མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་བོད་མིའི་སློབ་ཡོན་ཐོག་གི་དཀའ་རྙོག

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp


ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ཁྲོད་ཕྱི་ལོ་ ༡༩༨༨ ནས་ ༢༠༡༠ བར
། སློབ་མ་ ༣༨༢ ཙམ་ཨ་རིར་བཏང་ཡོད་པ་ལས་ཕྱིར་མ་ལོག་པ་ ༧༤ དང་། ཚུར་ཡོང་སྟེ་ཕྱིར་ཨ་རིར་ཕྱིན་པ་ ༦༧ ། ད་ལྟ་བཙན་བྱོལ་ཁྲོད་ཕྱག་ལས་གནང་བཞིན་པ་ ༡༧༧ བཅས་ཡོད་ཟེར།  

ཉེ་ལམ་བཙན་བྱོལ་སྤྱི་ཚོགས་ཁྲོད་ལོ་འདི་འགར་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་བརྒྱུད་ཨ་རིར་སློབ་སྦྱོང་ལ་བཏང་བའི་བོད་རིགས་སློབ་ཕྲུག་སྐོར་ཞིག་ཕྱིར་ལོག་མ་བྱས་པའི་གླེང་སློང་ཞིག་བྱུང་ཡོད་པ་དང་། དེ་ནི་ ༢༠༠༩ ལོར་ཤེས་རིག་ལས་ཁུངས་བརྒྱུད་བོད་ཕྲུག་ ༡༩ ཨ་རིའི་སློབ་ཡོན་འོག་ཨ་རིར་བཏང་འདུག་ལ། ༢༠༡༠ ལོར་སློབ་ཕྲུག་ ༨ ཕྱིར་ལོག་དགོས་པ་ལས་ ༤ ཕྱིར་ལོག་བྱས་མེ་པ་དང་། གཞན་སློབ་ཕྲུག་ ༡༡ ད་ལོར་སློབ་ཡུན་དུས་ཚོད་རྫོགས་ཡོད་ཀྱང་ད་སྔ་ཕྱིར་ལོག་མི་འདུག གནས་ཚུལ་འདིའི་སྐོར་ཤེས་རིག་ལས་ཁུངས་སུ་བཅར་འདྲི་ཞུས་སྐབས། ཕྱིར་ལོག་མ་བྱས་པ་དག་གི་མིང་དང་ཞིབ་ཕྲའི་ལོ་རྒྱུས་བཤད་རྒྱུ་མིན་ཟེར།

ཕྱི་ཚེས་ ༢༦ ཉིན་གསར་འགོད་པ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་སུ་བསྐྱོད་དེ། ཨ་རིའི་སློབ་ཡོན་ལས་གཞིའི་འོག་ཕྱིར་ལོག་མ་བྱས་བ་དག་གི་སྐོར་ལ་བཀའ་འདྲི་ཞུས་སྐབས། ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གནས་ཚུལ་འདིའི་སྐོར་ལ་ང་ཚོས་ཐད་ཀར་ལན་འདེབས་བྱ་རྒྱུ་མིན། དྲི་བ་ཡིག་ཐོག་ནས་འཁྱེར་ཤོག་ཅེས་བཀའ་གནང་བ་ལྟར། གསར་འགོད་པས་ད་ལོ་ཕྱིར་ལོག་མ་བྱས་པའི་སློབ་ཕྲུག་དག་དང་འབྲེལ་ཏེ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སྐོར་ལ་དྲི་བ་ཁག་ཅིག་བཏོན་པའི་ལན་དུ། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་འདི་ནི། བཙན་བྱོལ་བོད་མིའི་སྒྲུག་འཛུགས་དང་བོད་དོན་རྒྱབ་སྐྱོར་བ་ཚོགས་སྒེར་ཁ་ཤས་ཀྱིས་ཨ་རིའི་གཞུང་ལ་རེ་སྐུལ་བྱས་ཏེ་ ༡༩༨༧ ལོར་ཆོག་མཆན་རག་ཅིང་ ༡༩༨༨ ལོ་ནས་དངོས་སུ་ལག་བསྟར་མགོ་འཛུགས་བྱས་པ་ཞིག་ཡིན་ཞིང་། ལས་གཞི་འདིའི་ལས་འགན་གཙོ་བོ་ཨ་རི་བོད་ཀྱི་ཐེབས་རྩ་(The Tibet Fund, New York)ཁང་གིས་འཁུར་གྱི་ཡོད་ཀྱང་། ལོ་ལྟར་སློབ་ཡོན་གསལ་བསྒྲགས་སྤེལ་རྒྱུ་དང་སྔོན་འགྲོའི་སློབ་མ་འདེམས་སྒྲུག་སོགས་ཤེས་རིག་ལས་ཁུངས་ཀྱིས་ལག་བསྟར་བྱས་ཡོད་འདུག ༢༠༡༠ ལོ་ནས་བཟུང་ལས་ཀ་ཆ་ཚང་ཨ་རི་བོད་ཀྱི་ཐེབས་རྩར་རྩིས་སྤྲོད་བྱས་རྗེས། ཨ་རི་བོད་ཀྱི་ཐེབས་རྩས་ངྷ་ས་བོད་ཁྱིམ་དང་སམ་བྷོ་ཊ། མཚན་ཉིད་བཅས་ཀྱི་ཤེས་ཡོན་འགན་འཛིན་ལས་གྲུབ་པའི་ཚོགས་ཆུང་ཞིག་བཙུགས་ཏེ་སློབ་ཕྲུག་འདེམས་སྒྲུག་བྱེད་བཞིན་ཡོད་འདུག

 

ཤེས་རིག་གི་ལན་འདེབས་ནང་བཀོད་པ་ལྟར་ན། ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་མགོ་བརྩམས་པ་ནས་ ༢༠༡༠ ཟླ་ ༨ བར་སློབ་ཡོན་རག་སྟེ་ཨ་རིར་སློབ་སྦྱོང་དུ་འགྲོ་མཁན་ ༣༨༢ བྱུང་པའི་ཁྲོད་ཕོ་ ༢༧༣ དང་མོ་ ༡༠༩ བྱུང་འདུག དེ་དག་ཁྲོད་སློབ་སྦྱོང་གི་དུས་ཡུན་ཚང་རྗེས་ཕྱིར་གཏན་ནས་མ་ལོག་མཁན་ ༧༤ དང་། ལན་གཅིག་ཚུར་ཡོང་སྟེ་ཕྱིར་ཨ་རིེར་ཕྱིན་པ་ ༦༧ དང་། སློབ་མཐར་ཕྱིན་རྗེས་ཚུར་ལོག་སྟེ་ད་ལྟ་བཙན་བྱོལ་ནང་ལས་ཀ་བྱེད་བཞིན་པ་ ༡༧༧ བཅས་ཡོད་འདུག

ད་ལོའི་སློབ་ཡོན་ཁོངས་སུ་འགྲོ་མཁན་མི་ ༡༨ བྱུང་ཡོད་པ་དག་སྔ་ལོ་ནས་འདེམས་སྒྲུག་ཟིན་ཡོད་པ་མ་ཟད། དེ་དག་ཨ་རིའི་མཐོ་སློབ་གང་དུ་སློབ་ཚན་ཅི་ཞིག་གི་ཐོག་སློབ་སྦྱོང་བྱ་རྒྱུ་སོགས་གཏན་འཁེལ་ཟིན་ཡོད་ཀྱང་། ཉེ་ཆར་ཨ་རིའི་གཞུང་ཚབ་ཏུ་ཐོངས་མཆན་ཞུ་རུ་སྐྱོད་སྐབས་མི་ ༥ མ་གཏོགས་རག་མེད་པ་དང་། གནད་དོན་དེའི་ཐད་ཨ་རིའི་གཞུང་ཚབ་ཀྱིས་ “ ཨ་རིར་སློབ་སྦྱོང་སོགས་ཀྱི་ཆེད་དུ་སྐྱོད་མཁན་བོད་མི་རྣམས་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་མིའི་བཟང་སྤྱོད་གཉིས་ཀར་བརྩི་འཇོག་བྱེད་ཀྱི་མེད་པ་དང་། དེ་ལ་བརྟེན་ནས་གཞུང་ཚབ་དང་གཞུང་ཚབ་ཁང་གི་སྙན་གྲགས་ལ་གནོད་སྐྱོན་ཆེན་པོ་བྱུང་ཚུལ་རྗོད་ཀྱི་འདུག” ཅེས་ཤེས་རིག་ལས་ཁུངས་ཀྱིས་གསལ་འདེབས་གནང་བྱུང་།

 

ཨ་རིའི་སློབ་ཡོན་ཁོངས་ནས་ཕྱིར་མ་ལོག་པ་ཚོར་ཉེས་པ་གང་འདྲ་ཞིག་ལག་བསྟར་བྱས་ཡོད་པ་དང་། མ་འོངས་པར་ཐབས་ལམ་གང་འདྲ་འཚོལ་བཞིན་ཡོད་མེད་ཐོག་བཀའ་འདྲི་ཞུས་པའི་ལན་དུ། “དེ་སྔོན་ལོ་མང་རིང་ཨ་རིེར་མ་ཐོན་གོང་དོ་བདག་སོ་སོ་ནས་ཤེས་རིག་ལས་ཁུངས་དང་ལྷན་དུ་རྒྱ་གར་གྱི་ཁྲིམས་ཤོག་སྟེང་ཁས་ལེན་ཡིག་ཆ་གསུམ་ལ་མིང་རྟགས་འགོད་དགོས་པའི་ཆ་རྐྱེན་ལག་བསྟར་བྱས་ཡོད་ཀྱང་། དོ་བདག་རྒྱལ་ཁབ་གཞན་ཞིག་ཏུ་ཡོད་པའི་དབང་གིས་ཡིག་ཆ་དེ་དག་གིས་ཕན་ཐོགས་གང་ཡང་བྱུང་མེད།” ཅེས་དང་། “ སློབ་སྦྱོང་ཟིན་རྗེས་ཚུར་ལོག་དགོས་པ་ཨ་རིའི་ཁྲིམས་ཀྱི་གནད་དོན་ཞིག་ཡིན་པའི་ཁར། དེང་སང་ཨ་རིེེར་སླེབས་འཕྲལ་དོ་བདག་སོ་སོ་ནས་ཨ་རི་བོད་ཀྱི་ཐེབས་རྩ་དང་ལྷན་དུ་ཁས་ལེན་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དགོས་པའི་ཆ་རྐྱེན་བཞག་ཡོད།” ཅེས་འཁོད་འདུག

ཨ་རི་གཞུང་གིས་སྐྱབས་བཅོལ་བོད་མིར་སློབ་ཡོན་གྱི་རོགས་སྐྱོར་འདིའི་ཐད་ལོ་རེར་ཨ་སྒོར་བདུན་འབུམ་སུམ་ཁྲི་ལྔ་སྟོང་ ༧༣༥༠༠༠ གཏོང་གི་ཡོད་པའི་སྟེང་། ཨ་རི་བོད་ཀྱི་ཐེབས་རྩའི་ངོས་ནས་སློབ་ཡོན་བརྒྱ་ཆ་ ༣༠ ཁ་སྣོན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 16

  1. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    དུག་ཚེར་དམར་པོ་ལགས། ཁྱེད་ངོ་མར་དུག་ཚེར་དམར་པོ་རང་རེད་འདུག ལག་པ་འཆང་ཉེན་མི་འདུག ཁྱེད་ཀྱིས་ཕྱོགས་ལྷུང་གི་མཆན་འདི་ལྟར་སྤེལ་བ་ལ་བློ་ཕམ་ཡོད། ཁྱེད་ཀྱིས་དངོས་སུ་གཞིས་ཆགས་ཀྱི་བུ་ཕྲུག་ལ་ཞེ་སྡང་གིས་སྐྱོན་བརྗོད་མོད་ཀྱང་། དོན་དངོས་ཐོག་བོད་གཞུང་གི་ཚུད་རྒྱུགས་ལམ་ལུགས་ལ་སྐྱོན་བརྗོད་པ་ཞིག་ཏུ་མཐོང་བས་བློ་ཕམ་ཆེ། གང་ལྟར་ངས་བརྗོད་ཤེས་ཀྱིན་མི་འདུག གང་ལྟར་བཙན་བྱོལ་ནང་གི་སྐྱོན་ཆ་ཞིག་ཚགས་པར་ནང་ཐོན་མ་ཐག་ལམ་སེང་ཁྱེད་འདྲ་བའི་བསམ་མེད་འགའ་ཤས་ཀྱིས་ལམ་སེང་ཕྱོགས་རིས་ཀྱི་མཆན་འདེབས་པར་བྱེད་པ་ནི་ཤེས་ཡོན་གྱི་གོ་རྟོགས་དམན་ཞིང་བོད་རིགས་མཐུན་སྒྲིལ་གྱི་ལ་རྒྱ་ཆུང་བའི་རྟགས་མཚན་ཞིག་ཏུ་མཐོང་། ཚིག་སྡུག་ག་རིགས་འདྲ་མིན་སྤེལ་རེས་བྱེད་མ་དགོས་ན་དགའ་སྙམ། ཆོ་ཡོད་མ་རེད།

    Reply
  2. ཉི་མ། says:
    ལོ་ 14 སྔོན།

    དྲང་མོ་ཀྱོག་ཀྱོག་དང་། ཀྱོག་ཀྱོག་རྫུན་མ་བཟོས་ན་ཡག་པོ་མི་འདུག ཤེས་རིག་བཀའ་བློན་དང་དྲུང་ཆེ་སོགས་ཀྱིས་ངན་པ་ལག་འབྲེལ་བྱས་འདུག་ཟེར་བ་དང་། མི་བྱེ་བྲག་པ་འདིས་ལྐོག་རྔན་ཟོས་འདུག་ཟེར་ན་ཁུངས་ལུང་མེད་པ་དང་། མི་ལ་གཞི་མེད་ཉེས་འཛུགས་བྱས་པ་རེད། ང་ཁོང་ཁྲོ་ལངས་ས་གཙོ་བོ་སོ་སོར་འཐུས་ཤོར་དང་ནོར་འཁྲུལ་ཡོད་བཞིན་དུ་དང་ལེན་དང་། ཕ་རོལ་བོའི་ལས་དོན་ལ་རྒྱབ་སྐྱོར་མི་བྱེད་པར། གདོང་དང་གདོང་ཐུག་སྟེ་སྐད་ཆ་དྲང་བཤད་མི་བྱེད་པར། དྲི་བ་ཡིག་ཐོག་ནས་དགོས་པ་དང་། དྲིས་ལེན་ཡིག་ཐོག་ནས་འདེབས་པའི་སྦམ་མདོག་འདི་རེད། འདི་སྤྱིར་དམངས་གཙོའི་ལམ་སྲོལ་ཞིག་ཡིན་ནམ། བཀའ་ཤག་གི་བཀོལ་ཁྱབ་ཅིག་རེད། ཡང་ན་ཤེས་རིག་གི་སྒེར་སྤྱོད་ཅིག་ཡིན། གསར་འགོད་པ་ཚོས་གནད་དོན་འདི་གསལ་བོ་ཞིག་བཟོས་ལེགས་སྙམ།

    Reply
  3. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ངས་བསྟས་ན་ཚང་མ་བདེན་པ་རེད་འདུག་
    ཡིན་ན་ཡང་སོ་སོའི་ནང་ཁུལ་ལ་ཚིག་འཇམ་པོ་ངང་ནས་
    གང་དྲན་པ་དང་གང་བསམ་པ་དེ་ཚོ་མཆན་ལ་བཀོད་ན་ཡག་པོ་ཡོད་ས་རེད་
    བསམ་ཚུལ་ཙམ་ཡིན་

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    གོང་གི་དགོངས་ཚུལ་དེ་དག་ལ་ཡིག་ནོར་མང་པོ་འདུག་པས། རྣམ་པ་ཚོས་དག་ཆར་དོ་སྣང་མང་ཙམ་གནོངས་རོགས།

    Reply
  5. ཀོ་རི་ཡའི་བུ། says:
    ལོ་ 14 སྔོན།

    ངོ་མ་བློ་ཕམ་བྱུང་་་་དེ་རིང་གལ་ཆེན་པོ་གསུམ་བཤད་ཡོད་དེ་ནི་ཕྱིར་མ་ལོག་མཁན་གྱི་བསམ་མེད་དེ་དག་ཡིན།
    ༡༽ ཤེས་རིགས་ལས་ཁང་ནས་ཕྱི་གསལ་ནང་གསལ་བཟོ་དགོས་པ་གལ་ཆེན་པོ་རེད།
    ༢༽ བསམ་དེ་དག་གི་ནང་མི་འམ་སྤུན་ཆེན་རྣམས་ཀྱི་དེ་དག་ཕྱིར་ལོག་འབོད་བརྩོན་བྱས་དགོས་ཡགལ་ཆེན་པོ་རེད།
    ༣༽ རང་གཞུང་གྱི་ངོ་ནས་ཕྲད་དུ་ཨ་རི་གཞུང་ལ་བསམ་མེད་དེ་དག་ཕིར་ལོག་དགོས་པའི་འབོད་སྐུལ་ཞུ་དགོས་ཡ་གལ་ཆེན་པོ་རེད།

    Reply
  6. དུག་ཚེར་དམར་པོ། says:
    ལོ་ 14 སྔོན།

    ཚུར་མི་ལོག་མཁན་དེ་ཚོ་གཞུང་ཞབས་ཀྱི་བུ་ཕྲུག་དང་མཐའ་ན་གཞིས་ཆག་གིས་བུ་ཕྲུག་ཡིན་པ་ཐག་གི་ཆོད་གང་ཡིན་ཟེར་ན་ཨ་རིའི་ལ་བོད་མིའི་སློབ་ཕྲུག་གཏང་བ་གཅིག་གཉིས་མ་ཏོག་ཚངས་མ་གཞུང་ཞབས་ཀྱི་བུ་ཕྲུག་དང་གཞིས་ཆག་གིས་བུ་ཕྲུག་ཁོ་ན་ཡིན་པ་རེད་
    མ་བཞི་ཨ་རིའི་བོད་མིའི་སློབ་ཡོན་འདི་བོད་སྤྱིས་པའི་སློབ་ཕྲུག་ཀྱི་ཐབ་ཐངས་ཡིན་ནམ་ཁོ་ཚོ་གཞུང་ཞུབས་བ་ཁ་ཤས་ཞིག་གིས་བུ་ཕྲུག་ཚོས་ཐབ་ཐང་ཡིན་ནམ་
    ཡང་ན་གསར་འབྱོར་གྱིས་སློབ་ཕྲུག་ནང་ལ་ཨ་རིར་སློབ་སྦྱོང་ལ་བཏང་འོས་པ་གཅིག་ཀྱང་མེད་པ་ཡིན་ནམ་
    ཡང་ན་ཨ་རིར་སློབ་སྦྱོང་ལ་བཏང་འོས་པའི་ཆ་ཅན་དང་པོ་དེ་ཐ་མག་ནག་པོ་མཐེན་ཤེས་པ་གཉིས་པ་དེ་ཕ་མ་དངོས་འཛམ་དང་དེ་ཡང་སྒྱུ་ཆེན་དང་དཔོན་རིག་ཡིན་དགོས་པ་མཐའ་ན་གཞུང་ཞུབ་གང་ཡང་རུང་བ་ཞིག་གིས་དཔོན་མཆེད་དང་ངོ་ཤེས་གང་རུང་ཡིན་དགོས་པ་ཨེ་ཡིན་ན་

    Reply
  7. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    བོད་རིགས་སློབ་ཕྲུག་ཚུར་མ་ཡོང་མཁན་ནས་ནོར་འཕྲུལ་ཤོར་ཡོད་པ་མ་ཟད། དེང་དུས་ཆོས་ཚོགས་ཀྱི་ཡིག་ཆ་དངོས་བེད་སྤྱད་ནས་ཁྲིམས་འགལ་ཐོག་ཚུར་མ་ལོག་མཁན་རྣམས་ཀྱང་ནོར་འཕྲུལ་ཆེན་པོ་ཤོར་གྱིན་ཡོད། ནོར་འཕྲུལ་དེ་གཉིས་ཕྱོགས་གཅིག་ཏུ་བསྡོམས་པ་ལ་བརྟེན་ནས་བོད་རིགས་དངོས་ཡོད་རྒྱུ་རྐྱེན་དང་ཁྲིམས་མཐུན་ཐོག་བསྐྱོད་མཁན་གྱི་རིགས་ལ་འགོག་རྐྱེན་འཕྲད་ཀྱིན་ཡོད།

    Reply
  8. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    ང་ཚོ་བོད་པ་ནི་ཁྲིམས་དང་བཟང་སྤྱོད་ལ་གཙུགས་འཛིན་མི་བྱེད་པ་ཞིག་ཡིན་སྟབས་རང་གཞན་གཉིས་ལ་ནག་ཉེས་ཡོད་ངེས་རེད།

    Reply
  9. ལུང་རྟོགས། says:
    ལོ་ 14 སྔོན།

    རང་གཞུང་ལ་སྐྱོན་བརྗོད་བྱེད་རྒྱུ་ལས་གཞན་མི་ཤེས་མཁན་གྱི་མི་འདི་ཚོས་ཅི་ཞིག་དྲན་བཞིན་ཡོད་པ་ཡིན་ན། སློབ་ཡོན་གྱི་གནད་དོན་དེ་ནི་བོད་མི་རང་ཉིད་ཀྱི་བཟང་སྤྱོད་ཀྱི་ཞན་ཆ་ཡིན་པ་ལས་གཞུང་ལ་ལེན་པ་གང་ཡང་མེད། ད་ནི་ངོ་མ་སློབ་ཡོན་ལས་གཞི་འདི་མེད་པ་བཟོས་ན་ཡང་འགྲིག་པ་འདུག མི་རིགས་འདི་བཟང་པོ་ཁྱོག་མཁན་ཞིག་མིན་ཡ།

    Reply
  10. ngawang tenzin says:
    ལོ་ 14 སྔོན།

    གཞན་ལ་སྐྱོན་བརྗོད་བྱེད་པར་རང་ཉིད་ཕུན་སུམ་ཚོགས་པ་ཡིན་དགོས།

    Reply
  11. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    ཕྱིར་མ་ཡོང་བའི་བོད་མི་དེ་དག་དང་དེ་ཚོའི་གཉེན་ཉེ་བཅས་ལ་བཙན་བྱོལ་བོད་གཞུང་ནས་ཡིག་ངག་གཉིས་ཐོག་ནས་སྐུལ་མ་གང་མང་གནང་ཀྱི་འདུག་ལ། ཕྱིར་ཡོང་བ་དང་མ་ཡོང་བའི་སློབ་མ་དེ་དག་གི་ཁྲོད་གཞུང་ཞབས་ཀྱི་བུ་ཕྲུག་ག་ཚོད་ཡོད་མེད་བཅས་ལ་ཞིབ་གཤེར་ཞིག་བྱེད་དགོས་ལ། དེ་དག་ལུགས་མཐུན་དང་ཆ་རྐྱེན་ཚང་བའི་ཐོག་ནས་ཕྱི་རྒྱལ་དུ་སློབ་སྦྱོང་དུ་གཏང་བ་ཡིན་མིན་བཅས་ཞིབ་གཤེར་གནང་དགོས། །

    Reply
  12. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    མིང་དང་ལོ་རྒྱུས་བཤད་མི་ཉན་པ་དེ་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ཁོ་དང་ཁོས་ལས་རོག་ཚོ་ལ་ནག་ཉེས་ཚབ་ཆེན་ཡོད་པའི་རྟག་རེད་དེ་མིན་གང་ཡངས་མ་རེད་

    Reply
  13. གྲགས་བསོད་ says:
    ལོ་ 14 སྔོན།

    ཨོ་དྲི་ལན་ངག་ཐོག་མི་འདེབས་པའི་རྒྱུ་མཚན་ངས་ཤེས་སོང་ཁོ་ཚོ་ངན་པ་ལྐོག་འབྲེལ་དང་རུལ་སུངས་པ་གཅིག་མཚུངས་ཡིན་པ་རེད།

    Reply
  14. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    ཤེས་རིག་བློན་ཆེན་དེ་ཤེས་རིག་་དྲུང་ཆེར་ནོར་བཅོས་ཡོད་པ་ཞུ

    Reply
  15. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    ཤེས་རིག་བློན་ཆེན་གྱིས་གཏན་གཏན་ཨ་རིར་འགྲོ་མཁན་འགའི་ལག་ནས་ལྐོག་རྔན་བླངས་ཡོད་གཟོ་འདུག

    Reply
  16. ཉི་མ། says:
    ལོ་ 14 སྔོན།

    དྲི་བར་ངག་ཐོག་ནས་ལན་འདེབས་མི་བྱེད་པ་འདི་བཟང་རྟགས་ཤིག་མ་རེད། སྔོན་མ་ཞིག་ལ་ཡང་དུས་བབ་གསར་འགོད་པའི་དྲི་བར་ཤེས་རིག་བཀའ་བློན་གྱིས་ཡིག་ཐོག་ནས་ལན་འདེབས་བྱས་ཡོད་པ་ཞིག་དྲན་གྱི་འདུག དམངས་གཙོའི་འདུ་ཤེས་ཆུང་བ་དང་། གཞན་གྱི་ལས་དོན་ལ་གུས་ཞབས་མེད་པའི་ཀུན་སྤྱོད་འདི་ལ་བློ་ཕམ་ཡོད།
    ཤེས་རིག་ལས་ཁུངས་ཀྱི་བྱེད་སྟངས་འདི་ཅུང་ཡ་མཚན་ཞིག་རེད། ན་ནིང་ཨ་རིའི་སློབ་ཡོན་འོག་ཕྱིར་མ་ལོག་པ་དག་གི་མིང་དང་། ལོ་རྒྱུས། པར་བཅས་༼ བོད་མིའི་རང་དབང ༽ཚགས་པར་སྟེང་ཤུགས་ཀྱིས་ཁྱབ་བསྒྲགས་བྱས་པ་རེད། འཐུས་ཤོར་དང་། རློག་གླེང་མང་ཤོས་ཤེས་རིག་ལས་ཁུངས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese