མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇང་དགུན་ཆོས་ཐོག་༧གོང་ས་མཆོག་གི་སྐུ་པར་གདན་ཞུ།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཁམས་ལི་ཐང་དགོན་ཆེན་དུ་ཚོགས་པའི་སྐབས་བཞི་བའི་མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོའི་སྟེང་། དགེ་འདུན་པ་ལྔ་སྟོང་ལྷག་གི་ཚོགས་དབུས་སུ་༸གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ཏེ། མི་མང་ལ་མཇལ་ཁ་དང་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་འདུག  

དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སྐབས་བཞི་བའི་མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ་དེ་ལི་ཐང་དགོན་ཆེན་དུ་ཚོགས་ཡོད་ཅིང་། ཐེངས་འདིའི་འཇང་དགུན་ཆོས་ཐོག་ལི་ཐང་དགོན་ཆེན་གྱི་དགོན་མ་ལག་ ༡༡༣ གཙོས་པའི་ཁམས་ཕྱོགས་ཀྱི་དགོན་སྡེ་གཞན་དང་། མདོ་སྨད་ཀྱི་རྔ་པ་ཀིརྟི་དགོན་པ་གཙོས་པའི་དགོན་སྡེ་ཆེ་ཆུང་ ༥༠ ཙམ་གྱི་སྐུ་ཚབ་བཅས་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་དགེ་འདུན་པ་ ༥༠༠༠ ལྷག དེ་བཞིན་ས་གནས་འབྲེལ་ཡོད་དཔོན་རིགས་དང་ས་གནས་མི་མང་བཅས་འདུ་འཛོམས་གནང་ཡོད་འདུག་ལ། འཇང་དགུན་ཆོས་མཚན་ཕུད་ཀྱི་དགོང་མོར་ལི་ཐང་དགོན་ཆེན་གྱི་མཁན་པོ་ལས་ཟུར་དང་ལས་ཀྱི་སྣེ་མོ་དག་གིས་༸གོང་ས་མཆོག་དང་༸པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་རྣམ་གཉིས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་དྲངས་ཏེ་བཞུགས་ཁྲིར་བཀོད་ཡོད་པར་མ་ཟད། དེར་ཡོད་སྐྱ་སེར་གཉིས་ཀྱིས་ཁ་བཏགས་ཕུལ་ཏེ་མཇལ་ཁ་ཞུས་ཡོད་འདུག

 

སྐབས་བཞི་བའི་མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོའི་ཐད་དགོན་པའི་མཚན་ཉིད་གྲྭ་ཚང་གིས་ཐོག་མར་མདོ་ཁམས་ཡུལ་གྱི་དགོན་སྡེ་ ༡༠༠ ལྷག་མགྲོན་འབོད་ཀྱི་འཆར་གཞི་བསྒྲིགས་ཏེ་རྫོང་སྲིད་གཞུང་ལ་སྙན་སེང་ཞུས་པར། རྫོང་གི་འབྲེལ་ཡོད་ཚན་པས་འཇང་དགུན་ཆོས་ཐོག་གྲྭ་པ་ ༡༠༠༠ ལས་བརྒལ་མི་ཆོག་པ་མ་ཟད། རྔ་པ་ཀིརྟི་དགོན་པ་མགྲོན་འབོད་བྱེད་མི་ཆོག་པའི་བཀའ་ཕེབས་ཡོད་ཀྱང་། མཚན་ཉིད་གྲྭ་ཚང་གི་གོ་སྒྲིག་པ་ཚོས་ཐེངས་འདིར་གྲྭ་བ་ག་ཚོད་འཛོམས་མིན་གསལ་ཁ་མ་བཟོས་ཤིང་། རྔ་པ་ཀིརྟི་དགོན་པ་ཕེབས་པ་ཡིན་ན་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྡ་ལན་སྤྲད་ཡོད་འདུག ད་དུང་དགོན་པའི་བདེ་སྲུང་མི་སྣ་ཁག་གིས་རྫོང་སྲིད་གཞུང་དང་ས་གནས་ཉེན་རྟོག་ལས་ཁུངས་ལ་ཐེངས་འདིའི་འཇང་དགུན་ཆོས་ཀྱི་མཚན་ཕུད་ཆེན་མོའི་སྐབས། ༸གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུ་རྒྱུ་ཡིན་སྐོར་བརྗོད་ཡོད་པར་མ་ཟད། གལ་སྲིད་དེ་ལ་རྫོང་སྲིད་གཞུང་དང་ཉེན་རྟོག་པས་ཐེ་ཇུས་བྱས་ཏེ་བཀག་འགོག་བྱས་པ་ཡིན་ན། ང་ཚོས་ཟིང་ཆ་བསླང་སྲིད་པའི་སྐོར་ཡང་བརྗོད་ཡོད་འདུག

 

ཉིན་བཅུའི་རིང་གི་འཇང་དགུན་ཆོས་ཆེན་མོའི་སྟེང་དགོན་པའི་སྐད་ཡིག་རྒྱུན་འཛིན་ཚོགས་པས་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་པ་དང་། ལི་ཐང་དགོན་ཆེན་གྱི་མཁན་པོ་ལས་ཟུར་དང་གནད་ཡོད་མི་སྣ་ཁག རྫ་སེར་ཤུལ་དགོན་པའི་ཁྲི་པ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས། དཀར་མཛེས་སྐྱབས་མགོན་བཅས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས་དང་། བོད་ཁ་ཆོལ་གསུམ་གྱི་མི་མང་གི་མཐུན་སྒྲིལ་ཐད་དགོན་སྡེ་ཁག་གིས་འགན་འཁུར་དགོས་པ། ལྷག་པར་དུ་དགོན་སྡེ་ཁག་ནི་མང་ཚོགས་ཀྱི་ཁུར་བོ་དང་ཁྲག་འཇིབས་མཁན་ལྟ་བུ་མ་ཡིན་པར་དངོས་ཡོད་ཀྱི་ཐོག་ནས་མང་ཚོགས་ལ་ཕན་ཐོགས་བྱེད་མཁན་ཡིན་པ་ར་སྤྲོད་བྱེད་སྟངས་བཅས་ཀྱི་སྐོར་ནས་གསུང་བཤད་གནང་ཡོད་འདུག་ལ། མི་མང་གི་གོས་ནས་ཀྱང་༸གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་དུ་རྟ་ནོར་ལུག་གསུམ་སོགས་ཚེ་ཐར་གཏོང་བ་དང་ཁྱིམ་ཚང་དབུལ་བོར་རྒྱུ་ནོར་ཕུལ་བ་སོགས་བྱས་ཏེ་མི་མང་གི་མཐུན་སྒྲིལ་དང་དབུལ་སྐྱོར་གྱི་ལས་འགུལ་སྤེལ་ཡོད་འདུག

 

ཆོས་ཕྱོགས་ཀྱི་མཛད་སྒོ་ཆེན་མོ་དེའི་ལས་དོན་ཁག་ཚན་པ་ ༥ ལ་བགོས་ཏེ་ལི་ཐང་ཤོག་དྲུག་སྐྱབས་མགོན་གཙོས་པའི་མཁན་ལས་ཟུར་ཁག་གིས་སྤྱི་ཁྱབ་འགན་འཛིན་དང་། མཁན་ཟུར་ཚ་སྟག་རིན་པོ་ཆེ་དང་མཁན་ཟུར་རྒྱ་ལུགས་སྤྲུལ་སྐུ་གཉིས་གཙོས་པའི་ལས་སྣེ་ཁག་གིས་བདེ་སྲུང་། མཁན་ཟུར་འཛམ་གླིང་སྤྲུལ་སྐུ་གཙོས་པའི་ལས་སྣེ་ཁག་གིས་དཔལ་འབྱོར།  མཁན་ཟུར་བཞག་པ་སྤྲུལ་སྐུ་དང་མཚན་ཉིད་རྒན་དགེ་བཤེས་བསྟན་པ་སོགས་ཀྱིས་སྣེ་ལེན་པའི་ལས་འགན། མཁན་ཟུར་གཙང་ཤུལ་སྤྲུལ་སྐུ་གཙོས་པའི་ལས་སྣེ་ཁག་གིས་འཕྲོད་བསྟེན་བཅས་ཀྱི་ལས་འགན་འཁུར་ཡོད་འདུག ཐེངས་འདིར་ལས་བྱེད་མི་སྣ་མཆོད་མཇལ་དུ་ཡོང་སྐབས་བོད་ཆས་མ་གྱོན་པར་རྒྱ་ཆས་དང་ཉེན་རྟོག་པའི་སྒྲིག་ཆས་སོགས་གྱོན་ཏེ་ཡོང་མི་ཆོག་པའི་སྐོར་བརྗོད་ཡོད་སྟབས། ས་གནས་མི་མང་རྒན་དར་གཞོན་གསུམ་ཚང་མས་བོད་ལྭ་གྱོན་ཡོད་པར་མ་ཟད། རྫོང་སྲིད་གཞུང་གི་ལས་བྱེད་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གཙོས་པའི་རྒྱ་ནག་གི་གསར་འགོད་པ་ཚོས་ཀྱང་བོད་ལྭ་གྱོན་ཏེ་བརྙན་ཕབ་བྱས་ཡོད་འདུག

མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ་སྐབས་གསུམ་པ་བྲག་མགོ་དགོན་དུ་ཚོགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།
Mobile App

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

ཆུ་ཚོད་ ༢ སྔོན་ལ།
tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༢༣ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

༢༠༢༥/༡༡/༢༥
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤

མཆན། 22

  1. liyulbu says:
    ལོ་ 14 སྔོན།

    གངས་དཀར་ལྷུན་པོའི་མཐའ་ནས་བསྐོར་ཞིང་སྤང་ལྗོང་སྔོན་མོའི་ཁ་དོག་མཛེས། །ནགས་ཀློང་ཕྱུགས་མོའི་རི་ལུང་རྒྱན་པས་མཛེས་པའི་མེ་ཏོག་འཇའ་མཚོན་བཀྲ། །ལི་ཆུ་སྔོན་མོའི་འབབ་སྒྲ་ལྷང་ལྷང་བསིལ་རླུང་འཇམ་པོའི་ཕྱོགས་བཞིར་ཁྱབ། །རྟ་ལུག་ནོར་གྱི་ས་གཞིར་གཏམ་པའི་ལི་ཡུལ་རྩྭ་ཐང་ཚར་སྡུག་ལྡན། ། བཅས་པའི་སྙན་ཚིག་གི་རྒྱན་ཏེ་གུས་པ་ལི་ཡུལ་བུ་ཨ་འབྲུག་པས་
    ཕ་ཡུལ་གངས་ཅན་གྱི་ལྗོངས་སུ་ཡོད་པའི་ལི་ཐང་ཡུལ་དགོན་གཉིས་ལ་རྗེས་སུ་ཡིད་རང་དང་། མདོ་ཁམས་འཇང་དགོན་ཆོས་སྐབས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བདེན་འདྲེན་ནས་མི་མང་གི་རེ་བ་སྐོང་ཐུབ་པ་དེ་དང་། མི་རིགས་ཀྱི་ལ་རྒྱ་སྙིང་དབུས་སུ་བཅང་ནས་ལས་དོན་བསྒྲུབས་པ་དེ་ལ་ལི་ཐང་སྐྱབས་མགོན་གཙོས་པའི་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་བླ་འདུས་སྡེ་ཡོངས་དང་རྒྱ་ཆེ་མང་ཚོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁ་དྲོ་བཀྲ་ཤིས། བར་ཆད་མེད་པར་ཤོག །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཟིགས་དང་། ཅིག་སྒྲིལ་ལ་ནུས་པ་ག་ཚོད་འདུག གཟིགས་དང་།

    Reply
  3. adeng says:
    ལོ་ 14 སྔོན།

    ལི་ཐང་མི་དམངས་རྣམས་ལ་སྔར་ནས་ད་བར་སེམས་ཤུགས་དང་སྙིང་སྟོབས་དེ་འདྲའི་ཡོད།

    Reply
  4. སྟག་ཕྲུག says:
    ལོ་ 14 སྔོན།

    གཞིས་ལུས་མི་མང་གི་སྙིང་སྟོབས་ལ་གུས་འདུད་ཞུ།

    Reply
  5. ལྡོམ་པོ་སྦྲ་ནག་གི་རྣམ་ཤེས། says:
    ལོ་ 14 སྔོན།

    ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན་ཟེར་བ་ནི་འདི་ལྟ་བུ་ཞིག་ལ་ཟེར་བ་ནི་ཅིས་ཀྱང་ཡིན་ངེས། བོད་ཀྱི་སྥྱི་ཚོགས་སུ་འདུས་ཆེ་བ་དང་སྒྲིལ་ཆེ་བ་ནི་གྲྭ་བཙུན་ཡིན་པར་རྟེན་དགྱ་ནག་འདི་ཚང་གིས་གྲྭ་བར་ཆེས་ཆེར་ལྡང་ཞིང་དེ་ལ་མིང་ཤས་ངན་པ་བཟོ་ཐབས་ལ་འབད་བཞིན་ཡོད། འདི་ལྟར་ཆོས་དད་རང་མོས་ཀྱི་རྒྱབ་ལྗོངས་ཡོད་པའི་ལས་འགུལ་གང་མང་སྤེལ་ཞིང་།་དགྱ་ནག་གི་ཁྲིམས་ལ་ལྟོས་ཤེས་ཀྱིས་ལས་འགུལ་རེ་རྩོམ་པ་ནི་དངོས་གནས་སྟོད་པར་འོས་དང་བ་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་དང་རྒྱབ་སྐྱོར་ཅི་རིགས་བྱེད་དགོས་པ་ཞིག་རེད་བཀྲ་ཤིས་པར་ཤོག

    Reply
  6. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཞུ་ག་ལ་དགོས། ངོ་མ་དགའ་འོས་པའི་གཏམ་བཟང་ལོས་ཡིན། སྔར་ཡིན་ན། ལི་ཐང་སྤུན་གསུམ་ཟེར་ནས་ཡོངས་གྲགས་ཀྱིས་བོད་མི་རིགས་ཀྱི་དོན་དུ་བྱས་རྗེས་རླབས་ཆེན་འཇོག་ཡོད་པར་བཤད་རབས་ཡོད། སྤྱིར་དེཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་ཀྱང་བོད་ཀྱི་རྩ་དོན་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད། ས་ཁུལ་ཞིག་ཏུ་སྐད་འབོད་རྒྱག་པ་ལས་ལས་འགུལ་དེ་ལྟ་བུའི་རིགས་ལ་ནུས་པ་ཆེ་བ་དང་རྒྱ་ནག་ལ་བརྡ་ལན་ཤུགས་ཆེ་བ་སྤོྲད་ཀྱིན་ཡོད། བྱུང་ན། བོད་མདོ་དབུས་ཁམས་སྟོད་ཀྱི་ས་ཁུལ་བཞི་ཀ་ལས་གྲ་བ་གང་མང་གདན་འདེྲན་ཞུ་ཐུབ་ན་ཞེ་དྲག་ཡག་པོ་རེད། ང་ཚོས་མཁྱེན་གསལ་བཞིན། བོད་མི་རིགས་ཡོངས་རྫོགས་འཛོམས་ནས་ཆོས་ཕྱོགས་ཀྱི་བྱ་བ་ནི་བོད་རང་སྐྱོངས་ནས་ལ་བྱེད་ཐུབ་རྒྱུ་ཡོང་མི་སྲིད་པ་ཡིན་པས། བྱུང་ན་བོད་རང་སྐྱོངས་ལྗོངས་ཀྱི་ཕྱི་ལ་གནས་པའི་བོད་ཀྱི་ས་ཁུལ་ལ་གནང་ཐུབ་ན་ཡག་པོ་ཡོད། དེ་སྔོན་སེར་ཤུལ་དང་ཡུལ་ཤུལ་ས་ཁུལ་ལ་ཡང་འཇང་དགུན་ཆོས་སོགས་ཐེངས་ཁ་ཤས་འཚོགས་པ་གོ་མྱོང་ཡོད།

    Reply
  7. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    ངོ་མ་དགའ་འོས་བ་ཞིག་དང་གཏམ་བཟང་ཞིག་ཡིན་པས་སེམས་གཏིང་ནས་ཁམས་ལི་ཐང་མ་དགོན་གཙོའི་རིས་མེད་ཀྱི་ཆོལ་གསུམ་བླ་སྤྲུལ་ཚང་མ་ལ་དམིགས་གསལ་གྱི་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
    མི་རིགས་ཀྱི་ལ་རྒྱ་བོད་མིའི་བདེན་དོན་གང་མྱུར་འགྲུབ་པར་ཤོག

    Reply
  8. ཅང་མེད། says:
    ལོ་ 14 སྔོན།

    གཞི་ལུས་མི་དམངས་ཀྱིས་སྙིང་སྟོབས་དང་དཔའ་ངར་ལ་གུས་འདུད་དང་བཅས་རྗེས་སུ་ཡི་རངས་ཞུ།

    Reply
  9. སྨྱུག་མདའ། says:
    ལོ་ 14 སྔོན།

    ཆོས་ཀྱི་ལས་འགུལ་མཉམ་ཏུ་མི་རིཊ་ལས་འགུལ་སྤེལ་བ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  10. ལྕགས་སྤྲེལ། says:
    ལོ་ 14 སྔོན།

    མི་མང་འདུ་འཛོམས་ཀྱང་ཧ་ལས་པའི་ཆེན་པོ་བྱུང་སྟེ། གསེར་རྟ་བླ་རུང་དགོན་གྱི་མཁན་ཆེན་ཁྲིམས་བློ་གྲོས་མཆོག་གིས་བཀའ་སློབ་ཀྱི་སྐབས་སུ་ཚོད་རྩིས་བྱས་ན། དེ་རིང་འདིར་ཆོས་མཇལ་དུ་ཡོང་མཁན་མི་མང་ཁྲི་བཞི་ལྔ་ཙམ་ཡོད་ས་རེད་ཅེས་གསུངས་འདུག གང་ལྟར་འདྲ་པར་ནང་དུ་ལྟས་ན་ཆོས་མཇལ་དུ་ཡོང་མཁན་མི་མང་རྣམས་ཀྱིས། ལུས་ལ་གསེར་དངུལ་གཡུ་བྱུ་སོགས་ཀྱི་རྒྱན་ཆ་ཚད་ལས་བརྒལ་བ་དང་། དེང་སང་གཟབ་སྤྲས་སུ་རྩིས་སྲོལ་ཡོད་པའི་རྒྱ་སེར་དང་གོས་ཆེན་སོགས་ཀྱི་ཆས་གོས་གཅིག་ཀྱང་མཐོང་རྒྱུ་མི་འདུག ཆོས་མཇལ་བ་འདི་རྣམས་རྒྱན་གོས་ཤིན་ཏུ་དགའ་བའི་ལི་ཐང་པའི་མི་མང་རེད་ཟེར་ན་བདེན་པ་འདྲ་བ་ཞིག་གཏན་ནས་མི་འདུག ནམ་རྒྱུན་ལི་ཐང་པ་རྣམས་མི་ཚོགས་ཆེན་པོ་འཛོམས་ས་ཞིག་ཏུ་འགྲོ་ན་ཚད་ལས་བརྒལ་བའི་གཟབ་སྤྲས་དང་རྒྱུན་ཆ་འདོགས་སྲོལ་ཡོད། འོན་ཀྱང་དེ་རིང་ནི་ཆེས་ཡ་མཚན་པ་རེད།

    Reply
  11. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    འཇང་དགུན་ཆོས་ཆེན་མོ་ལེགས་གྲུབ་བྱུང་བར་དགའ་བསུ་དང་།ལི་ཐང་ཡུལ་དགོན་གཉིས་ཀྱི་སྙིང་སྟོབས་ལ་ཡི་རངས་ཞུ།

    Reply
  12. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    འཇང་དགུན་ཆོས་ལེགས་གྲུབ་བྱུང་བ་བཀྲ་ཤིས་པ་རང་རེད་།
    མ་ཚད་ལི་ཐང་དགོན་གྱི་སྐྱབས་མགོན་གཙོ་བོར་གྱུར་པའི་ལི་ཐང་མི་མང་ཡོངས་ཀྱི་སྣིང་སྟབས་དང་ལྷ་བསམ་ལ་སྔར་ནས་ད་བ་བར་དུ་བོད་བསྟན་པ་ཆབ་སྲིད་དང་༌གོང་ས་མཆོག་གི་ལམ་སྟོན་ལ་ཤར་སྐྱོད་བྱེད་མཁན་ཞིག་པས་བསྔགས་བྲཇོད་ཞུ་།

    དེ་རིང་ཡང་གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུ་བའི་སྣིང་སྟབས་ལ་གཞིས་བཞུགས་བོད་ཟླ་ཡོངས་ཀྱི་ཚབ་ཞུ་ནས་ཐུགས་རྗེ་ཆེ་ཞུ་།

    Reply
  13. དབྱངས་ཅན་སྒྲོལ་མ། says:
    ལོ་ 14 སྔོན།

    ལི་ཐང་བ་ཚོས་དུས་རྒྱུན་དུ་བཟང་ཕྱོགས་ཀྱི་ལས་འགུལ་འདི་འདྲིའི་རིགས་སྤེལ་གྱིན་འདུག་རྗེས་སུ་ཡི་རང་ཡོད།

    Reply
  14. འབྲོག་པ་དཀར་ཆེན། says:
    ལོ་ 14 སྔོན།

    ཁམས་ལི་ཐང་དགོན་ཆེན་དུ་ཚོགས་པའི་སྐབས་བཞི་བའི་མདོ་ཁམས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོའི་སྟེང་། དགེ་འདུན་པ་ལྔ་སྟོང་ལྷག་གི་ཚོགས་དབུས་སུ་༸གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ཏེ། མི་མང་ལ་མཇལ་ཁ་དང་ཁ་བཏགས་སྒྲོན་འབུལ་ཞུས་གནང་བ་སོགས་ཀྱི་གནས་ཚུལ་གོ་མ་ཐག་དགའ་སྤྲོས་མིག་ཆུ་དབང་མེད་དུ་ཤོར་པ་ལས་ཚིག་གཅིག་ཀྱང་ཞུ་ཐུབ་མ་སོང་།

    Reply
  15. རྒྱལ་བསྟན། says:
    ལོ་ 14 སྔོན།

    དེ་རིང་གཏམ་བཟང་ཞིག་མཐོས་རྒྱུ་འདུག་པས་ངེད་རང་ཧ་དགའ།
    གཞི་བཞུགས་སྤུན་ཟླ་རྣམས་ཀྱི་སྙིང་སྟོབས་དང་ལས་འགུལ་དེ་ལྟར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
    འཇང་དགུན་ཆོས་ཀྱི་ཆོག་ཐོག་དེ་ལོ་ལྟར་བར་ཆད་མེད་པར་ཚོགས་ཐུབ་པའི་བཀྲིས་སྨོན་འདུན་ཡོད།

    Reply
  16. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བྱ་དེ་ཁྲུང་ཁྲུང་དཀར་མོ།།
    གཤོག་རྩལ་ང་ལ་གཡོར་དང་།།
    ཐག་རིང་རྒྱང་ལ་མི་འགྲོ།
    ལི་ཐང་བསྐོར་ནས་སླེབས་འོང་།།

    Reply
  17. འཇམ་བཟང་། says:
    ལོ་ 14 སྔོན།

    འཇམ་དགུན་ཆོས་ཆེན་མོ་ལེགས་གྲུབ་བྱུང་བ་ལ་འཚམས་འབྲི་ཞུ།

    Reply
  18. གངས་ཅན། says:
    ལོ་ 14 སྔོན།

    བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གཞོལ་བའི་དམ་པའི་སྐྱེས་བུ་རྣམས་སྐུ་ཚེ་རྒྱལ་མཚན་བརྟན་ཅིང། བསྟན་སྲིད་ཀྱི་བྱ་བ་གེགས་རྐྱེན་ཕྲ་མོ་ཙམ་མེད་པར་འདོད་དོན་ལྷུན་གྱིས་གྲུབ་སྟེ་བོད་ཁ་བ་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ།

    Reply
  19. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་གཅིག་ལས་འགུལ་སྤེལ་བསྟང་ལ་རྗེས་སུ་ཡི་རངས་ཡོད།

    Reply
  20. ཤར་མདའ། says:
    ལོ་ 14 སྔོན།

    འཇང་དགུན་ཆོས་ལེགས་འགྲུབ་བྱུང་པ་འདི་ནི་ངོ་མ་ལེགས་པོ་རེད།  མ་ཟད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་གདན་འདྲེན་གནང་པ་ཧ་ཀྱང་ཡག་པོ་རེད།   འོན་ཀྱང་རང་ཉིད་ཀྱི་ལས་དོན་གང་ཡོད་སོགས་དངོས་ཟིན་པའི་ཐོག་ནས་རང་དོན་མ་འཁྱོར་བ་ཞིག་རྒྱུ་གལ་ཆེན་རེད་ཐུགས་རྗེ་ཆེ།

    Reply
  21. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    འཇང་དགུན་ཆོས་རྒྱས་འཚོག་ཐུབ་པ་ལ་རྗེས་སུ་ཡི་རང་ཡོད་ལ། ཡིད་བཞིན་ནོར་བུའི་སྐུ་པར་གདན་འདྲེན་འདིས་རྒྱ་མིའི་གང་བྱེད་ཅི་ཤེས། བློ་འཚོབ་ཆེན་པོ་འདུག གཞིས་ཀྱི་སྤུན་ཟླ་འདི་ཚོའི་སྙིང་སྟོབས་ནི་ཕུལ་དུ་བྱུང་བ་ཞིག་ཅི་ཕྱིར་མིན། ལོ་ཞུགས་མའི་འཇང་རྒུན་ཆོས་ལ་ཡང་བར་ཆད་མེད་པར་འདི་བཞིན་གནང་ཐུབ་པའི་སྨོན་འདུན་ཡོད།

    Reply
  22. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལས་འགུལ་དར་གྱི་མདུད་པ་ལ་རྗེས་སུ་ཡི་རང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese