མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རི་ལ་ཡར་འཛེགས་མར་འཛེགས་ཆེས་མང་བོ་ཞིག་བྱས་སྟབས། ད་ནི་དངོས་ནས་རྐང་ལག་ཚང་མ་རང་རང་གི་སར་འཇོག་ས་ཞིག་ཡོད་ན་ཅི་མ་རུང་སྙམ་པའི་སྣང་བ་ཞིག་སྟེར་གྱི་འདུག་པས་ཞོགས་པ་ཆུ་ཚོད་བཅུ་བ་ཡོལ་རེག་བར་དུ་ཉལ། ཡར་བླངས་པ་དང་མོ་རང་གི་གྲོགས་མོ་ཝན་གྱིས་ངེད་གཉིས་མཚོ་འགྲམ་དུ་མོ་རང་གི་རླངས་འཁོར་གྱིས་བསྐྱལ་སོང་། ཁོ་མོའི་སྒྲུང་གཏམ་ཞིག་གི་འཕྲོར་ཀློག་བཞིན་འདུག ངས་མཚོ་དམར་པོའི་འགྲམ་གྱི་བུད་མེད་གཅེར་བུ་དག་གི་སྒེག་པའི་ཉམས་དང་མཛེས་པའི་གཟུགས། འགྱུར་བའི་སྟངས་སྟབས་བཅས་ལ་ཧད་ཀྱིན་བསམ་བློ་དེ་ཡི་ཕྱོགས་སུ་འཁྲུལ་ནས་བསྡད། མུ་མཐུད་དུ་བསམ་བློའི་རང་དབང་ནི་ཚོད་འཛིན་མེད་པར་ཤག་ཤག་ཏུ་འཕྱོ་བའི་རྒྱ་མཚོའི་རླབས་རྒྱུན་དང་སྡེབས་ནས། སྒྲ་རྡུལ་འཕྲུལ་ཆས་ནང་གི་གླུ་དབྱངས་སྙན་མོ་ཞིག་ཀྱང་རྣ་ལམ་དུ་ཟུག་ནས་འོང་།

མཚོ་དཀྱིལ་དུ་གྲུ་གཟིང་ཆེན་པོ་ཞིག་བསྐྱོད་ཀྱིན་འདུག་པ་དེ་ནི་རྒྱལ་ཁབ་གང་ཞིག་ནས་དོལ་བསྐྱེལ་གྲུ་གཟིང་ཞིག་ཡིན་པ་རྒྱང་རིང་ནས་བལྟས་ན་ཤེས་ཀྱི་འདུག་ལ། མཁའ་དབྱིངས་སུ་གནམ་གྲུ་ཞིག་འཕུར་ནས་འོང་གི་ཡོད་པ་དེ་ནི་འདི་ཁུལ་གྱི་གནམ་ཐང་དེར་འབབ་རྒྱུ་ཡིན་པ་ཤེས་ཀྱི་འདུག སྐབས་དེར་ང་རང་གིས་ཐ་མག་འཐེན་འཕྲོ་དེ་ལ་སླར་ཡང་མེ་ཞིག་བསྒོས་དུས། གངས་མཚོས་ང་རང་ལ་མང་བོ་མ་འཐེན། ཁྱེད་རང་གི་འཕྲོད་རྟེན་ལ་གནོད་ཡོང་ཟེར། ངས་ཀྱང་འཐད་པའི་བརྡ་ལ་མགོ་བོ་གཡུགས་ཙམ་བྱས་པ་ཡིན།

ཨོ་རེད། ད་དུང་འདང་ནུབ་ང་རང་ལ་རྨི་ལམ་ཁྱད་མཚར་ཞིག་བྱུང་། དེ་ནི་ཧྲ་རན་སི་ན་ཡོད་པའི་བུ་ཆུང་བསྟན་འཛིན་རྣམ་སྲས་དང་ཁོ་མོའི་ཨ་མ་གཉིས་རེད། ཁོ་བོའི་མ་རྒན་གྱིས་བསྟན་འཛིན་རྣམ་སྲས་རྒྱ་གར་དུ་ང་རང་བསྡོད་སའི་ཁང་མིག་ནང་དུ་བཞག་འདུག་ལ། ངས་བསྟན་འཛིན་རྣམ་སྲས་མཐོང་མ་ཐག  ཨ་ཙི། ད་ངས་གང་བྱེད། བུ་ཆུང་འདིས་བོད་སྐད་ནི་མི་ཤེས། གྲོད་ཁོག་ཡང་ལྟོགས་ཡོད་ས་རེད། གཅིན་པ་ཡང་གཏོང་དགོས་ངེས་རེད་སྙམ་ནས་གཅིན་པ་གཏོང་སར་འཁྲིད་དེ་གཅིན་པ་གཏོང་རོགས་ཞེས་བཤད་དུས་དེ་མ་ཐག་གཅིན་པ་བཏང་སོང་། སྐབས་དེར་འདིས་བོད་སྐད་ཤེས་ཀྱི་འདུག་སྙམ་ནས་ང་རང་དགའ་ཞོར་དུ་བང་དུ་བཟུང་ནས་ཟ་མ་སྤྲད་དུས་ཧ་ཅང་ལྟོགས་ཡོད་པའི་ཚུལ་དང་བཅས་ཟ་བཞིན་འདུག

ངས་རྨི་ལམ་དེར་ཕྱིར་དྲན་བྱེད་བཞིན་པའི་སྐབས་ཏག་ཏག་དེར། གངས་མཚོ་དང་མོ་རང་གི་གྲོགས་མོ་ཝན་གཉིས་གཙང་སྤྱོད་ནས་ཚུར་ང་རང་ཡོད་སའི་མཚོ་འགྲམ་དུ་འབྱོར་སོང་། གངས་མཚོས་བཤད་ན་ངེད་གཉིས་ཀྱི་བྱིས་པ་དེར་ཆེ་རུ་འགྲོ་བཞིན་ཡོད་སྟབས། མོ་རང་ལ་གཅིན་པ་ཡང་ཡང་འབབ་ཀྱི་ཡོད་པ་རེད་ཟེར། ངེད་གཉིས་ཀྱི་བྱིས་པ་བདེ་ཐང་རེད་འདུག་ཟེར་ནས་ང་ལ་གཏམ་བཟང་ཞིག་བཤད་སོང་།

མི་ནི་རྨི་ལམ་དང་འབྲེལ་བ་ཡོད་མེད་གང་ལྟར་ཡང་། རྨི་ལམ་དེས་ང་རང་ཉིན་བཀང་བོར་བསམ་གཞིགས་ཀྱི་གྲོང་བརྡལ་ཞིག་དུ་བསྐྱལ་ནས། བསྟན་འཛིན་རྣམ་སྲས་དངོས་ནས་ཁྱེད་རང་གི་ཚེ་སྲོག་དང་ངའི་ཁྲག་རྒྱུན་ལ་གང་ཞིག་གི་འབྲེལ་བའི་གཏོགས་པ་ཡིན་ནམ་ཅི། ༡༧།༡།༠༩

གངས་མཚོས་གྲོགས་མོ་ཝན་དང་ངེད་གསུམ་ང་རང་ལ་ལས་ཀ་ཞིག་འཚོལ་དུ་ཟ་ཁང་ཁ་ཤས་ཤིག་གི་སྒོ་འགྲམ་རེ་རེ་བཞིན་ཉུལ་ནས་ཟ་ཁང་དག་གི་འགན་འཛིན་དག་ལ་ཐུག་འཕྲད་བྱས་ནས་སྐད་ཆ་བཤད། མཐའ་མ་དེར་འབར་མའི་ཡུལ་བཀོད་ཀྱི་བཟོས་པའི་མགྲོན་ཁང་ཆེས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་གི་ནང་དུ་སླེབས། མགྲོན་ཁང་དེ་ཡི་འགན་འཛིན་ཞིག་ནས་ཁོང་ཚོར་ཟ་ཁང་དུ་མ་བྱན་ཞིག་དགོས་ཀྱི་ཡོད། ཁྱེད་རང་སང་ཉིན་ཆུ་ཚོད་བཅུ་བའི་སྟེང་དུ་ཤོག་དང་། ང་ཚོས་ཁྱེད་རང་གི་ལག་ཟས་ཀྱི་བྲོ་བ་ཞིག་བལྟ་དགོས་ཀྱི་ཡོད། དེ་ནས་ང་ཚོས་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་བྱེད་ངེས་རེད་ཅེས་བཤད་པའི་སྐད་ཆ་དེ་ཡིས་ང་རང་ལ་དགའ་སྣང་ཁྱད་པར་ཞིག་སྤྲད།

ཉིན་མ་འདི་དག་གི་རིང་དུ་ངེད་གཉིས་གངས་མཚོའི་གྲོགས་མོ་ཝན་བཟའ་མི་རྣམས་ཀྱི་ནང་དུ་བསྡད་པའི་རིང་དེར་ངས་བརྩམས་སྒྲུང་{བརྩེ་དུང་གི་དུར་ས་}ཞེས་པའི་དངོས་སྒྲུང་དེའི་ཚན་པ་ཁ་ཤས་ཤིག་འབྲི་ཐུབ་སོང་། ད་ནི་སང་ཉིན་ནས་ལས་ཀ་རེག་མིན་གྱི་སྐོར་ལ་ངས་རང་ཉིད་ལ་རྒྱུས་མངའ་ཡོད་པའི་ཟ་མ་ཞིག་དང་བྲོ་བཅུད་ལྡན་པ་ཞིག་གིས་ཁོང་ཚོས་ང་ལ་བལྟ་སྟངས་ཡག་པོ་ཞིག་སླེབས་པར་འབད་འབུངས་བྱེད་དགོས་པ་ཡིན་དུས། ངས་སང་ཉིན་ཁོང་ཚོ་ཟ་མ་ཅི་ཞིག་བཟོས་ན་ལེགས་སམ། ༢༠།༡།༠༩

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. stalin says:
    ལོ་ 15 སྔོན།

    དབང་བསྒྱུར་གྲལ་རིམ་གྱི་རྒྱུགས་ཁྱི་སྐལ་ལྡན་བློ་གྲོས་དང་ཤར་ཕྱོགས་ཁུག་རྟ་གཉིས་ལ་ཀུན་གྱིས་གཟབ་དགོས།

    Reply
  2. karmadentse says:
    ལོ་ 15 སྔོན།

    ཡ་ཡ་བཀླགས་ཚར་བ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese