མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམ་འབུལ་ཐོབ་སྐར་གོར་ཐིག་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདྲེ་མགོ་རྡོ།

དེ་རིང་སང་ཉིན་སྐད་ཆ་གསར་བ་ཞིག་ཡོད་པ་ནི། འབུམ་རམས་པ་བློ་བཟང་སེང་གེས་དམ་འབུལ་དུས་ཚེས་སྐོར་རེད། སྐུ་ཞབས་བློ་སེང་དེང་དུས་ཤེས་ཡོན་གྱི་གནས་ཚད་མཐོ་བོ་ཡིན་པ་དང་། ཡུལ་ལུང་འདྲ་མིན་གྱི་ཆབ་སྲིད་ལ་རྒྱུས་མངའ་ཡོད་སྟབས། ཁོང་གིས་མ་འདྲ་བ་ཞིག་གནང་གི་རེད་ཟེར་མཁན་དག་ནི། ཕལ་ཆེར་ཁོང་གིས་བདམས་པའི་དམ་འབུལ་དུས་ཚེས་ལ་མོས་མཐུན་ཡོད་ཀྱི་རེད། དེ་ནི་ཁོ་པ་དག་གིས་གནང་སྟངས་དེའང་དེང་དུས་དང་མཐུན་ལ། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྲོས་དང་མཐུན་པར་རྨོངས་དད་བྱེད་པ་དེ་རེད། འདིའི་དོན་དངོས་ཀྱང་ཉིན་ཁ་ཤས་རྗེས་སུ་མངོན་འགྱུར་བྱ་རྒྱུ་རེད།

ཡིན་ནའང་། ང་ཚོས་བསམ་བློ་ནན་ཏན་དང་གཟབ་ནན་གྱིས་གཏོང་ལོས་དགོས་ཏེ། ༧གོང་ས་མཆོག་གིས་ཆབ་སྲིད་ནང་ཐུགས་འགན་བཞེས་ཀྱི་མེད་པས། ཁོང་གིས་གནད་དོན་བཟང་ངན་གང་ལྷག་སྐབས་སུའང་དགོངས་འཆར་དང་ལམ་སྟོན་བྱ་རྒྱུ་ཁག་པོ་ཡིན་སྟབས། རང་རེ་བ་རྣམས་ལ་ནི། ད་གཟོད་མིག་བཙུམ་ནས་གཉིད་ཁུག་ནས་ཡིད་ཆེས་བྱ་ཆོག་པའི་གནས་སྟངས་མེད་པ་གསལ་བོ་རེད། ད་ནས་བཟུང་གནང་སྟངས་གང་ལའང་༧གོང་ས་མཆོག་གི་དགོངས་པ་ཟེར་བའི་ཚིག་ཡ་མེད་འདིའང་མེད་སྟབས། ང་ཚོས་བློ་སེང་ལ་དོགས་འདྲི་བྱེད་རྒྱུ་རྒྱུ་མཚན་ཡོད་ན་ཧ་ཅང་ལས་སླ་བོ་རེད།

འོ་ན། ང་ཚོས་ཁོང་གི་༼ པཱ་ཅུག ༽ སྐོར་ལ་དོགས་སློང་ཅུང་ཙམ་བྱས་ན། ཁོང་གིས་བཤད་ན། པཱ་ནི་རྒྱུ་འབྱོར་ལ་དམིགས་པ་དང་། ཅུག་ནི་ཚེ་རིང་པོའི་མཚོན་དོན་ཡིན་པས་དེ་ལྟར་ཐག་གིས་བཅད་པ་ཡིན་ཟེར། སྐབས་འདིར་ང་ཚོའི་མི་ལ་ལས་པཱ་དང་ཅུག་གི་ནང་དོན་ལ་འགྲེལ་བཤད་ཀྱིས་ཁོང་གི་གནང་སྟངས་དེ་འགྲིག་ཡོད་མེད་ཟེར་མདོག་ཁ་བོ་རེད་དེ། དེ་ནི་རིག་པ་རྣལ་དུ་གནས་མཁན་ཞིག་ཡིན་ན། བོད་ཀྱི་སྲིད་སྐྱོང་པའི་དམ་འབུལ་དུས་ཚེས་རྒྱ་ནག་གི་ཡི་གེའི་ནང་དོན་དང་བསྟུན་པ། རྒྱ་མིའི་བསམ་ཕྱོགས་དང་བསྟུན་པ་བཅས་ནི་རིགས་ཞེན་དང་རུས་པ། ལ་རྒྱ་ཟེར་བའི་ངོས་ནས་བཤད་ན་རྦད་དེ་ཐོབ་སྐར་ཀླད་ཀོར་རང་རེད།

དེང་སང་འཛམ་གླིང་ནང་མི་རིགས་ཟེར་བ་འདི་རིག་གནས་ཀྱི་ངོས་ནས་འཇོག་རྒྱུའི་བདེན་མཐའ་སེལ་བཞིན་པ་རེད་ལ། རིག་གནས་གཅིག་པས་ད་གཟོད་མི་རིགས་གཅིག་གི་འདུ་ཤེས་དང་ཞེན་ཁོག་སླེབས་ཀྱི་ཡོད་པ་རེད། བོད་ཀྱི་བསམ་པའི་ཁྱེར་སོ་གཅིག་པུའི་ངོས་ནས་བལྟས་ཀྱང་། རྒྱ་ནག་དང་བསྡུར་ཐབས་ནམ་ཡང་མེད་ལ། རང་གི་མི་རིགས་ཀྱི་ལོ་རྒྱུས་དང་ཤེས་རིག་དར་རྒུད་མཚོན་ཐབས་བཅས་ཀྱི་དུས་ཆེན་རྣམས་ཀྱང་བོད་མི་རང་གི་བློ་གྲོས་ལས་བྱུང་བ་མ་གཏོགས། རྒྱ་མིས་བཞེད་ཕྱོགས་ལྟར་ད་བར་སུ་གང་གིས་གཏན་འབེབས་དང་ཐག་གཅོད་བྱས་མྱོང་མེད།

ཕྱོགས་འདི་ནས་བལྟས་ཚེ། བོད་ཀྱི་དམངས་གཙོའི་སྲིད་སྐྱོང་པ་ཁྲི་རབས་དང་པོ་འདི། བོད་ཀྱི་རིག་གནས་དང་སེམས་ཁམས་ལ་རྦད་དེ་ཀླད་ཀོར་ཡིན་པ་ནི་གསལ་བོ་ཆགས་བཞིན་པ་རེད་ལ། གལ་སྲིད་བོད་ནང་ནས་ཁོང་གི་གནང་ཕྱོགས་འདི་གསན་པ་ཡིན་ན། རང་སྲོག་དམར་པོ་བློས་བཏང་ཟིན་པ་དག་གིས་ཀྱང་གཤེགས་ཡུལ་ནས་གནས་སྟངས་འདི་ལ་དགོངས་པ་ཡིན་ན། བོད་ཀྱི་མི་རབས་གསར་བ་ཟེར་བའི་ཤེད་དང་དཔུང་ཤུགས་ཅན་གྱི་ཤེས་ཡོན་པའི་སྡེས་གནས་སྟངས་འདི་གསན་པ་ཡིན་ན། ཉེ་ཆར་བློ་སེང་གིས་ཁ་ནས་མང་པོ་བགྲངས་བའི་ཀིརྟི་དང་དཀར་མཛེས་ཡུལ་ནས་གནས་སྟངས་འདི་གསན་པ་ཡིན་ན། ཁོང་ལ་འཚམས་འདྲི་ཞུ་མཁན་དང་། ཤོག་སྦག་སྦར་མཁན་དག་གིས་མི་རབས་གསར་བའི་འབུམ་རམས་པས་ཁོང་གི་དམ་འབུལ་ཟླ་ཚེས་རྒྱ་མིའི་བཞེད་ཕྱོགས་ལྟར་གཏན་འབེབས་བྱས་ཚུལ་ཐོས་ན། ད་གཟོད། ཁོང་ཚོས་རང་དང་སྐུ་ཞབས་བློ་སེང་ལ་བར་ཐག་ཅི་ཙམ་ཡོད་པའི་བསམ་བློ་གཏོང་ངེས་པས། འདི་ནི་ཁོང་གིས་མ་མཐར་བོད་དང་བོད་མིར་རྒྱུས་མངའ་ཅི་ཙམ་བྱས་ཡོད་མེད་ཀྱི་ཚད་ཤིང་ཞིག་ཀྱང་རེད།

བོད་ལ་བྱས་རྗེས་བཞག་པའི་ཉིན་མོ་ཡོད་ལ། རྒྱལ་ཁབ་འཕྲོགས་པའི་ཉིན་མོའང་ཡོད། དེ་བཞིན་དགའ་སྐྱོའི་ཉིན་མོ་མང་པོ་ཡོད་པ་ནས། གལ་སྲིད་བློ་སེང་གིས་གཅིག་བདམས་ན། གལ་སྲིད་ཟླ་བ་བརྒྱད་པ་གཡས་གཡོན་ལ་དུས་ཚེས་རླབས་ཆེན་ཞིག་དགོས་ན། རང་སྲོག་བློས་གཏོང་བྱས་པའི་ཆབ་སྲིད་བཙོན་པའི་སྒྲིག་འཛུགས་ཀྱི་དགུ་བཅུ་གསུམ་ཚུགས་པའི་ཉིན་མོར། ཞེ་འཁོན་དང་། ན་ཟུག རྣམ་དཔྱོད་དང་བཅས་ཏེ་དམ་འབུལ་ཞུས་ན་གང་ལ་མི་འགྲིག་གམ། གང་དུ་ནོར་འཛོལ་འབྱུང་ངེས་སམ། སུས་ལོ་རྒྱུས་ལ་ནག་ཐིག་བབས་སོང་ཞེས་སྐད་ཅོར་རྒྱག་གི་རེད་དམ། རྩ་བ་ནས་མ་རེད།

                                                                      ༢༠༡༡། ༨། ༤། ཉིན།

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༢༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 51

  1. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    ངའི་རྩོམ་འཆལ་འདིའི་བདེན་པ་སེལ་སོང་། སྲིད་སྐྱོང་གསར་བས་ཀྱང་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་སྟེང་གང་ཐུབ་ཐུབ་ཅིག་དཀྲི་ཁུལ་དང་འཐེན་ཁུལ་བྱས་སོང་། དེས་ང་དགའ་བྱུང་། ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། རྗེས་ནས་གཟབ་གཟབ་བྱེད་རྒྱུ་མ་བརྗེད་ཅེས་སྐུ་ཞབས་བློ་སེང་ལ་ཞུ་འདོད་བྱུང་ལ། ལྷག་པར་དྲན་སྐུལ་གཏོང་དགོས་པ་ཞིག་ནི། བོད་ཡིན་ན་འདྲ། བཙན་བྱོལ་སྤྱི་ཚོགས་ཡིན་ན་འདྲ། ལྟོས་ན་ཆུང་ཆུང་ཞིག་ཡིན་ན། འགོ་ཁྲིད་བྱེད་དགོས་ན་སྟོབས་ཆེན་ཨ་རི་ལས་ཀྱང་རྙོག་དྲ་ཚ་བོ་ཡོད་པ་དེ་ཡིན།

    དེ་ནས་ཞོར་དུ། བཤད་འདོད་པ་ཞིག་ལ། བཙུན་པ་ཟམ་གདོང་གི་རྗེས་མཐུད་དགོས་སྟབས། བཙུན་པ་ཟམ་གདོང་གི་གཟི་ཉམས་ཀྱིས་སྐུ་ཞབས་བློ་སེང་གི་དམ་འབུལ་གཏམ་བཤད་ནས་བཟུང་རྣ་ལ་འགྲོ་བོ་ཞིག་མེད་ཀྱང་། ༧གོང་ས་མཆོག་གིས་ཀྱང་ཡིག་རྩལ་གཏོང་གི་ཡིན་གསུངས་བ་བཞིན། ང་ཚོས་ཀྱང་ཡིག་རྩལ་གཏོང་བཞིན་པ་ཡིན།
    དེ་ནས། ཞེ་དྲག་གལ་ཆེན་པོ་ཞིག་ལ། བརྒྱད་བརྒྱད་དགུ་དགུ་དགུའི་སྐབས་སུ་རྒྱལ་ས་ལྷ་ས་དང་། མདོ་ཁམས་སྟོད་སྨད་བཅས་སུ་སྐྱ་སེར་གཉིས་ཀས་ལྷ་སངས་བཏང་སྟེ་བཀྲ་ཤིས་ཁ་གཡང་ནན་གྱིས་བོས་འདུག་ཁར། ཤོག་སྦག་སྦར་ནས་དགྲ་དགག་བཟློག་བསྒྱུར་གྱིས་གཞིས་བྱེས་མཉམ་འཛོམས་ཀྱི་ཁ་གཡང་བོས་འདུག དེ་སྐུ་ཞབས་བློ་སེང་གིས་དྲན་པར་ཉར་རོགས་ཞུ།
    ངའི་རྩོམ་འཆལ་འདིའི་བདེན་པ་སེལ་སོང་། སྲིད་སྐྱོང་གསར་བས་ཀྱང་གུ་རུ་རིན་པོ་ཆེའི་འཁྲུངས་སྐར་སྟེང་གང་ཐུབ་ཐུབ་ཅིག་དཀྲི་ཁུལ་དང་འཐེན་ཁུལ་བྱས་སོང་། དེས་ང་དགའ་བྱུང་། ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། རྗེས་ནས་གཟབ་གཟབ་བྱེད་རྒྱུ་མ་བརྗེད་ཅེས་སྐུ་ཞབས་བློ་སེང་ལ་ཞུ་འདོད་བྱུང་ལ། ལྷག་པར་དྲན་སྐུལ་གཏོང་དགོས་པ་ཞིག་ནི། བོད་ཡིན་ན་འདྲ། བཙན་བྱོལ་སྤྱི་ཚོགས་ཡིན་ན་འདྲ། ལྟོས་ན་ཆུང་ཆུང་ཞིག་ཡིན་ན། འགོ་ཁྲིད་བྱེད་དགོས་ན་སྟོབས་ཆེན་ཨ་རི་ལས་ཀྱང་རྙོག་དྲ་ཚ་བོ་ཡོད་པ་དེ་ཡིན།

    དེ་ནས་ཞོར་དུ། བཤད་འདོད་པ་ཞིག་ལ། བཙུན་པ་ཟམ་གདོང་གི་རྗེས་མཐུད་དགོས་སྟབས། བཙུན་པ་ཟམ་གདོང་གི་གཟི་ཉམས་ཀྱིས་སྐུ་ཞབས་བློ་སེང་གི་དམ་འབུལ་གཏམ་བཤད་ནས་བཟུང་རྣ་ལ་འགྲོ་བོ་ཞིག་མེད་ཀྱང་། ༧གོང་ས་མཆོག་གིས་ཀྱང་ཡིག་རྩལ་གཏོང་གི་ཡིན་གསུངས་བ་བཞིན། ང་ཚོས་ཀྱང་ཡིག་རྩལ་གཏོང་བཞིན་པ་ཡིན།
    དེ་ནས། ཞེ་དྲག་གལ་ཆེན་པོ་ཞིག་ལ། བརྒྱད་བརྒྱད་དགུ་དགུ་དགུའི་སྐབས་སུ་རྒྱལ་ས་ལྷ་ས་དང་། མདོ་ཁམས་སྟོད་སྨད་བཅས་སུ་སྐྱ་སེར་གཉིས་ཀས་ལྷ་སངས་བཏང་སྟེ་བཀྲ་ཤིས་ཁ་གཡང་ནན་གྱིས་བོས་འདུག་ཁར། ཤོག་སྦག་སྦར་ནས་དགྲ་དགག་བཟློག་བསྒྱུར་གྱིས་གཞིས་བྱེས་མཉམ་འཛོམས་ཀྱི་ཁ་གཡང་བོས་འདུག དེ་སྐུ་ཞབས་བློ་སེང་གིས་དྲན་པར་ཉར་རོགས་ཞུ།

    Reply
  2. རྡོ་རྗེ་རྒྱལ་མཚན། says:
    ལོ་ 14 སྔོན།

    འདྲེ་མགོ་རྡོ་ནི་གསོན་འདྲེ་ཞིག་ཡིན་ངེས།

    Reply
  3. སྟག་ཕྲུག says:
    ལོ་ 14 སྔོན།

    བཀའ་ཁྲི་གསར་པས་དུས་ནམ་ཡང་རྒྱ་ནག་སྲིད་གཞུང་ལ་བརྡ་ལན་སྤྲོད་ཀྱི་ཡོད་སྟབས། རྒྱ་ནག་སྲིད་གཞུང་ལ་ཁྱོད་ཀྱི་བརྒྱད་ཀྱི་ཐོག་ཏུ་ངའི་དགུ་འགྲེང་ཡོད་ཅེས་པའི་དོན་དུ་དུས་ཚེས་དེ་འདམས་པ་ཡིན་པའི་འཚོར་སྣང་བྱུང། ཕྱིས་སུ་གུ་རུའི་འཁྲུངས་སྐར་ཡིན་རབས་བཤད་པ་དེ་ཆབ་སྲིད་པ་ཞིག་གིས་རང་གི་མི་མང་གི་འདོད་བབ་དང་བསྟུན་པའི་སྐད་ཆ་བཤད་པར་འདོད།

    Reply
  4. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གུ་རུ་རིན་པོ་ཆེའི་བཀའ་དྲིན་ལ། ཁོང་ལ་མཐུ་དང་ནུས་པ་ཆེ་དྲག་ནས། རྒྱ་ནག་གི་ 八八九九九 གཉའ་ཞུམ་ཞུམ་མགོ་སྒུར་སྒུར་གྱིས་བོད་ཟླ ༦ པའི་ཚེས ༡༠ ལ་ཕྱག་འཚལ་སོང་།

    Reply
  5. བསྟན་འཛིན་ནོར་བུ་ says:
    ལོ་ 14 སྔོན།

    བཀའ་ཁྲི་གསར་པ་བློ་བཟང་སེང་གེ་ལགས་ཕེབས་པར་བཀྲིས་བདེ་ལེགས་ཞུ།

    Reply
  6. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    པ་པ་ཅུག་ཅུག་ཅུག་གི་དགོས་དོན་གསར་འགྲེལ་བྱས་སོང་། སློབ་དཔོན་རིན་པོ་ཆེའི་འཁྲུངས་སྐར་ཡིན་རབ་བཤད་སོང་། ཡག་པོ་རེད། སྐུ་ཞབས་བློ་སེང་ལ་བསམ་བློ་ཞིག་འཁོར་ཡོད་པ་ཏན་ཏན་རེད། དམངས་ལ་ཉན་འཇོག་བྱས་པ་ཐུགས་རྗེ་ཆེ།་ད་གཉིད་ཁུག་གི་ཡིན།
    ཞིབ་ཏུ་རྗེས་ནས་གླེང།

    Reply
  7. lobsang says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་ངས་བལྟས་ན་པྭའ་པྭའ་ཅོའུ་ཅོའུ་ལ་གནད་འགག་ཤེས་དྲ་མི་འདུག་སྙམ་དེ་ལས་ངས་གོ་ཐོས་ལ་ཁམས་པའི་གནད་ཡོད་མི་སྣ་མང་པོ་ཞིག་གིས་ཁོང་གི་ཕྱག་རོགས་བཀའ་བློན་རྣམས་འདེམས་སྟངས་ལ་གནོན་ཤུགས་སྤྲོད་ཀྱིན་ཡོད་པར་ཐོས་བས་གལ་སྲིད་བདེན་པ་ཡིན་ན། དེ་ལ་ཆོལ་ཁ་གསུམ་གྱི་སྤྱི་འཐུས་རྣམས་ཀྱིས་རིག་པ་སྒྲིམ་ནས་གཟབ་གཟབ་བྱེད་རྒྱུ་གལ་ཆེ་སྙམ། འདིས་ང་ཚོ་གཞུང་སྒེར་གཉིས་ལ་གནོད་སྐྱོན་ཐེབ་རྒྱུའི་ཉེན་ཁ་ཡོད།

    Reply
  8. Athup says:
    ལོ་ 14 སྔོན།

    བཀའ་ཁྲི་བློ་བཟང་སེང་གེ་ལགས་ཀྱི་དམ་འབུལ་དུས་ཚེས་ལ་དཔྱད་ན་བོད་ཟླ་དྲུག་པའི་ཚེས་ ༡༠ སྤྱི་ལས་གནམ་སྒོ་ཉིན་མོ་དང་ཉི་ཕྱེད་རྟ་ལྔ་བར་གཟའ་སྐར་མེ་ཆུ་ཡིན་འདུག།

    Reply
  9. jamyangtendar says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས

    Reply
  10. jamyangtendar says:
    ལོ་ 14 སྔོན།

    རྟེན་འབྲེལ་ཟེར་བ་ཧ་ཅང་ཕྲ་བས་དུས་ཚེས་ཡག་ཉེས་ཙམ་གྱིས་ཀྱང་འབྱུང་འགྱུར་ལ་ཕན་གནོད་འདྲེན་ན་ཡང་དེ་ལ་དེ་ཙམ་གནད་འགག་ཆེན་པོར་བརྩི་དགོས་ཨེ་ཡོད།

    Reply
  11. རྨོངས་གྲོལ says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་ཁྱེད་ཚོས་འདི་ལྟར་བཤད་ན་ག་ལ་འགྲིག སྤྱིར་བློ་བཟང་སངྒེ་དེ་ལྟར་གསུང་བ་བདེན་ནའང་དེ་ནི་ཞལ་རྩེད་ཙམ་ལས་དོན་དངོས་ཀྱི་རྒྱུ་མཚན་ཞིག་ག་ལ་ཡིན། གནས་ལུགས་དེ་ཙམ་ལའང་དཔྱེ་ཞིབ་མ་བྱས་པར་སྐྱོན་བརྗོད་བྱེད་སྐྱང་བྱེད་པ་ནི་གཞད་རྒད་ཀྱི་གནས་ལས་མ་མཆས་སོ།

    Reply
  12. རྭ་ལོ། says:
    ལོ་ 14 སྔོན།

    ང་ལ་མཚོན་ན་བགྲོ་གླེང་གལ་ཆེ་ཤོས་དེ་གཟའ་ཟླ་བའི་ཉིན་ཡིན། ཉིན་དེར་སྲིད་སྐྱོང་བ་མཆོག་གིས་དམ་འབུལ་དང་ལས་འཁུར་གྱི་གཏམ་བཤད་སྒྲོག་གི་རེད། དེ་ལ་སྒུག་བསྡད་ཡོད། གསུང་བཤད་ལ་ཚིད་དཔག་བྱེད་མཁན་ཡོད་ན་འདིར་འགོད་རོགས།

    Reply
  13. ཁ་བའི་བུ། says:
    ལོ་ 14 སྔོན།

    རྒྱ་ནག་གི་ཨོ་བྷ་མ་བློ་སེང་ལགས་ནས་八八九九 གྱི་ཉིན་མོར་བོད་པའི་ཁམས་གཤིས་མེད་པར་རྒྱ་མི་རྒྱ་རྐྱང་རྐྱང་གི་རྣམ་པའི་ཐོག་ནས་མཛད་སྒོ་ཞིག་བྱ་འཆར་འདུག་པས། ཁོང་ནག་པོར་དྭོགས་པའི་བགྲེས་པོ་དང་། ཁོང་ལ་རེ་བ་བཅངས་མཁན་མི་རབས་གསར་པ་དང་། གསར་བཏོད་ལ་ཞེན་ཅིང་དུང་བའི་སྐྱེ་བོ་ཚོ་མིག་ཆུ་འཆོར་མི་ཉན་ཡ།

    Reply
  14. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ་ཚིག་གཉིས་ཡིན། འདྲེ་རྡོའི་བཤད་པ་བདེན་གི་འདོད། རང་ཉིད་ཀྱི་རྩམ་པ་ཟ་མི་ཤེས་ཀྱང་། རྩམ་པ་ཟས་ཡིན་པ་ཁས་ལན་དགོས་སོ།

    Reply
  15. karchong says:
    ལོ་ 14 སྔོན།

    གང་ལྟར་八八九九九གང་ཡང་མི་མང་བསམ་པའི་བཀའ་ཁྲི་ཞིག་འདེམས་ཐུབ་ཡོད།ཁཽང་གི་མཛད་འཆར་ལམ་ལྷོད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
    ང་ཚོ་ལ་དགོས་དུས་རབས་དང་མཐུན་པ་འགྲོ་ཐུབ་པའི་མི་ཞིག་དགོས་པ་ལས་ཀླད་རྙིང་མཁྲེས་བཟུང་བྱེད་མཁན་དགོས་པ་མེད།

    Reply
  16. འཇམ་དབྱངས། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཚོ། སྤྱི་ཟླ་ ༥ ཚེས་ ༢༩ ཉིན་བཀའ་བློན་ཁྲི་བ་དང་དཔལ་འབྱོར་བཀའ་བློན་གཉིས་ཀྱིས་༧གོང་ས་མཆོག་ལ་དྭང་བླང་དཔྱ་དངུལ་ཕྱག་དེབ་དངོས་སུ་ཕུལ་འདུག དེབ་དེ་ང་ཚོར་ཡོད་པ་དེ་དང་གཅིག་པ་ཡིན་ནམ་མི་འདྲ་བ་ཡིན། གལ་སྲིད་གཅིག་པ་ཡིན་ན་དེའི་ནང་གི་ཡིག་ནོར་དེ་ཚོར་འགྱུར་བ་བཏང་ཡོད་མེད་ཤེས་རྟོགས་བྱུང་མཁན་འདྲ་ཨེ་ཡོད།

    Reply
  17. འཇམ་དབྱངས། says:
    ལོ་ 14 སྔོན།

    རྒན་ལྷ་མོ་སྐྱབས་ལགས་ཀྱིས་འགན་བླངས་པའི་བསམ་ཚུལ་ལྷུག་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུའོ།།

    Reply
  18. འཇམ་དབྱངས། says:
    ལོ་ 14 སྔོན།

    གང་ལྟར་རྩོད་པ་ཇི་ལྟར་བརྒྱབས་ཀྱང་བློ་སེང་ལགས་ཀྱི་ཁྲི་འདོན་མཛད་སྒོ་དེ་ལྟར་གཏན་འཁེལ་ཟིན་པ་རེད། གལ་སྲིད་བཀྲ་མི་ཤིས་པ་ཞིག་འབྱུང་སྲིད་ཀྱང་བཟློག་བསྒྱུར་སོགས་ཐབས་ལམ་སྣ་ཚོགས་ཡོད་པ་རེད། ང་ནི་ཉིན་དེའི་༧གོང་ས་མཆོག་གི་བཀའ་སློབ་དང་བཀའ་ཁྲི་གསར་པའི་རྟེན་འབྲེལ་མཛད་སྒོའི་བཀའ་སློབ་ལ་རེ་སྒུག་བྱས་ཡོད། ཅི་ལ་ཞེ་ན། བཀའ་སློབ་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་གི་མཇུག་བསྡོམས་དང་དབུ་འཛུགས་མཉམ་དུ་འཁེལ་བའི་ཟིན་ཐོ་གལ་ཆེན་ཞིག་རེད། མ་ཟད་ང་ཚོ་ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་འུ་ཅག་ཁ་བ་གངས་ཅན་པའི་རླུང་རྟ་ཡར་ལ་འཕེལ་བའི་རྟེན་འབྲེལ་དུ་བློ་སེང་ལ་བཀྲ་ཤིས་པའི་ཁ་བཏགས་དཀར་པོ་རེ་ད་ལྟ་ནས་གྲ་སྒྲིག་བྱས་ན་མི་ལེགས་སམ།

    Reply
  19. འཇམ་དབྱངས། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གིས། “ད་ལོའི་འོས་བསྡུ་བྱས་ནས་ཐོབ་པའི་མི་གསར་བ་བློ་བཟང་སེང་གེ་འདིར་སླེབས་བསྡད་ཡོད་པ་རེད། སྐྱེས་ས་རྒྱ་གར་དུ་སྐྱེས། འཚར་ལོངས་ཀྱང་རྒྱ་གར་དུ་བྱུང་། ཐོག་མ་ང་ཚོའི་བོད་གཞུང་གི་སློབ་གྲྭའི་ཁོངས་སུ་སློབ་སྦྱོང་བྱས། དེ་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་། དེ་ནས་ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་བཅས་སུ་སློབ་སྦྱོང་བྱས་ཏེ་དེང་དུས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཆགས་བསྡད་ཡོད། ད་བོད་ཡིག་ཡག་ཉེས་གང་འདྲ་ཡོད་མེད་གཞི་ནས་རྒྱུགས་ལེན་དགོས་པ་རེད།” ཅེས་གསུངས་པ་ལྟར་བོད་ཡིག་ནི་བཀའ་བློན་རྣམ་པ་དང་ལྷག་པར་བཀའ་བློན་ཁྲི་བར་ངེས་པར་ཚང་དགོས་པའི་ཆ་རྐྱེན་ཞིག་རེད། དེ་སྔ་རྗེ་བཙུན་པདྨ་ལགས་བཀའ་བློན་ལས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གཙོ་བོར་མོས་བོད་ཡིག་ཡག་པོ་མི་ཤེས་པ་བགྲངས་ཡོད། བློ་སེང་ལགས་ཀྱི་བོད་ཡིག་གི་གནས་ཚུལ་ཅི་འདྲ་ཡིན་ཆ་མ་འཚལ་ཡང་། ངེས་པར་དུ་དབྱིན་ཡིག་ནང་འབྲི་དགོས་པའི་ཕྱི་འབྲེལ་གྱི་ཡིག་ཆ་ཁག་ལས་གཞན་བོད་ཀྱི་ལས་ཁུངས་དང་ (བཙན་བྱོལ་གྱི་ལྷན་ཁང་ཕན་ཚུན་དང་། གཞུང་དང་སྒེར་གཉེར་ཚོགས་པ་ཕན་ཚུན། གཞུང་དང་ས་གནས་སོ་སོ། གཞུང་དང་བོད་མི་སྒེར་བ་ཕན་ཚུན་བར་སོགས།) ས་གནས་སོ་སོའི་ཡིག་འབྲེལ་རྣམས་ངེས་པར་བོད་ཡིག་ནང་འབྲི་དགོས་པའི་ཁྲིམས་སྲོལ་ནན་པོ་ཞིག་འཛུགས་རྒྱུ་ཧ་ཅང་གལ་ཆེ། འདི་ནི་བོད་ཀྱི་སྐད་ཡིག་བཙན་བྱོལ་སྤྱི་ཚོགས་ནང་ཡུན་གནས་ཐུབ་པའི་ཐབས་ཇུས་ཤིག་ཡིན་པས། མཁས་དབང་བློ་བཟང་སེངྒེ་ལགས་དང་བཀའ་ཤག་གསར་པས་ཅིས་ཀྱང་ཐུགས་ལ་འཇགས་པའི་རེ་བ་ཆེ། དཔེར་ན། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ཀྱི་ས་གནས་རྣམས་སུ་ལས་ཀ་བྱེད་པའི་ལས་བྱེད་ཅིག་ཡིན་ཕྱིན་བོད་སྐད་བཤད་ཅིང་བོད་ཡིག་འབྲི་དགོས་པའི་བཀའ་ནན་ཕེབས་པ་ལ་བརྟེན་ནས། བོད་རིགས་ལྟ་ཅི་ཐ་ན་རྒྱ་རིགས་ལས་བྱེད་རྣམས་ཀྱིས་ཀྱང་བོད་ཡིག་སྦྱོང་བའི་དུས་ཤིག་ཤར་བ་དེས། བོད་ཡིག་སྲུང་སྐྱོབ་ལ་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་རྒྱ་ཆེན་པོ་ཞིག་བྱུང་ཡོད་པ་ལྟར། བཙན་བྱོལ་བོད་མིའི་ལས་བྱེད་ཅིག་ཡིན་ཕྱིན་ངེས་པར་དུ་བོད་ཡིག་རང་རྐྱ་འཕེར་བ་ཞིག་ཡིན་དགོས་པ་ཆ་རྐྱེན་དང་པོར་བརྩི་དགོས། འདིའི་ཐད་བོད་ལ་དགའ་ཞིང་བོད་ཡིག་ལ་དུངས་པ་ཟབ་པའི་ཤེས་ལྡན་རྣམས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་འབད་བརྩོན་ལྷོད་མེད་དུ་གནང་བའི་རེ་བ་སྙིང་ནས་ཞུའོ།།

    Reply
  20. མི་ says:
    ལོ་ 14 སྔོན།

    རྗེས་མ་ནས་ཁོའི་མིང་ལ་བཀའ་ཁྲི་པྰ་པྰ་་་ཅུའུ་ཅུའུ་ཟེར་གི་ཡིན་ད།

    Reply
  21. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ༧གོང་ས་མཆོག་གིས། ༼ ཁྱེད་རང་ཚོ་ཁ་ཤས་ཤིག་གིས་ཕལ་ཆེར་ཤེས་རྒྱུ་རེད། ༢༠༠༡ ལོ་ནས་ང་ཚོའི་ཆབ་སྲིད་ཀྱི་འགན་དེ་འོས་བསྡུ་བྱས་པའི་མི་དེས་ཡོངས་སུ་ཁུར་ནས་ཕྱིན་པ་རེད། ལོ ༡༠ ལྷག་ཅིག་ཕྱིན་པ་རེད། དེའི་རིང་དེར་ངོས་ཀྱི་གནས་སྟངས་ཕྱེད་རྒན་ཡོལ་ཆགས་བསྡད་ཡོད་པ་རེད། ཕྱེད་རྒན་ཡོལ་གྱི་གནས་སྟངས་ཡིན་ཞེས་ངོས་ནམ་རྒྱུན་བཤད་བསྡད་ཡོད། ཁྱེད་རང་ཚོ་ཁ་ཤས་ཀྱིས་གོ་མྱོང་ཡོད་པ་རེད།
    ད་ད་ཆ་རྒན་ཡོལ་ཆ་ཚང་ཙམ་དུ་མ་ཟད་པའི་ལོ་རྒྱུས་ལ་འགྱུར་བ་ཆེན་པོ་ཞིག་བཏང་བ་ཡིན། དེའང་དགའ་བཞིན་སྤྲོ་བཞིན་སྤོབས་པའི་ངང་ནས་བཏང་བ་ཡིན། ད་ང་ཚོའི་ད་ལོའི་འོས་བསྡུ་བྱས་ནས་ཐོབ་པའི་མི་གསར་བ་བློ་བཟང་སེང་གེ་འདིར་སླེབས་བསྡད་ཡོད་པ་རེད། སྐྱེས་ས་རྒྱ་གར་དུ་སྐྱེས། འཚར་ལོངས་ཀྱང་རྒྱ་གར་དུ་བྱུང་། ཐོག་མ་ང་ཚོའི་བོད་གཞུང་གི་སློབ་གྲྭའི་ཁོངས་སུ་སློབ་སྦྱོང་བྱས། དེ་ནས་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་། དེ་ནས་ཧ་ཝ་ཌི་གཙུག་ལག་སློབ་གཉེར་ཁང་བཅས་སུ་སློབ་སྦྱོང་བྱས་ཏེ་དེང་དུས་ཀྱི་སློབ་སྦྱོང་མཐར་ཕྱིན་པ་ཆགས་བསྡད་ཡོད།
    ད་བོད་ཡིག་ཡག་ཉེས་གང་འདྲ་ཡོད་མེད་གཞི་ནས་རྒྱུགས་ལེན་དགོས་པ་རེད། གང་ལྟར་ངོས་རང་ཡིད་ཆེས་གཙང་མ་ཡོད། དངོས་གནས་རང་འགན་ཁུར་ཐུབ་མཁན་ཞིག་ཆགས་བསྡད་ཡོད་པ་རེད། ༽ ཅེས་བཀའ་སྩལ་འདུག
    ཉེ་སྔོན་ཨ་རིར་༧གོང་ས་མཆོག་དང་དྲུང་ཆེ་ཚེ་རྒྱམ། སྐད་བསྒྱུར་མཁས་པ་ཐུབ་བསྟན་སྦྱིན་པ་བཅས་ཀྱིས་རྒྱ་རིགས་གྲོགས་པོ་སྐོར་ཞིག་ལ་མཇལ་འཕྲད་སྐབས། ༧གོང་ས་མཆོག་གིས་འོས་ཐོབ་བཀའ་ཁྲི་སྐུ་ཞབས་བློ་སེང་ངོ་སྤྲོད་གནང་བ་ཞིག་འདིར་དྲངས་ཡོད།

    Reply
  22. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    བོན་རྒྱ་བ་དང་མི་ནག་མདུང་ཐུང་སོགས་ཀྱིས་སྐད་ཆ་བཤད་པ་ཡག་པོ་རེད། ང་ཚོས་གླེང་སྟངས་ཤེས་ན་ཡག་གི ང་ཚོས་བརྒྱད་འདི་གང་ལ་ཡོད་སར་བཙལ་ནས་ཕྱིན་པ་དང་། སྐུ་ཞབས་བློ་སེང་གིས་བརྒྱད་ལ་འགྲེལ་བ་གནང་སྟངས་གཉིས་ཀ་རྦད་དེ་ཁ་ཁ་རེད། སུས་ཀྱང་ཨང་ཀི་བརྒྱད་གང་དུ་ཡོད་མེད་སྐད་ཆ་དྲིས་ཡོད་པ་མ་རེད། མདོ་དོན་ཨང་ཀི་བརྒྱད་ལ་རྩིས་འདང་ཆེ་ལུགས་ཆེ་སྟངས་དེ་རྒྱ་ནག་གི་བཞེད་ཕྱོགས་ཁོ་ནའི་སྟེང་སྐུ་ཞབས་བློ་སེང་འབབ་དགོས་དོན་ཅི་ཞིག་ཡིན་ནམ་ཞེས་པ་འདི་རེད།

    སྐད་ཆ་འདི་ཞེན་ཁོག་དང་། སྲིད་དོན་ཚིག་འགྲོས་ནས་གླེང་དགོས་སྟབས། ཁྱེད་ཚོ་དག་གིས་བརྒྱད་གང་ཐོབ་བཙལ་ནས་སོང་བ་འདི་ལས་ཀ་ལྷག་མ་རེད། འོ་ན། བོད་ཀྱི་མཁས་གྲུབ་ཚོའི་འཁྲུངས་འདས་ལོ་ཚུགས་རབ་གསལ་མེ་ལོང་ལས་ཨང་ཀི་ཚང་མ་ཡར་མར་གང་དུའང་སྦྱར་ཆོག་ཆོག་རེད། གང་དུ་འགྲེལ་འགྲེལ་རེད། དེ་བས་ཁྱེད་ཅག་གིས་གནད་དོན་གླེང་མི་ཤེས་ན་མ་བཤད་ནའང་འགྲིག་གི་རེད། མདོ་དོན་ཆབ་སྲིད་ཟེར་བ་འདི་མི་ཚང་མས་བཤད་ན་ཤོད་འགྲོ་བ་ཞིག་ཡིན་རྒྱུ་མ་རེད་སྙམ།

    Reply
  23. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གཞན་ཞིག་ལ་དྲ་གྲོགས་མང་དག་ཅིག་གིས། ཨང་ཀི་བརྒྱད་དང་དགུ་ཡར་སྦྱོར་མར་སྦྱོར་གྱིས་དཀའ་ལས་ཞེ་དྲག་མྱང་ཚོད་མོད། དེ་ནི་དེ་བས་ཀྱང་ཞིབ་འཇུག་བྱེད་དགོས་ས་དང་གླེང་སློང་བྱེད་དགོས་པ་ཞིག་མ་རེད། གཙོ་དོན་སྐུ་ཞབས་བློ་སེང་གིས་ཆབ་སྲིད་སྐད་ཆའི་ཁྱབ་ཁོངས་ནས་བཤད་ན་ཀུན་པོ་དཀྲོག་སྤྱད་ལྟ་བུའི་ཆབ་སྲིད་ཀྱི་བཀའ་མོལ་དང་དེས་དྲངས་པའི་ཉི་མ་གཏན་འབེབས་བྱས་པ་དེ། ང་ཚོས་ཀྱང་ཆབ་སྲིད་སྐད་ཆའི་ཁྱབ་ཁོངས་ནས་གླེང་རྒྱུ་མ་གཏོགས།

    ཚིག་མཛོད་ཆེན་པོ་དག་དུ་ཨང་ཀི་བརྒྱད་བཙལ་ནས་ཅིག་འདུག མིག་འདུག་ལབ་དུས་མཁས་རྣམས་གད་མོ་ཤོར་བའི་རྒྱུ་ལས་འདའ་མི་སྲིད་པའི་རྣམ་པ་ཚོས་རིག་པ་དྭངས་མོ་དང་གནད་དོན་གླེང་ཤེས་བྱེད་རོགས།

    Reply
  24. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    སྐུ་ཞབས་ཆབ་བྲག་པའི་གནད་དོན་གླེང་ཕྱོགས་ཡག་གི ཡིན་ནའང་དམིགས་འཛུགས་བྱེད་སྟངས་དེ་བསམ་ཚུལ་ཅང་མེད། སོ་སོ་སྒེར་གྱི་འདོད་པ་རེད། གང་ལྟར་འདིའི་ཐད་བགྲོ་གླེང་གནང་རྒྱུ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད།

    Reply
  25. ལུང་རྟོགས། says:
    ལོ་ 14 སྔོན།

    ང་ཚོའི་ནང་ལ་རང་མགོ་རྡུང་མཁན་མང་ནི་རེད། གཞན་རྐུབ་ལྡག་མཁན་མང་ནི་རེད། ཕྱི་དགྲ་ལ་ཨབ་བྲྭའི་སོ་ཙམ་ངོམ་རྒྱུ་མེད་མཁན་མང་ནི་རེད། ནང་ཕུ་ནུ་ལ་གླ་ཕོའི་མཆེ་བ་འདྲ་ངོམ་རྒྱུ་ཡོད་མཁན་མང་ནི་རེད། ད་རུང་མང་ནི་རེད་ཡ་་་་་་་་་་་་་་་་་་་་་་་ངོ་མ་མང་ནི་རེད། ཨ་ཁཁཁཁཁཁ

    Reply
  26. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    སྤྲང་པོ་ཁྱོད་ཚོ་ཚིག་ལ་མི་ལྟ་བར་དོན་ལ་ལྟ་ན་ཡག་པོ་ཡོད་རེད

    གང་ལྟར་བཀའ་ཁྲིར་རྟེན་འབྲེལ་ཡག་པོ་ཞུ་ཐུབ་པ་བྱེད་དགོས་ཀྱི་རེད
    དུས་མཚམས་འདི་ནི་གནད་འགག་དང་དཀའ་འཚེགས་ཆེ་བའི་ལམ་བུ་ཞིག་རེད
    བོད་མི་རིགས་ལ་ཤ་ཚ་དང་ལྷག་བསམ་ཡོད་ན་བཀའ་ཁྲིར་འཆར་གྲུ་མཉམ་འདེགས་བྱེད་དང།
    ཁ་བདེ་པོ་རྐྱང་པས་ཅི་ཕན།
    ཁྱི་རྒན་ཁྱོད་ཚོ་ག་དུས་ཡིན་ནའང་གཞུང་དང་གཞུང་འཛིན་མི་སྣར་སྨད་ར་གཏོང་རྒྱུ་མ་ཏོག་གཞན་ཅི་ཞིག་འཇོན་གྱིན་ཡོད་དམ་
    འཇོན་པོ་ཡོད་ན་ཁྱོད་ཚོས་བོད་མི་རིགས་འདིའི་སྣེ་འཁྲིད་དང་
    འཇོན་ཐང་ཅི་ཞིག་ཡོད་སྟོན་དང་
    ཁྱི་རྒན།

    Reply
  27. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྤྱིར་བོད་པ་དད་མོས་ཅན་ཞིག་ཡིན་ན་མོ་རྩིས་ཀྱིས་བརྟགས་ཏེ་དུས་ཚེས་གདམ་ག་བྱེད་པ་རེེད། གལ་ཏེ་དད་མོས་མེད་པ་ཞིག་ལ་མཚོན་ན་རྒྱུ་མཚན་གཞན་ཞིག་གིས་དུས་ཚེས་གདམ་ཆོག ཡང་ན་དུས་ཚེས་གང་རུང་གིས་འགྲིག་གི་རེད། དེ་དག་ནི་རྣམ་རྟོག་གམ་རྟེན་འབྲེལ་གང་ཞིག་ལ་གཏོགས་ན་མ་གཏོགས་ན་ཁྱད་པར་མི་འདུག རྟེན་འབྲེལ་གལ་ཆེ་ཤོས་ནི་སྲིད་སྐྱོང་ཁྲི་པའི་ཕྱག་རོགས་སྲིད་སྐྱོང་རྣམ་པ་ཉམས་མྱོང་དང་ཤེས་འཇོན་སོགས་དམངས་དོན་གཉེར་མཁན་ཡག་ཤོས་ཤ་སྟག་འཛོམས་ཐུབ་མིན་དེ་ཡིན། དེ་བས་བདག་གིས་སྔ་ས་ནས་བཀའ་བློན་ལས་ཐོག་པ་ཚེ་རིང་དོན་གྲུབ་ལགས་མུ་མཐུད་ལས་གནས་རང་འཇགས་དང་ཤེས་རིག་ལས་ཁུངས་ཀྱི་བཀྲ་ཤིས་དོན་གྲུབ་དང་ཆུང་ཚེ་རིང་རྣམ་གཉིས་ལྟ་བུ་ཤེས་རིག་བཀའ་བློན་ལ་བཞག་ན་དགེ་མཚན་ཆེ་ཚུལ་བཤད་མྱོང་ཡང་སྲིད་སྐྱོང་ཁྲི་པ་མཆོག་གིས་ཐུགས་བསམ་བཞེས་གནང་ཡོད་མེད་ཆ་མ་འཚལ་ལོ།

    Reply
  28. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    ཡ་ཡ་སྤུན་གྲོགས་ཚོ་
    ད་ཐུགས་རྗེ་གཟིགས་རྗེས་ལུས་དང་ཀླ་ཀློའི་སྐད་ཆ་རིགས་གཏན་ནས་བཤད་མ་ཡོངས་ན་བཟང་།
    པཱ་པཱ་དང་ཅོའུ་ཅོའུ་དོན་ཆུང་འདི་འདྲ་རིགས་ལ་ཧ་ལས་ཧོད་ཐོ་རྩོད་པ་རྒྱབ་་དགོས་གང་ཡང་མེད་་ཨ་ཁ་ཁ་རྗེས་ལུས་རང་རེད་རྨོག་དད་རང་རེད་

    Reply
  29. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    སྐུ་ཞབས་བློ་སེང་གིས་རང་ཉིད་ཁྱིམ་ཚང་དབུལ་བོ་ནས་སྐྱེས་པ་དང་། མང་གཙོ་དང་འདྲ་མཉམ་ལ་ཆུང་ཆུང་དུས་ནས་གོམས་འདྲིས་ཡོད་པར་སྒྲོག་པ་ནི་སྲིད་སྐྱོང་འདིའི་ཁྱད་ཆོས་དམིགས་བསལ་བ་ཞིག་ཡིན། དོན་དག་འདི་ད་བར་སུས་ཀྱང་ངོས་ལེན་མེད་ཚུལ་བཤད་མེད། འོན་ཀྱང་ངོས་ལེན་ཡོད་དགོས་ན་མ་འོངས་ཁོང་གི་ཕྱག་ལས་གནང་ཕྱོགས་ཀྱིས་མཚོན་ཐུབ་པ་ཞིག་ཡིན།

    མི་རྣམས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་སྒྲོམ་གཞི་ནི་ཁྲིམས་ཀྱིས་དབང་བསྒྱུར་བའི་སྒྲིག་འཛུགས་ཤིག་དང་། དེ་ལ་བློ་སེམས་གཏོད་པའི་མི་མང་ཞིག དེ་གཉིས་ལས་ཆབ་དཔལ་རིག་གསུམ་གང་གི་ཆ་ནས་ཀྱང་ཟུར་འདུག་བྱེད་པའི་ཁྱིམ་བརྒྱུད་དང་རིགས་བརྒྱུད་ཆེན་མོ་རྣམས་བཅས་ཕྱོགས་གསུམ་དང་། ཟུར་གསུམ་མ་ཞིག་གིས་གྲུབ་ཡོད་ཙང་། སྐུ་ཞབས་བློ་སེང་གི་མང་གཙོ་དང་འདྲ་མཉམ་གྱི་དོན་དངོས་ཀྱང་ཕྱོགས་ངོས་གསུམ་པོ་དེའི་བར་ནས་འཁོར་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད་པས། ཕྱོགས་གསུམ་པ་བ་དེར་རང་བཞིན་དང་གདོད་མ་ནས་ཡོད་པའི་ཤེད་ཤུགས་དག་ཁྲིམས་ཁར་འདེད་ཐུབ་པ་ཡིན་ན། ད་གཟོད་སྐུ་ཞབས་བློ་སེང་གིས་སྲིད་སྐྱོང་གནང་བ་ལོ་རྒྱུས་ནང་འཁོད་རྒྱུར་འགོ་ཚུགས་པ་རེད། ཡིན་ནའང་། འདི་ནི་ད་དུང་ལྟ་ས་ཉག་ཅིག་ཡིན།

    དཔེར་ན། ཕྱག་ལས་དང་པོ། བཀའ་བློན་འདེམས་ཕྱོགས་སྐོར་རེད། འདིའི་ཐད་སྐད་ཆ་རིང་ཐུང་སྣ་ཚོགས་ཡོང་གི་ཡོད་ཀྱང་། གཙོ་ཆེ་ཤོས་གངས་ཅན་པའི་སྒྲོམ་གཞིར་འགྱུར་བ་མེད་པའི་ཐོག གོང་གི་ཟུར་དང་པོ་དང་གཉིས་བ་གཉིས་ཀའི་ཁྱབ་ཁོངས་ལས་བརྒལ་ཏེ། ཕྱོགས་གསུམ་པར་འཕོས་པ་ཡིན་ན། གལ་སྲིད་འཕོས་པ་མིན་ན། འདི་ནི་ཁོང་ལ་ད་ལྟ་བབས་པའི་གནོན་ཤུགས་ཆེས་ཆེ་བ་ཞིག་ཡིན་པས། ཟུར་ངོས་གསུམ་པ་དེར་ཁོ་རང་རང་བཞིན་གྱིས་དགའ་མོས་མེད་ཀྱང་། དངོས་ཡོད་གནས་ཚུལ་མང་དག་ཅིག་གིས་ཟུར་གསུམ་པ་དེར་བསམ་བློ་གཏོང་དགོས་པ་ཆགས་ཡོད་ལ། ད་དུང་དེའི་ཁྲོད་དུ་ཁོང་ལ་འཇིགས་སྐུལ་འཐེན་མཁན་ཡང་བྱུང་ཡོད་པར་ཚོད་དཔག་བྱས་ཆོག དེ་བས་བཀའ་བློན་ལས་རོགས་ཀྱི་སྤུས་ཚད་ནི་ཁོང་གི་ལོ་ལྔའི་གྲུབ་འབྲས་མཐོང་སྤྱད་ཅིག་ཀྱང་རེད་འདུག་པས། དེ་དག་ནི་སྐབས་བབ་ལྟ་དགོས་ས་ཉག་ཅིག་རང་རེད།

    ཡིན་ནའང་། སྐུ་ཞབས་བློ་སེང་གི་ད་བར་སྦྱངས་བའི་ཁྲིམས་དང་ཞིབ་འཇུག་བྱས་པའི་བཙན་བྱོལ་བོད་མིའི་མང་གཙོའི་གྲུབ་དོན་རྣམས་མི་རྣམས་ལ་དེ་བས་ཀྱང་གསལ་བོ་ཆགས་མེད། ཁོང་གི་ཤེས་བྱ་འདི་གཉིས་ཀྱི་ཕྱག་ལས་དང་པོ་ཚུགས་དུས་ནས་མ་རྐང་ཟིན་ཐུབ་མིན་ངས་ཞིབ་ལྟ་བྱེད་ཀྱི་ཡོད་ལ། མདོར་ན། ངའི་བློ་མིག་དོགས་པོ་འདི་སྐུ་ཞབས་བློ་སེང་གི་སྲིད་སྐྱོང་དུས་ཡུན་ནང་ཡལ་ཐབས་མེད་པ་ཞིག་ཀྱང་ཡིན།

    Reply
  30. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ་ལགས།
    ངས་གསལ་བོར་བཤད་པ་ལྟར། ཨང་ཀི་ ༨ དང་ ༩ དོན་དག་རྩོད་པ་ནི་ཀླད་མེད་རང་ཡིན་པའང་། དང་པོ་ནས་ཨང་ཀི་འདི་གཉིས་ཀྱི་དོན་དག་རྒྱ་མིའི་ལུགས་སྲོལ་དང་བསམ་ཕྱོགས་ལས་མ་བརྒལ་བས་ཡིན་པས། དེར་ནང་དོན་འདི་དང་འདི་འདུག་ཅེས་སྐད་རྒྱགས་པ་ནི་སྙིང་རྗེ་བོའི་བྱེད་སྟངས་ཤིག་ཡིན་པས། དེ་ལ་གང་ཡང་སྨྲ་འདོད་མེད།

    གཙོ་བོ་ལམ་དང་ལུགས་སྲོལ་འདིའི་ཁུངས་གཏུག་ས་ནོར་སོང་བ་དེ་ནོར་བའི་ངོ་བོར་འདུག་རྒྱུ་མ་གཏོགས་མེད་པ་གསལ་བོ་རེད། དེ་ཁ་གསལ་བོ་དང་སྐད་མཐོན་པོ་ཡིན། ལོ་རྒྱུས་ནང་བྲིས་ཟིན་པ་རེད། གཏམ་རྒྱུད་ཆགས་ཚར་བ་རེད། དེ་ལས་ང་ཚོས་མ་འོངས་པའི་ཁོང་གི་ལས་རིམ་སྐོར་གླེང་ན་དགའ་བར་འདོད།

    Reply
  31. རིག་འཛིན། says:
    ལོ་ 14 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་དུས་ཚེས་བཟང་པོ་ཞིག་ཏུ་དམ་འབུལ་ཞུ་བར་ཡིད་རངས་ཡོད།

    Reply
  32. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཨ་རོགས་ཚོ། ང་ཚོ་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཡིན་པས་རང་གི་རྒྱལ་ཁབ་ལ་དགའ་ཞེན་བྱེད་ལོས་རིགས། སྐབས་འགར་རྒྱ་རིགས་སྤུན་ཟླའི་སྲོལ་ལྟར་བྱེད་ནའང་མི་འགྲིགས་པ་མེད། རྒྱ་རིགས་མི་མང་ཀྱང་ང་ཚོའི་སྤུན་ཟླ་ལས་དགྲ་བོ་མ་རེད། ང་ཚོའི་ཁ་གཏད་ནི་ཀླད་རྙིང་མཁྲེགས་བཟུང་གི་གུང་ཁྲན་ཏང་འགོ་ཁྲིད་ཉུང་ཤས་ཤིག་ཡོད་པ་དེ་ཚོ་རེད། ཤེས་པར་གྱིས་ཤིག འདི་ལ་གནད་གཀ་ཡོད་དོ། །ང་རྒྱ་ནག་མི་མང་ལ་དགའ་ཞེན་ཡོད། ཀྲུང་གོའི་རྒྱལ་ཁབ་ལ་དགའ་པོ་ཡོད། ཡིན་ནའང་ང་རང་ནི་ལོ་རྒྱུས་ཀྱི་གནས་ཚུལ་ནི་ལོ་རྒྱུས་ཁོ་ནའི་ནང་ནས་ཤེས་དགོས་པ་ལས་ད་ལྟའི་མི་སུ་ཞིག་གིས་ཀྱང་དབང་ཤེད་བྱ་ག་ལ་རིགས། བོད་རྒྱ་གཉིས་མགྱོགས་པོར་འཆམ་མཐུན་ཡོང་བར་ཤོག །

    Reply
  33. ཁ་བའི་བུ། says:
    ལོ་ 14 སྔོན།

    སྤྱིར་ཨང་ཀི་8’ པ་ནི་བལྟས་ངན་མ་ཡིན་ཡང་། གངས་ཅན་པའི་བོད་རིགས་གཅིག་གིས་སོ་སོའི་དགྲ་བོའི་ལམ་ལུགས་ལ་དགའ་ཞིང་ལག་བསྟར་བྱེད་པ་ནི་ཧ་ཅང་མི་འོས་པར་མཐོང་ཞིང་། གོང་འཁོད་ཨང་ཀི་8’ པ་ནི་ལྟང་ངན་མ་ཡིན་པར་བསྒྲུབས་པའི་རྟགས་བརྒྱད་སོགས་བརྒྱད་ཚོའི་མིང་འདོན་བྱས་པ་ནི་འདྲེ་མགོ་རྡོ་ཡིས་བྲིས་པའི་སྐད་ཆར་འབྲེལ་བ་མེད་པ་མིན་འདུག

    Reply
  34. རྭ་ལོ། says:
    ལོ་ 14 སྔོན།

    འདི་འདྲ་ཞིག་དྲན་སོང་།

    ༡། བློ་སེང་བཀའ་ཁྲིར་འོས་ཚུལ་མང་ཚོགས་སྟོང་ཕྲག་གི་ནང་ཁྱབ་བསྒྲགས་བྱེད་མཁན་ཐོག་མ་དེ་བློ་དབང་རེད། བློ་བཟང་དབང་རྒྱལ།

    ༢། བློ་དབང་གིས་དེའི་རྗེས་ནས་༼ཉི་མ་༽ ཞེས་པའི་དྲ་ཚིགས་དེ་སྒོ་ཕྱེ་སོང་། དེ་དུས་ནི་ཕྱི་ཟླ་ ༨ པའི་ཚེས་ ༨ ཀྱི་ཞོགས་པ་ཚུ་ཚོད་ ༨ དང་སྐར་མ་ ༨ དང་སྐར་ཆ་ ༨ རེད། ག་རེ་བྱས་ནས།

    ༣། བློ་སེང་གི་དམ་འབུལ་ཡང་གྲངས་ཀ་ ༨ ཞིག་ལ་འཁེལ་འདུག ག་རེ་བྱས་ནས།

    ༤། འདི་དག་རྣམ་རྟོག་གི་སྐད་ཆ་མ་རེད། རིག་གཞུང་གི་སྐད་ཆ་རེད། ངོ་རྟགས་གི་སྐད་ཆ་རེད། ཐུན་མོང་མ་ཡིན་པ་ཞིག་མཚོན་དགོས་པ་རེད། བོད་ལ་ཡང་བཀྲ་ཤིས་པ་མཚོན་བྱེད་ཀྱི་གྲངས་ཀ་ཡོད་པ་རེད། ཡིན་ན་ཡང་། ཨང་གི་བརྒྱད་པ་ནི་འཛམ་བུའི་གླིང་གི་ཡུལ་གང་ལ་ཕྱིན་ཡང་རྒྱ་ནག་གི་ཨང་ཀི་རེད།

    ༥། ཕོ་གསར་འདི་གཉིས་ཀ་ལས་སླ་བོ་མ་རེད། སོ་སོ་ལ་དཔག་པའི་སློབ་སྦྱོང་ལས་ཀྱང་སྤོབས་པ་རེ་འདུག ཡིན་ན་ཡང་། ཁོ་རང་གཉིས་ཀྱུ་ཐག་གཅོད་དེ་ཚོ་ཤེས་རྒྱུ་གལ་ཆེན་པོ་རེད།

    Reply
  35. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    གཟུ་གནས་བློ་ལྡན་བཤད་པ་ལྟར་རེད་། གདམས་ཁ་བཤད་ཡག་རྗེས་ལུས་ཚར་རེད་
    ཤེས་ཡོན་ཆེ་ཆུང་སྐད་ཆ་ཚར་རེད་
    དམ་འབུལ་ག་དུས་ཡིན་ན་ཡིན་ ངན་པ་དགུ་འཛོམས་ལ་ཡིན་ཡང་སྡུག་རྒྱུ་མེད་
    བཟང་པོ་བཅུ་འཛོམས་ལ་ཡིན་ན་དགའ་རྒྱུ་མེད་
    འཛམ་གླིང་ཁ་རྒྱུར་བྱེད་མཁན་ཚོས་གཟའ་དང་སྐར་མ་དུས་ནམ་ཡང་ལྟ་གི་མ་རེད་
    ང་ཚོ་མི་ཁྲི་ཁ་ཤས་ལས་ལྟ་རྒྱུ་མེད་ཀྱང་གཟའ་སྐར་ལྟ་ཡག་དེ་ནི་ལྐུག་རྟགས་རང་རེད་། སྔོན་མ་འདི་འདྲ་བོ་བྱས་ནས་སྡད་དུས་ ས་ཤུར་ ཡུལ་ཤུར་ མི་ཤུར་ རྒྱུ་ཤུར་རེད་ ཕན་ཐོག་ག་རེ་གའདུག་ཅིག་ལྟོས་དང་།

    བོད་མི་མང་ལ་ཕན་ན་དེ་ག་རང་གི་ཡག་བ་ཡིན་། རྒྱ་མི་ཞིག་ཡིན་ན་ཁྱད་པར་མེད་

    Reply
  36. ཁྱུང་དཀར says:
    ལོ་ 14 སྔོན།

    མཆན་བུ་ཚོའི་བཤད་ཀྱི་མེད་ནོ་དང་རྩོད་ཀྱི་མེད་ནོ་རྩོད་ཀོ་ཀི དེང་རབས་གསར་བའི་འགྲོ་ལུགས་དང་བསྟུན་ན་ལས་དོན་བསྒྲུབ་པར་དུས་ཚེས་ལ་ཁྱད་པར་གང་ཡང་མེད་ནའང་། སྲིད་སྐྱོང་བས་སྐབས་འདིར་རྒྱ་སྐད་ཆལ་མ་ཆོལ་ཅིག་བརྒྱབས་ནས་འགྲེལ་སྟངས་དེ་ཡང་ཨ་ཞང་ཚང་ལ་ལད་བཟླས་བྱས་པ་ཡག་པོ་རེ་མཐོང་མ་སོང་ལ། ད་ནི་སྲིད་སྐྱོང་བ་ཡིན་ན་འདྲ་ལ་མཆན་བུ་ཚོ་ཡིན་ནའང་འདྲ་གང་ལྟར་རྟགས་རྟེན་འབྲེལ་བཀོལ་ནས་ལས་དོན་བསྒྲུབ་པའི་དུས་ཚོད་ཅིག་ཡེ་ནས་མ་རེད།

    Reply
  37. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 14 སྔོན།

    བཀའ་ཁྲིའི་དམ་འབུལ་སྤྱི་ཟླ་བརྒྱད་པའི་ཚེས་བརྒྱད་ལ་གནང་བ་དེ་བོད་པའི་རིག་གཞུང་གི་ཞག་རྩི་མེད་པའི་རྟགས་སུ་སྨྲ་བ་དག་ཉོན་ཅིག ཁྱོད་ཚོ་བོད་པའི་རིག་གཞུང་ལ་དུང་བ་ཡོད་པ་ནི་དགའ་འོས་མོད་དེ། སྐབས་འདིར་བོད་ལུགས་ཀྱི་དབང་དུ་བྱས་ན་༨༨།༩༩༩།མིན་པར་བོད་ཟླ་དྲུག་པའི་ཚེས་བཅུའི་ཉི་ཤར་ལ་ཁེལ་ཡོད། དུས་དེ་ནི་སྐྱེ་འགྲོ་སྤྱི་དང་ལྷག་པར་གངས་ཅན་པར་བཀའ་དྲིན་ཆེ་བའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་མཆོག་ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོའི་ནང་དུ་ཕའི་རྒྱུ་དང་མའི་རྐྱེན་ལ་མ་ལྟོས་པར་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་མེ་ཏོག་པདྨའི་སྙིང་པོར་རྫུས་ཏེ་སྐྱེས་པའི་འཁྲུངས་སྐར་དང་མཉམ་དུ་ཁེལ་ཡོད་སྟབས་ཧ་ཅང་གི་རྟགས་དང་རྟེན་འབྲེལ་མ་བསྒྲིག་རང་འགྲིགས་ཡིན་པས་ཐུགས་ལྷོད་ལྷོད་གནང་རོགས་ཞུ།

    Reply
  38. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    མཁྱེན་ལྡན་དྲ་གྲོགས་དག་ལ་ཞུ་རྒྱུར།
    ལྷག་བསམ་དང་དྲང་བདེན། རིགས་ཞེན་དང་ལ་རྒྱ་རེ་ཡོད་ན།
    ཤེས་ཡོན་དང་བསམ་ཤེས། མཐོང་རྒྱ་དང་ཐོས་རྒྱ་རེ་ཡོད་ན།
    རང་ཕྱོགས་ལ་བསམ་ན་དུས་མཚམས་འདི་ནི་དགའ་འོས་པ་ཞིགསོང་།
    བཀྲ་་ཤིས་པའི་ངང་ནས་བསུ་མ་བྱ་དགོས་པ་ལས་དགྲ་ཕྱོགས་ཀྱི་འདོད་མོས་ལྟར་རང་ཉིད་ཀྱི་མི་རིགས་དང་རང་ཉིད་ཀྱི་དབུ་ཁྲིད་དང་རང་ཉིད་ཀྱི་སྒྲིག་འཛུགས་སོགས་ལ་དོན་མེད་ཁང་ར་བྱས་ནས་དགྲ་ཕྱོགས་ཀྱི་དཔོན་རིགས་དགའ་བའི་ལས་ཀ་བྱེད་རྒྱུ་
    གཏན་ནས་མེད།
    མི་ཞིག་ཡིན་ན་ཕྱི་ནང་ཤེས་དགོས་པ་དང་ཕན་གནོད་གང་ཡོད་ཤེས་དགོས་པ་ནི་མི་ལ་ཚང་དགོས་པའི་མི་ཡི་མཚན་ཉིད་དང་པོ་དེ་རེད།་རང་གི་མི་རིགས་དང་རང་གི་རྒྱལ་ཁབ་དང་། རང་གི་རིག་གཞུང་དང་ལེགས་བྱང་སོགས་ཀྱི་གནས་བབ་པ་ལ་བསམ་བློ་ཞིབ་མོ་ཞིག་གཏོང་ན་དུས་མཚམས་འདི་ལ་ཕན་ཚུན་ཁ་ར་བྱས་ནས་ཕན་ཐོགས་ཡོད་མེད་ཤེས་དགོས་པ་ཡིན།
    ད་དུང་ཁ་གཏོང་རྒྱུ་དང་ལུང་ཞེན་རང་བྱས་ན་ཕན་ཐོགས་ཡོད་
    དམ།

    Reply
  39. ནད་པ says:
    ལོ་ 14 སྔོན།

    སངས་རྒྱས་པའི་རྣལ་འབྱོར་གྱི་ཞིག་གིས་ངོས་ནས་བཤད་ན་རྣམ་དོགས་ཟེར་བ་དེར་རྒྱུ་མཚན་གང་ཡང་མེད་པར་འདོད་པ་ཡིན། དེ་ཡང་ལས་འབྲས་དང་རྟོགས་པ་ཚད་མཐོན་པོར་སླེབས་པའི་གང་ཟག་ཞིག་གིས་ངོ་བོར་ཁོ་ནར་གནས།

    ཡིན་ནའང་རྒྱུ་མ་རིག་པ་ཟེར་དེ་ཡོད་པའི་དབང་དུ་བཏང་ན་ཀུན་རྫོབ་འཇིག་རྟེན་པའི་ནང་གི་དངོས་པོའི་ཆོས་ཉིད་ལའང་རྟགས་དང་རྟེན་འབྲེལ་ཟེར་བ་དེ་བརྩི་སྲོལ་ཡོད།

    བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོའི་ནང་དུ་སྤྱི་ཟླ་ ༨ ཚེས་ ༨ ཉིན་ཉིན་འབྱུང་འཕྲོད་འཕྲོད་སྦྱོར་ཐོག་ནས་བལྟས་ནས་འབྱུང་འཕྲོད་སྡུག་ཤོས་དེ་འཕྲད་ཅིང་དེ་ཡང་ཚེས་ ༨ འབྱུང་འཕྲོད་མེ་ཆུ་འཕྲད་འདུག དེ་ཡང་རྩིས་གཞུང་ལས། མེ་ཆུ་འཕྲད་པ་འཆི་བའི་སྦྱོར། །འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད། །ཅེས་འཕྲོད་ཧ་ཅང་གི་ངན་པ་ཞིག་འཁེལ་འདུག

    དེས་མ་ཚད་སྤྱི་ ༨ ཚེས་ ༨ ཉིན་ལག་པ་སྟོང་པའི་རྟེན་འབྲེལ་ངན་པ་དབུལ་ལག་ཟེར་བ་དེ་འཁེལ་འདུག ལག་སྟོང་པའི་དབུལ་འཁེལ་བའི་ཉིན་བྱ་བ་གང་ཞིག་འགོ་འཛུགས་བྱས་ཀྱང་ཕྱི་འབྱུང་བྱ་བ་དེར་གྲུབ་འབྲས་ཅི་ཡང་མི་ཐོན་པར་དབུལ་ལག་ངན་པའི་ཉིན་ཞིག་འཁེལ་འདུག

    ད་དུང་ སྤྱིའི་གནམ་སྒོ་ཟེར་བ་དེ་འཁེལ་འདུག ཇིན་དེར་ལས་དང་བྱ་བ་གལ་ཆེའི་འགོ་འཛུགས་བྱེད་མི་རུང་བ་ཞིག་རེད།

    རྒྱ་ནག་གིས་གྲངས་ ༨ དགུ་ཡག་པོར་རྩི་བཞིན་ཡོད་ཀྱང་བོད་པའི་སྲོལ་རྒྱུན་ལྟར་ན་གྲངས་དགུ་དེ་ཧ་ཅང་གི་ངན་པར་རྩི་སྲོལ་ཡོད། དཔེར་ན། བཟང་པོ་བཅུ་འཛོམས་དང་ངན་པ་དགུ་འཛོམས་ཞེས་གྲངས་དགུ་འཁེལ་བའི་རིགས་ངན་པར་བརྩི་བ་རེད། དཔེར་ན་ཚེས་གྲངས་བཟང་ངན་སྐབས། ཚེས་དྲུག་བཞི་དགུ་ཉིན་ཟླ་གཟའ་འཛིན་དང་། །གཟའ་སྐར་ངན་ངན་དང་མཚན་མོ་ལམ་བཞུགས་ངན། །ཞེས་ཚེས་དགུ་འཁེལ་བའི་ཉིན་དེ་བོད་སྲོལ་རྒྱུན་གསོ་རིག་གཞུང་ལས་ངན་པར་བཤད་འདུག

    བོད་པའི་ལོ་རྒྱུས་ཐོག་ནས་བརྩིས་ན་༡༩༥༩ ཞེས་གྲངས་དགུ་འཁེལ་བའི་ལོ་དེར་བོད་ས་ཡོངས་རྫོགས་རྒྱ་དམར་གྱི་བཙན་འཛུལ་བྱས་ཏེ་༸ གོང་ས་མཆོག་གིས་གཙོས་པའི་བོད་མི་རྣམས་༥༩ ལོ་དེ་ནས་བཟུང་ད་བར་སྐྱབས་བཅོལ་བ་ཞིག་ཆགས་འགོ་ཚུགས་པ་རེད།

    རྒྱ་ནག་གི་མེས་པོ་མའོ་ཙེ་ཏུང་ལ་ཆ་མཚོན་ན་ཡང་༡༩༡༩ ལོར་འབྲིང་རིམ་སློབ་གྲྭ་ནས་ཐོན་རྗེས་ཐོག་མར་གསར་ཤོག་གི་རྩོམ་སྒྲིག་ལས་ཀ་ཞིག་བརྩམས་ཀྱང་ཁུངས་མ་འཁྱོལ་བར་ལས་ཀ་དེ་གཡུགས་ནས་རྒྱ་ནག་ཧྲང་ཧེ་དུ་མེ་འཁོར་ནང་དུ་བསྐྱོད་པའི་ལོ་རྒྱུས་ཡོད།

    ད་དུང་ནང་ཆོས་ནང་དེ་བཞིན་གཤེགས་པའི་གདུགས་དཀར་ལས། རྟགས་དང་རྟེན་འབྲེལ་ངན་པ་ཟློག །བལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །དུས་མིན་འཆི་བ་རྣམ་བརྒྱད་ཟློག །བགེས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཅེས་གྲངས་ ༨༡ གྲངས་ ༨ སོགས་ངན་པར་བརྩིས་ནས་ངན་ཟློག་གནང་བ་རེད་འདུག

    སྤྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་མི་གསོད་ཁྲག་སྦྱོར་གྱི་ལས་ངན་ཚབས་ཆེན་ཞིག་བྱུང་བ་རེད། ད་དུང་ ༡༩༨༩ གྲངས་ ༨ དང་ དགུ་འཁེལ་བའི་ལོ་དེར་རྒྱ་ནག་ནང་དུ་ཁྲག་དྲི་བྲོ་བའི་དྲག་མནན་བརྩམས་པ་རེད།

    ད་དུང་བོད་མིས་ཚོས་ཕྲུ་གུ་སྐྱེས་མ་ཐག་ཏུ་ཕ་མ་གཉིས་ཀྱི་བཙས་མ་ཐག་ཏུ་ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་། །གྲང་དགུ་དེ་རིགས་ངན་ལ་ངན་པ་དགུ་འཛོམས་པའི་དབང་གིས་མི་ཚེའི་ནང་ངན་དགུ་ཐུབ་པའི་སྨོན་ལམ་བཏོན་སྲོལ་ཡོད།

    དེར་བརྟེན་བཀའ་ཁྲིའི་ཁྲི་འདོན་གྱི་ལས་དོན་དེ་བོད་པའི་ངོས་ནས་བརྗོད་ན་བྱ་བ་གལ་ཆེན་ཞིག་ཆགས་ཡོད་ཀྱང་བོད་གཞུང་གིས་ངོས་ནས་སྤྱི་ ༨ ཚེས་ ༨ ཉིན་འབྱུང་འཕྲོད་སྡུག་ཤོས་དེ་དང་དབུལ་གལ་ངན་པའི་ཉིན་དེར་རང་དུ་ཁྲི་འདོན་བྱེད་དགོས་པའི་རྒྱུ་མཚན་དེ་ཆེད་དུ་བཟོས་པ་ཞིག་ཡིན་ནམ་ཡང་ན་སྣང་མེད་དུ་སྐྱུར་བ་ཞིག་ཡིན་མིན་ངས་མི་ཤེས་ཀྱང་རྟགས་དང་རྟེན་འབྲེལ་ངན་པ་ཟེར་འདྲ་འགྲིག་ན་ཏན་ཏན་དེར་བཀྲ་མི་ཤིས་པའི་གནས་ཚུལ་ཞིག་ཕྱིས་སུ་འབྱུང་བ་རེད།

    དཔེར་ན་རྗེ་ཙོང་པས་ཀྱང་། རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ཞེས་རྟེན་འབྲེལ་ལེགས་པར་འགྲིག་དགོས་རྒྱུ་དེ་གལ་ཆེན་ཞིག་ཡིན་པ་བསྟན་ཡོད། དེ་བཞིན་ཕར་པ་ལོ་ཙྰ་བ་དང་རྗེ་བཙུན་མི་ལ་ལོ་རྒྱུས་ནས་ཀྱང་ཟངས་ལུང་བཞི་པའི་སྟོང་པ་ཞིག་ཕུལ་བའི་རྟགས་དང་རྟེན་འབྲེལ་ལས་བཀའ་བརྒྱུད་པའི་བསྟན་པ་གསལ་བར་བྱེད་པའི་སྣོད་ལྡན་བུ་སློབ་རྩ་ཆེན་བཞི་འབྱུང་བའི་ལུང་བསྟན་པ་དང་། ཟངས྄སྟོང་པར་ཕུལ་བའི་རྟེན་འབྲེལ་གྱིས་མི་ལ་རས་པའི་སྐུ་ཚེ་ཧྲིལ་པོར་བཀྲས་ལྟོགས་དང་འཚོ་སྐྱོ་པོ་འབྱུང་བའི་ལུང་བསྟན་བྱུང་བ་ཡོད།

    ད་དུང་བུད་མེད་ཀྱི་དམེ་བ་དགུ་མིག་དང་། སྐྱེས་པ་དགུ་མིག ངན་དགུ་སོགས་སྣ་ཚོགས་ཤིག་བརྩི་སྲོལ་ཡོད། ངས་བསམས་ན་སྤྱི་ ༨ ཚེས་ ༨ དེ་ གང་ནས་བརྩིས་ཀྱང་གཟའ་སྐར་དང་། འཕྲོད་སྦྱོར། འབྱུང་འཕྲོད། དབུལ་ལག ལོ་གྲངས། ཚེས་གྲངས་སོགས་ཕྱོགས་གང་ནས་བལྟས་ཀྱང་ཡག་ཡག་པོ་འགྲིག་མེད་སྟབས། བྱུང་ན་ཚེས་གཟའ་སྐར་དང་འབྱུང་འཕྲོད་དེ་གང་བཟང་བཟང་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན།

    བཀའ་ཁྲི་གསར་པའི་ལམ་སྟོན་འོག་བོད་མི་ཚང་མས་ཕྱ་གྲུ་མཉམ་འདེགས་ཐོག་འབྲས་བཟང་འཐོབ་པའི་སྨོན་འདུན་དེ་ངའི་རེ་བ་ཡིན།

    Reply
  40. ཤིང་རྟ། says:
    ལོ་ 14 སྔོན།

    ཨང་ཀི་8’ པ་ནི་གྲངས་ཀ་བརྒྱད་ཡིན་ནམ།
    དེ་ཡིན་ན་ལྟས་ངས་མ་ཡིན་ཏེ།
    ས་པདྨ་མ་འདབ་8”
    གནམ་འཁོར་ལོ་རྩེ་8’
    ལོགས་ བཀྲ་ཤིས་རྟགས་8’
    བཀྲ་ཤིས་རྫས་8’
    ཉེ་བའི་སྲས་ཆེན་8’
    གུ་རུ་མཚན་8’
    བསྟན་པ་སྐྱོང་བའི་ལྷ་སྲིན་སྡེ་8’
    དལ་བ་8’
    ནོར་ལྷ་8’
    ནོར་ལྷའི་བུ་8’
    སྤྲུལ་པའི་སྲས་8’
    འཕགས་ལམ་ཡན་ལག་8’
    སྨན་བླ་མཆེད་8’
    ཞུགས་གནས་8’
    ཡན་ལག་8’ལྡན་གྱི་ཆུ་བོ།
    རིག་གྲོལ་ཡོན་ཏན་8’
    ས་སྐྱའི་མངའ་བདག་རིམ་བྱོན་8’
    བཀའ་བརྒྱུད་ཆུང་8’
    ཐེག་དམན་ས་8’
    བསྙེན་གནས་ཡན་ལག་8’
    འདི་དག་ལ་བལྟས་ན་ཨང་གྲངས་བརྒྱད་འདི་ལྟས་ངན་རེད་ལབ་ན་བོད་ཀྱི་རིག་གཞུང་ལ་ཁྱད་གསོད་སུས་བྱེད་ཀྱི་འདུག་བལྟས་པས་ཤེས་སོ།།

    Reply
  41. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    སྤྱིར་བཀའ་ཁྲི་གསར་པར་བོད་རང་གི་རིག་གཞུང་གི་ཞག་རྩེ་གཅིག་ཀྱང་མེད་པ་ག་ལ་ཡིན། མ་ཎི་བགྲངས་པའང་བོད་ཀྱི་ཞག་རྩེ་ཡིན། འོན་ཏང་བོད་ཡིག་མཁས་མི་མཁས་ནི་བློ་སེང་ལགས་ཁོང་གི་དུས་ཐོག་གཅིག་པའི་བོད་གཞུང་སློབ་གྲྭ་ཁག་ནས་ཐོན་པའི་སློབ་ཕྲུག་ནང་བོད་ཡིག་ཆུ་ཚོད་མཐོ་པོ་ཡོད་པ་ཉིན་སྐར་ལས་མ་འདས་པ་སྤྱི་ཚོགས་ཤིག་གི་ན་ཚ་དང་མི་རིགས་གཅིག་གི་ཆག་སྒོ་ལས་མི་གཅིག་གཉིས་ལ་ཁག་བཀྲི་ས་ག་ལ་ཡོད་སྙམ། དེ་ནི་ཁོར་ཡུག་དང་ཡང་འབྲེལ་བ་ངེས་ཅན་ཡོད་དོ། །ད་ནི་བཀའ་ཁྲིར་ཡོན་ཏན་གང་འདུག་ལྟ་བའི་དུས་ཡོལ་ཟིན་ཅིང་བཀའ་ཁྲིས་བརྩམས་པའི་བོད་དོན་རྒྱབ་སྐྱོར་ཅི་བྱ་རྒྱུ་ཡོད་མེད་ལྟ་བའི་དུས་ཡིན་ནོ། །ཡོན་ཏན་ཅི་འདྲ་ཡོད་མེད་དང་གང་ཟག་ཅི་འདྲ་ཡིན་མིན་ནི་བཀའ་ཁྲི་མ་གདམས་པའི་གོང་དུ་དཔྱད་དགོས་པ་ཡིན། དུས་ལས་ཡོལ་བའི་སྐད་ཆ་མ་བཤད་ཅིག །

    Reply
  42. ཁ་བའི་བུ། says:
    ལོ་ 14 སྔོན།

    པཱ་པཱ་ཅོའུ་ཅོའུ་ཅོའུ་ལ་དགའ་བའི་མ་འོངས་བཀའ་ཁྲི་དེ་བོད་མིའི་ཤེས་ཡོན་ཐད་ཀླད་ཀོར་རེད་ཟེར་བ་དེར་བརྒྱ་ཆ་བརྒྱ་ཐམ་རྒྱབ་སྐྱོར་ཡོད།

    Reply
  43. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    “ལུང་རིགས་དང་བདེན་དངོས་ཡ་མ་བྲལ་བ་དང་ཆ་མཉམ་པ”ཞེས་སུ་བཅོས་པ་ཡིན།

    Reply
  44. ཐ་ཧྭར་སྐལ་བཟང་། says:
    ལོ་ 14 སྔོན།

    གྲོགས་པོ་ཞིག་གིས་བཤད་པ་ལྟར་ན། དེང་སང་རྒྱ་ནག་ན་ཨང་གྲངས་བརྒྱད་མར་ལ་ལྷུང་བ་དང་བདུན་ཡར་ལ་ཡོང་ཡོད་པ་རེད་ཟེར། དེང་སང་རྒྱ་མི་ཚོས་ཨང་གྲངས་བདུན་ཡག་ག་བརྩི་བ་ལས་བརྒྱད་ཡག་ག་བརྩི་ཡི་མ་རེད་ཟེར།
    བློ་སེང་ཏོག་ཙམ་རྗེས་ལུས་ཐེབས་མིན་འགྲོ་བསམ།

    Reply
  45. འོས་ལངས། says:
    ལོ་ 14 སྔོན།

    སྤྱིར་བཏང་བློ་སེང་གི་དམ་འབུལ་དུས་ཚེས་དེ་གང་ཞིག་ཏུ་འཁེལ་ཡང་ཆེར་མི་སྐྱོན། ཁྱད་མཚར་བ་ཞིག་ནི། བློ་སེང་གིས་ཁོ་ཡི་དམ་འབུལ་དུས་ཚེས་དེ་རྒྱ་ལུགས་ལ་སྦྱར་ནས་འགྲེལ་བཤད་རྒྱག་ཞོར་པཱ་པཱ་ཅོའུ་ཅོའུ་ཅོའུ་ཞེས་རྒྱ་སྐད་ད་མ་དིག་བཤད་པ་དེ་རེད། དེས་ན་བློ་སེང་གིས་དོན་དམ་པར་བཤད་དགོས་པའི་རྒྱ་སྐད་ཅིག་ཚེགས་མེད་བསྐྱོན་ཐུབ་བམ། འདི་དྲི་བ་གཅིག་ཡིན།

    Reply
  46. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    འདྲེ་མགོ་རྡོ་ལགས་།
    གཟའ་དང་སྐར་མ་ལྟ་བཞིན་ལས་ཀ་བྱེད་རྒྱུ་དེ་ནི་རྨོང་དད་དུས་སྐབས་སུ་ཡིན་པས་། དུས་རབས་ཉེར་ཅིག་ནང་ལ་དགོས་ངེས་པ་ཞིག་མ་ཡིན་། ལྷག་པར་དུ་མོ་དང་རྩིས་དེ་བཞིན་ལྷ་ལུངས་དག་ནི་ཆོས་སྲིད་གང་ལ་ཡང་མི་འཚམས་པའི་བྱེད་སྟངས་ཤིག་ཏུ་ངོས་འཛིན་སྔ་ས་ནས་ང་ཚོའི་ཤེས་ཡོན་པའི་ནང་ལ་འདུག་། དེས་ན་བློ་སེང་གི་དམ་འབུལ་དུས་ཚོད་གང་དུ་བྱུང་ཡང་ཁྱད་པར་ཏན་ནས་མེད་།

    བློ་སེང་ལ་བོད་མིའི་སེམས་ཁམས་དང་བོད་མིའི་ཤེས་ཡོན་ཐད་ཀླད་ཀོར་རེད་ཟེར་བ་དེ་ནི་ཕལ་ཆེར་བདེན་པ་རེད་བསམ་།

    Reply
  47. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    རྣམ་རྟོག་གི་དཔྱད་པ་ཙམ་ལ་སྙིང་བོ་ཆེར་མེད་མོད། ཨང་ཀི་བརྒྱད་ནི་རྒྱ་ནག་ཁོ་ནས་ཡག་པོར་བརྩི་བའི་ཨང་ཀི་ཞིག་མ་རེད། མཚན་ཉིན་རིག་པའི་ཨང་གྲངས་ཀྱི་མཚོན་ཐབས་སྟེང་ནས་ཀྱང་ཨང་གྲངས་བརྒྱད་ཀྱིས་ཕན་ཚུན་འབྲལ་བ་མེད་པ་དང་འགྱུར་བ་མེད་པའི་བརྩེ་དུང་མཚོན་པ་རེད། གཟུགས་དབྱིབས་དང་དོན་དངོས་གཉིས་ཐད་ནས་འགྱུར་བ་མེད་པའི་བརྩེ་དུང་མཚོན་ཐུབ་པ་ཞིག་ལ་ཨང་ཀི་བརྒྱད་ལས་ཡོད་པ་མ་རེད། དེ་བཞིན་ལུང་རིགས་ཡ་བྲལ་བ་དང་ཆ་མཉམ་པའང་ཨང་གྲངས་བརྒྱད་ཀྱིས་མཚོན་ཆོག་པ་ཞིག་རེད། དཔེར་ན། ངས་འབེལ་རྩོམ་གྱི་བླ་ཨང་ཡང་ཨང་གྲངས་བརྒྱད་ཡིན། བདག་གི་དེབ་ཀྱི་ནང་ངོས་ལ་ཨང་གྲངས་བརྒྱད་ཅིག་ཆེན་པོ་བྱས་ནས་བྲིས་ཡོད། དེ་ལ་མཚོན་དོན་གྱི་བཤད་པ་མང་པོ་ཞིག་ཡོད་མོད། དེ་རིང་མང་དུ་སྤྲོ་བར་མི་བྱའོ། །དེ་བཞིན་ཨང་གྲངས་བརྒྱད་བོད་ཀྱི་སྲོལ་རྒྱུན་གྱི་དབང་དུ་བྱས་ནའང་རྣམ་དཀར་དགེ་བའི་ལས་བསགས་པའི་ཉིན་མོ་ཞིག་རེད། ཚེས་བཅུ་དང་། ་ཚེས་བརྒྱད། ཚེས་བཅོ་ལྔ་བཅས་ལ་ངའི་ནང་ནས་མཆོད་མེ་སྒྲོན་པ་སོགས་དམིགས་བསལ་གྱི་དགེ་སྒྲུབ་བྱེད་པ་ཡིན་ལ། ཉིན་དེ་ལ་དགེ་བ་འགྱུར་ཆེན་པོ་ཡོད་པར་ཡང་སྨྲ་བ་ཡིན། དེའི་ཕྱིར་བརྒྱད་ནི་མཚོན་དོན་མེད་པའི་གོར་ཐིག་ཅིག་ནམ་ཡང་མ་རེད།

    ཡང་རྒྱ་ལ་བཙོག་ན་བཙོག་པའི་ཁྱབ་བའང་ཡོད་པ་མ་རེད། དཔེར་ན། རྒྱ་ནག་གི་ཐ་སྙད་རྣམ་རྟོག་ཟ་ས་གཅིག་ནི་4རེད་དེ། དེས་འཆི་བ་མཚོན་གྱི་ཡོད་རེད། ཡིན་ནའང་། མཚན་ཉིད་རིག་པའི་དཔྱད་ཐབས་ལྟར་ན། 4ནི་བདེན་དོན་མཚོན་བྱེད་ཀྱི་ཨང་གྲངས་བླ་ན་མེད་པ་དེ་རེད། 2+2=4དེ་ལྟར་བསྣན་ན་4རེད་ལ། 2*2=4བསྒྱུར་ནའང་4རེད། ཨང་གྲངས་ཤིག་ལ་རང་བསྒྱུར་དང་རང་བསྣན་བྱས་ན་ཐོབ་གྲངས་གཅིག་ཡིན་པ་ཞིག་ལ་4ལས་ཡོད་པ་མ་རེད། དེའི་ཕྱིར་བཞི་ནི་བདེན་དོན་གྱི་མཚོན་རྟགས་བླ་ན་མེད་པ་རེད། དེ་བཞིན་ཨང་གྲངས་རེ་རེ་བཞིན་མཚོན་ཐབས་ཡོད་པ་རེད། རྒྱ་ནག་གི་བཤད་ཡམས་ཙམ་ལ་ཁེན་ནས་གོར་ཐིག་རེད་ཅེས་ཐག་བཅད་ན་ཧམ་ཐལ་ཚ་དྲགས་པ་རེད། སང་ཉིན་རྒྱལ་བ་དོན་གྱི་བདག་པོ་དབུ་ལ་བཞུགས་ནས། གངས་བུ་རིའི་བུ་ཕོ་སྟག་འདྲ་བ་ཞིག་གིས་སྙིང་སྟོབས་ལྡན་པའི་སྒོ་ནས་བོད་ཀྱི་སྲིད་དབང་དམ་བཅའ་བའི་ཉིན་མོ་དེ་ནི་ཀླད་ཀོར་ཞིག་གཏན་ནས་ཡིན་མི་སྲིད། དེ་ནི་སྤྱིར་བཏང་གི་ཉིན་ཕལ་བ་ཞིག་ཡིན་ནའང་། སང་ཉིན་ནས་བཟུང་ཆེས་ཕུལ་བྱུང་གི་ཉིན་ཞིག་ལ་གྱུར་བ་རེད།

    Reply
  48. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    བློ་སེང་གནང་སྟངས་འདི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་བྱུང་། ཁོང་གི་འགྲེལ་བཤད་གནང་བ་ཉན་མཁན་བོད་པ་ཞིག་ལ་སྙན་མོ་ཁྱོན་ནས་མི་འདུག

    Reply
  49. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    མཁྱེན་དཔྱོད་ཡངས་པའི་སྐུ་ཞབས་འདྲེ་མགོ་རྡོ་ལགས
    ཁྱེད་ཀྱིས་རིགས་གཞེན་གྱི་རྩོམ་ཡིག་འདི་འདྲ་ཞིག་སྤེལ་བར་ཐུགས་རྗེ་ཆེ

    འོན་ཀྱང་མ་འོང་པའི་བཀའ་ཁྲི་མཆོག་དང་འདྲེ་མགོ་རྡོ་ལགས་ཡང་སྙིང་སུས་འགྲིག་ཡོད་མེད་གུས་པས་ཧ་མགོ་མ་སོང།
    གང་ཟག་སོ་སོར་ལྟ་གྲུབ་རེར་ཡོད་པས་ཡིན་རྒྱུ་རེད།

    Reply
  50. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཕྱི་དཀར་དཀར་བཀྲ་ཤིས་རྟགས་བརྒྱད་རེད།
    ནང་དཀར་དཀར་སེང་གེའི་འོ་མ་རེད།
    དེར་འཐུང་མཁན་ཁ་བའི་མི་རིགས་རེད།
    ལུས་ཟུངས་ཁྲག་རྒྱས་པའི་སྨོན་ལམ་ཡོད།

    ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་མོ་འདིར།
    བཀྲ་ཤིས་པའི་རྟགས་བརྒྱད་ཉིན་མོ་རེད།
    བུ་བློ་སེང་གངས་རིའི་སེང་ཕྲུག་རེད།
    ཕྱོགས་མཚམས་བརྒྱད་རྒྱལ་བའི་སྨོན་ལམ་ཡོད།

    ཕྱོགས་མཚམས་བརྒྱད་གནས་པའི་མི་རིགས་འདིས།
    ལས་གསར་གཏོད་གསུམ་པོར་འགོ་འཛུགས་ནས།
    ས་རང་ཡུལ་རང་བདག་ཡོང་བ་ལ།
    བཀྲ་ཤིས་པའི་རྟགས་བརྒྱད་ཡོང་བར་སྨོན།

    བོད་རྒྱལ་ལོ།།།།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese