མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“བཀའ་བློན་ཁྲི་པ”ཞེས་པའི་ཚབ་ཏུ“སྲིད་སྐྱོང་པ”ཡག་པོ་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་ཚོགས་ཁང་དུ་བོད་པའི་གསར་འགོད་པ་དག་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་ཕུལ་ཏེ། འདས་པའི་བཀའ་ཤག་སྐབས་གཉིས་རིང་གི་ལས་དོན་གྲུབ་འབྲས་དང་འཐུས་ཤོར། མ་འོངས་པར་བཀའ་བློན་ཁྲི་པའི་མཚན་ལ་༼ སྲིད་སྐྱོང་བ ༽ ཞེས་བཏགས་ན་འོས་སྐོར་བཅས་ཀྱི་བཀའ་ལན་གནང་སོང་།  

བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་རེ་སྐུལ་ལྟར། དེ་རིང་ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡།༣༠ སྟེང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གངས་སྐྱིད་བཀའ་ཤག་གསར་པའི་ཚོགས་ཁང་དུ་བཞུགས་སྒར་ཁུལ་གྱི་བོད་པའི་གསར་འགོད་པ་ཚོ་དང་ཐུག་འཕྲད་གནང་སྟེ། བཀའ་ཤག་སྐབས་གཉིས་རིང་གི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པ་དང་ཚོང་ལས་སྒེར་བདག་ཅན་དུ་བསྒྱུར་བ། སྲོལ་རྒྱུན་སོ་ནམ་འདེབས་ལས་བཅས་ཀྱི་ཕན་གནོད་དང་། བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས། “བཙན་བྱོལ་བོད་གཞུང” ནས “དབུས་བོདམིའི་སྒྲིག་འཛུགས” དང་། ད་ཆར་བསྐྱར་དུ་ “བོད་མིའི་གཞུང་གི་སྒྲིག་འཛུགས” སུ་འཕོ་འགྱུར་གཏོང་འཆར་བཅས་ཀྱི་ཐད་གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་སོང་།

 

དྲི་བ་དྲིས་ལན་སྐབས་བཀའ་ཁྲི་མཆོག་གིས་འདས་པའི་ལས་རྒྱུན་རིང་གི་གཟེངས་སུ་ཐོན་པའི་གྲུབ་འབྲས་སྐོར་གསུངས་བའི་ནང་། ཁོང་ལ་འདས་པའི་མི་ལོ་བཅུའི་ལས་རྒྱུན་རིང་འདོད་བློ་ཚིམ་པའི་ལས་དོན་རིགས་གཅིག་ཀྱང་བྱུང་མེད་པ་དང་། བཀའ་ཁྲིའི་ལས་གནས་སུ་མ་ཞུགས་པའི་ཡར་སྔོན་ནས་འཛིན་སྐྱོང་གི་ལས་དོན་བསྒྲུབ་འདོད་མེད་པའི་སྐོར་གསལ་བོ་གསུངས་ཡོད་ཚུལ། ལོ་བཙུ་ཙམ་མིན་པར་ཝར་ན་མཐོ་སློབ་དང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་ཁྲི་པ་བཅས་ཀྱི་ལས་ཀའི་བརྒྱུད་རིམ་ཁྲོད་ནས་ཀྱང་ཁོང་གི་འདོད་དོན་ཇི་བཞིན་འགྲུབ་མེད་སྐོར་སོགས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་འདས་པའི་ལས་རྒྱུན་རིང་གི་ལས་དོན་གང་ཡིན་ཡང་ཐོག་མ་ནས་ཞིབ་འཇུག་དང་འབད་བརྩོན་བྱས་ཡོད་སྟབས། རེ་བ་ལྟར་འགྲུབ་སོན་མེད་ཀྱང་དེ་ལ་དམིགས་བསལ་བློ་ཕམ་གང་ཡང་མེད་པ་དང་། ཐོག་མར་བཀའ་ཤག་ཏུ་བསླེབས་སྐབས་བོད་གཞུང་གི་དཔལ་འབྱོར་གནས་བབ་ཧ་ཅང་ཉེན་ཁའི་གནས་སུ་ལྷག་ཡོད་ཀྱང་། འདས་པའི་བཀའ་ཤག་སྐབས་གཉིས་ཀྱི་འབད་བརྩོན་འོག་གཞུང་གི་དཔལ་འབྱོར་ཉམ་ཆག་སྲུང་སྐྱོབ་ཀྱི་ལས་དོན་ཐད་གྲུབ་འབྲས་གང་འཚམ་ཐོབ་སྟེ་ད་ཆར་རང་ཚུགས་ཐུབ་པའི་གནས་སྟངས་ཆགས་ཡོད་པ་དེ་བཀའ་ཤག་དུས་ཡུན་གཉིས་ཀྱི་གཟེངས་སུ་ཐོན་པའི་ལས་དོན་དུ་བརྩི་ཆོག་སྐོར་སོགས་གསུངས་སོང་།  

 

གསར་འགོད་པས་ཤེས་ཡོན་སྲིད་བྱུས་གསར་པའི་སྐོར་ལ་བཀའ་འདྲི་གནང་བའི་ལན་དུ་བཀའ་ཁྲི་མཆོག་གིས་ཤེས་ཡོན་སྲིད་བྱུས་གསར་པ་དེ་༸གོང་ས་མཆོག་གིས་ཤེས་ཡོན་ཐོག་བཀའ་སློབ་གནང་བ་གཞི་རྩར་བཟུང་བ་ཞིག་ཡིན་ཚུལ་དང་། གཏན་འབེབས་མ་བྱས་པའི་ཡར་སྔོན་ཏུའང་༸གོང་ས་མཆོག་དབུ་བཞུགས་ཐོག་ཚོགས་འདུ་སྔ་རྗེས་ཚོགས་ཏེ་གཏན་འབེབས་བྱས་ཚུལ་གསུངས་སོང་ལ། གཞན་ཁོང་གིས། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་གསར་པ་དེ་བོད་པའི་སྲོལ་རྒྱུན་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་ཤིག་རེད། བོད་མི་ཞིག་ཡིན་ན། བོད་པའི་སྲོལ་རྒྱུན་རིག་གཞུང་གཅིག་པུ་ལས་དེང་རབས་རིག་གནས་མ་ཤེས་པ་ཡིན་ན། མི་དེ་ལ་ཞན་ཆ་རེ་ཟུང་ཡོད་སྲིད་ཀྱང་བོད་པའི་ངོ་བོ་ད་དུང་བསྡད་ཡོད་པ་རེད། གལ་སྲིད་དེང་རབས་རིག་གནས་གཅིག་པུ་ལས་བོད་པའི་སྲོལ་རྒྱུན་རིག་གནས་སྣེ་གཅིག་ཀྱང་མ་ཤེས་པ་ཡིན་ན། མི་དེའི་སྟེང་བོད་པའི་ངོ་བོ་གང་ཡང་ལྷག་ཡོད་པ་མ་རེད། ཤེས་ཡོན་སྲིད་བྱུས་འདིར་དེང་རབས་དང་སྲོལ་རྒྱུན་གཉིས་གལ་ཆེན་དུ་བརྩིས་ཏེ། འདབ་གཤོག་གཉིས་ལྡན་གྱི་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། ༸གོང་ས་མཆོག་གི་དགོངས་པ་དང་མཐུན་ཤོས་དེ་ཆགས་ཡོད་ཚུལ་བཅས་གསུངས་བྱུང་།

 

མཇུག་ཏུ་འདི་གའི་གསར་འགོད་པས་༧གོང་ས་མཆོག་གིས་བོད་པའི་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མཚམས་འཇོག་གནང་པའི་རྗེས་ལ། ༼ བཀའ་བློན་ཁྲི་པ ༽ཞེས་པའི་མཚན་ལ་འགྱུར་བ་འགྲོ་དགོས་སམ་ཞེས་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས། “སྤྱིར་བཏང་དྲི་བ་འདི་གྲོས་ཚོགས་ལ་གནང་དགོས་པ་ཞིག་རེད། བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་དེ་གྲོས་ཚོགས་ཀྱི་སྐུ་དབང་རེད། འོན་ཀྱང་། བཀའ་ཤག་གིས་ད་སྐབས་ཚིག་ཅིག་བེད་སྤྱོད་གཏོང་གི་ཡོད། ཉེ་ཆར་སྐུའི་འཁྲུངས་སྐར་གྱི་གསུང་བཤད་ནང་དུའང་ཚིག་དེ་བེད་སྤྱོད་བཏང་ཡོད། སང་ཉིན་གནངས་ཉིན་ཚིག་དེ་ཡང་བསྐྱར་བེད་སྤྱོད་གཏོང་མདོག་ཁ་བོ་རེད། གཞུང་འབྲེལ་ཡིག་ཆའི་ནང་ཚིག་ཆུང་ཆུང་ཞིག་བསླེབས་ཀྱང་། དེའི་རྒྱབ་ལྗོངས་སུ་དགོས་པ་རྒྱུ་མཚན་ཞིག་ཡོད་པ་རེད། བཀའ་ཤག་གི་ཡིག་ཆ་ཁག་ཏུ་བར་ལམ་ཞིག་ནས་སྲིད་སྐྱོང་བཀའ་བློན་ཁྲི་པ་ཞེས་བྲིས་ཡོད། མ་འོངས་པར་སྲིད་སྐྱོང་ཞེས་པའི་ཚིག་དེ་བཅའ་ཁྲིམས་ནང་བསླེབ་པ་ཡིན་ན་ཡག་པོ་རེད་བསམ་གྱི་ཡོད། ༧རྒྱལ་བ་རིན་པོ་ཆེའི་སྐུ་དབང་རྩིས་སྤྲོད་གནང་ཟིན་པ་ཡིན་སྟབས། བཀའ་བློན་ཁྲི་པ་དེ་སུའི་བཀའ་ཡི་བློན་རེད་ཅེས་དྲི་བ་ལྷག་གི་ཡོད་པ་རེད། ད་ལྟ་༧རྒྱལ་བ་རིན་པོ་ཆེའི་བཀའ་བློན་རེད་ཟེར་ས་ཡོད་པ་མ་རེད། སྔོན་མ་བོད་ནང་༧རྒྱལ་བ་རིན་པོ་ཆེས་སྐུ་དབང་མ་བཞེས་པའི་སྐབས་སུ། སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་དང་། སྲིད་སྐྱོང་ར་སྒྲེང་རིན་པོ་ཆེ་ཞེས་ལབ་ཀྱི་ཡོད། སྲིད་སྐྱོང་ར་སྒྲེང་རིན་པོ་ཆེ་ཡི་སྐུ་དབང་༧གོང་ས་མཆོག་ལ་འབུལ་བཞེས་གནང་བ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལ་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བ་རེད། ཅེས་ལབ་པ་ཡིན་ན་ཚིག་དེ་སྙིང་རྗེ་བོ་ཆགས་རྒྱུ་རེད” ཅེས་བཀའ་ལན་བསྐྱོན་སོང་།

ཐེངས་འདིར་བཞུགས་སྒར་ཁུལ་གྱི་གཞུང་དང་གཞུང་འབྲེལ་མིན་པའི་ཚགས་ཤོག་དང་རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་བཅས་གསར་འགྱུར་བརྒྱུད་ལམ་ཁག་གི་བོད་རིགས་གསར་འགོད་པ་ ༤༠ ཙམ་ཕེབས་འདུག

གསར་འགོད་པ་དོན་གོ

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 23

  1. ཤིང་རྡོར says:
    ལོ་ 14 སྔོན།

    སྲིད་སྐྱོང་བ་ཞེས་པའི་ཚིག་དེར་གཟི་བརྗིད་ཁྱོན་ནས་མི་འདུག་ན་ཁྱོད་རིང་ནས་མིང་ཞིག་ཐོག་དང་རྒྱུ་མཚན་ཁྱོན་ནས་མེད་པར་གཟི་བརྗིད་མི་འདུག་ཟེར་ན་ཕན་གི་མ་རེད་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལོ།།།།།།།།།།།།།།།།།།།།།།།

    Reply
  2. ལྗང་སྨྱུག says:
    ལོ་ 14 སྔོན།

    སྲིད་སྐྱོང་བ་ཞེས་པའི་ཚིག་དེར་གཟི་བརྗིད་ཁྱོན་ནས་མི་འདུག་ལ་ད་དུང་དེ་སྤྱིའི་མིང་འདྲ་བོ་ལས་གང་ཟག་བྱེ་བྲག་པ་ཞིག་གི་མིང་འདྲ་བོ་དེ་བས་མི་འདུག གལ་སྲིད་ཡིན་གཅིག་བརྗེ་དགོས་བྱུང་བ་ཡིན་ན། མིང་དོན་མཚུངས་པ་མ་ཟད་རྣ་བར་ཐོས་པ་དང་བོད་རྒྱ་ཆེ་མི་མང་གིས་གདམས་པའི་བླ་ན་མེད་པའི་དབུ་ཁྲིད་ཅིག་མཚན་རེད་བ་བསམ་པ་ཞིག་ངེས་པར་དུ་དགོས་ཀྱི་འདུག

    Reply
  3. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    དཀའ་སྒྱུད་་སྤྱི་མཐུས་སྐུ་ཞོག་བསྟན་པ་ཡར་འཕེལ་ལག
    ངས་ཁྱེད་ལ་མོས་མཐུན་ཡོད་གང་ཡིན་ཞེ་ན་ངས་ཀྱང་འོས་ཁྱེད་ལ་འཕང་པ་ཡིན་
    མ་འོང་པར་ཡང་ངས་འོས་ཁྱེད་ལ་འཕེན་རྒྱུ་ཡིན་
    གང་ཡིན་ཟེར་ན་ཁྱོད་ནི་དེང་དུས་ཀྱི་དགེ་འདུན་པ་མཚན་ཉིད་ཚང་མཁན་ཐ་ཐོར་ནང་ནས་གཅིག་རེད་དེ་མ་ཚད་ཡ་རབ་བཟང་སྤྱོད་ལྡན་པ་ཀུན་ལ་གུས་སྐུར་ཤེས་པ་མཐོན་པོ་ལ་བརྟེན་ཤེས་པ་འདྲ་མཉམ་ལ་འགྲོག་ཤེས་པ་དམའ་བ་ལ་སྐྱོང་ཤེས་པ་ཡོན་བཏན་ཡོད་པ་གང་ཞིག་ལ་ང་རྒྱལ་མེད་པ་མདོར་ན་དེང་དུས་དང་གནའ་བོ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པ་མངའ་བས་སོ།

    Reply
  4. ལུང་རྟོགས། says:
    ལོ་ 14 སྔོན།

    དམང་གཙོའི་སྤྱི་ཚོགས་ནང་སྐྱོན་རྗོད་དང་བསམ་འཆར་དགོས་པ་གལ་ཆེ་ན་ཡང་། མགན་ཁུར་དགོས་པ་དེ་བས་ཀྱང་གལ་ཆེན་རེད། ང་ཚོའི་དྲ་འབུ་ཕལ་ཆེ་བས་སོ་སོའི་དངོས་མིང་ཡང་འབྲི་ཐུག་གི་མེད་ན་མགན་ཁུར་ཞེས་པ་ནི་ཕ་རིའི་སྤང་རྒྱན་རེད།
    སྐྱོན་རྗོད་བྱས་ཚད་བཟང་པོར་རློམ་པ་འཁྲུལ། །སྐྱོན་རྗོད་ལ་ཡང་བཟང་ངན་སྣ་ཚོགས་ཡོད། །སྐྱོན་ཡོད་སྐྱོན་རྗོད་བྱེད་པ་མཁས་པའི་ལུག །སྐྱོན་མེད་སྐྱོན་རྗོད་བྱེད་པ་བླུན་པོའི་རྟགས།།

    Reply
  5. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་ཞེས་པའི་མཚན་དེ་སྲིད་སྐྱོང་ལ་བསྒྱུར་བ་ཡིན་ན་ཡག་པོ་འདུག དེ་ལ་མི་འགྲིག་པ་མིན་འདུག ཡིན་ན་ཡང་བསམ་འཆར་འདོན་མཁན་རིགས་ཡོད་ན་དེ་ལ་རང་དབང་དགོས་པ་ལས་འདིར་འགའ་ཞིག་གིས་རང་དང་འདོད་པ་མི་མཐུན་པའི་མཆན་འདེབས་སྐབས་ལམ་སེད་ཇུས་ཏོག་ཡོད་མ་རེད་ཟེར་བ་དང་། བཤད་རྒྱུ་མང་པོ་བྱེད་རྒྱུ་ཡོད་མ་རེད་ཟེར་བ་སོགས་ནི་རྣམ་དཔྱོད་མེད་པའི་སྐད་རང་རེད། དམངས་གཙོའི་སྤྱི་ཚོགས་ནང་ལ་སྐྱོན་བརྗོད་དང་བསམ་འཆར་ངེས་པར་དུ་དགོས་པ་ཡིན།

    Reply
  6. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    སྲིད་སྐྱོང་ཟེར་བ་འདི་ནི་འོས་ཞིང་འཚམས་པའི་བཀའ་ཁྲིའི་མིང་ཞིག་མ་རེད་།
    གང་ཡིན་ཟེར་ན་། ༧རྒྱལ་དབང་མཆོག་བོད་ཀྱི་རྒྱལ་པོའི་འགན་ཁུར་མ་ཐུབ་པའི་སྐབས་སུ་། ཚབ་བྱེད་མཁན་མི་དེའི་གོ་གནས་མིང་རེད་། ནམ་ཞིག་༧རྒྱལ་དབང་མཆོག་གི་ཆབ་སྲིད་ལས་ཀ་གནང་རེན་པའི་དུས་སུ་སྲིད་སྐྱོང་གིས་ཡར་འབུལ་དགོས་གི་རེད་། དེ་འདྲ་བའི་འགྲོ་སྟངས་དེ་ལ་སྲིད་སྐྱོང་ལབ་པ་རེད་།

    དངོས་ནས་བཤད་ན་མིང་དེ་གཞན་ཞིག་གི་ཚབ་མིང་རེད་།
    ང་ཚོའི་བཀའ་ཁྲི་ནི་སུ་ཞིག་གི་ལས་ཚབ་མ་རེད་། དེ་ཕྱིར་མིང་དེ་མ་འོད་པ་རང་མཐོང་།

    Reply
  7. བསྟན་པ་ཡར་འཕེལ། says:
    ལོ་ 14 སྔོན།

    ཉེ་ཆར་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་ཚོགས་ཁང་དུ་བོད་པའི་གསར་འགོད་པ་དག་ལ་དྲི་བ་དྲིས་ལན་གནང་སྐབས་《སྲིད་སྐྱོང་ར་སྒྲེང་རིན་པོ་ཆེ་ཡི་སྐུ་དབང་༧གོང་ས་མཆོག་ལ་འབུལ་བཞེས་གནང་བ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལ་༧གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བ་རེད། ཅེས་ལབ་པ་ཡིན་ན་ཚིག་དེ་སྙིང་རྗེ་བོ་ཆགས་རྒྱུ་རེད” 》ཅེས་པ་དེ་གའདྲ་སེ་གསུངས་པ་ཡིན་ན། བློ་བཟང་སེངྒེ་ལ་གོང་ས་མཆོག་གི་སྐུ་དབང་རྩིས་སྤྲོད་གནང་བ་རེད་ཅེས་ཚིག་ཐག་ཆོད་པོས་གསུངས་འདུག གོང་ས་མཆོག་གིས་བཀའ་སློབ་གསུང་འཕྲིན་སྔ་རྗེས་དག་ལས། ངོས་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོད་ཚད་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར། ཞེས་གསུངས་པ་ལས་བཀའ་བློན་ཁྲི་པ་གཅིག་པུར་རྩིས་སྤྲད་ཡོད་ཅེས་རྩ་བ་ཉིད་ནས་གསུངས་མི་འདུག སྐད་ཆ་འདི་རིགས་ལ་ཞིབ་ཆ་དགོས་པ་ལས་གལ་ཆུང་དུ་བཞག་མི་རུང།

    Reply
  8. ལུང་རྟོགས། says:
    ལོ་ 14 སྔོན།

    དྲ་འབུ་ཚོ་རྒན་ལྷ་མོ་སྐྱབས་ལགས་ཀྱི་བསམ་འཆར་འདི་ལྟུ་བུ་རེ་འདོན་རྒྱུ་མི་འདུག་གམ། འདི་འདྲ་རེ་འདོན་ཐུབ་ན་རང་གཞུང་ལ་ཕན་ཐོག་ཡོང་ངེས་རེད། དེ་མིན་ཆོ་མེད་པའི་བསམ་འཆར་བཤད་ནས་དུས་བབ་དྲ་རྒྱ་བཟང་པོ་འདི་གད་སྙིག་བླུག་སྣོད་ལྟ་བུ་ཞིག་མ་བཟོས་ན་མི་སེགས་སམ།

    Reply
  9. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    དགེན་ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གསུང་པ་ལ་རྒྱ་ཆ་%100ཐམས་པ་མོས་མཐུན་ཡོད

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྲིད་སྐྱོང་ཁྲི་པ།

    བཀའ་བློན་ཁྲི་པ་དང་བཀའ་བློན། བཀའ་ཤག་བཅས་ཀྱི་མིང་སྒྱུར་སྐོར།
    ཁྲི་པ་ཞེས་པ་འདི་དབང་འཛིན་རིམ་པའི་གོ་གནས་མཐོ་ཤོས་རིགས་ཤིག་གི་ཆེད་སྤྱོད་ཐ་སྙད་ཅིག་ཆགས་ཡོད་པས་འདི་རང་སོར་འཇོག་གལ་ཆེ་ན་ཡང་བཀའ་བློན་ཞེས་པ་རྒྱལ་པོའི་བཀའ་བཞིན་དམངས་དོན་སྒྲུབ་མཁན་གྱི་བློན་པོའི་དོན་ཡིན་པས་བརྗེས་ན་ལེགས།
    མ་འོངས་བོད་དེ་ཡུལ་མིའི་སྲིད་སྐྱོང་ཞིག་བྱ་རྒྱུ་བཅའ་ཁྲིམས་ཀྱི་དགོངས་དོན་ཡིན་པས་སྲིད་སྐྱོང་ཞེས་པ་འདི་བོད་ཀྱི་འདས་མ་ད་གསུམ་གང་གི་ཆ་ནས་ཀྱང་འོས་འཚམ་ཞིག་ཡིན་པས་བཀའ་བློན་ཁྲི་པ་ཞེས་པའི་མིང་འདི་སྲིད་སྐྱོང་ཁྲི་པ་ལ་བརྗེ་སྒྱུར་གནང་ན་བཀའ་བློན་གཞན་དག་ཀྱང་རང་བཞིན་གྱིས་སྲིད་སྐྱོང་པ་ཞེས་པར་འགྱུར་འོས།
    བཀའ་ཤག་ཅེས་པའི་མིང་འདིར་སྲིད་སྐྱོང་གཙོ་འཛིན་རྣམ་པས་བཀའ་གྲོས་དང་ཕྱག་ལས་གནང་སའི་ལས་ཤག་ཅེས་མཆན་བུ་ཞིག་བཏབ་ནས་རང་སོར་འཇོག་ཆོག་ལ། ཡང་ན་སྲིད་སྐྱོང་གཞུང་ལས་ཁང་ལྟ་བུར་སྒྱུར་ཆོག

    Reply
  11. ཀོ་རི་ཡའི་བུ། says:
    ལོ་ 14 སྔོན།

    ཨ་ཙི་་་་་་་་ད་ཕྲུག་ནང་ཞིག་མ་བྱས་རོགས་་་་མི་གསར་པ་གཅིག་སླེབས་བ་དང་མིང་གསར་པ་གཅིག་བྱས་ན་ལས་ཁུང་ཁག་གི་མིང་ལ་ག་རེད་ལབ་དགོས་རེད་དེབ་ལྗང་ཁུའི་མིང་ལ་ག་རེད་བལ་དགོས་རེད་ད་དུང་དེ་ལས་མང་་་་་་ཨ་རོ་་་དཀའ་ལས་ལ་་་་ད་མིང་མང་པོ་བརྟགས་དགོས་མ་རེད་་་་་ཐམས་ཅད་མཁྱེན་པ་ཁོང་གི་གང་གསུངས་པ་དེ་བཞག་རོགས་མ་གསུངས་པ་དེ་མ་བྱས་རོགས་་་་་་་་་་བྱེད་རྒྱུ་མང་ན་གསེར་སྐུ་གཟང་དུ་འགྱུར་ཡོད་དོ།

    Reply
  12. ཤིང་རྡོར says:
    ལོ་ 14 སྔོན།

    དྲ་གྲོགས། ཁ་་་ཁ་བསྡད་ཡག་གི་རེ། ཁ་ཁ་བསྡད་ན་ཁ་མཆི་མེད་ མགོ་རུམ་ནང་བཅུག་ན་རླུང་བུ་མེད། ཟེར་བའི་དཔེ་ལྟར་ཆུ་ཏོག་མ་བྱེད་ན་ཡག་གི་རེ། སྡེ་སྲིད་མགོ་ལེབ་གི་བྱེད་འགྲོ་གི་རེ། ང་གཉིས་ཆུ་ཏོག་ན་ཕན་ཐོག་མ་རེ། མི་ཚོ་ཉན་གི་མ་རེ་ལོ།

    Reply
  13. ལུང་རྟོགས། says:
    ལོ་ 14 སྔོན།

    ད་མང་པོ་མ་བཤད། འདོག་འོས་པའི་མིང་ཞིག་བཏག་ཡོང་གི་རེད། གང་ཡང་མི་འཇོན་པའི་དྲ་འབུ་ཚོས་བྱེད་རྗེས་ཅན་གྱི་བཀའ་ཁྲི་མཆོག་ལ་སྐྱོན་བརྗོད་འདྲ་ཞིག་བྱེད་ཁུལ་བྱས་པ་ནི་གད་མོའི་གནས་རེད། ཁ་ནས་བཤད་བསྡད་པ་ལས་ལག་གིས་གཅིག་ལས་དང་དེ་ནས་ཧ་གོ་ཡོང་།

    Reply
  14. མི་ says:
    ལོ་ 14 སྔོན།

    རྒྱལ་ཚབ་ར་སྒྲེང་ཟེར་བ་ལས་སྲིད་སྐྱོང་ར་སྒྲེང་ཟེར་བ་ཞིག་ཨེ་ཡོད། ཨེ་རླུང་དང་ཨ་རིའི་རླུང་འཕྲིན་ཁང་གིས་སྲིད་སྐྱོང་བ་ཟེར་ན་མངའ་སྡེ་བློན་ཆེན་གི་མིང་ལ་སྤྱོད་བཞིན་པའི་མིང་ཚིག་ཅིག་རེད། བོད་ལ་རང་སྐྱོང་དགོས། ཁོང་ནི་རང་སྐྱོང་གི་སྲིད་སྐྱོང་བ་རེད་ཟེར་ནས་རྒྱ་ནག་གི་རྐུབ་ལྡུག་གི་ཡོད་པ་རེད། ཕན་ནི་མ་རེད། ལོ་ངོ་དྲུག་ཅུ་ལ་ལྡུག་པ་རེད། ཕན་སོང་ངམ།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་པ་ཞེས་པའི་མིང་ཚིག་འདིར་ཡང་འགྱུར་བ་གཏོང་དགོས་མདོག་མདོག་གསུངས་ཀྱི་ཡོད་པ་དང་འགྲེལ་བཤད་མི་འདྲ་བ་བརྒྱབས་ཀྱི་ཡོད་པ་རྣམས་སུ་བསམ་ཚུལ་ཞིག་ཞུ་འདོད་པ་ནི།

    བཀའ་བློན་ཞེས་པ་འདི་་་་་བོད་གངས་ཅན་པའི་ཆོས་སྲིད་གཉིས་ཀྱི་དོན་གྱི་བདག་པོ་༧གོང་ས་མཆོག་གི་བཀའ་ཡི་བློན་པོ་ཞིག་ལ་གོ་དགོས་པ་ཡིན་སྲིད། ཡང་གཅིག་བྱས་ན་བོད་ཆོས་ལྡན་གྱི་རྒྱལ་ཁབ་ཤིག་ཡིན་པས་སངས་རྒྱས་ཀྱི་བཀའ་ཡི་བློན་པོ་ཞིག་ལ་གོ་ཆོག་པ་ཡང་ཡོད་སྲིད།

    སྡུག་སར་ནས་ཞུས་ན་བཀའ་བཀོད་རྒྱུད་འཛིན་གྱི་བཀའ་ཡི་བློན་པོ་ཞིག་ལ་གོ་ཆོག་པ་ཡང་ཡོད་སྲིད། བཀའ་ཞེས་པར་སངས་རྒྱས་ཀྱི་བཀའ་དང་༧གོང་ས་མཆོག་གི་བཀའ་་་་་་་རྒྱལ་པོའི་བཀའ་་་་ཆབ་སྲིད་དབང་འཛིན་པའི་བཀའ་་་་་་སོགས་མང་པོ་ཡོད་པར་འདོད།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་ཡང་ཆབ་སྲིད་དབང་འཛིན་པའི་བཀའ་ཞེས་གསལ་ཡོད། བཀའ་བློན་ཁྲི་པ་ཡིན་ན་བཀའ་བཀོད་རྒྱུད་འཛིན་གྱི་བཀའ་ཡི་བློན་པོ་ཡིན་མི་དགོས་ལ་་་་མང་གཙོ་ཚད་དང་ལྡན་པའི་གྲོས་འཚོགས་ཀྱི་བཀའ་ཡི་བློན་པོ་ཡིན་ཆོག བོད་རྒྱ་ཆེན་མི་དམངས་ཀྱི་བཀའ་ཡི་བློན་པོ་ཡང་ཡིན་ཆོག་པར་འདོད།

    བོད་རྒྱལ་ཁབ་ཀྱི་བདག་པོ་ངོ་མ་བོད་རྒྱ་ཆེན་མི་དམངས་ཡིན་པར་དངོས་ཡོད་གནས་ཚུལ་རེད། མི་དམངས་ཀྱིས་འོས་འདེབས་བྱུང་བའི་བཀའ་ཁྲི་འདི་རྒྱ་ཆེན་མི་དམངས་ཀྱི་བཀའ་ཡི་བློན་པོ་ཞིག་ཡིན་པ་ནི་དངོས་ཡོད་གནས་ཚུལ་རེད།

    དེ་བརྟེན་སྲོལ་རྒྱུན་ལྡན་པའི་མིང་ཚིག་རྣམས་རྩ་མེད་མ་བཟོས་ན་ཡག་བ་ཡོད་པར་འདོད།
    ཞོར་དུ་་་དྲ་གྲོགས་ནད་པ་ལགས།
    བཀྲ་མ་ཤིས་པའི་སྐད་ཆ་དེ་འདྲ་བཤད་མ་བསྡད། ༨་ཞེས་པའི་གྲངས་ཀ་འདིར་སྡུག་སྐྱ་ཞིག་དང་ཨེ་ཡིན་ན། བཀྲ་ཤིས་རྟགས་བརྒྱད་ཟེར་བ་དང་བརྒྱད་ཁ་ཡར་དར་ཞེས་པ་སོགས་ཟེར་སྲོལ་ཡོད། བོད་ཀྱི་སྲོལ་རྒྱུན་གྱི་ཐོག་ནས་༨་ཞེས་པ་ཡག་པོ་བརྩི་གི་མེད་ན་་་་བཀྲ་ཤིས་རྟགས་བརྒྱད་ག་རེ་བྱས་ནས་བཟོས་པ་རེད་དམ།

    བཀྲ་ཤིས་རྟགས་གཅིག་ཟེར་བ་དང་བཀྲ་ཤིས་རྟགས་གཉིས་ཟེར་བ་མི་འདུག་ག མང་དགོས་ན་བཀྲ་ཤིས་རྟགས་བརྒྱ་དང་སྟོང་ཟེར་དགོས་ཡང་་་དེ་འདྲ་ཡང་མི་འདུག དོན་མེད་མི་དམངས་ཀྱིས་སྡོམ་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་ལ་རྣམ་རྟོག་མ་སློང་རོགས་ཞུ།།།།

    Reply
  16. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་མིང་ལ་ག་རེ་ལབ་ཀྱང་གནད་འགའ་ཆེན་པོ་མེད་པ་འདྲ་། ལོ་རྒྱུས་དང་མཐུན་དགོས་ན་ བཙན་པོ་ཞེས་ ལབ་དགོས་སོ་། གནའ་སྔ་མོར་ བོད་ཀྱི་བཙན་པོ་ཟེར་དུས་བོད་མིའི་ནང་ནས་གོ་གནས་མཐོ་ཤོས་དེ་ལ་ཟེར་། དེང་ཡང་བཙན་བྱུལ་གཞུང་གི་བཙན་པོ་ལབ་ན་ད་ཡོད་བཙན་བྱོལ་བོད་མིའི་ནང་ནས་གོ་གནས་མཐོ་ཤོས་ཟེར་བ་ཡིན་པས་སྐྱོན་ཆ་མེད་འདུག་།

    ངེས་པར་དགོས་རྒྱུ་ནི་བོད་མིའི་སྒྲིག་འཛུགས་ཟེར་བའི་མིང་དེ་མེད་པ་བཟོ་དགོས་། སླར་ཡང་བཙན་བྱུལ་བོད་གཞུང་ལ་སྒྱུར་ཐུབ་ན་གློ་བུར་གྱི་བར་ཆད་ཆེན་པོ་ཞིག་ནས་ཐར་པ་ཡིན་པས་བཙན་བྱུལ་བོད་གཞུང་ཐར་པར་ཐོབ་རེད་།

    Reply
  17. གཡུ་རལ་བཀྲ་རྒྱམ། says:
    ལོ་ 14 སྔོན།

    ད་ལོ་རྡ་སར་རིག་གནས་གསར་རྗེས་སླེབས་འདུག།
    རྙིང་བ་ཚང་མ་གསར་བར་བསྒྱུར་དགོས་ཟེར།
    ཐམས་ཅད་རྩ་མེད་དུ་མ་བཏང་ན་བློ་མི་བདེ་ཟེར། རྩ་རྫོགས་བྱས་ཚར་ན་བོད་ལ་བདེ་སྐྱིད་ཡོངས་ཟེར།

    Reply
  18. ནད་པ says:
    ལོ་ 14 སྔོན།

    སངས་རྒྱས་པའི་རྣལ་འབྱོར་གྱི་ཞིག་གིས་ངོས་ནས་བཤད་ན་རྣམ་དོགས་ཟེར་བ་དེར་རྒྱུ་མཚན་གང་ཡང་མེད་པར་འདོད་པ་ཡིན། དེ་ཡང་ལས་འབྲས་དང་རྟོགས་པ་ཚད་མཐོན་པོར་སླེབས་པའི་གང་ཟག་ཞིག་གིས་ངོ་བོར་ཁོ་ནར་གནས།

    ཡིན་ནའང་རྒྱུ་མ་རིག་པ་ཟེར་དེ་ཡོད་པའི་དབང་དུ་བཏང་ན་ཀུན་རྫོབ་འཇིག་རྟེན་པའི་ནང་གི་དངོས་པོའི་ཆོས་ཉིད་ལའང་རྟགས་དང་རྟེན་འབྲེལ་ཟེར་བ་དེ་བརྩི་སྲོལ་ཡོད།

    བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོའི་ནང་དུ་སྤྱི་ཟླ་ ༨ ཚེས་ ༨ ཉིན་ཉིན་འབྱུང་འཕྲོད་འཕྲོད་སྦྱོར་ཐོག་ནས་བལྟས་ནས་འབྱུང་འཕྲོད་སྡུག་ཤོས་དེ་འཕྲད་ཅིང་དེ་ཡང་ཚེས་ ༨ འབྱུང་འཕྲོད་མེ་ཆུ་འཕྲད་འདུག དེ་ཡང་རྩིས་གཞུང་ལས། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཅེས་འཕྲོད་ཧ་ཅང་གི་ངན་པ་ཞིག་འཁེལ་འདུག

    ད་ཡང་དེས་མ་ཚད་སྤྱི་ ༨ ཚེས་ཉིན་ལག་པ་སྟོང་པའི་རྟེན་འབྲེལ་ངན་པ་དབུལ་ལག་ཟེར་བ་དེ་འཁེལ་འདུག ལག་སྟོང་པའི་དབུལ་འཁེལ་བའི་ཉིན་བྱ་བ་གང་ཞིག་འགོ་འཛུགས་བྱས་ཀྱང་ཕྱི་འབྱུང་བྱ་བ་དེར་གྲུབ་འབྲས་ཅི་ཡང་མི་ཐོན་པར་དབུལ་ལག་ངན་པའི་ཉིན་ཞིག་འཁེལ་འདུག

    རྒྱ་ནག་གིས་གྲངས་ ༨ དགུ་ཡག་པོར་རྩི་བཞིན་ཡོད་ཀྱང་བོད་པའི་སྲོལ་རྒྱུན་ལྟར་ན་གྲངས་དགུ་དེ་ཧ་ཅང་གི་ངན་པར་རྩི་སྲོལ་ཡོད། དཔེར་ན། བཟང་པོ་བཅུ་འཛོམས་དང་ངན་པ་དགུ་འཛོམས་ཞེས་གྲངས་དགུ་འཁེལ་བའི་རིགས་ངན་པར་བརྩི་བ་རེད། དཔེར་ན་ཚེས་གྲངས་བཟང་ངན་སྐབས། ཚེས་དྲུག་བཞི་དགུ་ཉིན་ཟླ་གཟའ་འཛིན་དང་། །གཟའ་སྐར་ངན་ངན་དང་མཚན་མོ་ལམ་བཞུགས་ངན། །ཞེས་ཚེས་དགུ་འཁེལ་བའི་ཉིན་དེ་བོད་སྲོལ་རྒྱུན་གསོ་རིག་གཞུང་ལས་ངན་པར་བཤད་འདུག

    བོད་པའི་ལོ་རྒྱུས་ཐོག་ནས་བརྩིས་ན་༡༩༥༩ ཞེས་གྲངས་དགུ་འཁེལ་བའི་ལོ་དེར་བོད་ས་ཡོངས་རྫོགས་རྒྱ་དམར་གྱི་བཙན་འཛུལ་བྱས་ཏེ་༸ གོང་ས་མཆོག་གིས་གཙོས་པའི་བོད་མི་རྣམས་༥༩ ལོ་དེ་ནས་བཟུང་ད་བར་སྐྱབས་བཅོལ་བ་ཞིག་ཆགས་འགོ་ཚུགས་པ་རེད།

    རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་ལ་ཆ་མཚོན་ན་ཡང་༡༩༡༩ ལོར་འབྲིང་རིམ་སློབ་གྲྭ་ནས་ཐོན་རྗེས་ཐོག་མར་གསར་ཤོག་གི་རྩོམ་སྒྲིག་ལས་ཀ་ཞིག་བརྩམས་ཀྱང་ཁུངས་མ་འཁྱོལ་བར་ལས་ཀ་དེ་གཡུགས་ནས་རྒྱ་ནག་ཧྲང་ཧེ་དུ་མེ་འཁོར་ནང་དུ་བསྐྱོད་པའི་ལོ་རྒྱུས་ཡོད།

    ད་དུང་ནང་ཆོས་ནང་དེ་བཞིན་གཤེགས་པའི་གདུགས་དཀར་ལས། རྟགས་དང་རྟེན་འབྲེལ་ངན་པ་ཟློག །བལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །བགེས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཅེས་གྲངས་ ༨༡ གྲངས་ ༨ སོགས་ངན་པར་བརྩིས་ནས་ངན་ཟློག་གནང་བ་རེད་འདུག

    སྤྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་ཚབས་ཆེན་ཞིག་བྱུང་བ་རེད། ད་དུང་ ༡༩༨༩ གྲངས་ ༨ དང་ དགུ་འཁེལ་བའི་ལོ་དེར་རྒྱ་ནག་ནང་དུ་ཁྲག་དྲི་བྲོ་བའི་དྲག་མནན་བརྩམས་པ་རེད།

    ད་དུང་བོད་མིས་ཚོས་ཕྲུ་གུ་སྐྱེས་མ་ཐག་ཏུ་ཕ་མ་གཉིས་ཀྱི་བཙས་མ་ཐག་ཏུ་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་། །གྲང་དགུ་དེ་རིགས་ངན་ལ་ངན་པ་དགུ་འཛོམས་པའི་དབང་གིས་མི་ཚེའི་ནང་ངན་དགུ་ཐུབ་པའི་སྨོན་ལམ་བཏོན་སྲོལ་ཡོད།

    དེར་བརྟེན་བཀའ་ཁྲིའི་ཁྲི་འདོན་གྱི་ལས་དོན་དེ་བོད་པའི་ངོས་ནས་བརྗོད་ན་བྱ་བ་གལ་ཆེན་ཞིག་ཆགས་ཡོད་ཀྱང་བོད་གཞུང་གིས་ངོས་ནས་སྤྱི་ ༨ ཚེས་ ༨ ཉིན་འབྱུང་འཕྲོད་སྡུག་ཤོས་དེ་དང་དབུལ་གལ་ངན་པའི་ཉིན་དེར་རང་དུ་ཁྲི་འདོན་བྱེད་དགོས་པའི་རྒྱུ་མཚན་དེ་ཆེད་དུ་བཟོས་པ་ཞིག་ཡིན་ནམ་ཡང་ན་སྣང་མེད་དུ་སྐྱུར་བ་ཞིག་ཡིན་མིན་ངས་མི་ཤེས་ཀྱང་རྟགས་དང་རྟེན་འབྲེལ་ངན་པ་ཟེར་འདྲ་འགྲིག་ན་ཏན་ཏན་དེར་བཀྲ་མི་ཤིས་པའི་གནས་ཚུལ་ཞིག་ཕྱིས་སུ་འབྱུང་བ་རེད།

    དཔེར་ན་རྗེ་ཙོང་པས་ཀྱང་། རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ཞེས་རྟེན་འབྲེལ་ལེགས་པར་འགྲིག་དགོས་རྒྱུ་དེ་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། དེ་བཞིན་ཕར་པ་ལོ་ཙྰ་བ་དང་རྗེ་བཙུན་མི་ལ་ལོ་རྒྱུས་ནས་ཀྱང་ཟངས་ལུང་བཞི་པའི་སྟོང་པ་ཞིག་ཕུལ་བའི་རྟགས་དང་རྟེན་འབྲེལ་ལས་བཀའ་བརྒྱུད་པའི་བསྟན་པ་གསལ་བར་བྱེད་པའི་སྣོད་ལྡན་བུ་སློབ་རྩ་ཆེན་བཞི་འབྱུང་བའི་ལུང་བསྟན་པ་དང་། ཟངས྄སྟོང་པར་ཕུལ་བའི་རྟེན་འབྲེལ་གྱིས་མི་ལ་རས་པའི་སྐུ་ཚེ་ཧྲིལ་པོར་བཀྲས་ལྟོགས་དང་འཚོ་སྐྱོ་པོ་འབྱུང་བའི་ལུང་བསྟན་བྱུང་བ་ཡོད།

    ད་དུང་བུད་མེད་ཀྱི་དམེ་བ་དགུ་མིག་དང་། སྐྱེས་པ་དགུ་མིག ངན་དགུ་སོགས་སྣ་ཚོགས་ཤིག་བརྩི་སྲོལ་ཡོད། ངས་བསམས་ན་སྤྱི་ ༨ ཚེས་ ༨ དེ་ གང་ནས་བརྩིས་ཀྱང་གཟའ་སྐར་དང་། འཕྲོད་སྦྱོར། འབྱུང་འཕྲོད། དབུལ་ལག ལོ་གྲངས། ཚེས་གྲངས་སོགས་ཕྱོགས་གང་ནས་བལྟས་ཀྱང་ཡག་ཡག་པོ་འགྲིག་མེད་སྟབས། བྱུང་ན་ཚེས་གཟའ་སྐར་དང་འབྱུང་འཕྲོད་དེ་གང་བཟང་བཟང་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན།

    བཀའ་ཁྲི་གསར་པའི་ལམ་སྟོན་འོག་བོད་མི་ཚང་མས་ཕྱ་གྲུ་མཉམ་འདེགས་ཐོག་འབྲས་བཟང་འཐོབ་པའི་སྨོན་འདུན་དེ་ངའི་རེ་བ་ཡིན།

    Reply
  19. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    བཤད་དགོས་པ་ཤེས་ལ་སྒྱུ་མཚན་གང་ཡང་མ་ཤེས་པའི་ཉི་མ་ཟེར་བའི་དྲ་གྲོགས་དེ་ལ་སྤྲིངས་བ།
    ཁྱོད་ཀྱིས་
    ༼ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་རྡ་ས་གཙུག་ལག་ཁང་དུ་རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག བཀའ་བློན་ཁྲི་པའི་མཚན་ལ་སྲིད་སྐྱོང་བ་ཞེས་བསྒྱུར་རྒྱུ་རེད།
    འདིའི་སྐོར་ལ་རིང་ས་ནས་བཤད་འདོད་མེད། ཉེ་ས་དང་སྟབས་བདེ་ས་ཞིག་ནས་བཤད་ན། སྲིད་འཛིན་དང་སྲིད་བློན་ཟེར་ན་དེ་རྒྱལ་ཁབ་ཐུན་མོང་གི་སྤྱི་སྐད་ཅིག་རེད། ང་ཚོས་ནམ་རྒྱུན་རིག་གཞུང་ཐུན་མོང་མ་ཡིན་པ་དང་། གོམ་སྲོལ་ཐུན་མོང་མ་ཡིན་པ། སྐད་ཡིག་ཐུན་མོང་མ་ཡིན་པ། རང་གཤིས་ཐུན་མོང་མ་ཡིན་པ་སོགས་ཀྱིས་མི་རིགས་གཞན་དང་། རྒྱལ་ཁབ་གཞན་གྱི་ཆ་ཤས་དང་ཁོངས་གཏོགས་མ་ཡིན་པ་སྒྲུབ་ཀྱི་ཡོད་པ་མིན་ནམ།
    བཀའ་བློན་ཁྲི་པ་ཟེར་བ་དེ་ང་ཚོ་བོད་པའི་ཐུན་མོང་མ་ཡིན་པའི་ཚིག་ཅིག་ཡིན་ལ། ཚིག་འདིའི་རྒྱབ་ལྗོངས་སུ་ཆབ་སྲིད་དང་ལོ་རྒྱུས་ཀྱི་འདས་དོན་མང་པོ་ཞིག་སྦེད་སྐུང་བྱས་ཡོད། ང་ཚོས་དགའ་ལྡན་པོ་བྲང་མཚན་བསྒྱུར་བྱས་དགོས་པ་དེ་ཆོས་ལུགས་རིས་མེད་དམངས་གཙོའི་ལྟ་གྲུབ་ཀྱི་གནད་འགག་ཅིག་ཡིན་སྲིད་མོད། བཙན་བྱོལ་བོད་གཞུང་ཞེས་པའི་བོད་པའི་སྲིད་གཞུང་གི་མཚན་དེ་རྡུམ་པ་དང་མཉམ་དུ་གཞུང་གི་ཆབ་སྲིད་ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པའི་མཚན་ཡང་ཕྱིར་བསྡུ་བྱ་དགོས་པ་འདི་ཅི་ཡིན་ནམ། ༽ཟེར་བའི་དྲི་བ་དེ་ཅི་ཡིན་ནམ།
    དེ་ནི་དགའ་ལྡན་ཕོ་བྲང་མཚན་བསྒྱུར་བྱས་སྟེ་དེ་མ་ཚད་༧གོང་ས་མཆོག་གིས་སྐུ་དབང་ཡོངས་རྫོགས་འདེམས་ཐོན་བཀའ་བློན་ལ་གསོལ་རས་རྩལ་བས་ད་བཟོད་བཀའ་བློན་མཆོག་བོད་རྒྱལ་ཁབས་ཆེན་པོའི་རྒྱལ་པོ་ཟེར་ན་རེད་སྲིད་འཛིན་ཟེར་ན་རེད་སྲིད་སྐྱོངས་ཟེར་ན་རེད་མདོར་ན་ཁོང་གི་ཡན་ལ་སྲིད་སྐྱོངས་བ་གཞན་ཞིག་མེད་པས་ན་བོད་རྒྱལ་ཁབས་ཆེནཔོའི་རྒྱལ་པོ་འམ་སྲིད་སྐྱོང་ཞེས་པའི་ཐ་སྙད་དེ་ཁོངས་ལ་ཐབས་པ་རེད་ད་ཁོང་གི་འོག་ལ་ཁོང་གིས་བཀའ་ཡིས་བློན་ཆེན་ཞིག་ཡོད་ན་ཐང་།

    Reply
  20. ལྷ་མོ་དབྱངས་ཅན། says:
    ལོ་ 14 སྔོན།

    སྲིད་སྐྱོང་བློ་བཟང་ཅེས་ལབ་པ་ཡིན་ན་ཚིག་དེ་སྙིང་རྗེ་བོ་ཆགས་རྒྱུ་ཡིན་པ་མཁྱེན་བཞིན་དུ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཟོ་བཅོས་མ་གནང་བ་ཅི་ཡིན་ནམ། ཨ་ལ་རྩེད་མོ་ཡིན། དཔོན་ཆེན་ལ་ཁ་གཏོང་མི་ཉན།

    Reply
  21. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་ནས་དབུས་བོད་མིའི་སྒྲིག་འཛུགས། ཡང་དེ་ནས་བོད་མིའི་གཞུང་གི་སྒྲིག་འཛུགས་སུ་འཕོ་བསྒྱུར་ཕྱིན་པ།

    ཡུལ་ལུང་གཅིག་གི་མིང་དེ་ཡང་དེ་འདྲས་འགྱུར་ཆོག་ཆོག་ལ། ཐབས་སྐྱོ་མདོག ཡུལ་སྡེ་གཅིག་ལ་མཚོན་ན་མིང་བསྒྱུར་བྱེད་པ་ལ་འཆར་གཞི་བརྟན་པོ་ཞིག་སྔོན་དུ་འགྲོ་དགོས་པ་ལས་གློ་བུར་དུ་སེམས་ལ་གང་ཤར་འགྱུར་བ་གཏོང་ཆོག་གཏོང་ཆོག་དེ་འདྲ་གང་འདྲ་ཡིན་ནམ། སྤྱིར་བཀའ་ཁྲི་ཟམ་གདོང་བླ་མ་ཁོང་མཁས་དབང་དང་དྲང་བདེན་དང་ལྷག་བསམ་ཅན་ཞིག་ཡིན་ཀྱང་། ཁོང་ལ་ད་དུང་ཡང་གདན་ས་ཁག་གི་རྟོག་གེ་མགོ་འཁྲེགས་པ་དང་མཛུབ་མོ་གང་བསྟན་གྱི་རིང་ལུགས་ཀྱི་དྲི་མ་དེ་ལྷག་འདུག བོད་གཞུང་གི་སྤྱི་མཐུས་གྲོས་ཚོགས་གཉིད་ལ་ཡུར་བསྡད་ཡོད་དམ། ཡང་ན་གནས་སྟངས་དེ་ཚོ་ལ་ཚོར་ཤེས་གང་ཡང་མེད་པ་ཡིན་ནམ། གནས་ཚུལ་དེ་དག་ལ་འགྲིག་ན་འགྲིག་པ་དང་། ཡང་ན་མ་འགྲིག་ན་མ་འགྲིག་པའི་བསམ་ཚུལ་ཁ་ནས་དོན་པ་དགོས་ཀྱི་འདུག་སྙམ།

    Reply
  22. འོས་ལངས། says:
    ལོ་ 14 སྔོན།

    ཐད་ཀར་སྲིད་སྐྱོང་ཞེས་བརྗོད་ན་ཡག་ཤོས་རེད། སྲིད་སྐྱོང་བཀའ་བློན་ཁྲི་པ་ཞེས་ཚིག་རིང་དེ་འདྲ་དགོས་དོན་མི་འདུག དེ་ནི་ཚིག་ལྷག་ཅིག་ལས་མ་འདས། ལོ་རྒྱུས་རང་བཞིན་ཅན་གྱི་བཙན་བྱོལ་བོད་གཞུང་གི་མིང་དེ་ཅི་དགར་བསྒྱུར་བཅོས་བྱེད་ཐུབ་ས་ཞིག་ནས། དགོན་པའི་ལས་སྣེ་ཞིག་གི་མིང་འདྲ་བའི་བཀའ་བློན་ཁྲི་པའི་མིང་འདི་འདོར་མི་ཐུབ་དོན་ག་རེ་ཡོད་དམ།

    Reply
  23. ཉི་མ། says:
    ལོ་ 14 སྔོན།

    ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་རྡ་ས་གཙུག་ལག་ཁང་དུ་རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཐོག བཀའ་བློན་ཁྲི་པའི་མཚན་ལ་སྲིད་སྐྱོང་བ་ཞེས་བསྒྱུར་རྒྱུ་རེད།
    འདིའི་སྐོར་ལ་རིང་ས་ནས་བཤད་འདོད་མེད། ཉེ་ས་དང་སྟབས་བདེ་ས་ཞིག་ནས་བཤད་ན། སྲིད་འཛིན་དང་སྲིད་བློན་ཟེར་ན་དེ་རྒྱལ་ཁབ་ཐུན་མོང་གི་སྤྱི་སྐད་ཅིག་རེད། ང་ཚོས་ནམ་རྒྱུན་རིག་གཞུང་ཐུན་མོང་མ་ཡིན་པ་དང་། གོམ་སྲོལ་ཐུན་མོང་མ་ཡིན་པ། སྐད་ཡིག་ཐུན་མོང་མ་ཡིན་པ། རང་གཤིས་ཐུན་མོང་མ་ཡིན་པ་སོགས་ཀྱིས་མི་རིགས་གཞན་དང་། རྒྱལ་ཁབ་གཞན་གྱི་ཆ་ཤས་དང་ཁོངས་གཏོགས་མ་ཡིན་པ་སྒྲུབ་ཀྱི་ཡོད་པ་མིན་ནམ།
    བཀའ་བློན་ཁྲི་པ་ཟེར་བ་དེ་ང་ཚོ་བོད་པའི་ཐུན་མོང་མ་ཡིན་པའི་ཚིག་ཅིག་ཡིན་ལ། ཚིག་འདིའི་རྒྱབ་ལྗོངས་སུ་ཆབ་སྲིད་དང་ལོ་རྒྱུས་ཀྱི་འདས་དོན་མང་པོ་ཞིག་སྦེད་སྐུང་བྱས་ཡོད། ང་ཚོས་དགའ་ལྡན་པོ་བྲང་མཚན་བསྒྱུར་བྱས་དགོས་པ་དེ་ཆོས་ལུགས་རིས་མེད་དམངས་གཙོའི་ལྟ་གྲུབ་ཀྱི་གནད་འགག་ཅིག་ཡིན་སྲིད་མོད། བཙན་བྱོལ་བོད་གཞུང་ཞེས་པའི་བོད་པའི་སྲིད་གཞུང་གི་མཚན་དེ་རྡུམ་པ་དང་མཉམ་དུ་གཞུང་གི་ཆབ་སྲིད་ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པའི་མཚན་ཡང་ཕྱིར་བསྡུ་བྱ་དགོས་པ་འདི་ཅི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese