མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཁྱིག་གྲུབ་དབང་མཆོག་དགོངས་པ་རྫོཊ།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༢
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ལམ་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དགོན་པའི་བླ་མ་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ཡོད་འདུག

བཞུགས་སྒར་གནས་བཞུགས་ཐུབ་བསྟན་བློ་བཟང་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  ཕྱི་ཟླ་ ༧ པའི་ཚེས་ ༢༣ ཉིན་གྱི་བོད་ནང་གི་མཚན་གྱི་ཆུ་ཚོད་ ༢ དང་སྐར་མ་ ༡༥ སྟེང་། དཔལ་ཡུལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དགོན་པའི་བླ་མ་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱ་མཚོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ཡོད་ཅིང་། ད་ལོ་དགུང་གྲངས་ ༨༤ ཡིན་འདུག  ཉིན་ ༧ རིང་གསང་བའི་ངང་གནས་ཚུལ་ཕྱིར་བསྒྲགས་བྱས་མེད་ཀྱང་། ཕྱི་ཚེས་ ༣༡ ཉིན་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་བ་དང་བསྟུན་ཏེ་མི་མང་ལ་སྐུ་གདུང་མཇལ་ཁ་གནང་གི་ཡོད་པ་དང་། དགུང་ཞག་ཞེ་དགུའི་ནང་སྐུ་གདུང་བཞུགས་འབུལ་ཞུ་རྒྱུ་ཡིན་འདུག

ཨ་ཁྱིག་རིན་པོ་ཆེ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་མཆོག་ནི། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཔལ་ཡུལ་རྫོང་ཁྲོ་ཐལ་དུ་ཡབ་དབང་ལོ་དང་ཡུམ་ཨ་འཁོས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༢༧ ལོར་འཁྲུངས་ཤིང་། དགུང་ལོ་ ༡༥ སྟེང་རབ་བྱུང་གི་སྡོམ་པ་བཞེས་རྗེས། སྔ་ཕྱི་དགེ་བའི་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ནང་ཆོས་ལ་སློབ་གཉེར་མཐར་ཕྱིན་པ་གནང་མཁན་ཞིག་ཡིན་འདུག  ཁོང་གི་སྐུ་ཚེ་ཧྲིལ་བོར་ཐོས་བསམ་སྒོམ་གསུམ་དང་སྒྲུབ་པ་ཉམས་ལེན་ཕྱོགས་ལ་འབད་ཡོད་པ་མ་ཟད། ༡༩༨༤ ལོར་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ཕྱག་བཏབ་ཅིང་། སྒོམ་དང་སྒྲུབ་པ་ཉམས་ལེན་གྱི་ཐད་ནས་བོད་མདོ་དབུས་ཁམས་གསུམ་དང་རྒྱ་ནག་ནང་ཁུལ་གྱི་སློབ་མ་སྟོང་ཕྲག་མང་པོ་སྐྱེད་སྲིང་བྱས་ཏེ་ཆོས་ཕྱོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཡོད་པ་དང་། ལོ་འགའི་རིང་དགོན་པའི་ནང་འཚེ་བ་སྦངས་བའི་ལས་འགུལ་སྤེལ་ཏེ་དཀར་ཟས་ཁོ་ན་རོལ་གྱིན་ཡོད་འདུག་ལ། མ་འོངས་པར་བཤད་གྲྭ་གསར་འཛུགས་བྱ་རྒྱུའི་འབད་པ་བྱེད་ཀྱིན་ཡོད་འདུག

རྒྱ་ནག་གཞུང་གིས་ཡ་ཆེན་བསམ་གཏན་གླིང་དགོན་པར་སུན་གཙེར་དང་དམ་དྲག་རིམ་པར་བྱས་ཏེ་དགོན་པའི་དགེ་འདུན་པ་ཚོར་གནོན་ཤུགས་སྤྲད་ཡོད་ཀྱང་། དགོན་པའི་འབྲེལ་ཡོད་དང་གྲྭ་བ་ཚོས་བཟོད་སེམས་བྱས་སྟབས། གཏོར་བཅོམ་བཏང་བའི་གནས་ཚུལ་གཅིག་ཀྱང་བྱུང་མེད་པ་དང་། ད་ལྟའི་ཆར་དགོན་པའི་ནང་གྲྭ་བཙུན་ཆིག་ཁྲི་ ༡༠༠༠༠ ཡས་མས་ཤིག་ཡོད་འདུག

གསར་འགོད་པ། དོན་ག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་ཀྱི་བདེ་རྩ་ཚོགས་པའི་སྤྱི་ཚོགས་ཞབས་ཞུ།

༢༠༢༥/༡༡/༡༥
Mobile App

བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ། 

༢༠༢༥/༡༡/༡༥
Mobile App

༧གོང་ས་མཆོག་ནས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་ལོ་ངོ་ ༧༥ འཁོར་བའི་དུས་དྲན་གྱི་འགྲེམས་སྟོན།

༢༠༢༥/༡༡/༡༤
1,500-year-old Yongqing Temple in China hit by massive fire  on 12th November 2025.
Mobile App

མི་ལོ་ ༡༥༠༠ ལྷག་གི་ལོ་རྒྱུས་ལྡན་པའི་ནང་པའི་ལྷ་ཁང་ཞིག་མེས་འཚིགས། 

༢༠༢༥/༡༡/༡༤
Japan & China Exchange Barbs Over The Taiwan Conflict | Sanae Takaichi | N18G
Mobile App

ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་།

༢༠༢༥/༡༡/༡༤
India operationalised its new Nyoma airbase close to the frontier with China
Mobile App

ལ་དྭགས་སུ་མཁའ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱས།

༢༠༢༥/༡༡/༡༤

མཆན། 11

  1. དཔའ་རྒོད། says:
    ལོ་ 14 སྔོན།

    མཁན་པོ་ཨ་ཁྱུག་ཚང་དགོངས་པ་རྫོགས་ནས་མྱ་ངན་ཞུ། མཁན་པོ་ཨ་ཁྱུག་ཚང་གི་རྒྱུད་གྱི་བྱིན་རླབས་བདག་རྒྱུད་ལ་སྐྱེ་བར་སྨོན།་་་གདོང་སེམས་ཉམས་སྐྱེད་ཡིན།

    Reply
  2. ཆོས་བཟང་། says:
    ལོ་ 14 སྔོན།

    བླ་ཆེན་ཁོང་དགོངས་པ་རྫོགས་ནས་ཉིན་ཤས་རྗེས་གསེར་རྟ་བླ་རུང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་སླེབས་ནས། ད་ནས་ཁོང་གིས་གསེར་རྟ་བླ་རུང་སྒར་དང་ཁྱད་མེད་དུ་སྒར་འདི་ལ་གཟིགས་སྐྱོང་གནང་གི་ཡིན་ཞེས་བཤད་འདུག་ཟེར། ཁོང་ནི་ངོ་མ་གོ་སྐབས་འཛིན་ཐུབ་པའི་ཆབ་སྲིད་པ་ངོ་མ་ཞིག་རེད། སྒར་འདིའི་བདག་པོའང་ངས་བྱེད་དགོས་ཟེར་བ་རེད། ཨ་ཁྱུག་སྒར་གྱིས་དེ་ལ་ངོས་ལེན་བྱེད་ངེས་རེད་དམ། སྒར་ཆེན་འདིའི་ནང་རང་ཚུགས་འཛིན་ཐུབ་མཁན་ཡོད་ངེས་པས་ལས་སླ་པོས་འདིའི་དགོན་བདག་བྱེད་ཆོག་ཆོག་ཡོད་དམ།

    Reply
  3. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    བླ་མ་ཚེ་རིང་བཀྲ་ཤིས་ལག་
    ཁོང་ཡང་ནོར་ཤག་༼ཨ་ཆུག༽་མ་རེད་༼ཨ་ཁྱུག༽་རེད་

    Reply
  4. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    གསར་འགོད་པ་སུ་ཡིན་གསལ་ཁ་མི་འདུག་ཀྱང་གོང་གི་ཨ་ཁྱིག་ཞེས་པ་དེ་ཨ་ཆོས་སུ་འགྱུར་དགོས་ཀྱི་འདུག ཁོང་ལ་ཁམས་ཕྱོགས་ནས་ཨ་ཆོས་མཁན་པོ་ཞེས་འབོད་སྲོལ་ཞིག་ལས་ཨ་ཁྱིག་ཞེས་འབོད་སྲོལ་མི་འདུག

    Reply
  5. ཅང་མེད། says:
    ལོ་ 14 སྔོན།

    བླ་ཆེན་ཁོང་དགོངས་པ་རྫོགས་ནས་གུས་འདུད་ཞུ།

    Reply
  6. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    སྐུར་འོས་རྫ་ཚེ་རིང་བཀྲ་ཤིས་ལག
    ཨ་ཁྱིག་མ་རེད་ཨ་ཆུག་རེད་གུས་པ་དམ་པ་ཁོང་གི་སྐུ་དྲུང་དུ་སྦྲང་བྱ་༡༢་ཙམ་འདུག་པའི་སྐལ་བཟང་ཐབས་སོང་།

    Reply
  7. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    བསྐུར་འོས་རྫ་ཚེ་རིང་བཀྲ་ཤིས་ལག།
    གུས་པས་བསམ་ན་ཁྱེད་རང་ཡང་ནོར་བ་འདྲ།
    གྲུབ་དབང་ལུང་རྟོགས་རྒྱལ་མཚན།
    ཡང་ན་མཁན་པོ་ཨ་ཁྱུག་ཞུ་བ་རེད།
    ཁོ་འོ་དམ་པ་ཁོང་གིས་ཞབས་དྲུང་དུ་སྦྲང་བྱ་ཧྲཱིལ་པོ་༡༢་ལ་སྡད་པ་ཡིན་
    དེས་ན་ང་ལ་ཡོན་བསྟན་ཏིལ་འབྲི་རྩམ་མེད་ན་ཡང་སོ་སོའི་བརྩ་བའི་བླ་མ་མཚན་གསལ་པོ་ཤེས་གི་ཡོད་ལག

    Reply
  8. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ཤིང་རྟ་ལགས་ཀྱིས་གནས་ཚུལ་དངོས་མཁྱེན་འདོད་ན་ཕྲན་གྱི་བང་ཆེན་ཟིན་བྲིས་རྫ་ཆུའི་རྡ་རྟགས་སུ་གཟིགས་རོགས།
    ཨ་ཁྱུག་ཡོངས་གྲགས་ཀྱི་སྒྲ་གདང་ཡིན་ཡང་ཁྱིའུ་ལས་བསྡུས་པའི་སྒྲ་ནི་ཨ་ཁྱིག་ཏུ་འགྱུར་བ་འདྲ་ཞིག་འདུག དེ་ཡང་ཁོང་གི་ཆུང་མིང་གི་མཚན་ནི་ཁྱིའུ་རེད་འདུག

    Reply
  9. ཤིང་རྟ། says:
    ལོ་ 14 སྔོན།

    གསལ་བཤད་ཅིག་ཞུ་ཆོག་པ་ཞུ།

    བླ་མ་༼ཨ་ཁྱིག་༽མ་རེད་ཨ་ཁྱུག་རེད། ཨ་ཁྱུག་རིན་པོ་ཆེ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་རེད །

    ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གསུངས་གནང་བའི་བླ་མ་ཨ་ཁྱུག་གི་ཞབས་བརྟན་གསོལ་འདེབས་ཤིག་འདུག་པ་དེའི་ནང་དུ།
    ཀ་དག་དོན་གྱི་གནས་ལུགས་(ཨ་)ཡི་གདངས།།
    སྨིན་རྒྱུ་ཆུ་ལྟར་(ཁྱུག)་པའི་བདེན་མེད་དོན།།
    ཟབ་གསང་བཀའ་བབས་འཇམ་་དབྱངས་དགོངས་པ་བཞིན།།
    གདོམས་མཛད་དཔལ་ལྡན་བླ་མ་གསོལ་བ་འདེབས།།
    ཞེས་པའི་དོན་ལས་ཤེས་སོ།།

    ད་ལྟའི་ཆར་དགོན་པའི་ནང་གྲྭ་བཙུན་ཆིག་ཁྲི་ ༡༠༠༠༠ ཡས་མས་ཤིག་ཡོད་འདུག ཅེས་པ་དེ་གྲྭ་བཙུན་ཞེས་པ་དེ་གྲྭ་པ་དང་བཙུན་མ་གཉིས་ཞེས་པའི་དོན་ཡིན་ནམ་གྲྭ་པ་གཅིག་པའི་
    དོན་ཡིན་གྲྭ་པ་གཅིག་པའི་དོན་ཡིན་ན་ཅུང་ནོར་འདུག བཙུན་མ་གཅིག་པུར་ཆིག་ཁྲི་ལས་བརྒལ་ཡོད་ཚོད་འདུག

    Reply
  10. ཨོ་བཟང says:
    ལོ་ 14 སྔོན།

    ཀྱེེ་མ དྲིན་ཆེན་རྩ་བའི་བླ་མ་ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནཐར་དག་བདག་གི་རྒྱུད་ལ་འཕོས་ནས་བསྟེན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་བྱིན་གྱིད་བརླབས་དུ་གསོལ།།

    Reply
  11. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    གྲུབ་དབང་ལུང་རྟོགས་རྒྱལ་མཚན། ཡང་ན་མཁན་པོ་ཨ་ཁྱིག་ཚང་ཞུ་བ་ལས་ཨ་ཁྱིག་གྲུབ་དབང་ཟེར་བ་འདི་ལྟར་འབོད་མཁན་ཞིག་དེ་རིང་མ་གཏོགས་མཐོང་མ་སོང་། འབོད་སྟངས་འདི་ཐེངས་དང་པོ་རེད། དག་བཅོས་བྱས་ན་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese