མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། དྲུག་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

ལས་ཀ་ནི་ནམ་རྒྱུན་ལྟར་རོ། དམིགས་བསལ་གང་ཡང་མེད། གངས་མཚོ་དེ་རིང་རྗོ་སུ་ལམ་ནས་ཐོན་པ་དང་ངེད་གཉིས་ཀྱིས་ཉིན་མ་འདི་དག་གི་རིང་གི་གནས་ཚུལ་དག་ཕན་ཚུན་གྱི་ངོ་གདོང་ལ་བལྟས་དེ་སེམས་ནང་གི་སྐད་ཆ་ཁ་ཤས་ཤིག་གླེང་མོལ་བྱས་པ་ཡིན། འདང་ནུབ་ང་རང་ལ་རྨི་ལམ་ཁྱད་མཚར་ཞིག་བྱུང་བ་ནི་ང་རང་གི་བུ་ཆུང་དེ་སྐྱེ་ནས་མི་ཚད་ང་དང་གངས་མཚོ་ངེད་ཚོ་རི་བོ་ཐོན་པོ་སྔོ་ལྗང་གི་གཡོག་པ་ཞིག་གི་རྩེ་རུ་སོང་ནས་སྤྲོ་སྐྱིད་གཏོང་བཞིན་འདུག  སྐབས་ཤིག་ལ་ང་རང་དང་གྲོགས་པོ་ཞིག་རྗེ་བཙུན་བྱམས་པའི་སྐུ་བརྙན་ཡོད་སའི་ལྷ་ཁང་ཞིག་དུ་སླེབས་འདུག  དེ་ནས་མཚམས་ཤིག་ལ་ང་དང་གྲོགས་པོ་ཁ་ཤས་ཀྱི་ལག་དུ་གསེར་གྱི་དོང་ཙེ་མང་བོ་ཞིག་རེག་འདུག་པ་སོགས་རྨིས་པ་ནི། དངོས་ནས་བསམ་བློ་གཏོང་བཞིན་གཏོང་བཞིན་ཡ་མཚར་བ་ཞིག་རེད་འདུག ཡིན་ཡང་། རྨི་ལམ་ནི་རྨི་ལམ་ཞིག་ལས་ང་རང་གི་དེ་ལ་བརྟག་དཔྱད་ལེགས་པོ་ཞིག་བྱེད་ཤེས་མ་སོང་། སང་ཉིན་ནི་གཟའ་པ་སངས་ཡིན་སྟབས། རྗོ་ཤུ་ཚང་གི་ལུགས་སྲོལ་ལྟར་ང་རང་ཡང་གུང་གསེང་རེད། ནངས་ཉིན་ཕྱི་དྲོ་ཆུ་ཚོད་བདུན་པ་བར་དུ། ༢༩།༡།༠༩      

ཁ་སང་དེ་རིང་གཉིས་ནི་གུང་གསེང་ཡིན་སྟབས། མཚོ་འགྲམ་དང་འཚིག་ཇ་འཐུང་ས་ཟ་ཁང་སོགས་སུ་སོང་དེ་ཉིན་མ་བསྐྱལ།ཕྱི་དྲོ་རྒྱ་གར་དུ་ཡོད་པའི་ནུ་མོ་ལྷ་མོ་སྐྱིད་ལ་ཁ་པར་བཏང་ནས་ཁ་བརྡ་བྱས་པ་དང་གྲོགས་པོ་དཀོན་མཆོག་བསྟན་འཛིན་གྱིས་རོགས་རམ་འོག་དུ་ཁོ་གཉིས་བདེ་ཐང་ཡིན་པ་སོགས་དང་ང་རང་གི་ལས་ཀ་སོགས་ཀྱི་བསྐོར་ནས་ཁ་བརྡ་སྐར་མ་བཅུ་ལྷག་ཞིག་ལ་བྱས་པ་ཡིན།  ཡིན་ཡང་། དོ་ནུབ་ཕྱི་དྲོ་ཆུ་ཚོད་བདུན་པའི་སྟེང་དུ་ང་རང་ལ་དགོང་མོའི་ལས་ཀ་ཡོད་སྟབས། རྒྱུན་ལྡན་ལྟར་ཐབ་ཚང་ནང་གི་ལས་ཀ་ཆུ་ཚོད་བཅུ་གཅིག་སྐར་བཅུ་མ་ཟིན་བར་དུ་བྱས། གངས་མཚོས་མོ་རང་གི་རླངས་འཁོར་རྙིང་ཀོག་དེ་བཏང་ནས་ང་རང་བསུ་རུ་འབྱོར་བ་ལྟར་ངེད་གཉིས་ལྷན་དུ་ཁང་ཆུང་དུ་ལོག ༣༡།༡།༠༩    

འདང་ནུབ་ང་རང་ལ་རྨི་ལམ་ཁྱད་དུ་འཕགས་པ་ཞིག་རྨིས། དེ་ནི་གངས་མཚོ་ངེད་གཉིས་མི་མང་བོ་ཞིག་གི་དཀྱིལ་ནས་༧གོང་ས་མཆོག་གིས་དམིགས་བསལ་གྱིས་མཇལ་ཁ་གནང་བ་མ་ཟད། ངེད་གཉིས་ཀྱི་ནང་གི་སྔུན་མ་གངས་མཚོ་རེད་འདུག་ལ་ང་རང་ཁོ་མོའི་རྒྱབ་ལོག་དུ་འདུག་པ་དང་༧གོང་ས་མཆོག་གིས་གངས་མཚོའི་མགོ་ལ་ཕྱག་གི་ཕྱིད་ཕྱིད་གཏོང་ཞོར་དུ་རྗེ་བཙུན་སྒྲོལ་མ་ཞེས་གསུངས་པ་དང་འཛུམ་འདང་ང་ལ་སྟོན་ཞོར་དུ་གསུངས་བ་དེ་འདྲ་ཞིག་རྨིས་སོང་། དེ་ནི་ང་རང་གི་ཡུན་རིང་བོར་སྒྲོལ་མའི་ཁ་འདོན་མ་བྱས་པར་བསྡད་པ་དེའི་སྟབས་ཀྱི་ལུང་བསྟན་ཞིག་ང་རང་གི་མུ་མཐུད་དུ་འདོན་དགོས་པར་སྐུལ་བ་ཡིན་ནམ་གཞན་ཞིག་ཡིན་ནམ་གང་ཡིན་མི་ཤེས་པར་ང་རང་ལ་དམིགས་བསལ་གྱི་བསམ་བློ་ཞིག་འཁོར་དུ་བཅུགས་སོང་། དེ་རིང་ཉིན་གོང་ཆུ་ཚོད་དང་བོ་མ་ཟིན་ཙམ་དུ་ང་རང་ཡར་བླངས་དེ་གངས་མཚོ་ལ་དེ་ལྟར་བཤད་དེ་ངས་མོ་རང་ལ་མ་ཎི་ཡི་གེ་དྲུག་མ་འདོན་སྟངས་བསླབས་པ་ཡིན། ཁོ་མོས་ཀྱང་སྤྱན་རས་གཟིགས་ལ་བསྟོད་པ་ཚིག་གཞི་དེ། ཕྱག་སྟོང་བསྐལ་བ་བཟང་བོ་སངས་རྒྱས་སྟོང་།། སྤྱན་སྟོང་བསྐལ་བ་བཟང་བོ་སངས་རྒྱས་སྟོང་།། གང་ལ་གང་མདུད་དེ་ལ་དེར་སྟོན་པ།། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།། ཟེར་ནས་ཁོ་མོའི་སྐད་ནང་དུ་འབྲི་རྒྱུ་བྱས་སོང་། དགོང་མོ་ལས་ཀར་མཚམས་བཞག་པ་དང་ནམ་རྒྱུན་ངས་ལས་རོགས་མ་བྱན་ཆེན་མོ་དང་མ་གཡོག་བུད་མེད་དེ་གཉིས་ཀྱིས་ག་དུས་ཡིན་ཡང་། བྱ་ཤ་དང་ཡང་ན་གླང་ཤ། ཉ་ཤ་གང་རུང་གི་ཟ་མ་རེ་བཟོས་དེ་རང་རང་གི་ནང་དུ་གང་དགོས་པ་དེ་འཁུར་ནས་འགྲོ་མོད། ངས་དོ་ནུབ་བར་དུ་གང་ཡང་མ་འཁུར། དོ་ནུབ་གངས་མཚོས་དགོང་ཟས་ཟོས་མེད་ཟེར་བས་ངས་ཀྱང་དོ་ནུབ་མོ་རང་གི་ཆེད་དུ་ཤ་མེད་ཀྱི་ཟ་མ་ཞིག་མོ་རང་ལ་འཁུར་ནས་ཡོང་བ་ཡིན། དངོས་ནས་བཤད་ན་དེ་ནི་མ་བྱིན་པར་ལེན་པ་ཟེར་བ་དང་ཁྱད་པར་ཆེན་པོ་མེད་ཀྱང་། ང་རང་གི་ཆེད་དུ་མ་ཡིན་ཡང་། རང་གི་དགའ་མའི་ཆེད་དུ་ཟ་མ་ཉུང་ཉུང་ཞིག་མ་བྱིན་ལེན་གྱི་ཉེས་པ་ཞིག་བསགས་སོང་། དངོས་ནས་བཤད་པ་ཡིན་ན་ནི་ང་རང་འདི་ལྟར་བྱེད་རྒྱུར་རྩ་ནས་མོས་པ་མེད་ཀྱང་། དོ་ནུབ་མ་བསམ་ས་ནས་དེ་ལྟར་བྱེད་དགོས་བྱུང་བ་དེ་ལ་ང་རང་དངོས་ནས་རང་ཉིད་ལ་ངོ་གནོང་དགོས་པ་བཟོས་སོང་། ༢།༢།༠༩                            

ཞོགས་པ་ཆུ་ཚོད་བཅུ་བ་ཙམ་ཞིག་ལ་ཡར་བླངས་དེ་བྱ་ཤ་དང་གླང་ཤ་གཉིས་ཀྱིས་མོག་མོག་ཞིག་བཟོས་དེ་གངས་མཚོ་ངེད་གཉིས་ཟ་ཁང་ཤར་ཕྱོགས་ཀྱི་ཟ་ཁང་ཁ་ཤས་ཤིག་གི་ནང་དུ་མོག་མོག་འདི་འདྲ་དགོས་ཚེ་འབྲེལ་གཏུགས་བྱེད་རོགས་ཞེས་བཤད་དེ་ངེད་གཉིས་ཨེས་ལ་གྲི་གྲོང་ཁྱེར་ནང་གི་ཤར་ཕྱོགས་པའི་ཁ་ལག་བཟོ་སའི་ཟ་ཁང་ཁ་ཤས་ཤིག་གི་ནང་དུ་སོང་རྗེས། ང་རང་ལས་ཀ་འགྲོ་བའི་དུས་ཚོད་ལ་སླེབས་འདུག་པ་ལྟར། རྒྱུན་ལྡན་ལྟར་དུ་ལས་ཀ་བྱེད་དུ་སོང་བ་ཡིན། ལས་མཚམས་བཞག་དེ་ཕྱིར་ནང་དུ་མ་ལོག་པའི་སྐར་མ་ཁ་ཤས་ཀྱི་སྔོན་དུ་གངས་མཚོས་མོ་རང་གྲོགས་མོ་ཝན་དང་ལྷན་དུ་ཟ་ཁང་ཞིག་གི་ནང་དུ་ཡོད་ལ་དེ་རུ་མོག་མོག་གི་མཚན་མོ་ཞིག་གྲ་སྒྲིག་བྱེད་ཐུབ་མིན་ཐད་དུ་ཟ་ཁང་དེའི་སྤྱིན་བདག་ལ་སྐད་ཆ་བཤད་རྒྱུ་ཡིན། དེའི་སྟབས་ཀྱི་ང་རང་ཆུ་ཚོད་བཅུ་གཅིག་སྟེང་དུ་ནང་ལ་འབྱོར་མི་ཐུབ་པས་ལྡེ་མིག་སྒོ་འགྲམ་དུ་བཞག་ཡོད་ཟེར་ནས་ཁ་པར་འབྱོར་སོང་། ང་རང་ནང་གི་སྒོ་འགྲམ་དུ་སླེབས་དུས་ལྡེ་མིག་བཞག་ཡོད་ན་ཡང་། སྒོ་ཡག་པོ་བརྒྱབ་མི་འདུག  སྟབས་ཡག་ནས་འདི་རུ་རྐུན་མ་འདྲ་མ་ཡོང་བ་རེད་མ་གཏོགས། ནང་གི་གློག་ཀླད་རྐུན་མ་ཤོར་བ་ཡིན་ན་ནི་ཚར་སོང་བསམ་ཞོར་དུ་སྒོ་ཕྱེ་ནས་ནང་གི་ལག་ཁྱེར་གློག་ཀླད་ཡོད་མེད་ལ་བལྟས་དུས། གློག་ཀླད་འདུག་པས་ང་རང་སེམས་ལྷོད་དུ་འབབ་ཞོར་ནང་དུ་འཛུལ་བ་ཡིན། ༣།༢།༠༩

ཆུ་ཚོད་བཅུ་གཉིས་མ་ཟིན་བར་དུ་ཉལ་བ་ཡིན།གངས་མཚོས་ང་རང་ལ་ཚ་ལུ་མའི་ཁུ་བ་ཞིག་བཟོས་དེ་ཉལ་སའི་ནང་དུ་སྤྲད་སོང་། དེ་ནས་ངེད་གཉིས་འགྲོག་ནས་འཚིག་ཇ་འཐུང་སར་ང་རང་ནམ་རྒྱུན་དུས་ཚོད་ཡོད་དུས་སུ་དེ་རུ་སོང་དེ་གློག་ཀླད་དྲ་རྒྱའི་བརྡ་རྟགས་ཡོད་སྟབས། དེ་ནས་ཆུ་ཚོད་གཉིས་རིང་དུ་ཟིན་བྲིས་ཁག་ལ་ཀློག་མྱུལ་བྱེད་དུ་སྤྱོད་དུས་སུ།དུས་བབ་ཚང་གི་ཟིན་བྲིས་ནང་དུ་བདག་གི་གྲོགས་པོ་ལྷ་ཆབ་སྤྱིན་པ་འཛུལ་ཞུགས་བྱས་འདུག་པ་དེ་མཐོང་བས་དངོས་ནས་དགའ་སོང་།ཡ་མཚར་བ་ཞིག་ལ་ཉིན་འགའི་སྔོན་དུ་ངས་ལྷ་ཆབ་ཁོ་རང་ཟིན་བྲིས ་ནང་དུ་ཞུགས་ཐུབ་པ་ཡིན་ན་ཅི་འདྲའི་བཟང་སྙམ་སོང་མོད། འཛམ་གླིང་གི་མི་མང་ཕལ་ཆེ་བས་ཚོར་བ་འདི་འདྲ་ཞིག་ཡིན་ནམ་སྙམ་ཞོར་ང་རང་བྲེལ་བྲེལ་འཚབ་འཚུབ་ངང་དུ་གངས་མཚོས་རླངས་འཁོར་དུ་བསྡད་ནས་ལས་ཀའི་ཕྱོགས་སུ་ཤར་བསྐྱོད་བྱས་པ་ཡིན།དེ་རིང་ནི་དངོས་སུ་ཁོ་རང་ཟིན་བྲིས་སུ་ཞུགས་འདུག་པ་དེ་མཐོང་མ་ཐག་ང་རང་རང་གི་ཚོར་བའི་དྲན་སྟངས་ཁ་ཤས་ལ་ཧ་ལས་སོང་། ལས་ཀ་ནི་རྒྱུན་ལྡན་ཡིན་ན་ཡང་།དེ་རིང་ཟ་ཁང་ནང་ནས་ཆུ་ཚོད་བརྒྱད་ཀྱི་རིང་དུ་བསྡད་ཀྱང་། སྐུ་མགྲོན་ནི་སྤྱིན་བདག་རེད་ཟེར་བས་མི་གཉིས་ལས་སྐུ་མགྲོན་གཅིག་ཀྱང་མ་ཡོང་ན་ཡང་། ངེད་ཅག་ལས་མི་དག་གིས་ཆུ་ཚོད་ཚང་བར་སྒུག་ནས་ཡར་འགྲོ་མར་འགྲོ་བྱས་དེ་བསྡོད་རྒྱུ་ལས་ཐབས་ཤེས་གང་ཡང་མེད། ཆུ་ཚོད་བཅུ་གཅིག་ཟིན་པར་སྐར་མ་གཅིག་འདུག  ང་རང་གིས་ཐོ་འགོད་བྱས་དེ་རང་གི་བསྡོད་གནས་སུ་ལོག་ཞོར་དུ་གངས་མཚོ་རྗོ་སུ་ལམ་དུ་ཡོད་པ་དེ་ལ་ཁ་བརྡ་བྱས། ༤།༢།༠༩

ཞོགས་པ་ཆུ་ཚོད་དགུ་བ་ཙམ་ཡོལ་ནས་ཡར་བླངས་དེ་འཚིག་ཇ་ཁང་དུ་བྱིན་ནས་ཆུ་ཚོད་བཞིའི་རིང་དུ་ཟིན་བྲིས་དག་ཀློག་པ་དང་ལན་བྲིས་པ་སོགས་བྱས་དེ་འཚིག་ཇ་འཐུང་ས་དེ་ནས་བསྡད་པ་ཡིན། ཆུ་ཚོད་ལྟར་ལས་ཀ་བྱེད་དུ་སོང་། དེ་རིང་ཆུ་ཚོད་བདུན་ཡོལ་ནས་སྒོ་ཕྱེ་ནས་ཅུང་མ་འགོར་བས་སྐུ་མགྲོན་དག་ནི་ཆུ་ཚོད་བཅུ་དང་ཕྱེད་ཀ་ཟིན་རེག་བར་དུ་གཅིག་རྗེས་གཅིག་གིས་མཐུད་དེ་རྒྱུན་ཆད་མ་སོང་བ་དང་ངེད་ཚོ་ཡང་བྲེལ་བྲེལ་འཚབ་འཚུང་ངང་ནས་ལས་མཇུག་བསྡུས་དེ་ང་རང་ནང་དུ་ལོག་མ་ཡོང་སྔོན་དུ་གངས་མཚོས་སང་ཉིན་དགོང་མོ་ང་རང་གི་བོད་རིགས་གྲོགས་པོ་བསྐོར་ཞིག་ལ་དགོང་ཟས་ཟ་བར་ཁོ་མོའི་ཨ་མའི་ནང་དུ་སྐད་བཏང་ཡོད་པ་དང་ང་རང་གིས་ཀྱང་ཐེ་ལན་གྲའི་ཟ་མ་རེ་ཟུང་ཞིག་བཟོས་ན་ཟེར་བ་སོགས་ཀྱིས་བསམ་ཚུལ་མང་བོ་ཞིག་བཤད་སོང་། གང་ལྟར། ང་རང་སང་ཉིན་ཞོགས་པ་ཆུ་ཚོད་བཅུ་བའི་སྟེང་འགྲིམ་འགྲུལ་རླངས་འཁོར་ནང་དུ་འབུད་དེ་ཨེས་སུ་རལ་གྱི་དབུས་དང་རྒྱལ་ས་རྗོ་སུ་ལམ་དུ་ལོག་དགོས་ཀྱི་ཡོད། འདི་ནས་རླངས་འཁོར་ནང་ནས་ཆུ་ཚོད་བཞི་དང་ཕྱེད་ཀའི་ལམ་ཐག་རེད།

དེ་རིང་ང་རང་ལ་དམིགས་བསལ་གྱིས་རང་གི་མི་ཚེ་ནང་དུ་༧རྒྱལ་བ་རིན་པོ་ཆེའི་རྨི་ལམ་རྨིས་པ་དག་ལ་ཕྱིར་དྲན་གསལ་བོ་ཞིག་བྱེད་དགོས་བྱུང་སོང་ལ། རྨི་ལམ་དེ་དག་གིས་ཀྱང་ང་རང་ལ་མ་འོངས་ལུང་བསྟན་མང་བོ་ཞིག་གནང་ཡོད་པ་ཡང་། གཞི་ནས་གཅིག་གཅིག་གཉིས་གཉིས་བྱས་དེ་སེམས་སུ་གསལ་ནས་ཡོང་གི་འདུག་པ་དེའི་ང་རང་གི་སེམས་ནང་དུ་དམིགས་གསལ་གྱིས་རྒྱལ་བ་རིན་པོ་ཆེ་དྲན་པ་ཞིག་བྱུང་སོང་། སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། གང་ནས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། ཁྱེད་དང་མི་འབྲལ་བར་བྱིན་གྱིས་སློབས་ཤིག བདག་དང་ཉམ་ཐག་འགྲོ་བ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པ་དེ་སྲིད་དུ།འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག ༥།༢།༠༩

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. timesofboy says:
    ལོ་ 15 སྔོན།

    ཐོག་མར་གནམ་ཐང་དུ་འགྲོ་སྐབས་ཁྱེད་ཀྱིས་དག་ཡིག་གསར་བསྒྲིགས་ཤིག་ཁྱེར་ཡོད་ཟེར་གྱིན་འདུག་ག

    ད་ལྟ་དག་ཡིག་ལག་ན་ཡོད་དམ།

    Reply
  2. thupten tongkor says:
    ལོ་ 15 སྔོན།

    བཀླགས་ནས་བུད་སོང

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    ད་ལྟ་རང་ཁྱེད་ཀྱི་འཁོར་བ་སྐྱ་བོ་དེ་ཡི་ནང་དུ་འགྲོ་ངེས་ཡིན།

    Reply
  4. karmadentse says:
    ལོ་ 15 སྔོན།

    ཁྱོད་ལ་རྨི་ལམ་མང་ཡ།
    ཁོམ་པ་རེ་ཡོད་ན་ངའི་འཁོར་ངན་ནང་ལ་མིག་ཟུར་ཞིག་བྱོས།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    ཤུ་རེ་བྱེད་ཀྱི་ཡོད། ཁྱེད་རང་བར་ནས་རིག་མ་སོང་། ཕ་ཡུལ་ལ་སོང་བ་ཡིན་ནམ

    Reply
  6. salygyal says:
    ལོ་ 15 སྔོན།

    ཨ་རོགས། ཁྱོད་ཀྱིས་ད་དུང་མུ་མཐུད་ནས་འབྲི་བཞིན་ཡོད་དམ། ངས་ཁྱོད་ཀྱིས་རྒན་མོའི་ཨ་མར་འཁོན་རེས་བྱས་བ་དེ་ནས་བཟུང་ཀློག་ཐུབ་མ་སོང་། དེ་རིང་སོ་མ་ཡུལ་ནས་ཕྱིར་འབྱོར་བ་ཡིན། འདི་ར་ད་དུང་བཀླགས་མེད། ཡུན་གྱིས་བཀླག་གི་ཡིན། འདི་འབྱོར་ཐོ་ཙམ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese