་ཤེས་བཅས་རེད། ད་དུང་། ཁོང་ཚོས་ཆོས་རྒྱུད་ཆེན་པོ་འདི་གསུམ་ཁྱིམ་གཅིག་ལས་མཆེད་པའི་སྤུན་མཆེད་ཡིན་པར་གླེང་གི་འདུག་ལ། གཏམ་རྒྱུད་དེ་ནི་དངོས་ནས་བདེན་པ་ཁུངས་ཐུབ་ཡོད་མེད་བཤད་མི་ཤེས་ཀྱང་། ཆོས་ལུགས་གསུམ་གྱི་མཐུན་སྒྲིལ་མཚོད་བྱེད་དུ་དངོས་ནས་ཕན་པོ་འདུག་སྙམ་སོང་། ཆོས་ལུགས་འདི་གསུམ་གྱི་རྗེས་ཞུགས་པ་དག་གིས་ཀྱང་ཚབ་མཚོན་འདི་ལ་བརྩི་བཀུར་དང་མཐོང་ཆེན་གནང་ཐུབ་ཚེ། རྒྱལ་ཁབ་ཀྱི་བདེ་འཇག་དང་ཞི་བདེ་ལ་ཏན་ཏན་ཕན་པ་ཡོད་ངེས་རེད་འདུག ང་རང་ནི་འཛམ་གླིང་གི་མི་དག་གིས་གནའ་དངོས་རྩ་ཆེན་ཟེར་ནས་རྡོ་ཆས་དུས་རབས་ཀྱི་ཅ་དངོས་དེ་དག་རྩ་ཆེ་བར་བརྩི་བ་དང་དེ་དུས་ཀྱི་མི་རབས་ལ་རྒྱུལ་ལུས་སུ་འདོད་པ་དག་གིས་དངོས་ཡོད་དང་མི་མཐུན་པའི་བྱ་བྱེད་དག་ལ་དངོས་ནས་སེམས་སྐྱོ་མཁན་གྱི་གྲངས་ཤིག་ཡིན། ༥།༡།༠༩

གངས་མཚོ་ངེད་གཉིས་འཛམ་གླིང་ཆེས་དམའ་བའི་ས་ཁུལ་དུ་ངེས་འཛིན་བྱེད་པའི་མཚོ་ཤི་བོའི་འགྲམ་གྱི་མགྲོན་ཁང་ཞིག་དུ་ཐོ་འགོད་བྱས་ནས་དེ་ཁུལ་གྱི་ཇོའུ་མི་རིགས་ཀྱི་གནའ་བོའི་མི་སྣ་དག་གིས་རང་ཉིད་ཀྱི་མི་རིགས་ཀྱི་རིག་གཞུང་ཆེད་དུ་རང་སྲོག་བློས་གཏོང་བྱེད་སའི་རི་སྒང་ཞིག་དུ་ཡར་འཛེགས་པ་ཡིན། སྐབས་དེར་ང་རང་གིས་ནུ་མོ་དང་ངེད་ཚོ་རྒྱ་གར་དུ་ཡོང་བའི་ལམ་ཁའི་ཚོར་བ་ཞིག་ལ་ཕྱིར་དྲན་བྱུང་། སྟོད་མངའ་རི་ཁུལ་གྱི་རི་བྲག་གི་ངང་ཚུལ་དང་དེ་ཡི་ཁྲོད་ཀྱི་དཀའ་ཚེགས་ཆེ་བའི་མདུན་བསྐྱོད་ཀྱི་སྤོབས་པ་དག་གིས་ངའི་ནུ་མོ་ལོ་ན་བཅུ་ཡི་སྟེང་ནས་རྐང་འཐུང་དུ་བོད་ནས་འཁྲིད་ཡོང་དུས། དཀའ་ཚེགས་དང་སུན་སྣང་མི་བྱེད་པར་ང་ཡི་རྐང་རྗེས་སུ་ཤར་མར་འོང་གི་ཡོད། མཚམས་རེར། ང་ལ་ཕུ་བོ། ང་ཚོས་ངལ་ཞིག་གསོས་ཞེས་དྲིས་ཚེ། ངས་རི་བོ་དེ་ཡི་ཕར་ཕྱོགས་ནས་ངལ་གསོ་བྱེད་ཆོག་གི་རེད།

ཨ་རོགས། ཨ་རོགས་ཞེས་བོས་པའི་སྐད་དེ་ཡིས་ང་རང་ཕྱིར་དྲན་ལས་དྲངས། འབོད་མཁན་ནི་རང་ཉིད་ཀྱི་མཉམ་དུ་ཡོད་པའི་མཛའ་མོ་རེད། ཁོ་མོས་ང་ལ་ཅི་ཞིག་ལ་བསམ་བློ་བཏང་ནས་བསྡད་ཡོད་ཟེར། ངས་རང་ཉིད་རྒྱུད་མྱོང་བའི་ལམ་ཕྲན་ཞིག་གི་སྐོར་ལ་བསམ་བློ་འཁོར་དུ་བཅུགས་སོང་ཞེས་ལན་བཏབས། རི་སྒང་དེ་ནས་མར་བལྟས་པ་ཡིན་ན་མཚོ་ཤི་བོའི་མཛེས་སྡུག་དང་ཕར་ཕྱོགས་ཀྱི་རྒྱལ་ཁབ་གཞན་གྱི་ཡུལ་ལྗོངས་སོགས་མཐོང་ཐུབ་ཀྱི་འདུག རི་ངོས་འདི་ནས་ཐ་མག་ཞིག་འཐེན་ཞོར་དུ་ངས་ཇོའུ་མི་རིགས་ཀྱི་གནའ་བོའི་སྙིང་སྟོབས་ཀྱིས་དེ་རིང་གི་མི་རིགས་འདི་ཉིད་རང་ས་ན་གསོན་གནས་ཐུབ་ཡོད་པ་དང་། རང་གི་རིག་གཞུང་དར་སྤེལ་ཧ་ལས་པ་བྱིན་ཡོད་པ་དེར། གནའ་བོའི་མི་རབས་དེ་ཡི་བཀའ་དྲིན་ནི་གཞལ་དུ་མེད་པ་ཞིག་ཡིན་པ་ངེས་ཤེས་རྙེད་དུ་བཅུགས།

དགོང་མོ་མཚོ་ཤི་བོའི་འགྲམ་གྱི་མགྲོན་ཁང་སྤུས་གཙང་དེ་ལ་ཤིས་ཀར་སུམ་བརྒྱ་དང་གྱ་བཅུ་ཞག་གཅིག་གི་རིན་དུ་སྤྲད་དུས་སུ། རང་དབང་མེད་པར་དེ་ཡི་ཁ་གྲངས་ཧིན་སྒོར་ལ་བསམ་བློ་འཁོར་དུ་བཅུགས། དེ་ནི་ཧིན་སྒོར་ལྔ་སྟོང་མ་ཟིན་ཙམ་ཞིག་རེད། དེ་ནི་རང་ཉིད་ཀྱི་རྡ་ས་མེག་ལོར་དག་ཞིང་གི་ཟ་ཁང་གི་ཟླ་ངོ་གསུམ་གྱི་གླ་ཆ་རེད་འདུག་སྙམ་གྱིན། གློག་ཀླད་ཀྱི་ཁ་ཕྱེ་ནས་སྙན་ཚིག་ཚན་པ་གསུམ་བྲིས་རྗེས་སུ། ཤེལ་གྱི་སྒོ་ཆེན་པོ་དེ་ཕྱེ་ནས་ཁྱམས་རྭ་དེ་ནས་ཉི་མ་ནུབ་ཀྱིན་པའི་མཚོ་ཤི་བོའི་མཛེས་སྡུག་ལ་བལྟས། ༡༥།༡།༠༨

ཞོགས་ཉལ་གང་ཙམ་ཞིག་བརྒྱབས་རྗེས། མགྲོན་ཁང་གི་ཞོགས་ཟས་ནི་རིན་མེད་ཡིན་དུས། ཞོགས་ཟས་དངོས་ནས་ཧ་ལས་པའི་གྲྭ་རྒྱས་པོ་ཡོད་པ་དེ་དག་ཡིད་ཚིམས་པ་ཞིག་ཟས་པའི་རྗེས་སུ། དེ་ཡི་འགྲམ་གྱི་རི་བྲག་གི་ཁོར་ཡུག་ལ་རྐང་འཐུང་གི་འགྲུལ་བསྐྱོད་ཆུ་ཚོད་གཉིས་རིང་དུ་བྱས་ཀྱང་། རི་ལུང་དེ་དག་གི་ཁྱད་ཆོས་དང་མཛེས་སྡུག་ནི་རང་ཉིད་འོང་སའི་ཕ་ཡུལ་བོད་ཀྱི་མཛེས་སྡུག་དང་གཏན་ནས་བསྡུར་ཐབས་མེད་ནའང་། འདི་དག་གིས་འབད་ཞིང་ཧུར་བརྩོན་གྱིས་རང་ཉིད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབས་བྱེད་སྟངས་འདི་དག་གིས་རང་ཉིད་ལ་རྒྱལ་ཁབ་ཞིག་ཡོད་རྒྱུ་ན། འདི་ལྟར་རང་བྱུང་ཁམས་ལ་སྲུང་སྐྱོབས་བྱེད་ལུགས་འདྲ་མིན་ཞིག་ཡོད་པའི་ངེས་ཟིན་ཐོབ་དུ་བཅུགས་སོང་།

ཕྱི་དྲོ་ངེད་གཉིས་ཀྱིས་རླངས་འཁོར་མུ་མཐུད་དུ་ལྷོ་ཕྱོགས་ཨེས་ལ་ཀྲི་ཡི་ཕྱོགས་སུ་ཁ་ཕྱོགས་དེ་སོང་། དངོས་ནས་བཤད་ན་ངེད་གཉིས་ཀྱི་རླངས་འཁོར་མ་རེད། ཁོ་མོའི་རླངས་འཁོར་རྙིང་ཀོག་ཞིག་ཡོད་པ་དེ་ཡིན། གཏོང་མཁན་ཡང་མོ་རང་རེད། ངས་འགྲམ་ནས་སྐད་ཆ་རེ་བཤད་རོགས་ལས་གང་ཡང་ཕན་མི་ཐོག་པ་ཡིན། ༡༦།༡།༠༩

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༡༧ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

མཆན། 1

  1. timesofboy says:
    ལོ་ 15 སྔོན།

    གྲོགས་ལགས།
    ཁྱེད་ཀྱི་ཉིན་ཐོ་ཆ་ཚང་ཀློག་གིན་ཡོད།
    ཧ་ཅང་སྙན་པོ་འདུག
    རྐང་འཐུང་ཟེར་ན་ལྗོན་ཤིང་གི་མངོན་བརྗོད་རེད་ལགས།
    ་རྐང་ཐང་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese