མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྔ་པའི་སློབ་མ་སློབ་གྲྭར་མ་ཚུད།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp


བོད་ལྗོངས་གསོ་རིག་སློབ་ཆེན་གྱིས་རྔ་པ་ཁུལ་ཏུ་ཆབ་སྲིད་ཀྱི་རྙོག་དྲ་ཡོད་ཚུལ་
བརྗོད་དེ་རྔ་པ་ཁུལ་གྱི་སློབ་མ་བཅུ་སློབ་འཇུག་བྱས་མི་འདུག  

ཉེ་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་མཐོ་འབྲིང་སློབ་མའི་ཡིག་རྒྱུགས་ཀྱི་མཇུག་འབྲས་ཕྱིར་བསྒྲགས་བྱས་ཏེ། སློབ་མ་མང་ཆེ་བས་རང་ཉིད་ཀྱི་སྐར་གྲངས་གཞིར་བཟུང་སློབ་ཆེན་ཁག་ཏུ་ཐོ་འགོད་བྱེད་ཀྱིན་ཡོད་ཀྱང་། རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་འབྲིང་ནས་སློབ་མཐར་ཕྱིན་པའི་སློབ་མ་ ༡༠ བོད་ལྗོངས་གསོ་རིག་སློབ་གླིང་དུ་ཡིག་རྒྱུགས་འཕྲོད་དེ། སློབ་ཞུགས་ཀྱི་མིང་ཐོ་འགོད་དུ་ཕྱིན་སྐབས་བོད་ལྗོངས་གསོ་རིགས་སློབ་ཆེན་གྱི་འབྲེལ་ཡོད་ལས་བྱེད་ཚོས་རྔ་པ་ཁུལ་ནི་ཆབ་སྲིད་ཀྱི་རྙོག་དྲ་ཤུགས་ཆེན་འབྱུང་བཞིན་པའི་ས་ཁུལ་ཞིག་ཡིན་པ་དང་། གལ་སྲིད་སློབ་མ་དེ་དག་སློབ་འཇུག་བྱས་པ་ཡིན་ན། མ་འོངས་པར་གཞུང་ཕྱོགས་ནས་སློབ་གྲྭར་ལྟ་སྟངས་ངན་པ་འཛིན་པ་སོགས་ཕྱོགས་ཡོངས་ནས་སློབ་གྲྭར་དཀའ་ངལ་འཕྲད་སྲིད་སྐོར་བརྗོད་དེ་སློབ་མ་དེ་དག་སློབ་འཇུག་བྱས་ཡོད་མི་འདུག  

བོད་ཆོལ་ཁ་གསུམ་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུད་བཞི་གཙོས་པའི་སྨན་གཞུང་ཁག་ཆ་ཚང་ལ་སློབ་གཉེར་བྱ་སའི་སློབ་ཆེན་ཁག་གཉིས་ཡོད་པ་ནི། བོད་ལྗོངས་གསོ་རིག་སློབ་ཆེན་དང་མཚོ་སྔོན་གསོ་རིག་སློབ་ཆེན་གཉིས་ལས་མེད་ཅིང་། ཉེ་ཆར་སློབ་མ་ཚོར་བོད་ལྗོངས་གསོ་རིགས་སློབ་ཆེན་གྱི་དང་ལེན་མ་བྱས་སྟབས། མཚོ་སྔོན་གསོ་རིག་སློབ་ཆེན་དུ་ཞུགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་འདུག  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༤ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༥ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 13

  1. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ཡ་ཡ་སློབ་མ་བསྡུ་ལེན་བྱེད་པར་ཡང་དབྱེ་བ་འབྱེད་ཀྱིན་འདུག་ན་སློབ་གྲྭའི་སྒོ་བརྒྱབ་ན་ཏག་ཏག་རེད། ཚང་མ་རྒྱ་ལ་ངན་ཁག་བྱེད་རྒྱུ་མེད། གནད་འགག །རྐུབ་བཀྱག་ལ་དགའ་བའི་བོད་མི་ཟ་འདྲེ་འགའི་བྱེད་ལུགས་ཞིག་རེད་འདོད། ༥༩་ཡར་སྔོན་ནས་འདིའི་རིགས་ངན་པ་རྒྱ་ཡན་དུ་བཏང་དང་གཏོང་བཞིན་པ་རེད། ད་དེའི་རིགས་མི་ཡོང་བའི་བྱེད་ཐབས་ཞིག་ལ་བསམ་ན་མ་རེད་དམ།

    Reply
  2. དབྱངས་ཅན་སྒྲོལ་མ། says:
    ལོ་ 15 སྔོན།

    རྔ་བའི་སློབ་འཕྲུག་དེ་ཚོ་སློབ་གྲྭར་འཛུལ་ཞུགས་ཐུབ་ཏེ། བསམ་དོན་འགྲུབ་པར་སྨོན།

    Reply
  3. འཇམ་ཚུལ། says:
    ལོ་ 15 སྔོན།

    འཇིག་རྟེན་ཁ་དཔེར། གྲོགས་ལ་འཁོན་པ་དེ། དགྲ་ལ་སྐྱོང་པ་ཡིན། ཟེར་པའི་དཔེ་ལྟར་ཁྲེར་དང་ངོ་ཚ་རྒྱབ་ཏུ་དོར་ནས། སྔོན་ལར་ཞེན་གྱི་མིག་དཔེ་ལྟ་སའི་གནས་མཆོག་ལྷ་སར་རང་གི་ཁ་ཕོར་ཙམ་སྲུང་བའི་དཔོན་ངན་གྱིས་ཁེངས་འདུག
    རིག་ལྡན་སློབ་མ་ཚོ། དཀའ་ངལ་དང་བློས་གཏོང་ཅི་ཙམ་དགོས་ཀྱང་རང་མི་རིགས་ཀྱི་ཕུགས་བསམ་སྔར་བཞིན་བརླག་ཏུ་མ་འཇུག།

    Reply
  4. ཕྱུགས་རྫི says:
    ལོ་ 15 སྔོན།

    མཆན་མང་པོ་ཞིག་ཡག་པོ་ཀློག་ཤེས་མ་སོང་། རྗེས་མ་ལ་དྲ་གྲོགས་རྣམས་པས་མཆན་ཡག་པོ་ཞིག་འབྲི་བའི་རེ་བ་ཡོད་ཐུགས་རྗེ་ཆེ།

    Reply
  5. ཕྱུགས་རྫི says:
    ལོ་ 15 སྔོན།

    མཆན་མང་པོ་ཞིག་ཡག་པོ་ཀློག་ཤེས་མ་སོང་། རྗེས་མ་ལ་དྲ་གྲོགས་རྣམས་པས་མཆན་ཡག་པོ་ཞིག་འབྲི་བའི་རེ་བ་ཡོད་ཐུགས་རྗེ་ཆེ།

    Reply
  6. lobsam says:
    ལོ་ 15 སྔོན།

    བོད་ལྗོངས་གསོ་རིག་སློབ་གླིང་གིས་དེ་ལྟར་བྱས་པ་ཞིག་མ་ཡིན་ཏེ། རྒྱ་གཞུང་གིས་སློབ་གྲྭར་གནོན་ཤིག་ཆེན་པོར་སྤྲད་པའི་དབང་གིས་ཡིན་པར་ཐག་ཆོད་རེད། བོད་ལྗོངས་གསོ་རིག་སློབ་ཆེན་དང་མཚོ་སྔོན་གསོ་རིག་སློབ་ཆེན་གཉིས་ལས་གང་ལ་ཚུད་ན་གཅིག་མཚུང་ཡིན་པར་དེ་གཉིས་སུ་མ་ཚུད་ན། བོད་ཆོལ་ཁ་གསུམ་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་རྒྱུད་བཞི་གཙོས་པའི་སྨན་གཞུང་ཁག་ཆ་ཚང་ལ་སློབ་གཉེར་བྱེད་པའི་གོ་སྐབས་བཟང་པོ་རྒྱ་གཞུང་གིས་སྟེང་འཛིན་འོག་ནང་སྤྲོད་པ་མི་འོས་པ་ཞིག་མཆིས།

    Reply
  7. མདོ་ཁམས་པ། says:
    ལོ་ 15 སྔོན།

    ཉེ་ཆར་མདོ་ཁམས་ཡུལ་འཇང་དགུན་ཆོས་ཁམས་ལི་ཐང་དུ་འཚོགས་སྐབས། རྒྱ་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་དུ། རྔ་པ་ཀིརྟི་དགོན་པའི་གྲྭ་པ་སུ་ཡང་དེར་མཉམ་གཞུགས་མི་ཆོག་རྒྱུའི་བཙན་བཀའ་བཏང་འདུག

    Reply
  8. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    ལྷ་སའི་རྒྱ་དགའ་བ་དེ་ཚོར་རྒྱུ་འབྲས་ཤིག་འཁོར་རྒྱུ་ཡོད་ན་འཁཽར་བར་ཤོག

    Reply
  9. ཉི་ཟེར། says:
    ལོ་ 15 སྔོན།

    རྔ་བའི་སློབ་མ་དེ་ཚོ་སློབ་གྲྭར་མ་ཚུད་པ་ལ་བློ་ཕམ་ཆེན་པོ་ཡོད།
    སྔ་ཕྱིར་ཐེང་མང་པོ་ཞིག་ལ་མདོ་སྨད་རྔ་ཡུལ་གྱི་དཔའ་རྒོད་ཚོའི་རྒྱ་ནག་ལ་ཁ་གཏད་བྱས་པའི་ཁོག་སྡུག་རེད།
    ཡིན་ཡང་གནོད་ཤུགས་དེ་ཙམ་ཞིག་གི་ང་ཚོ་བོད་པ་ཚོར་དཔའ་མི་ཞིམ་ལ། ལས་འགུལ་ཡང་ཅེ་ལགས་སུ་འགྲོ་ཐུབ་པའི་ཡིད་ཆེས་ཡོད།

    Reply
  10. སྨྱུག་གསར། says:
    ལོ་ 15 སྔོན།

    གང་ལྟར་རྐྱེན་དེ་ཚོའི་རྒྱབ་ལྗོངས་རྒྱ་ནག་གི་གནོད་ཤུགས་ཏན་ཏན་ཡོད་ནི་རེད།
    ང་ཚོ་བོད་པས་ངོས་ནས་ཡང་གནས་ཚུལ་དེ་ལ་གཞིག་ནས་ལས་འགུལ་ཞིག་སྤེལ་དགོས་ནི་རེད།

    Reply
  11. སྟོང་བཙན་མགར་བུ། says:
    ལོ་ 15 སྔོན།

    དེ་ནི་མི་རིང་བར་བོད་ལྗོངས་ཟེར་བའི་མིང་འདི་རྒྱ་ལྗོངས་ལ་འགྱུར་བའི་སྔ་ལྟས་རེད། ང་ཚོས་དེ་ཚོའི་ཕྱོགས་ལ་རེ་བ་ནམ་ཡང་རྒྱག་ཡ་ཡོད་པ་མ་རེད། དོན་དངོས་སུ་ལབ་ན་ཕ་མེས་ཡང་མེས་ཡང་མེས་ནས་བརྒྱུད་པའི་ཤུལ་བཞག་དེ་ཚོ་བོད་
    ཆོལ་ཁ་གསུམ་ལ་དབང་བ་ཡིན་ཙང།བོད་ལྗོངས་དེ་བོད་ཀྱི་རྒྱལ་སར་ངོས་འཛིན་བྱས་གྱིན་ཡོད་པ་མ་གཏོགས། ཁ་ཡོད་ལག་ཡོད་ཀྱིས༸གོང་ས་མཆོག་གཙོ་བྱས་ཕྱི་སྡོད་བོད་མི་དེ་ཚོ་ཁ་བྲལ་བར་གླེང་མཁན་དེ་བོད་ལྗོངས་ཡིན་པ་མ་ཟད། ད་ལྟ་ཁོ་ཚོས་བོད་ནང་ལའང་ལྟ་སྟངས་དེ་འདྲ་འཛིན་གྱི་ཡོད་ཀྱི་ཡོད་པ་དེ། བོད་ལྗོངས་ཟེར་བ་དེ་རྒྱ་ལྗོངས་ལ་འགྱུར་ཚར་བའི་དན་རྟགས་ཅིག་རེད།

    Reply
  12. རི་བོང། says:
    ལོ་ 15 སྔོན།

    ངོ་མ་སེམས་པ་སྐྱོ་ཡ་རེད། རང་ཉིད་གཅིག་བུ་ལས་རང་རིགས་ལ་དུང་བ་སྤུ་ཙམ་ཡང་མེད་མཁན་དེ་འདྲ་ག་རེ་ཡིན་ན། ཉིས་སྟོང་བརྒྱད་ཀྱི་ལས་འགུལ་སྐབས་སུའང་རྙོག་དྲ་བཟོ་མཁན་གྲྭ་རྒྱུན་ཚོ་རེད་ལབ་ནས་མདོ་སྟོད་སྨད་ཀྱི་སློབ་གཉེར་བ་རླངས་འཁོར་གང་རྒྱ་གཞུང་ལ་རྩིས་སྤྲད་དེ། དེ་ནས་བཟུང་ལྷ་སའི་སེ་འབྲས་དགེ་གསུམ་ན་སློབ་གཉེར་བའི་རྒྱུན་ཆད་གྲབས་ཡོད་པ་གོ་རྒྱུ་འདུག ད་རེ་ཡང་ཞབས་འདྲེན་འདི་འདྲ་བྱས་བ་རེད།

    Reply
  13. རང་སྟོན། says:
    ལོ་ 15 སྔོན།

    དེས་ན་བོད་ལྗོངས་གསོ་རིགས་སློབ་ཆེན་ལ་ལྷ་སའི་གསོ་རིགས་སློབ་ཆེན་ལབ་ན་ཡག་ས་རེད། ལྷ་སའི་བོད་པའི་མགོ་ཁྲིད་དེ་ཚོ་དེ་འདྲ་འདྲ་མེད་རྐྱང་རྐྱང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese