མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། རེ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ང་རང་རྗོ་སུ་ལམ་དུ་འབྱོར་དུས་སུ་མོ་རང་ང་བསུ་བར་ཨ་མའི་རླངས་འཁོར་བཏང་ནས་འབྱོར་བ་མ་ཟད། ང་རང་ལ་ཟ་མ་ཕྱི་རྒྱལ་བའི་བག་ལེབ་སྟེང་དུ་ཕྱུ་ར་དང་སྔོ་ཚལ་ཡོད་པ་ཞིག་འཁུར་འདུག་པ་དེ་ང་རང་ལ་ཁོ་མོའི་ལག་གཉིས་ཀྱིས་སྐྱོར་ནས་སྤྲད་སོང་། ངེད་གཉིས་དེ་ནས་ཁོ་མོའི་ཕ་མ་གཉིས་གློག་བརྙན་བལྟ་རུ་བྱིན་འདུག་པ་དེ་བསུ་རུ་སོང་དེ་འཆིག་ཇ་འཐུང་ས་ནས་ང་རང་གི་དྲ་རྒྱ་བསྔོགས་ཞོར་དུ་བསྒུག་ནས་བསྡད་པ་ཡིན། གློག་བརྙན་ཚར་ནས་གངས་མཚོའི་ཕ་མ་གཉིས་དང་ང་ཚོ་བཞིའི་འཚིག་ཇ་འཐུང་ས་ནས་ཅུང་ཙམ་རིང་དུ་ཁ་བརྡ་བྱས། ཡུན་རིང་བོར་བཤད་མ་ཐུབ་པའི་མོ་རང་ལ་ཕྲུ་གུ་ཆགས་ཡོད་པའི་སྐོར་དེ་མོ་རང་གི་ཕ་རྒན་ལ་རེས་ལ་བཤད་དུས། ཁོ་མོའི་ཕ་རྒན་གྱི་ངོ་གདོང་ཅུང་ཙམ་སྐྱ་བོར་གྱུར་བ་ལས་བཟང་ངན་གྱི་སྐད་ཆ་གང་ཡང་བཤད་ཀྱི་མི་འདུག་པར་རེ་ཞིག་བསྡད་སྐབས་དེར། མོ་རང་ཡར་བླངས་དེ་བུད་སོང་། སྐབས་དེར་ཨ་མས་ཕ་རྒན་ལ་ཁྱེད་རང་གིས་རྟེན་འབྲེལ་མི་ཞུ་སྲོལ་ག་ལ་ཡོད། མོ་རང་ཁོང་ཁྲོ་བླངས་དེ་བུད་སོང་། ཁྱོད་སོང་ནས་སེམས་གསོ་ཞིག་བྱས་ན་མ་རེད་དམ་ཟེར། ང་རང་ཡང་ཁོ་གཉིས་ཀྱི་རྗེས་སུ་སོང་བ་ཡིན། མོ་རང་སྤྱོད་ཁང་དུ་བྱིན་འདུག་སྟབས། ང་ཚོས་སྤྱོད་ཁང་གི་ཕྱི་ལོག་ནས་ཁོ་མོ་སྒོ་རུ་ཡོང་རྒྱུར་སྒུག་ནས་བསྡད་པ་ཡིན།

ཕ་རྒན་གྱིས་གཅེས་ཕྲུག་མ། ཁྱེད་རང་ལ་རྟེན་འབྲེལ་ཞུ། ང་ཁྱེད་རང་ལ་བརྩེ་བ་ཡོད་ཟེར་ནས་གངས་མཚོས་ཕ་རྒན་གྱིས་གངས་མཚོའི་མགོ་ལ་ལག་པས་ཕྱིད་ཕྱིད་གཏོང་ཞོར་དུ་བཤད་དུས། གངས་མཚོ་མོ་རང་གིས་གདོང་ལ་ཡང་འཛུམ་གྱིས་འཁང་སོང་བ་དང་བསྟུན་ངེད་ཅག་ཚང་མ་གློག་བརྙན་ཁང་དེའི་སྒོའི་ཕྱི་ལ་འབུད། གངས་མཚོའི་ཕ་མ་གཉིས་ནི་ལོ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་རང་རང་གི་ས་ནས་བསྡད་ཡོད་པ་རེད། དེའི་སྟབས་ཀྱི་གངས་མཚོའི་ཕ་རྒན་གྱིས་ང་ཚོ་ལ་བདེ་མོ་འཇོག་ཞོར་དུ། ང་རང་ལ་རྡོ་རྗེ་ཁྱེད་རང་ལ་རྟེན་འབྲེལ་ཞུ་ཟེར་ཞོར་དུ་འབུད་སོང་། ང་རང་གིས་ཚོར་བ་ལྟར་བཤད་པ་ཡིན་ན་གངས་མཚོའི་ཕ་རྒན་གྱིས་སེམས་ནང་དུ་མོ་རང་ལ་བྱིས་པ་ཆགས་ཡོད་ཅེས་བཤད་མ་ཐགབཟང་ངན་གང་ཡང་མི་བཤད་པའི་རྒྱུ་མཚན་གཉིས་འདུག གཅིག་ནི་མོ་རང་གི་བཟའ་སྟོན་མ་བྱས་པར་བྱིས་པ་འཁོར་ཡོད་པ་དེ་ལ་སེམས་འཁྲལ་བྱས་པ་ཡིན་སྲིད་པ་དང་གཉིས་ནི་ང་རང་བོད་རིགས་ཤིག་ལས་ཁོང་ཚོས་མི་རིགས་རྗོ་ཤུ་མིན་པ་གཉིས་ཀྱི་གནད་དོན་ལས་ཡིན་རྒྱུ་རེད།གང་ཡིན་ཟེར་ན་ནང་མིའི་ནང་ནས་རྗོ་ཤུ་ཆོས་ལུགས་པའི་ལམ་སྲོལ་གྱི་ཆོས་ལུགས་པའི་བྱེད་སྒོ་ཁག་ལ་བརྩི་བཀུར་བྱེད་མཁན་གྱི་མི་ཞིག་ཡོད་པ་ཁོ་རང་གཅིག་བུ་ཆགས་ཡོད་པས་ཡིན་མི་སྲིད་པ་མ་རེད་སྙམ་སོང་། ང་ཚོ་གསུམ་རླངས་འཁོར་དུ་འབུད་དེ་གངས་མཚོའི་ཨ་མའི་ཁྱིམ་དུ་འབྱོར་ནས་ང་རང་གི་བོད་རིགས་གྲོགས་པོ་བཟའ་ཚང་ཆ་གསུམ་ལ་གངས་མཚོས་ང་རང་ལ་བསམ་བློ་བཏང་ནས་མགྲོན་འབོད་བྱས་ཡོད་པ་དེ་དག་ལ་ང་རང་གི་བོད་ཟས་དང་རྒྱ་ཟས་གསར་བ་ང་རང་གི་སྤྱངས་པའི་ཐེ་ལན་གྲི་ཁ་ལག་བཟོས་པ་ཡིན།

ང་ཚོ་འཛོམ་ནས་ཕན་ཚུན་ལ་ལབ་གླེང་མང་བོ་ཞིག་བྱུང་བའི་ནང་གི་དོན་དག་སྙིང་བོ་ནི་ཕྱི་རྒྱལ་གྱི་ཆུང་མ་འདི་དག་དང་ང་ཚོ་བོད་རིགས་སྐྱེ་བ་དག་གི་བར་གྱི་དཀའ་ངལ་ཡོང་སྟངས་བསྐོར་ཞིག་རེད། མཚན་མོ་དེར་བློ་དོན་ངེད་གཉིས་ཀྱིས་ཁ་བརྡ་ཡར་མར་མང་བོ་ཞིག་བྱས་པ་དང་དྲ་རྒྱའི་ནང་དུ་འཁོར་ནས་ཞོགས་པའི་ཆུ་ཚོད་བཞི་བ་བར་དུ་ལུས་སོང་། ང་ཚོ་མི་ཁྱོན་སྡོམ་མི་བཅུ་གཉིས་འཛོམ་པའི་ནང་གི་གསུམ་ནི་བྱིས་པ་ཡིན། རྡོར་རྒྱལ་ནི་མདོ་སྨད་མཚོ་སྔོན་ཕྱོགས་ནས་ཡིན་ལ་ཁོ་རང་དང་སྐྱེས་དམན་གཉིས་ལ་ཟླ་བ་ཁ་ཤས་ལས་མ་སོང་བའི་བྱིས་པ་ཞིག་ཡོད་པ་དེ་ནི་བུ་མོ་ཞིག་ཡིན། བུ་ཆུང་ནི་རྒྱ་གར་ནས་འཚར་ལོངས་བྱུང་བའི་བོད་རིགས་ཤིག་ཡིན། ཁོ་རང་དང་སྐྱེས་དམན་གཉིས་ལ་ཟླ་བ་གཉིས་ཙམ་ལ་སོན་པའི་བྱིས་པ་ཞིག་ཡོད། དེ་ཡང་བུ་མོ་ཡིན། བློ་དོན་དང་སྐྱེས་དམན་གཉིས་ལ་ཡང་བྱིས་པ་ཞིག་ཡོད། ཡང་དེ་བུ་མོ་ཡིན། ལོ་ན་བཞི་ལ་སོན་ཙམ་རེད། ད་ནི་ངེད་བཟའ་མི་གཉིས་ལ་ཡང་ཁོང་ཚོ་ལ་གཏམ་བཟང་ཞིག་བཤད་རྒྱུ་ཡོད་པ་དེ་ནི་ངེད་གཉིས་ཀྱང་བྱིས་པ་ཞིག་གི་ཕ་མ་ཆགས་ཡོད་པ་དེ་རེད། མཚན་མོ་དེར་ཚང་མས་ངེད་གཉིས་ལ་རྟེན་འབྲེལ་བཀྲ་ཤིས་བདེ་ལེགས་ཞུས་སོང་། ༦།༢།༠༩

ཞོགས་པ་ཆུ་ཚོད་དགུ་བ་མ་ཟིན་ཙམ་དུ་ཡར་ལ་བླངས་དེ་བློ་དོན་བཟའ་མི་གསུམ་ལམ་འཇུག་བྱས་ཚར་ནས་ང་ཚོ་བཟའ་མི་གསུམ་ཡང་གངས་མཚོའི་ཨ་ཅེའི་བུ་མོ་ཆུང་ཆུང་དེའི་སྐྱེས་སྐར་ཡིན་སྟབས་དེ་རུ་བྱིན་པ་ཡིན།གངས་མཚོའི་ཨ་ཅེའི་ནང་དུ་ཁྱིམ་ཚང་བཞི་ལྔ་ཞིག་གི་ནང་མི་སླེབས་འདུག་པ་དང་བྱིས་པ་ཡང་མི་ཉུང་བ་ཞིག་ཀྱང་འདུས་འདུག  ང་རང་གི་གང་ཐུབ་ཐུབ་ཞིག་གངས་མཚོའི་ཨ་ཅེ་ལ་རོགས་བྱས་པ་ཡིན། བར་སྐབས་ཤིག་ལ་མི་མང་གིས་ཁ་ལག་ཟ་བར་གྲ་སྒྲིག་བྱས་དེ་ཅོག་རྩེ་མཐའ་རུ་རང་རང་གི་འདུག་སྟེགས་རེ་བཟུང་དེ་བསྡད་འདུག་པ་དེའི་ནང་ནས་གངས་མཚོས་ཀྱང་ང་རང་ལ་སྐད་བཏང་བ་ལྟར་ང་རང་ཡང་གངས་མཚོས་འགྲམ་དུ་བཙོག་ནས་གང་ཡང་མ་ཟོས་པར་ཆུ་ཞིག་འཐུང་ནས་བསྡད་པ་ཡིན།

ཕྱི་ན་བྱིས་པ་དག་གི་སྐད་རྒྱགས་བཞིན་འདུག  མི་མང་བོ་ཞིག་དེ་རུ་འགྲོ་བཞིན་འདུག་པས་ང་རང་ཕྱི་ལ་འབུད་ནས་གཅིག་བལྟས་དུས། བྱིས་པ་གཉིས་ཀྱིས་རུས་སྤལ་ཆུང་ཆུང་ཞིག་རི་མགོ་ནས་བཟུང་དེ་ཡོང་འདུག་པ་དེར་མི་ཚང་མས་ལྟད་མོ་བལྟ་བཞིན་མཛེས་པ་ལ་ཟེར་ཞོར་དུ་འདི་སུས་ཁྱིམ་ལ་འཁྱེར་འདོད་ཡོད་ཟེར་བ་སོགས་བཤད་བཞིན་འདུག་པས་སྐབས་དེར། ངས་འདི་ཁྱེད་གཉིས་ཀྱི་གང་ནས་བཟུང་དེ་ཡོང་བ་ཡིན་ཞེས་དྲིས་དུས་རི་མགོ་ཆུང་ཆུང་དེ་བསྟན་ནས་དེ་རུ་བཟུང་དེ་ཡོང་བ་ཡིན་ཟེར། ངས་འགྲོ  ང་ཚོ་ཕྱི་ལ་གཏོང་དུ་འགྲོ ཁོ་རང་གང་ན་ཡོད་ན་དེ་རུ་ཕྱིར་གཏོང་དགོས་ཤེས་བཤད་དུས་བྱིས་པ་དེ་གཉིས་ཀྱིས་ཀྱང་ཡིན་མིན་གྱི་སྐད་ཆ་གང་ཡང་མི་བཤད་པར་ང་རང་གི་རྗེས་སུ་སླེབས་སོང་། ང་ཚོས་རུས་སྤལ་ཆུང་ཆུང་དེ་རི་ལ་ཕྱིར་བཏང་ནས་ཡོང་བཞིན་པའི་སྐབས་སུ་ཡང་བྱིས་པ་གཅིག་གིས་གྲོག་མ་ཆུང་ཆུང་ཞིག་བཟུང་དེ་ཁ་ནང་ལ་བཅུགས་དེ་ཟོས་སོང་། ངས་དེ་མཐོང་ནས་དེ་ཡག་པོ་མ་རེད་ཟེར་ནས་ཐད་གར་མ་བཤད་པར་ཁོ་རང་ལ་དཔེ་བཞག་ནས་བཤད་དུས་ཁོས་ཀྱང་ལགས་སོ་ཟེར་ནས་ལན་བཏབས་པ་དང་མཉམ་དུ་འབུ་རིགས་ཟ་མཁན་གྱི་མི་རིགས་མང་བོ་ཞིག་གི་མིང་གླེང་བཞིན་འདུག  ངས་སྐབས་དེར་ལོ་བཅུ་ལས་མ་བརྒལ་བའི་བྱིས་པ་འདི་འདྲ་ཞིག་གིས་རྒྱལ་ཁབ་དེ་འདྲའི་མང་བོ་ཞིག་གི་བཟང་ཆ་མ་གོ་བར་ངན་ཆ་ཚང་མ་གོ་བའི་མ་ཚད་རང་གི་ལག་ལེན་ལ་བསྟར་ནས་ཚོད་ལྟ་བྱེད་ཀྱི་འདུག་པ་འདི་ནི་རང་དབང་ལ་ལོང་སྤྱོད་བྱེད་སྟངས་ཀྱི་སློབ་སྟོན་གྱི་མ་འདང་བའི་ནུབ་ཕྱོགས་པའི་བྱིས་པ་དག་ལ་འཕྲད་བཞིན་པའི་ཉེན་ཁ་ཆེན་པོ་ཞིག་མིན་ནམ་སྙམ་ཞོར་དུ་ང་ཚོ་ཕྱིར་རི་ནས་གངས་མཚོས་ཨ་ཅེའི་ནང་དུ་ལོག་པ་ཡིན།

 གངས་མཚོའི་ཨ་ཅེ་འཚབ་འཚུབ་དང་བཅས་དེ་རྒྱུགས་ཡོང་ནས་མི་མང་བཙོག་ཡོད་སའི་ཅོག་རྩེའི་སྟེང་གི་གྲང་ཚལ་རིགས་གཅིག་གཉིས་ཤིག་ཕྱིར་འཁུར་ཞོར་དུ་མོ་རང་གི་ཨ་མ་ལ་ཁྱེད་རང་དེ་འདྲའི་བྲེལ་བ་བྱས་དེ་གང་བྱེད་ཀྱི་ཡོད་ཟེར་ཞོར་དུ་ང་ཚོས་ད་དུང་མེ་ཝལ་གྱི་ཕ་མ་གཉིས་ལ་སྒུག་དགོས་ཟེར་ནས་ཕྱིར་ཐབ་ཚང་དུ་འབུད་སོང་། མེ་ཝལ་ནི་མོ་རང་གི་ཁྱོ་ག་རེད། གང་ལྟར། སྐྱ་ཁའི་ཚང་ནང་དུ་རྡོ་འཕངས་པ་ལྟར་མི་ཚོས་རང་རང་གི་ས་ནས་བཤད་བཞིན་པའི་སྐད་ཆ་བཟང་ངན་ཡག་འདུག་གང་ཡིན་ཡང་རྫོགས་རྒྱུ་མི་འདུག ང་རང་ཟུར་ནས་རྐུབ་སྟེགས་སྙི་མོ་ཞིག་ཡོད་པ་དེའི་སྟེང་དུ་བསྡད་ནས་ཁོང་ཚོ་ལ་བལྟས་དེ་བསྡད། གང་ནས་སླེབས་པ་ཡང་མ་ཤེས་པར་མི་ཚང་མ་ཅོག་རྩེ་མཐའ་རུ་སླར་ཡང་འདུས་འདུག་པས་ང་རང་ཡང་གངས་མཚོའི་འཁྲིས་ཀྱི་རྐུབ་སྟེགས་སླར་ཡང་བཙོག་པ་ཡིན།

ངས་ཕར་ཕྱོགས་ཀྱི་ཁ་གཏད་དུ་བསྡད་ཡོད་པའི་མི་ངོ་གདོང་ན་འཛུམ་འདང་མེད་པ་དང་ཕར་བལྟས་ཚོད་ཀྱིས་མི་ཁོང་ཁྲོ་ཚ་བོ་ཞིག་ཡོད་པ་དེ་ནི་མེ་ཝལ་གྱི་ཕ་རྒན་ཡིན་པ་ཤེས་སོང་། མི་ཚང་མའི་རང་རང་གི་ས་ནས་ཁ་ལག་ཟ་མགོ་བཙུགས་བཞིན་འདུག་ལ་ཁོ་རང་གིས་སྐད་ཤུགས་ཆེན་པོ་དང་རྣམ་འགྱུར་མི་ལེགས་པ་ཞིག་དང་བཅས་མི་ཚང་མ་ལ་རྗོ་ཤུ་ལུགས་སྲོལ་ལ་བརྩི་བཀུར་དང་ཆོས་ལུགས་ཀྱི་ཉིན་མོ་ལ་བརྩི་སྲུང་བྱེད་དགོས་པ་སོགས་ཀྱི་བསྐོར་བཤད་དེ་འོང་དུས་སུ་མཐའ་ནས་མི་རེ་ཟུང་གིས་ཁོ་རང་གི་རྣམ་འགྱུར་ལ་བལྟ་བཞིན་དགད་མོ་ཤོར་གྱི་འདུག་ཀྱང་ཁོ་རང་གིས་མུ་མཐུད་དུ་སྐད་ཆ་ཚང་མ་བཤད་རྗེས་སུ་སྒོར་ཁུག་ཕྱི་ལ་བཏོན་ནས་ནང་ནས་སྒྲོ་ལོར་བརྒྱ་ཤོག་གཉིས་བཏོན་ནས་སྐྱེས་སྐར་གཉིས་ཡོད་པའི་ཁོ་རང་གི་ཕྲུ་གུ་གཉིས་ལ་རེ་རེ་བྱིན་ནས་རྐུབ་སྟེགས་སྟེང་དུ་སླར་ཡང་བཙོག་སོང་། དངོས་ནས་མི་འདི་འདྲ་ནི་སྤྱི་ཚོགས་གང་དུ་ཡོད་ན་ཡང་དེའི་རིགས་ཀྱི་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་ལས་ཕན་ཐོག་གང་ཡང་མེད་པ་ལྟ་བའི་ཚོར་བ་ཞིག་སྤྲད་སོང་། ཡ་མཚར་བ་ཞིག་ལ་ཁོ་རང་གི་བུ་མེ་ཝལ་ནི་ང་རང་གི་ངོ་ཤེས་ཀྱི་ཡོད་ལ་མི་དེ་ནི་དངོས་ནས་ཡ་རབ་ཞིག་ཡིན། ཕ་དེ་འདྲའི་གཤིས་གྱོང་ཞིག་ལ་བུ་དེ་འདྲའི་བཟང་བོ་ཞིག་སྙམ་ཞོར་དུ་ཁ་ལག་ཟོས་པ་ཡིན། རྗེས་སུ་གངས་མཚོས་ཁ་ནས་གནས་ཚུལ་གསལ་བོ་གོ་བ་ལྟར་ན་མེ་ཝལ་གྱི་ཕ་རྒན་ནི་ག་དུས་ཡིན་ཡང་། དེ་འདྲའི་མི་གཤིས་གྱོང་དང་རང་ཤེད་ཚ་བ་མ་ཟད། ཁྱིམ་ཚང་ནང་གི་རྒྱལ་བོ་བྱེད་རྒྱུ་ཡིན་ཟེར་མཁན་ཞིག་ཡིན་པ་མ་ཟད། མེ་ཝལ་ནི་བུ་དང་བུ་མོ་གསུམ་གྱི་ནང་གི་བུ་ཡ་རབ་དེ་ཆགས་ཡོད་ལ། ནམ་ཡིན་ཡང་ཕ་རྒན་གྱིས་ཁ་བརྡུང་འདྲ་མིན་མྱོང་གི་ཡོད་པ་རེད་ཟེར་།

ཉིན་གུང་ཟ་མའི་རྗེས་སུ་ང་རང་མཚན་ལ་གཉིད་ཡག་པོ་མ་ཁུགས་སྟབས་ཧ་ཅང་ཐང་ཆད་འདུག་པའི་ཁང་མིག་་ཆུང་ཆུང་ཞིག་གི་ནང་དུ་བྱིས་པ་ཁ་ཤས་གློག་ཀླད་ནང་དུ་རྩེད་མོ་རྩེ་བཞིན་ཡོད་པ་དེ་རུ་སོང་ནས་བཙན་གྱིས་ཆུ་ཚོད་གཅིག་གཉིས་ཤིག་ལ་གཉིད་ཁུལ་བྱས་པ་ཡིན། ཕྱི་དྲོ་ང་ཚོ་ཆུ་ཚོད་ལྔ་བ་མ་ཟིན་ཙམ་ལ་ཕྱིར་ནང་དུ་ལོག་པའི་ལམ་ཁ་ནས་གངས་མཚོའི་ཨ་མ་རྒན་མོ་མོ་རང་གི་ནང་དུ་བསྐྱལ་ནས་ང་ཚོ་ཕྱིར་གངས་མཚོའི་ཨ་མའི་ནང་དུ་ལོག་ནས་ཡོང་བས་ལམ་ཁར་ང་རང་གི་སེམས་ནང་དུ་ལོ་ན་གྱ་བཅུ་གྱ་ལྔ་ལ་སོན་པའི་རྒན་མོ་ལོ་ལོན་ཞིག་རང་གི་བྱིས་པ་ཡོད་བཞིན་དུ་ཁེར་རྐྱང་དུ་ཁང་མིག་ཞིག་གི་ནང་དུ་རང་གི་བཟའ་བཏུང་ཚང་མ་རང་གི་འགན་འཁུར་བྱེད་པ་དང་རང་གིས་རང་ལ་བདག་སྐྱོང་བྱེད་དགོས་པའི་ནུབ་ཕྱོགས་པའི་ལུགས་སྲོལ་འདི་ནི་དངོས་ནས་ཡིད་སྐྱོ་བ་ཞིག་རེད། ལོ་ན་རྒས་དུས་སུ་རང་གི་ཕྲུ་གུའི་རང་ལ་བདག་སྐྱོང་བྱེད་མ་ཐུབ་པ་ཡིན་ན་ནི། དངོས་ནས་ཕ་མ་དང་བུ་ཕྲུག་ཟེར་བ་དེ་ལ་དགོས་པ་གང་ཞིག་ཡོད་དམ་སྙམ་པ་མ་ཟད། ནུབ་ཕྱོགས་པའི་རང་དབང་གི་འཚོ་ལུགས་འདི་ལ་དངོས་ནས་སེམས་གཏིང་ནས་དགའ་རྒྱུ་ཕར་ཞོག་སེམས་གཏིང་ནས་སྐྱོ་བ་ཤུགས་དྲག་པོ་ཞིག་སྐྱེ་ཞོར་དུ། ཨ་ཙི། དཀོན་མཆོག་མཁྱེན། བོད་པ་འདི་ཚོ་ཡང་ཡར་རྒྱས་དང་རང་དབང་ཟེར་ནས་རྒྱུགས་རྒྱུགས་མཐར་ནུབ་ཕྱོགས་པ་འདི་ཚོ་ལྟ་བུ་ཞིག་ཆགས་ཉིན། དངོས་ནས་མི་ལ་ཆེ་ཆུང་དང་བརྩི་བཀུར་མེད་པ། རྒན་པ་ལ་གཉོར་སྐྱོང་དང་བྱིས་པ་བྱམས་སྐྱོང་བྱེད་ལུགས་ནོར་བའི་གོམ་གཤིས་འདི་འདྲ་ཞིག་ཆགས་ཉིན་དངོས་ནས་བོད་མི་ཟེར་བ་དེ་ཡང་ཚར་སོང་བ་རེད་སྙམ་ནས་སེམས་པ་སྐྱོ་ཞོར་དུ་རླངས་འཁོར་གྱི་སྒེའུ་ཁུང་ནང་ནས་ཕྱི་རོལ་གྱི་རྗོ་སུ་ལམ་གྲོང་ཁྱེར་གྱི་དགོང་ཁའི་རྣམ་པ་ལ་བལྟས།

ང་རང་གིས་ཆབ་བསྒྲགས་དང་ཟ་མ་བཟོ་སྟབས་ཁྲིད་རྒྱུ་ཡོད་པའི་བསྐོར་མང་བོ་ཞིག་བྱས་དེ་ཟླ་ངོི་གཉིས་གསུམ་ཞིག་བྱིན་ཡང་། དོ་ནུབ་བར་དུ་ཁྲིད་གླ་བྱིན་ནས་སློབ་དུ་ཡོང་བ་མ་བྱུང་མོད། དོ་ནུབ་བཟའ་མི་གངས་མཚོས་ངོ་ཤེས་གཉིས་ཡོང་བ་དེར་མོག་མོག་དང་ཨ་མདོའི་ཤ་འབྲས་བཟོ་སྟངས་གཉིས་བསླབ་པ་ཡིན་ལ། ཁོ་གཉིས་དངོས་ནས་དགའ་བོ་བྱུང་སོང་བ་མ་ཟད། ཟ་མ་དེ་གཉིས་ཀྱི་བྲོ་བ་ཡང་དངོས་ནས་ཞིམ་པོ་འདུག་ཟེར། འགྲོ་གར་ངས་ཁོ་གཉིས་ཟ་མ་དེ་དག་ལས་གང་ལུས་ཡོད་པའི་ནང་ནས་མང་ཤོས་བསྡུ་གསོག་བརྒྱབས་ནས་འཁུར་རོགས་གནོང་ཞེས་བཤད་དུས། བཟའ་མི་གཉིས་ཀྱི་གདོང་ལ་འཛུམ་གྱིས་བཀང་བཞིན་ཐུགས་རྗེ་ཆེ་ཞེས་བཤད་སོང་། ༧།༢།༠༩

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. timesofboy says:
    ལོ་ 15 སྔོན།

    ཇི་འདྲའི་སྙན་འཇེབས་ལྡན་པ་ལ།
    གྲོགས་ལགས། མུ་མཐུད་དུ་འབད་རོགས།

    Reply
  2. karmasamten says:
    ལོ་ 15 སྔོན།

    ཁྱེད་ཀྱི་རེ་བསྐུལ་བཞིན་༧ཀརྨ་པ་བོད་ནང་བཞུགས་དུས་ཀྱི་གཏམ་བརྒྱུད་ཟེར་བ་དེ་མུ་འཐུད་བཀོད་ཡོད་པས་ཀློགས་རོགས་གནང་།

    Reply
  3. karmasamten says:
    ལོ་ 15 སྔོན།

    སྐུ་ངལ་སྐྱོན་འདུག བཀླགས་ཟིན་མུ་འཐུད་སྤེལ་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese