མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐེ་ལན་གྲི་ཟ་ཁང་དེའི་འགན་འཛིན་གྱིས་བཤད་པ་ལྟར་དེ་རིང་སྔ་བོ་ཆུ་ཚོད་བཅུ་བའི་སྟེང་དུ་ང་རང་ཟ་ཁང་དེའི་ཐབ་ཚང་དུ་སོང་ནས་རང་གི་གང་ཤེས་པའི་ཁ་ཟས་ཤིག་བཟོས་ཟེར་བ་ལྟར་དུ་འཐེན་ཐུག་བརྔོས་མ་ཤ་ཡོད་དང་ཤ་མེད་གཉིས་སྡེར་མ་བཞི་དང་ཤ་མོག་བརྔོས་མ་ཁུ་ནུར་ཡོད་པ་ཞིག་བཟོས་དེ་ཁོང་ཚོ་འགན་འཛིན་ལྷན་རྒྱས་སུ་བྲོ་བ་ལྟ་རུ་བཅུགས་པ་ཡིན། འགན་འཛིན་བཞི་བོས་ཁ་གཅིག་གྲགས་ཀྱིས་དངོས་ནས་བྲོ་བ་འདུག་ཟེར་ནས་བསྔགས་བརྗོད་བྱས་སོང་། ཡིན་ཡང་། འགན་འཛིན་ལོ་ན་རྒན་པ་དེའི་ངེད་ཅག་གི་ཟ་ཁང་གི་ཟ་མ་ཐེ་ལན་གྲིའི་ཁ་ཟས་ཡིན་སྟབས། ཁྱེད་རང་གི་ཐེ་ལན་གྲིའི་ཁ་ཟས་ཁ་ཤས་ཤིག་བཟོས་དེ་དེའི་བྲོ་བ་ག་འདྲ་ཡོད་མེད་དུ་བལྟ་དགོས་པ་དེ་ནི་གལ་ཆེན་པོ་ཆགས་ཡོད་པ་རེད་ཟེར་བས་འགན་འཛིན་གཞོན་པ་དེའི་ང་དང་གངས་འཚོ་གཉིས་ལ་དེ་ནི་ངེད་ཅག་མ་བྱན་ཆེན་མོ་ཁོ་རང་ཡོང་རོགས་བར་དུ་སྒུག་ནས་ད་གཟོད་ཁོ་རང་གི་གང་བཟོས་པ་དེ་ནས་ཁྱེད་རང་གི་གཅིག་བཟོས་དེ་བལྟས་ན་འགྲིག་གི་རེད། ཐོག་མར་ང་ཚོ་འགྲོ་ནས་སྐོམ་ཆུ་རེ་དང་ཡང་ན་འཚིག་ཇ་རེ་འཐུང་ནས་ཁོ་རང་སླེབས་རོགས་བར་དུ་སྒུག་ཟེར་བས་ངེད་ཅག་གིས་མ་བྱན་སླེབས་རེག་བར་དུ་སྒུག་པ་ཡིན།

ཐེ་ལན་གྲི་ནས་ཡིན་པའི་མ་བྱན་རྒན་པ་དེ་ལ་འགན་འཛིན་གྱིས་ང་རང་ངོ་སྤྲོད་གནང་སོང་། མ་བྱན་དེས་དབྱིན་སྐད་ཆ་ཆོར་ཞིག་ལས་མི་ཤེས་ཀྱང་ཤེས་པ་དེ་དག་བརྒྱུད་ངེད་གཉིས་ཀྱིས་ཕན་ཚུན་ལ་གོ་བརྡ་འཕྲོད་མི་འཕྲོད་བྱེད་ཞོར་དུ་ང་རང་གི་ཐེ་ལན་གྲིའི་ཟ་མ་དང་ཁུ་བའི་རིགས་ཁ་ཤས་ཤིག་བཟོས་དེ་ཁོང་ཚོ་ལ་ཟ་རུ་བཅུགས། ཁོང་ཚོས་དངོས་ནས་ཞིམ་པོ་འདུག  ཁྱེད་རང་ཁོམ་པ་ཡོད་ན་དགོང་དྲོ་དུས་ཚོད་བདུན་པའི་སྟེང་དུ་ཡོང་ནས་ཐབ་ཚང་གི་མ་བྱན་གྱི་ག་རེ་བཟོ་བཞིན་འདུག་པ་དེ་ལ་བལྟས་དེ་ཆུ་ཚོད་གཉིས་རིང་དུ་བསྡད་ན་འགྲིག་གི་རེད་ཅེས་འའགན་འཛིན་གཞོན་པ་དེའི་ང་རང་ལ་བཤད་པ་ལྟར་སོང་། ངས་ཐེ་ལན་གྲིའི་མ་བྱན་དེའི་ང་རང་ལ་བྱ་ཤ་ཁ་ཤས་ཤིག་ལག་པར་བཞག་ནས་གཏུབ་དུ་བཅུགས་དུས་སུ་ང་རང་གི་སེམས་ནང་དུ་སྐྱོ་སྣང་ཞིག་སླེབས་པ་ནི། ང་རང་གི་འདོད་པ་ལས་ཀ་འདི་འདྲ་ཞིག་བྱེད་རྒྱུ་དེ་ནི་མིན་ཡང་། ད་ནི་ལས་ཀ་གང་ཞིག་རེག་ན་དེ་བྱེད་དགོས་སྙམ་ནས་ཤ་རྩེད་ཞོར་དུ་བྱ་ཤ་དེ་དག་གཙང་བཟོ་བྱས་པ་དང་སྔོ་ཚལ་དང་ཤ་མོག་སོགས་མང་བོ་ཞིག་གཏུབ་རོགས་བྱས། ང་རང་གི་ཟ་མ་སྒོང་རུལ་སྔོ་ཚལ་གྱི་འབག་པ་དེ་བཟོ་སྟངས་མ་འདྲ་ཞིག་ཡིན་སྟབས། ང་རང་གིས་ཐེ་ལན་གྲིའི་བཟོ་སྟངས་དེ་ཤེས་རྒྱུ་ལ་དཀའ་ངལ་ཅུང་ཙམ་ཞིག་འཕྲད་སོང་། ཡིན་ཡང་། ག་ལེར་ཤེས་མི་ཐུབ་པ་ཞིག་གཏན་ནས་རེད་མི་འདུག ང་རང་ལ་ཐབ་ཚང་དེ་ནས་ཐེ་ལན་གྲིའི་ཟ་མ་བཟོ་སྟངས་ཁ་ཤས་ཀྱི་ཉམ་མྱོང་རེག་སོང་ལ་ཞོར་དུ་ཁ་ལག་དེ་དག་ནི་མིའི་འཕྲོད་བརྟེན་ལ་མི་བཟང་བའི་ཟ་མ་བསྐོར་ཞིག་ཡོད་པ་ཡང་ཤེས་སུ་བཅུགས་སོང་།

དེ་རིང་གི་ཉིན་མོ་འདི་ནི་གངས་འཚོ་དང་ངེད་གཉིས་ཀྱི་ཁང་བ་གསར་བ་ཞིག་གླས་པ་དང་ཁང་གླ་ཟླ་གཅིག་ལ་ཤིས་ཀར་བརྒྱད་བརྒྱ་རེད། ང་རང་དེ་རིང་ཉིན་གང་བོར་ཐེ་ལན་གྲི་ཟ་ཁང་ཞིག་གི་ནང་དུ་ལས་ཀ་བྱས་པ་དང་། ཁོང་ཚོས་སང་ཉིན་ང་རང་ལ་ལས་ཀ་བྱེད་རྒྱུར་དགོས་མིན་གྱི་བསྐོར་ཁ་པར་གཏོང་ཆོག་ཟེར་བས། ད་ནི་ངེད་གཉིས་ཕྱིར་ནང་དུ་འབྱོར། མཚན་མོ་བཅུ་ཚོད་དང་བོ་ཟིན་འདུག  གངས་འཚོས་གྲོགས་མོ་ཁ་ཤས་དང་ལྷན་དུ་མཚན་མོའི་ཟ་ཁང་ཞིག་དུ་སོང་དེ་ཁོང་ཚོས་ཝུ་ཆང་ཉུང་ཉུང་རེ་འཐུང་ནས་ང་རང་གི་ཆུ་མངར་མོ་ཞིག་འཐུང་ཞོར་དུ་དཀར་ཐིགས་ཞིག་ཟས། ༢༡།༡།༠༩

ཉིན་གོང་བོར་རེ་སྒུག་བྱས་པ་ལྟར། ཕར་ལ་ཁ་པར་ཁ་ཤས་ཤིག་བཏང་བས་སྟབས་ཀྱིས་ཕྱི་དྲོར་དེར་ལན་ཞིག་འབྱོར་བ་ནི། གཟའ་ཉི་མའི་ཞོགས་པ་ཆུ་ཚོད་བཅུ་གཅིག་སྟེང་དུ་ཟ་ཁང་དུ་ཡོང་ནས་ཐོ་འགོད་བྱས་དེ་དེ་ནས་བདུན་ཕྲག་གཅིག་གི་རིང་དུ་ཚོད་ལྟ་བྱེད་ཀྱི་ཡིན། དེ་ནས་འགྲིག་སོང་བ་ཡིན་ན་རྒྱུན་ལྡན་གྱི་ལས་ཀ་སྤྲོད་ཀྱི་ཡིན་ཞེས་ལན་སྤྲད། ཁང་བ་གསར་བའི་ནང་དུ་གཙང་གྲ་བྱས་པ་དང་ནང་དུ་ཟ་མ་ཁ་ཤས་ཤིག་ཁྲོམ་ར་ཆེན་མོ་ནས་ཉོ་རུ་སོང་། ད་དུང་རླངས་འཁོར་བཟོ་ས་དང་ཅ་ལག་གཞན་ཉོ་ས་ཁ་ཤས་སུ་སོང་དེ་ཁང་བ་གསར་བའི་ནང་ལ་དགོས་པའི་ཅ་དངོས་ཕྲན་བུ་རེ་ཉོས། གངས་འཚོ་ནི་ཐང་ཆད་དེ་འགུལ་བསྐྱོད་ཀྱང་ཞེ་དྲག་རྒྱག་ཐུབ་ཀྱི་མི་འདུག ཕྱི་དྲོ་ས་མ་རུབ་ཡར་སྔོན་དུ་གངས་འཚོའི་གྲོགས་མོ་ཝན་གྱིས་ངེད་གཉིས་ལ་ཚལ་རླུང་ཆེ་ཆུང་གཉིས་དང་ཟ་མ་བཟོ་སའི་བ་མ་ཞིག་འཁུར་ནས་ཡོང་མ་ཐག ང་རང་གི་ཐིགས་པ་ཞིག་གང་མགྱོགས་ཀྱིས་བསྐོལ་ནས་འཐུང་བ་ཡིན། གངས་འཚོ་ཕྱི་རུ་གྲོགས་མོ་ཝན་གྱིས་གྲོགས་མོ་ཞིག་གི་གཏམ་བཤད་གནང་སར་བྱིན། ང་རང་གཅིག་བུ་ནང་དུ་ཐིགས་པ་དེ་འཐུང་ནས་བསམ་བློ་རེ་ཞིག་ལྷོད་དུ་འབབ། གཅིག་བྱས་ན་དེ་ནི་ལས་ཀ་ཤོག་ཟེར་བས་བརྡ་ལན་དེ་ཐོས་པའི་ཡང་ཡིན་སྲིད་པ་རེད། ངས་ཐིགས་པ་འཐུང་ཚར་ནས་གློག་ཀླད་ཀྱི་ཁ་ཕྱེ་ནས་ཉལ་ཁྲིའི་སྟེང་ནས་གཉིད་དུ་ཤོར་འདུག་ལ། ཆུ་ཚོད་གཉིས་ཙམ་རྗེས་སུ་གངས་འཚོ་ནང་དུ་སླེབས་པ་ཡང་མ་ཤེས། གངས་མཚོ་ངེད་གཉིས་ཀྱི་ལྷན་དུ་གློག་ཀླད་ནང་ནས་དབྱིན་ཇིའི་གློག་བརྙན་ཞིག་ལ་བལྟས། ཁོ་མོ་གློག་བརྙན་གྱི་བར་གསེང་ནས་ལག་པ་ཡ་གཅིག་ང་རང་གི་སྟེང་ལ་བཞག་ནས་གཉིད་དུ་ཤོར། གློག་བརྙན་རྫོགས་སོང་། ཁོ་མོ་ཡང་གཉིད་ལས་སད་ནས་ཐུག་པ་འཐུང་རྒྱུ་ཟེར་བས་ངས་ཐུག་པ་དེ་ཚ་བོ་བཟོས་དེ་ཁོ་མོ་ལ་སྤྲད་པ་ཡིན། ཁོ་མོ་ད་དུང་གཉིད་མ་སད་ཅིག་གི་སྒང་ནས་ང་རང་ལ་གྲོགས་མོ་ཝན་བཟའ་མི་གཉིས་ཀྱི་དོ་ནུབ་ཆུ་ཚོད་བཅུ་བའི་རྗེས་སུ་ཉི་ཧོང་གི་ཁ་ལག་ཟ་རུ་འགྲོ་ཟེར་བས་ང་རང་དེ་ལ་འགྲོ་འདོད་འདུག་ཟེར་ཞོར་དུ་མོ་རང་ཡང་བསྐྱར་སྐར་མ་ཁ་ཤས་རིང་དུ་གཉིད་རྒྱུ་ཡིན་ཟེར་བས་ང་རང་གི་སྙན་ངག་{ང་ཐང་ཆད་ཀི}་ཟེར་བ་ཞིག་བྲིས་དེ་ཁོ་མོ་གཉིད་ལས་ཕྱིར་སད་རྒྱུ་དེ་ལ་སྒུག་པ་ཡིན།

ཕྱིར་ནང་དུ་འབྱོར་དུས་མཚན་གོང་གི་ཆུ་ཚོད་དང་བོ་དང་སྐར་མ་བཞི་བཅུ་ཞེ་ལྔ་ཟིན་འདུག དོ་ནུབ་ཡང་མཚན་མོའི་ཟ་ཁང་གཞན་ཞིག་དུ་སོང་དེ་རིན་མེད་དུ་ཉི་ཧོང་གི་སྐད་གྲགས་ཅན་གྱི་ཟ་མ་སོས་ཤིས་ཟེར་བ་དེ་ཟོས་པ་དང་མི་དམངས་ཀྱི་དཀྱིལ་དུ་མིག་ཟུང་ཡང་ཡང་བསྐོར་དུས། རྒྱང་རིང་གི་མི་ཞིག་མིག་ལམ་དུ་ཡང་ཡང་འཁོར་ཞིང་། ཡིན་ཡང་། དེ་ནི་མིག་མ་བཙུམ་པིའ་རྨི་ལམ་ཞིག་ལས་གང་ཡང་མ་རེད། མི་ཚོགས་ནི་ཧ་ཅང་འཚང་ཁ་རྒོད་ན་ཡང་ཤར་ཕྱོགས་ཀྱི་བོད་མི་ནི་ང་རང་གཅིག་བུ་ལས་མི་འདུག་ཀྱང་། ཤར་ཕྱོགས་པའི་རྒྱ་ནག་ཕོ་གསར་གཉིས་ཀྱང་དེ་རུ་སླེབས། དེ་གཉིས་ཀྱི་ཐེངས་མ་ཁ་ཤས་ཀྱི་རིང་དུ་ང་རང་གི་ཕྱོགས་སུ་བལྟས། ཡིན་ཡང་ངེད་ཚོས་བར་དུ་སྐད་ཆ་གང་ཡང་མ་བྱུང་། ང་རང་ཆུ་ཚོད་གཉིས་དང་ཕྱེད་ལྷག་གི་རིང་དུ་མཚན་མོའི་ཟ་ཁང་གི་ཟིང་ཟིང་གིས་ཀླད་པ་ཡང་དཀྲུགས་དཀྲུགས་ཐེངས་མ་ཁ་ཤས་ཤིག་བཏང་སོང་། ངེད་ཅག་གི་བསྐོར་དེ་ལ་ཝན་བཟའ་མི་གཉིས་དང་ངེད་གཉིས་གཞན་པའི་བུད་མེད་བཞི་བཅས་ཡོད། ང་རང་དགའ་བའི་མཚན་མོའི་ཟ་ཁང་མིན་ན་ཡང་གངས་མཚོའི་རེ་འདོད་བཞིན་དེར་བཅར་བ་ཡིན། ང་རང་ནི་འདི་ལྟར་མི་ཚེ་ལ་དགའ་ཞེན་བྱེད་སྟངས་མི་ཤེས་པའི་ནུབ་ཕྱོགས་པའི་སྐྱིད་པོ་དང་སྤྲོ་སྐྱིད་དུ་རློམ་པ་འདི་ལ་དངོས་ནས་སྔ་མོ་ནས་སུན་སྣང་ཡོད།
༢༢།༡།༠༩ཨེས་ལ་ཀྲི་མཚོ་འགྲམ་གྱི་ཁང་བ་གཡར་མའི་ནང་དུ། 

མུ་འགོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. lobsangtanzin says:
    ལོ་ 15 སྔོན།

    ངོ་མ་བྲོ་བ་འདུག རྗེས་སུ་ད་དུང་ཡོང་ན་འདོད་ཀི

    Reply
  2. beri Palden Namgyal says:
    ལོ་ 15 སྔོན།

    མ་འོངས་པར་ཁྱེད་ཀྱིས་རྩོམ་ཡིག་འདི་དག་དེབ་གཟུགས་སུ་བཏབ་ཐུབ་པའི་རེ་བ་ཧ་ཅང་ཆེ། ཉིན་ལྟར་ཀློག་གི་ཡོད། མུ་མཐུད་དེ་འབྲི་རོགས་ལགས།

    Reply
  3. kawakarpo says:
    ལོ་ 15 སྔོན།

    མཆན་བཏབ་དང་མ་བཏབ་ཀྱི་ཁྱད་པར་མ་གཏོགས་ཨང་པོར་ཀློག་མཁན་གྱི་གྲས་ཤིག་ཡིན།

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    ཕྱི་རོལ་ལ་ཟ་མ་ཟ་རུ་སོང་ནས་ནང་དུ་སླེབས་མ་ཐག ཟིན་བྲིས་འདི་བཏགས་པ་ཡིན། ད་ཉལ་དུ་བུད་འགྲོ ཁྱེད་རང་སླེབས་པ་དགའ་ཡོད།

    Reply
  5. karmadentse says:
    ལོ་ 15 སྔོན།

    ཁྱོད་ཀྱི་མཛའ་མོའི་སྐྱེས་སྐར་ལ་བཀྲིས་བདེ་ལེགས་ཡོད།
    ངའི་འཁོར་ངན་ནང་ལ་སྐེ་སོ་ཞིག་བྱས་ནོ་དགའ་སོང་།
    དེ་ཙམ་བྱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese