མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། ང་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཁ་ཤས་ཀྱི་སྔོན་ནས་བཟུང་། ང་རང་གི་མཛའ་མོ་ལ་བརྙན་འཕྲིན་ལས་ཁུངས་{རྗེས་ལ་མཇལ་ཡོང་}ཟེར་བ་དེ་ནས་ཁ་པར་ཞིག་འབྱོར་ནས། དེ་རིང་ཕྱི་དྲོ་ང་རང་ཆུ་ཚོད་དྲུག་པའི་སྟེང་། གྲོང་ཁྱེར་ཀྲེ་ལ་བས་ལ་འབྱོར་དགོས་རབས་བཤད་ཡོད་པ་ཡིན་དུས། ངས་ལས་རོགས་ཁ་ཆེ་བ་ཨེས་ས་ལ་ང་རང་དེ་རིང་ཀྲེ་ལ་བས་ལ་འགྲོ་དགོས་ཀྱི་ཡོད། ཆུ་ཚོད་གཅིག་ཙམ་གྱིས་ལས་ཀ་མ་གྲོལ་སྔོན་དུ་འགྲོ་དགོས་ཀྱི་ཡོད། འགྲིག་གི་རེད་དམ་ཞེས་དྲིས་པ་དེར། ཁོ་བོས་ཡིན་དང་ཡིན། སྐྱོན་མེད་ཀི  ཁྱེད་རང་སོང་དང་། ཁྱེད་ཀྱི་ཚབ་དུ་ངས་གཙང་དཀྲུ་བྱེད་ཆོག་ཟེར།

མ་བྱན་ཆེན་མོ་དང་སྤྱིན་བདག་གཉིས་ལ་དེ་ལྟར་རང་ཉིད་ཆུ་ཚོད་གསུམ་པའི་སྟེང་ནས་ལས་ཀ་ནས་འགྲོ་དགོས་དོན་ཞིག་ཡོད་པར་བཤད་པ་དེར་ཁོ་གཉིས་ཀྱིས་ཀྱང་འགྲིག་གི་རེད། སྐྱོན་མེད་ཀི་ཞེས་བཤད་སྟབས། ང་རང་ཆུ་ཚོད་གསུམ་ལ་སྐར་མ་བཅོ་ལྔ་མ་ཟིན་ཙམ་ཞིག་ལ་གོན་པ་བརྗེ་རུ་སོང་ནས་ལམ་དུ་བུད། ལས་ཀ་བྱེད་ས་ནས་རླངས་འཁོར་འབབ་ཚིགས་བར་དུ་སྤྱི་སྤྱོད་རླངས་འཁོར་གཅིག་མ་གཏོགས་རྒྱུད་མི་དགོས་དུས། ང་རང་གི་ལས་ཀ་བྱེད་སའི་རྗོ་སུ་ལམ་གྱི་སློབ་ཆེན་གྱི་སྒོ་འགྲམ་དུ་སླེབས་པ་དང་། སྤྱི་སྤྱིད་རླངས་འཁོར་ཞིག་ཏག་ཏག་དེར་འདུག

རླངས་འཁོར་འབབ་ཚིགས་ནས་ཡར་འཛུལ་དུས་སུ། རྒྱུན་ལྡན་ལྟར་འགོག་སྲུང་བ་དེ་དག་གིས་བསྔོག་གཤེར་བྱས་པ་དང་ཅ་དངོས་གང་ཡོད་པ་དག་གློག་གི་འཕྲུུལ་ཆས་བརྟག་དཔྱད་བྱེད་སའི་ནང་དུ་བཞག ཐོག་ཁང་གསུམ་པ་ནི་རླངས་འཁོར་འབབ་ཚིགས་ཡིན་དུས། སྐད་སྐུར་འབྲི་སའི་བུད་མེད་དེ་ལ་ང་རང་འགྲོ་ཡུལ་གྱི་རླངས་འཁོར་འགག་སྒུག་བྱེད་སའི་ཨང་གྲངས་གང་ཡིན་མིན་དྲིས་པ་དེར། མོས་ཀྱས་ཨང་གྲངས་བཅོ་བརྒྱད་རེད་ཟེར། ཏག་ཏག་འགག་སྒུག་བྱེད་སར་འབྱོར་དུས། ཏག་ཏག་ཡང་རླངས་འཁོར་འགྲོ་བར་སྐར་མ་ཁ་ཤས་ཤིག་ལས་མེད་ཀི ཤིས་ཀར་སུམ་བཅུ་སོ་བཞི་ཡར་མར་གཉིས་ཀྱི་རིན་དུ་སྤྲད།

སྐར་མ་ལྔ་བཅུའི་རྗེས་སུ་ང་རང་མེ་འཁོར་ས་ཚིགས་ཀྱི་འགྲམ་དུ་ཡོད་པའི་རླངས་འཁོར་འབབ་ཚིགས་དེར་འབྱོར། དེ་ནས་སྤྱི་སྤྱོད་རླངས་འཁོར་ཨང་གྲངས་བཅོ་བརྒྱད་དང་ཡང་ན། བརྒྱ་དང་ང་གཉིས་གང་རུང་ཞིག་དུ་བསྡད་ནས་སྤྱི་ལེ་ཁ་ཤས་ཤིག་སོང་ན་ང་རང་འགྲོ་ཡུལ་ཡིན། ངས་དེ་ནས་སྤྱི་སྤྱོད་རླངས་འཁོར་དག་གི་ཨང་གྲངས་གཤིག་གཤེར་བྱས་ནས་བལྟ་བཞིན་དུ་སོང་དུས། ང་རང་གི་སྔོན་ཏག་ཏག་དེར་ཨང་གྲངས་བཅོ་བརྒྱད་ཅན་གྱི་སྤྱི་སྤྱོད་རླངས་འཁོར་འདུག  སྤྱི་སྤྱོད་རླངས་འཁོར་དེ་ཡི་འགྲམ་དུ་བང་བསྒྲིགས་ནས་ཡོད་པའི་ཕོ་གསར་ཞིག་ལ་ང་རང་གི་ལག་ནང་གི་ཤོག་ལེབ་ཆུང་ཆུང་ངེས་སུ་མཛའ་མོས་ཧེས་པོས་ནས་བྲིས་པའི་ས་ཚིགས་དེ་བསྟན་དུས། ཁོས་འདི་རེད་ཅེས་ལན་བཏབས་པ་ལྟར་ནང་དུ་འཛུལ་ནས་ཁ་ལོ་བ་དེར་བསྐྱར་དུ་བསྟན་དུས། མགོ་བོ་ནང་དུ་བཀུགས་སོང་། ངས་ག་ཚོད་རེད་ཅེས་དྲིས་དུས། ཤིས་ཀར་དྲུག་དང་ཟུར་བཞི་རེད་ཟེར།

ལམ་བར་དུ་ང་རང་ཁ་ལོ་བའི་འགྲམ་དུ་ཡར་བླངས་ནས་བསྡད་དེ། ཁ་ལོ་བ་ང་རང་འབབ་ཚིགས་ཀྱི་ས་ཆ་དེར་སླེབས་དུས་ང་རང་ལ་བཤད་རོགས་ཞེས་བཤད་དུས། ཁོས་ད་དུང་ཐག་རིང་གི ཁྱེད་རང་སོང་ནས་རྐུབས་སྟེགས་སྟེང་དུ་བསྡད་ནས་གཉིད་བསྡད་ཀྱང་འགྲིག་གི་ཟེར་ན་ཡང་། ང་རང་གིས་དེ་ལྟར་མ་བྱས་པར་ཁོ་རང་གི་འགྲམ་དེར་ཡར་བླངས་ནས་བསྡད། མི་ཚོགས་མང་ས་དང་ཁྲོམ་ར་ཆེ་ས། གཞུང་ལམ་འདྲ་མིན། མཚོ་མོའི་འགྲམ་སོགས་རྒྱུད་མཐར། ཁ་ལོ་བས་འདི་ནས་ས་ལ་འབབ་དགོས་ཟེར།

ཨམ་ཕྲག་ལས་ཐ་མག་གི་སྒམ་ཆུང་ཕྱི་རུ་ལེན་ཞོར་དུ། མཛའ་མོ་ལ་ཁ་པར་བཏང་ནས་རང་ཉིད་ད་ལྟ་རང་སྤྱི་སྤྱོད་རླངས་འཁོར་ནས་འབབ་ཚུལ་དང་ད་ནི་གོམ་པ་བརྒྱབས་ནས་ས་ཁུལ་དེ་འཚོལ་བཞིན་ཡོད་ཅེས་བཤད་རྗེས་སུ། ཚ་བ་ཆེ་བའི་ཀྲི་ལེས་བས་ཀྱི་གྲོང་ཁྱེར་ནང་ནས་མི་ཁ་ཤས་ཤིག་ལ་སྐད་ཆ་འདྲི་བཞིན་འདྲི་བཞིན། སྐར་མ་བཅོ་ལྔ་ནས་ཉི་ཤུའི་བར་དུ་གོམ་པ་བརྒྱབས་རྗེས། གཞི་ནས་བཞི་མདོ་དེར་སླེབས་པ་དང་། ལག་ནང་གི་ཤོག་ངོས་སུ་བྲིས་པའི་གཞུང་ལམ་གྱི་མིང་དང་གཅིག་པ་ཡིན་དུས། ལས་ཁུངས་ཀྱི་ཁ་པར་ཞིག་ཡོད་པ་དེར་ཁ་པར་བརྒྱབས་ནས་རང་ཉིད་དེར་འབྱོར་ཡོད་ཚུལ་བཤད་དུས། ཁ་པར་འཇོག་མཁན་གྱི་བུད་མེད་དེས་ང་རང་གི་གོན་པའི་ཁ་དོག་སོགས་དྲིས་ནས། མི་རིང་བར་ང་རང་ལེན་མཁན་གྱི་མི་ཞིག་ཡོང་ངེས་ཡིན་རབས་བཤད་སོང་།

ཚ་བ་ཧ་ཅང་ཆེ་བའི་སྐོམ་ཆུ་ཞིག་མ་ཉོས་ཐབས་མེད་རེད་འདུག འགྲམ་དེར་སྐོམ་ཆུ་བཙོང་མཁན་གྱི་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེ་ཡི་ནང་ནས་ཇ་འཁྱག་འགྱིག་དམ་ཆུང་ཆུང་ཞིག་ཉོས་ནས་ཁ་ཕྱེ་ནས་སྐར་མ་གཉིས་ཙམ་མ་སོང་བའི་སྐབས་དེ་འདྲ་ཞིག་ལ། ང་རང་གི་འགྲམ་དེར་ཤར་ཕྱོགས་ཀྱི་བུད་མེད་ཅིག་དང་ཕྱི་རྒྱལ་ཕོ་གསར་ཞིག་བཅས་འདུག ངས་འདི་གཉིས་ཀྱང་ང་དང་འདྲ་བོ་ཡིན་ས་རེད་སྙམ་ནས་བསྡད་ཡོད་དུས། ཕོ་གསར་བརྫིག་པོ་ཞིག་གིས་ང་རང་ལ་ཁྱེད་རང་འདིར་འཁྲབ་ཚན་ཚོད་ལྟ་བྱེད་དུ་ཡོང་མཁན་དེ་ཡིན་ནམ་ཞེས་དྲིས། ངས་ཡིན་ཞེས་བཤད་དུས། བུད་མེད་དེས་ཀྱང་ཁོ་མོ་ཡང་ཡིན་པར་བཤད་ནས་ལག་འཇུ་ཞིག་གནང་སོང་། ད་གཟོད་ང་ཚོ་འཛོམ་ཡུལ་ནི་ཁོར་ཡུག་དེ་ག་རང་ཡིན་པ་ཤེས་སོང་།

ཤར་ཕྱོགས་པའི་བུད་མེད་དེས། ང་རང་ལ་ཁྱེད་རང་ཉི་ཧོང་གི་མི་ཡིན་ནམ་ཟེར། ངས་མིན། ང་རང་བོད་པ་ཡིན། ཁྱེད་རང་གང་ནས་ཡིན་ཞེས་དྲིས་དུས། མོ་རང་རྒྱ་ནག་ནས་ཡིན་ཟེར། རྒྱ་ནག་གང་ནས་ཞེས་དྲིས་དུས་སི་ཁྲོན་ཟེར། ཁོ་མོ་དང་ངེད་གཉིས་ཀྱིས་རེ་ཞིག་རིང་དུ་ཁ་བརྡ་ཐུང་ཐུང་ཞིག་བྱས་ན་ཡང་། ཁོ་མོའི་དགའ་བོ་ཡིས་ཕྲག་དོག་བྱེད་ཀྱི་ལོས་ཡོད་བསམ་པ་ཞིག་འདུག་སྟབས། ངས་ག་ལེར་མོ་ལ་སྐད་ཆ་བཤད་མཚམས་བཞག་པ་ཡིན། མོ་རང་བོད་ཁུལ་ནས་འཚར་ལོངས་བྱུང་བའི་རྒྱ་རིགས་བུད་མེད་ཅིག་རེད་འདུག གཟུ་རྩ་སྡེ་དགུ་དང་སྨར་ཁམས་སོགས་ལ་རྒྱུས་མངའ་འདུག ཁོ་མོར་བོད་རིགས་གྲོགས་པོ་མང་བོ་ཡོད་རབས་བཤད་སོང་། གང་ལྟར། ངེད་གཉིས་ཀྱིས་མུ་མཐུད་དུ་ཁ་བརྡ་བྱེད་ཐུབ་མ་སོང་། ཁོ་མོ་སྔོན་དུ་འཁྲབ་ཚན་ཚོད་ལྟ་བྱེད་དུ་བུད་སོང་བའི་ཤུལ་དུ། ང་དང་ཁོ་མོའི་དགའ་བོ་ངེད་གཉིས་ཀྱིས་བོད་དང་རྒྱ་ནག་བར་གྱི་སྐད་ཆ་ཕྲན་པུ་ཞིག་ཁ་བརྡ་བྱས།

ད་དུང་། དེ་རུ་ཨ་ཧྥུ་རི་ག་ནས་ཡིན་པའི་བུད་མེད་གཉིས་ཀྱང་འདུག ཁོ་མོ་གཉིས་ཀྱང་འཁྲབ་ཚན་ཚོད་ལྟ་བྱེད་དུ་བཅར་བ་རེད། གཅིག་ནི་དངོས་ནས་གློག་བརྙན་ནང་གི་ཨ་ཧྥའི་རི་གའི་བུད་མེད་ཆགས་སྲེད་ཚ་ཤོས་ཀྱི་ཉམས་འགྱུར་དེ་ཡི་རིགས་ཤིག་འདྲ་བོ་འདུག གཞན་པ་དེ་དང་ངེད་གཉིས་ཀྱིས་ཕན་ཚུན་ངོ་སྤྲོད་དང་འབྲེལ་བའི་ཁ་བརྡ་ཉུང་ཉུང་ཞིག་བྱས། ཁོ་མོ་ནི་རྒྱལ་ཁབ་འདིར་སླེབས་ནས་ལོ་ངོ་བཅུ་སོང་འདུག་ན་ཡང་། རྒྱལ་ཁབ་འདིའི་མི་སེར་ཆགས་པར་རེ་བ་མེད་རབས་བཤད་ཀྱི་འདུག་པ་མ་ཟད། བྱིས་པ་གཉིས་ཡོད་པ་དང་ཁྱོ་ག་དང་ཁ་ཁར་སོང་ཡོད་ཅེས་བཤད་སོང་།

སྐབས་དེ་འདྲ་ཞིག་ལ་རྒྱ་མོ་དེས་འཁྲབ་ཚན་ཚོད་ལྟ་བྱས་ཚར་ནས་སླེབས་པ་དང་། དགའ་རོགས་དང་འགྲོག་ནས་འགྲོ་ཞོར་དུ། ངའི་ལག་འགོ་འཇར་ནས་ཁྱེད་དང་མཇལ་བ་དགའ་བོ་བྱུང་། རྒྱ་སྐད་ཀྱིས་བདེ་མོ་བྱོས་སམ་རྗེས་ལ་མཇལ་ཡོང་ཟེར་ཞོར་བུད་སོང་བའི་ཤུལ་དུ། ང་དང་ཨ་ཧྥའི་རི་ཀའི་བུད་མེད་གཅིག  ངེད་གཉིས་གཞུག་དུ་ལུས་འདུག་པ་དེར་མཉམ་དུ་སྐད་བཏང་སོང་། འཁྲབ་ཚན་ཚོད་ལྟའི་ཁྲོད་དུ་བྱེད་དགོས་པ་ནི། རྒྱལ་ཁབ་འདིའི་ནང་གི་གླུ་བ་སྐད་གྲགས་ཅན་གསུམ་གྱིས་གླུ་གཞས་ལས་ཐུང་ངུ་རེ་ལེན་དགོས་པ་དང་། དེ་ཡི་རྗེས་སུ་ད་ལྟའི་འཆར་རྒྱལ་ཁབ་འདིའི་ནང་དུ་མི་མང་བོ་ཞིག་གིས་ཁང་རིན་ཆེ་དྲགས་པ་དང་ཁང་གླ་གཏོང་མི་ཐུབ་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་པ་དེར་ཟུར་ཟའི་གཏམ་བརྗོད་འཁྲབ་ཚན་ཚན་པ་ཞིག་དབྱིན་སྐད་ནས་བཤད་དགོས་པ་དེ་རེད། ཡང་དང་བསྐྱར་དུ་ཐེངས་ཁ་ཤས་ཤིག་གླུ་དབྱངས་བླངས། གཏམ་བརྗོད་དེ་བསྐྱར་ཟློས་བྱས་པའི་མཇུག་དུ། ཐུགས་རྗེ་ཆེ་ཞེས་ལག་འཇུ་ཞིག་བྱས་ནས་བདེ་མོ་བཞག་སོང་། ཚོད་ལྟ་འདི་ལེགས་འགྲུབ་བྱུང་ཡོད་མེད་ནི་ད་ལྟ་ཤེས་ཀྱི་མེད་པ་ཡིན། གལ་སྲིད། ཁོང་ཚོས་བློར་འབབ་པ་ཡིན་ན་རྗེས་སུ་ཁ་པར་བཏང་ནས། བརྙན་འཕྲིན་ལས་ཁུངས་རང་དུ་འཁྲབ་དགོས་པ་དེ་ཡིན་པ་རེད།

ད་ནི་རང་ཉིད་ལ་རྒྱུས་མངའ་མེད་པའི་ས་ཁུལ་དེ་ནས་གང་དུ་ཕྱོགས་དགོས་མིན་གྱི་སྐོར་ནས་གསལ་བོ་ཞིག་མི་ཤེས་ཀྱང་། སྤྱི་སྤྱོད་རླངས་འཁོར་འགག་སྒུག་བྱེད་ས་ཞིག་ནས་སྐད་ཆ་དྲིས་དུས། དེ་ནས་ང་རང་ལ་རླངས་འཁོར་འབབ་ཚིགས་བར་དུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་མི་རེག་པ་དང་གཞུང་ལམ་ཕར་ཕྱོགས་ཤིག་ལ་འགྲོ་དགོས་ཚུལ་བཤད་པ་ལྟར་ལམ་དུ་བུད་ནས་འདྲི་ཞོར་དུ་འགྲོ་ཞོར་དུ། མ་བསམ་ས་ནས་རླངས་འཁོར་འབབ་ཚིགས་ལ་རྐང་ཐང་དུ་སླེབས་སོང་། དངོས་ནས་དེ་རིང་ཚང་མ་སྟབས་འཁེལ་བོ་རྐྱང་རྐྱང་རེད་འདུག དེ་མ་ཐག་རྗོ་སུ་ལམ་དུ་འགྲོ་བའི་རླངས་འཁོར་ཞིག་ལམ་དུ་ཆས་ཀྱིན་ཡོད་པ་མ་ཟད། ནང་དུ་འདུག་སྟེགས་གཉིས་གསུམ་ཞིག་ལས་གང་ཡང་ལུས་མི་འདུག

མཛའ་མོ་ལ་རང་ཉིད་ཕྱིར་ཡོང་གི་ཡོད། ད་ལྟ་རྗོ་སུ་ལམ་དུ་ཡོང་བའི་ལམ་ཁ་ན་རླངས་འཁོར་དུ་ཡོད་ཅེས་འཕྲིན་ཐུང་ཞིག་སྐུར་དུས། ཁོ་མོས་ཚུར་ཁ་པར་སླེབས་ནས་ཁོ་མོ་རྗོ་སུ་ལམ་གྱི་རླངས་འཁོར་འབབ་ཚིགས་སུ་བསུ་རུ་ཡོང་ཆོག་ཟེར། ༢༦།༧།༡༡

མུ་འགོད།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༢ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

མཆན། 3

  1. TTS-KUNCHOK says:
    ལོ་ 15 སྔོན།

    ཐ་སྙད་ཁ་ཤས་ཤིག་སྔར་བཞིན་ཡིག་ནོར་རེད་ལ།
    དངོས་གནས་ཐབས་ཤེས་མི་འདུག་གམ
    ཀུ་རེ་ཡིན། བཀླགས་ཟིན།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    དངོས་ནས་མ་བསམ་ས་ནས་འགོ་འཁོར་གྲབས་བྱས་ཀྱང་། སྐད་གཉིས་ཀ་འཁྱར་འཁྱོར་ཞིག་ཤེས་པ་དེས་དྲིན་རེད་ཡ ལམ་ཁ་རྙེད་སོང་།

    Reply
  3. karmadentse says:
    ལོ་ 15 སྔོན།

    ངས་ཁྱོད་རང་མགོ་འཁོར་ནས་འདུག་གི་རེད་བསམ་སོང་མོད། ཕྱིར་ནང་ལ་ལོག་པའི་ལམ་ཁ་རེག་པ་བཟང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese