མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཅིག་དམར་ཧྲང་ལ་ཁྲིད་དེ་ཁྲོམ་སྐོར་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་བཟའ་ཚང་བར་གྱི་རྙོག་དྲ་ཞིག་བྱུང་སྟེ། མི་སྐོར་ཞིག་གིས་བུ་མོ་རིག་འཛིན་ཟེར་བ་ཞིག་གི་སྐྲ་བྲེགས་ཤིང་སྣ་བཅད་དེ། མི་ཚོགས་འདུ་འཛོམས་བྱེད་སའི་ཁྲོམ་གཞུང་ལ་སྐོར་སྐྱོད་བྱས་ཡོད་འདུག  

ཟླ་སྔོན་མའི་ཕྱི་ཚེས་ ༡༦ ཉིན་ཨ་རུ་ན་ཅལ་མངའ་སྡེའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ནང་། རྨོ་མོ་རྒན་འཁོགས་ཤིག་ལས་ནང་མི་གཞན་མེད་པའི་བུད་མེད་རིག་འཛིན་ཞུ་བ། ད་ལྟ་རང་ལོ་ ༣༠ ཡིན་པ་ཞིག་དང་བཟའ་ཟླ་ཡོད་པའི་སྐྱེས་པ་ཞིག་གི་བར་ལུས་འབྲེལ་བྱུང་པའི་གནས་ཚུལ་འོག་སྐྱེས་པ་དེའི་གཉེན་ཉེ་གཞིས་གྲོང་གསུམ་པའི་བསྟན་འཛིན་ཆོས་གྲུབ་དང་། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། གཞིས་གྲོང་གཉིས་པའི་པ་སངས་དང་རྒྱལ་མཚན། པདྨ་བཅས་མི་ ༧ ཀྱིས་བུ་མོ་རིག་འཛིན་ཉེས་རྡུང་ཚད་མེད་བཏང་ཞིང་། མགོའི་སྐྲ་བཅད་པ་དང་། སྣ་ལ་ཇེམ་ཙེ་བརྒྱབ་པ་སོགས་ཀྱི་མནར་གཅོད་བཏང་ཡོད་པ་མ་ཟད། ལུས་ཧྲིལ་བོ་དམར་ཧྲང་ལ་ཕུད་དེ་གཞིས་གྲོང་གི་མི་ཚོགས་འཛོམས་སའི་ཁྲོམ་སྲང་དུ་བཙན་ཁྲིད་བྱས་ཤིང་། མི་སྤྱོད་ལས་འདས་པའི་དམའ་འབེབ་དང་གཅར་རྡུང་ཚད་མེད་བཏང་ཡོད་འདུག འདི་གར་གནས་ཚུལ་འབྱོར་བ་ལྟར་ན། བྱ་སྤྱོད་དེ་སྤེལ་མཁན་གྲས་སུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་ས་གནས་མཉམ་ལས་ཀྱི་ལས་བྱེད་ཅིག་ཀྱང་ཚུད་ཡོད་འདུག



འདི་གའི་གསར་འགོད་པས་བུ་མོ་རིག་འཛིན་དང་སྐྱེས་པ་དེའི་གཉེན་ཉེ། དེ་བཞིན། བསྟན་སྒང་ས་གནས་མགོ་འཛིན་བཅས་ལ་འབྲེལ་བ་བྱས་ཀྱང་ཞིབ་ཕྲའི་གནས་ཚུལ་རག་ཐབས་མ་བྱུང་སྟབས། ཕྱི་ཚེས་ ༦ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས “བསྟན་འཛིན་སྒང་བོད་མིའི་གཞིས་སྒར་ནང་གནས་ཚུལ་དེ་འདྲ་ཞིག་ལྷག་པ་དངོས་ཡོད་རེད། རྩ་བའི་གནས་ཚུལ་ཐབས་རྡུག་དེ་འདྲ་ཞིག་བྱུང་བར་འགྲོ་བ་མི་སུ་འདྲ་ཞིག་གིས་བལྟས་ཀྱང་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད། གནས་ཚུལ་དེ་ཐོས་མ་ཐག་ང་ཚོར་བློ་ཕམ་ཞེ་དྲག་བྱུང་སོང་། ས་གནས་ལ་འབྲེལ་བ་ཞུས་ཏེ་དོ་བདག་གིས་ས་གནས་ལས་ཁུངས་ལ་ཞུ་གཏུག་བྱ་མིན་ལ་མ་བལྟས་པར། གནད་དོན་འདིའི་ཐོག་ལ་ཞིབ་ཚགས་པོས་དོ་ནན་མ་བྱས་ན་འགྲིག་གི་མི་འདུག་ཅེས་ལམ་སྟོན་བྱས་ཡོད། ” ཅེས་གསུངས་ཏེ། བསྟན་འཛིན་སྒང་གཞི་ཆགས་ནང་བྱུང་བའི་ཛ་དྲག་གི་གནས་སྟངས་དེའི་ཐད། ནང་སྲིད་ལས་ཁུངས་ཀྱིས་ས་གནས་ལས་ཁུངས་ལ་བཀའ་གནང་བ་ལྟར། བསྟན་སྒང་ས་གནས་མགོ་འཛིན་དང་ས་གནས་གནད་ཡོད་མི་སྣ་ཁག གཞིས་གྲོང་ཁྱིམ་ཚང་སོ་སོའི་ཁྱིམ་བདག་བཅས་འཛོམས་ཏེ། གཞིས་གྲོང་ནང་བྱ་སྤྱོད་སྡུག་ཅག་སྤེལ་མཁན་དེ་དག་ལ་མི་མང་འཛོམས་སར་ཉེས་སྤྱོད་ངོས་ལེན་དང་སྤང་བླང་འགྱོད་བཤགས་བྱེད་བཅུག་ཡོད་པ་མ་ཟད། ཁོང་ཅག་ལ་ཧིན་སྒོར་ ༤༠༠༠༠༠ ཡི་ཉེས་ཆད་དང་། བཟའ་ཟླ་ཡོད་བཞིན་དུ་ཚུལ་མིན་མཛའ་གྲོགས་སྒྲིག་མཁན་སྐྱེས་པ་དེར་ཧིན་སྒོར་ ༢༠༠༠༠ བཅས་ཀྱི་ཉེས་ཆད་བཅད་ཡོད་འདུག དེ་བཞིན། བྱ་སྤྱོད་དེ་སྤེལ་མཁན་གྲས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཆོས་གྲུབ་ཟེར་བ་དེ་ལས་གནས་ནས་དགོངས་པ་ཞུ་རུ་བཅུག་ཅིང་། ༢༠༡༣ གྱི་ལོ་མཇུག་བར་སྤྱི་བའི་ལས་ཁུར་སྣ་གཅིག་ཀྱང་བྱས་མི་ཆོག་པའི་ཐག་གཅོད་བྱས་ཡོད་འདུག



དྲུང་ཆེ་མཆོག་གིས་མུ་མཐུད་ངོ་སྤྲོད་གནང་བ་ལྟར་ན། བོད་མི་དེ་དག་གི་བྱ་སྤྱོད་ཐད་ས་གནས་ཡུལ་མི་ཚོར་ཁོང་ཁྲོ་ཆེན་པོ་བསླངས་ཡོད་འདུག་ལ། དེ་ནི་ས་ཁུལ་དེ་ནང་པའི་ཡུལ་ལུང་གལ་ཆེན་ཞིག་ཆགས་ཡོད་སྟབས། བུད་མེད་དམར་ཧྲང་ལ་ཁྲིད་པ་དེས་ཡུལ་ལྷ་གཞི་བདག་ཁྲོས་པའི་ཉེན་ཁ་ཡོད་པ་དང་། ཡུལ་ལུང་ནང་ལོ་ཉེས་ཆག་འཇིག་སྣ་ཚོགས་འབྱུང་ཉེན་བཅས་ལ་བརྟེན་ཏེ། དེ་དག་ཟློག་ཐབས་སུ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ལ་ཐུགས་དམ་ཞུས་ཏེ་ཞབས་བསྟན་མང་པོ་ཞིག་ཕེབས་འདུག་པ་རྣམས། ས་གནས་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་གི་བསྒྲུབས་ཡོད་པ་དང་། ཞབས་རིམ་དེ་དག་གི་འགྲོ་གྲོན་ཡོང་རྫོགས་ཀྱང་ཉེས་ཅན་དེ་དག་གིོས་གཏོང་རྒྱུ་ཐག་གཅོད་བྱས་ཡོད་འདུག  

གཞན། བུད་མེད་དེ་དང་ཉེས་རྡུང་གཏོང་མཁན་དག་གི་བར་གྱི་གནད་དོན་དང་། བཟའ་ཚང་ནང་ཁུལ་གྱི་རྙོག་དྲ་སོགས་ནང་འགྲིག་ཡོང་ཐབས་ལ་འབད་བརྩོན་བྱ་རྒྱུ་བྱས་ཡོད་སྟབས། རྒྱ་གར་ས་གནས་སྐོར་སྲུང་བ་དང་འབྲེལ་ཡོད་སྡེ་ཁག་གིས་ལག་པ་འཆང་གི་མེད་ཀྱང་། ད་སྔ་གནད་དོན་དེ་ཐག་གཅོད་གང་ཡང་བྱུང་ཡོད་མི་འདུག དེའི་ཐད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་“ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས། སྤྱིར་བཏང་གནད་དོན་དེའི་རིགས་ཁྲིམས་ཐོག་ལ་བསྐྱལ་དགོས་པ་རེད་ཅེས་ལབ་བསྡད་ཡོད། ཁྲིམས་ཐོག་ལ་བསྐྱལ་བ་ཡིན་ན་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་ལ། ནག་ཉེས་སུར་ཡོད་ཀྱང་དེ་ལ་ཁྲིམས་ཐོག་ནས་ཉེས་ཆད་ཕོག་ཡོང་གི་རེད། དེ་ལ་དཔག་པའི་མཐའ་ཞིག་གསལ་འགྲོ་རྒྱུ་རེད། ཡིན་ནའང་། ད་ལྟ་གནོད་འཚེ་ཕོག་མཁན་དོ་བདག་གི་ངོས་ནས་ཁྲིམས་གཏུགས་བྱ་རྒྱུར་མོས་མཐུན་ཁྱོན་ནས་མི་འདུག “ ཅེས་གསུངས་ཏེ། ཕྱོགས་གཉིས་ཀར་ཁྲིམས་ཐོག་ལ་འགྲོ་རྒྱུའི་མོས་མཐུན་མེད་པས། ཕྱོགས་གསུམ་པ་ཞིག་གིས་ཁྲིམས་ལ་གཏུགས་སྲོལ་མེད་པར་ནང་ཁུལ་འགྲིག་འཇགས་ཡོང་ཐབས་ལ་སྒུག་ཡོད་འདུག གལ་སྲིད་ནང་འགྲིག་ཐག་གཅོད་མ་བྱུང་བ་ཡིན་ན། དོ་བདག་སོ་སོས་གྲོང་སྡེ་ལྷན་ཚོགས་དང་། ས་གནས་མགོ་འཛིན་ལས་ཁུངས། དེ་བཞིན་ས་གནས་རྒྱ་གར་གཞུང་བཅས་ལ་བདེ་སྡུག་ཞུ་གཏུག་ཅི་ཞུས་ལྟར། རིམ་པས་ཁྲིམས་ཐོག་ལ་འགྲོ་དགོས་པ་ཞིག་ཆགས་ཡོད་སྐོར་བཅས་ངོ་སྤྲོད་གནང་སོང་།   

བསྟན་འཛིན་སྒང་བོད་མིའི་གཞིས་སྒར་ནང་སྔོན་མ་ཡང་ཕོ་མོའི་འབྲེལ་བའི་སྐོར་གྱི་རྙོག་དྲ་ཞིག་བྱུང་སྟེ། བུད་མེད་ལ་ཉེས་རྡུང་དམའ་འབེབ་བཏང་བའི་གནས་ཚུལ་ཐེངས་གཉིས་བྱུང་མྱོང་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 70

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ངོ་མ། སྤྱི་ཚོགས་རྙིང་པ་ཟེར་བའི་གནའ་སྒྲུང་ཞིག་དྲན་འོང་གི་འདུག་ག ད་དུང་ཤེས་ཡོན་ཅན་ཚོས་བཅོས་དགོས་པའི་ནད་རོ་དང་འགྲོལ་དགོས་པའི་མདུད་ནག་མང་ཙམ་འདུག ངས་ངེས་པར་གནས་ཚུལ་འདི་སྒྲུང་ཐུང་ཞིག་གི་ས་བོན་བྱེད་ངེས་ཡིན། ང་ལ་དེ་ལས་ལྷག་པའི་ཐབས་ཤེས་དང་ནུས་པ་མེད།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ངས་ངོ་མར་བཤད་ཤེས་ཀྱིན་མིན་འདུག བསྟན་འཛིན་སྒང་གི་གནད་དོན་འདིའི་སྐོར་ལ་དྲ་མཆན་འདེབས་པོ་ཚང་མས་ནག་ཉེས་ཅན་དེ་དག་ལ་ཆད་པ་ནན་པོ་གཅོད་དགོས་ཟེར་བ་དང་། ཁེ་ཎ་ཌ་གནས་སྤོས་ཀྱི་ལས་གཞི་ཁོངས་ནས་ཕུད་དགོས་ཟེར་བ་དང་། ཉེས་པ་ཆུང་དྲག་འདུག་ཟེར་བ་སོགས་ཀྱི་ཚིག་མཚོན་སྣ་ཚོགས་འདེབས་ཀྱིན་འདུག འོན་ཀྱང་། སྦིར་སུ་ཇ་སློབ་མ་གསད་པའི་གནད་དོན་འདིའི་སྐོར་ལ་མཆན་འདེབས་སྐབས་སློབ་མ་དེ་ལ་རྐྱེན་ངན་བྱུང་བ་རེད་ཟེར་བ་དང་། གནས་ཚུལ་དེ་འདྲ་ཡོང་སྲིད་ཀྱི་རེད་ཟེར་བ་དང་། མ་འོངས་པར་གནས་ཚུལ་དེ་འདྲ་རིགས་མི་ཡོང་བའི་སློབ་གསོ་གཏང་དགོས་ཟེར་བ་སོགས་གུ་ཡངས་པོའི་ཐོག་ནས་མཆན་འདེབས་པ་ལ་བལྟས་ན་མཆན་འདེབས་པོའི་ནང་དུ་གསར་འབྱོར་དང་གཞིས་ཆགས་གཉིས་ཀྱི་གནས་ཚུལ་དབར་ལ་བལྟ་ཚུལ་ལ་ཕྱོགས་རིས་ཤུགས་ཆེན་པོ་ཞིག་མངོན་གྱིན་འདུག སྤྱིར་རང་གི་སྐྱོན་རང་གིས་མཐོང་ཐུབ་པ་ཁག་པོ་རེད།

    Reply
  3. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    འདི་རིགས་ལ་ངེས་པར་དུ་དོ་སྣང་དགོས་ངེས་ཅན་རེད། དབུས་དང་སྒེར་སུའི་བསྒྲིགས་འཛུགས་ཡིན་ཡང་སྣང་མེད་དུ་གཏན་ནས་བཞག་ཉན་གྱི་མ་རེད། མི་ངན་དེ་ཚོ་ལ་ཡ་ལན་ཡག་ཐག་ཆོད་ཞིག་སྤྲད་དགོས་པ་རེད།
    ངན་ལ་ཆད་པ་མེད་ན་ངན་པ་ཇེ་མང་རེད། ད་རེས་ཆད་པ་ནན་མོ་ཞིག་བཅད་རྒྱུ་གལ་ཆེ།

    Reply
  4. vajra says:
    ལོ་ 14 སྔོན།

    ཆད་པ་ཉུང་དྲག་ཤག
    དེ་དངུལ་གྱི་གནད་དོན་མ་རེད།གཞི་རྩ་འགྲོ་བ་མི་ཐོབ་ཐང་ཡོད་མེད་རེད།
    ཁེ་ན་དྲ་ནང་འགྲོ་རྒྱུ་ཐོའི་ནང་ཡོད་ན་ཕྱི་འཐེན་བྱེད་དགོས་ཀྱིས་ཡོད།
    དེ་ནང་ཚུད་པའི་ལས་བྱེད་དག་ཕྱིན་ཆད་གཞུང་གི་ལས་ཀ་སྣེ་གཅིག་བྱེད་མ་ཆོག་པ་་བཟོ་དགོས།
    ད་དུང་ཡོད།ལས་བྱེད་དེ་འདྲའི་ལ་སློབ་སྦྱོང་ཆུ་ཚད་དང་བསམ་བློའི་ཆུ་ཚད་དེ་ལས་མེད་ན་བོད་སྤྱི་པའི་ལས་ཀ་ཡང་དག་པ་ཞིག་བསྒྲུབ་ཐུབ་ཀྱི་ཡོག་རེད་པས།

    Reply
  5. vajra says:
    ལོ་ 14 སྔོན།

    བུད་མེད་ཚོགས་པ།ག་པར་ཡོད།བུད་མེད་ཞིག་ལ་སྣ་བཅད་པ་དང་སྐྲ་བཅད་བཞག་ལབ་ཀྱི་
    འདུག
    ཁྱེད་ཚོ་ག་པར་ཡོད།ར་བཟི་ནས་ཉལ་མ་སྡོད།ལངས་ཤིག

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    དཔལ་ལྡན་རུང་གཞུང་འབྲེལ་ཡོད་ལས་ཁུངས་བདེ་སྲུང་སོགས་ཀྱི་སྤྱན་མདུན་དུ།
    ཆེད་ཞུ།
    ༈ ཉེ་འཆར་བསྟན་འཛིན་སྒང་བོད་མའི་གཞེས་ཆགས་སུ་ལྷག་པའི་དོན་རྐྱེན་དེས། དུས་རབས་ཉེར་གཅིག་ནང་ད་དུང་བོད་པའི་སྤྱི་ཚོགས་ནང་ཁྲིམས་མེད་ལུགས་མེད་ཀྱི་དམྱལ་ལས་མཁན་དེ་འདྲ་ཡོད་པས། གཞིས་བྱེས་བོད་མིའི་མཚན་སྙན་ཡོངས་སུ་བརླགས་མཁན་གྱི་གཏེ་བོ་དེ་དག་གིས། རྨོ་རྨོ་ཞིག་ལས་ཉེ་འབྲེལ་དང་རྒྱབ་རྩ་མེད་པའི་བུད་མེད་གཉོམ་ཆུང་ཞིག་ལ་ཐལ་དྲག་པའི་མནར་གཅོད་དེ་འཇིག་རྟེན་མི་ཆོས་དང་འགལ་ཡོད་པས། སྙིང་རྗེ་ཏིལ་ཙམ་མེད་ལ་ཡ་ང་བའི་གདུག་རྩུབ་ཅན་ཏེ། གཞིས་གྲོང་གསུམ་པའི་བསྟན་འཛིན་ཆོས་འགྲུབ་དང་། རྡོ་རྗེ་རྒྱལ་མཚན། རྟ་མགྲིན་དབང་མོ། རིག་འཛིན་ཆོས་སྒྲོན། གཞིས་གྲོང་གཉིས་པའི་པ་སངས་རྒྱལ་མཚན། པདྨ་མ་བཅས་ལ་རྒྱ་གར་གྱི་ཁྲིམས་ཐོག་ནས་ཁྲིམས་ཆད་ཕོག་དགོས་ངེས་རེད།

    Reply
  7. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    དངོས་གནས་ཐབས་སྐྱོ་བོ་རེད་ བཙན་བྱོལ་སྤྱི་ཚོགས་དེ་འདི་འདྲའི་ནག་ཁུང་ཞིག་ཡིན་པ་བསམ་ཡུལ་ལས་འདས་སོང་ སྙིང་བསྟོབས་ཅན་གྱི་གྲོགས་པོ་ཚོའི་ ཉམས་ཆུང་བདག་མེད་གི་བུ་མོ་དང་མོ་མོ་གཉིས་ལ་རོག་པ་རེ་བྱེད་ཐུབ་ན་ཁ་ཡོད་ལག་ཡོད་གི་ཕན་ཐོགས་ཆེ་པོ་རེད་ དེ་མིན་བོད་ཀྱི་བུད་མེད་ཚོགས་པ་ལ་རེ་བ་བྱེད་པ་དེ་དོན་མེད་རེད་ ཁོང་ཚོའི་ཞལ་འདེབས་ཁོ་ན་མ་ཏོག་ཉམ་ཆུང་ལ་བརྒྱབ་སྐྱོར་བྱེད་པའི་ལུགས་སྲོལ་ཡོད་པ་ད་ལྟའི་བར་དུ་ཐོས་མྱོང་མེད།

    Reply
  8. སྦྲ་ནག་ཚང་། says:
    ལོ་ 14 སྔོན།

    འདི་ནི་བདེན་པ་ཡིན་མི་སྲིད་། ་་

    Reply
  9. རྭ་ལོ། says:
    ལོ་ 14 སྔོན།

    གནད་དོན་འདི་གྲོས་ཚོགས་འཐུས་མི་ཚོས་ངེས་པར་དུ་གླེང་དགོས་པ་རེད། གྱོད་དོན་དེའི་ནང་ལ་བྱུས་གཏོགས་ཡོད་མཁན་ཚོའི་མིང་གཞུང་ཁེ་ན་ཌར་སྐྱོད་རྒྱུའི་མིང་གཞུང་ནས་ཕྱིར་འཐེན་བྱེད་དགོས་པ་རེད།

    བུད་མེད་དེ་དང་རྨོ་རྨོ་དེ་གཉིས་གཞིས་ཆགས་དེ་ནས་གཞན་ཞིག་ལ་གསང་སྟབས་ཀྱིས་སྤོར་དགོས་པ་རེད། ཡང་མིན་ན། བུ་མོ་དེ་ཕྱི་རྒྱལ་ལ་མངགས། རྨོ་རྨོ་དེ་རྒན་གསོ་ཁང་ཞིག་ལ་སྐྱེལ་དགོས་པ་རེད། ད་ལྟའི་གྲོང་པ་དེའི་ནང་ནས་བུ་མོ་དེ་ཇི་ལྟར་སྡོད་དགོས་པ་རེད། སོ་སོའི་གཅུང་མོ་ཡིན་ན་དེར་སྡོད་འཇུག་ཐུབ་ས་རེད་དམ། སོ་སོའི་གཅུང་མོ་ཡི་སྐྲ་བྲེག་པ་དང་སྣ་ལ་ཅེམ་ཙེ་བརྒྱབ། དམར་ཧྲེང་ལ་ཁྲོམ་སྐོར་དུ་ཁྲིད་ན་བློས་བཟོད་གི་རེད་དམ།

    འདིའི་རིགས་ཐག་གཅོད་ནན་མོ་མ་བྱས་པ་ཡིན་ན་ངན་པ་ལངས་ཤོར་ལ་འགྲོ་གི་རེད། ང་རང་ནི་བོད་པ་ཞིག་ཡིན་པའི་ཆ་ནས་གཉའ་ཆག་པ་ཡོང་གི་འདུག ངོ་ཚ་བོ་ཆགས་ཀྱི་འདུག

    སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་འདི་ལ་ཞིབ་འཇུག་བྱེད་དགོས་ཀྱི་འདུག གལ་སྲིད་ཞིབ་འཇུག་བྱེད་ཀྱི་མིན་ན། མང་ཚོགས་ཀྱི་ངོས་ནས་ལས་འགུལ་ཞིག་རྩོམ་རན་རེད།

    ལས་ངན་པ་དེ་འདྲ་རྩོམ་རྒྱུར་ངོ་མི་ཚ་ན། དེ་ལ་ཐག་གཅོད་ནན་མོ་བྱ་རྒྱུར་ངོ་ཚ་དང་འཛེམ་དོགས་ག་རེ་བྱས་ནས་བྱ་དགོས་པ་རེད། ཐག་གཅོད་ནན་མོ་བྱས་པ་ཡིན་ན་ང་ཚོར་ཡང་སྤོབས་པ་ཞིག་རང་བཞིན་གྱིས་ཡོང་གི་རེད། མི་རིགས་གཞན་ལ་ཡང་ཐག་གཅོད་ཅི་བྱས་ཀྱི་སྐད་ཆ་ཞིག་བཤད་རྒྱུ་ཡོད་པ་རེད།

    Reply
  10. འཁྱམས་པོ། says:
    ལོ་ 14 སྔོན།

    ཞབས་འདྲེན་།ཞབས་འདྲེན་།དེ་ནི་ངས་མཐོང་ནོར་དང་གོ་ནོར་མིན་ནམ།
    ཞབས་འདྲེན་དེ་ཚོ། དེ་འདྲའི་སྤོབ་པ་དང་སྙིང་སྟོབས་ཞིག་ཡོད་ན་རེ་རེ་བྱས་ནས་རྒྱའི་མདུན་དུ་བོད་པ་ཚང་ལ་རོ་གོབ་རེ་ཡིན་རུང་མ་བཅད་པར་ད་དུང་གསོན་དོན་ཇི་རེད། གདོན་འདྲེ་དེ་ཚོ་བོད་ལ་ཞབས་འདྲེན་ཞུ་པ་ལས་སྡུག་ཤི་བརྒྱབ་ན་ཡགཤོས་རེད།སྐེ་གཅོད་རྒྱུ་དེ་ཚོ།

    Reply
  11. ཅང་མེད། says:
    ལོ་ 14 སྔོན།

    བོད་པ་ཚང་། སློབ་གྲྭ་ནས་སློབ་མ་བསད་་་་བསྟན་སྒང་ནས་བུ་མེད་དམར་ཧྲང་ཁྲོམ་ཁྲིད་བྱས་་་་་་་་བོད་པ་ཚང་་་་་ཐུགས་རྗེ་ཆེ་་་ཡར་རྒྱས་རྣམ་པ་་་་བོད་པ་ཚང་་་་་་སྔོན་ཐོན་གྱི་བཙན་བཅོལ་་་་་་བོད་པ་ཚང་།
    ཕྱི་རྒྱལ་ཡུལ་གྲུ་ཁག་་ཐུགས་རྗེ་ཆེ་་་་ང་ཚོ་བོད་ཀྱི་ཚགས་པར་མ་གཟིགས་རོགས་་་་་ཐུགས་རྗེ་ཆེ་་་བལྟ་རིན་ལྡན་པས་གསར་འགྱུར་ཡོད་་་་་མ་གཟིགས་རོགས། ངས་ལས་རོགས་ཚོ་་་་་ཁྱེད་ཚོས་བོད་ཡིག་མི་ཤེས་ནོ་་་ཇི་འདྲི་སྐྱིད་པ་ལ་་་་་
    ཨ་ཡོ་་་བོད་པ་ཚང་་་་་ མིག་བཙུན་ནས་མགོ་བོ་གཡུག་དགོས་བྱུང་།

    Reply
  12. རྒྱལ་ཁམས་པ། says:
    ལོ་ 14 སྔོན།

    བུ་མོ་རིག་འཛིན་ལ་རྒྱབ་སྐྱོར་མེད་པས་སྡུག་བསྔལ་དེ་མྱོང་དགོས་སོང་བ་རེད། བུ་མོ་དེ་ལ་རོགས་སྐྱོར་དང་སེམས་གསོ་ཡོང་ཆེད་ཐབས་ལམ་གང་ཡོད་དམ། དྲ་གྲོགས་རྣམས་པའི་བསམ་འཆར་རེ་ཅི་ནས་གསུང་རོགས་གནང་།

    Reply
  13. ཚང་མ། says:
    ལོ་ 14 སྔོན།

    མིའི་སྤྱི་ཚོགས་ཞིག་ཡིན་ཕྱིན་སྔ་གཞུག་ལ་མ་ལྟོས་པར་ཆེ་ཆུང་ལ་མ་ལྟོས་པར་དོན་དག་ཞིག་ཡོང་རྒྱུ་སྲིད་པ་ནི་ཆོས་ཉིད་ལྟ་བུ་རེད། དེ་ལ་ཧ་ལས་ཧོན་འཐོར་དགོས་པ་གང་ཡང་མ་རེད། འོན་ཀྱང་དོན་དག་ག་རེ་བྱུང་ཡང་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གནང་ན་ཁྲིམས་བཟོས་པའི་བཟོ་གོ་ཆོད་པ་རེད། དེ་མིན་བར་བ་བར་ནས་གཟུ་བཤད་ཁུལ་གྱིས་ཐག་གཅོད་གནང་ན་ཡག་པོ་རྩ་བ་ཉིད་ནས་མ་རེད། གནའ་སྔ་མོ་ནས་ད་བར་རྒད་པོ་རྒན་མོ་ཚོ་ཚོགས་ནས་གཟུ་བཤད་ཁུལ་གྱིས་རྒྱུ་འབྲས་གོ་ལྡོག་མཁན་མང་པོ་རེད།
    ང་ཚོ་ཁ་ནས་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་བའི་ལུང་པ་ཞིག་བསྐྲུན་དགོས་ཞེས་བཤད་པ་བཞིན་དོན་དག་ངོ་མ་སྒང་ལ་འགྲོ་ན་འགྲོ་རན་རེད། དེ་མིན་རྗེས་ལས་དང་ངན་པ་ལང་ཤོར་དུ་གཏོང་བ་རང་རེད།
    ང་ཚོའི་གཞུང་དང་ཚོགས་སྡེ་ཁག་མང་པོའི་ནང་ཁྲིམས་ལུགས་ལ་དོ་སྣང་གང་ཡང་མེད་པར་མི་ཁ་ཤས་ཞིག་གིས་ཐག་གཅོད་གནང་བསྡད་པ་དེ་རྩ་བ་ཉིད་ནས་ཡག་པོ་མི་འདུག།
    ལྷག་པར་དུ་བུད་མེད་ཚོས་ཐོབ་ཐང་འདྲ་མཉམ་རྩོད་ཀྱི་ཡོད་པ་རེད། དེར་བརྟེན་དོན་དག་འདིའི་རིགས་བུད་མེད་ཚོགས་པ་ངོས་ནས་ཁྲིམས་གཏུགས་ཀྱི་རོགས་པ་བྱས་ན་འོས་ཞིང་འཚམ་པ་ཞིག་རེད། བུད་མེད་ཚོགས་པས་བུད་མེད་བདག་མེད་གཉོམ་ཆུང་འདིའི་རིགས་བདག་པོ་མ་བརྒྱབ་པར་གཞན་ཞིག་ནས་ཐོབ་ཐང་རྩོད་བསྡད་པ་དེ་སྟོང་བ་སྟོང་རྐྱང་རེད།

    Reply
  14. བོད་མི་ཪྩམ་ཟས། says:
    ལོ་ 14 སྔོན།

    སྤུན་གྲོགས་ཚོ།་
    དུས་དེ་རིང་བོད་པའི་སྤྱི་ཚོགས་ནང་ཞི་བདེ་མེད་པ་ཅི་ཡིན་ནམ།
    དེ་འདྲ་གནས་ཚུལ་མེད་ན་སྡོད་མི་ཐུབ་བམ།་ཕྱོགས་གཅིག་ནས་བཤད་དུས་ནང་པ་ཡིན་ཟེར་ཞིང་ད་དུང་བཟོད་པ་སྒོམ་མི་ཐུབ་བམ་་་་་་་་་་་་་ཨེ་མ་འདི་འདྲ་ངོ་ཚ་ཆེ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  15. གསར་འབྱོར། says:
    ལོ་ 14 སྔོན།

    བོད་མི་ཚོས་སློབ་གྲྭ་ནས་སློབ་མ་བསད་པ་དང་གཞིས་ཆགས་ནས་བུད་མེད་ཀྱི་སྐྲ་བཅད་ལུས་དམར་ཧྲང་ལ་ཕུད་པ་སོགས་མི་སྤྱོད་ལས་འདས་པའི་གནས་ཚུལ་འདི་དག་ལ་གཟིགས་ནས་ག་དུས་ཡིན་ཡང་རྒྱ་མི་ལ་ཁ་གཏོང་རྐྱང་བྱེད་རྒྱུའི་ཐོབ་ཐང་སྟེ་ང་ཚོ་ལ་སྡད་མེད་པ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེན་རེད།
    ད་ཐེངས་ཀྱི་གནས་ཚུལ་འདི་དག་བརྒྱུད་ནས་བཀའ་བློན་གསར་བ་མཆོག་ལ་མ་འོངས་སྔོན་འགོག་བྱེད་རྒྱུའི་གྲ་སྒྲིག་གི་གོ་སྐོན་སློབ་གསོ་གལ་ཆེན་ཞིག་ཀྱང་སྤྲད་འདུག་བསམ་བྱུང་།
    གང་ལྟར་དུས་ཕྱིན་ཆོས་ལྡན་གྱི་བོད་མིའི་སྤྱི་ཚོགས་འདིའི་ཁྲོད་དུ་སྐྱུགས་བྲོ་བའི་གནས་ཚུལ་འདི་དག་མི་འབྱུང་ཆེད་བླུན་རྨོངས་འདི་ཚོར་ཁྲིམས་དང་མཐུན་པའི་སྒོ་ནས་ཉེས་ཆད་གཅོད་རྒྱུ་ཤིན་ཏུ་ནས་གལ་ཆེན་ཞིག་རེད་འདུག

    Reply
  16. གསར་འབྱོར། says:
    ལོ་ 14 སྔོན།

    བོད་མི་ཚོས་སློབ་གྲྭ་ནས་སློབ་མ་བསད་པ་དང་གཞིས་ཆགས་ནས་བུད་མེད་ཀྱི་སྐྲ་བཅད་ལུས་དམར་ཧྲང་ལ་ཕུད་པ་སོགས་མི་སྤྱོད་ལས་འདས་པའི་གནས་ཚུལ་འདི་དག་ལ་གཟིགས་ནས་ག་དུས་ཡིན་ཡང་རྒྱ་མི་ལ་ཁ་གཏོང་རྐྱང་བྱེད་རྒྱུའི་ཐོབ་ཐང་སྟེ་ང་ཚོ་ལ་སྡད་མེད་པ་དེ་ཤེས་རྒྱུ་ཧ་ཅང་གལ་ཆེན་རེད།
    ད་ཐེངས་ཀྱི་གནས་ཚུལ་འདི་དག་བརྒྱུད་ནས་བཀའ་བློན་གསར་བ་མཆོག་ལ་མ་འོངས་སྔོན་འགོག་བྱེད་རྒྱུའི་གྲ་སྒྲིག་གི་གོ་སྐོན་སློབ་གསོ་གལ་ཆེན་ཞིག་ཀྱང་སྤྲད་འདུག་བསམ་བྱུང་།
    གང་ལྟར་དུས་ཕྱིན་ཆོས་ལྡན་གྱི་བོད་མིའི་སྤྱི་ཚོགས་འདིའི་ཁྲོད་དུ་སྐྱུགས་བྲོ་བའི་གནས་ཚུལ་འདི་དག་མི་འབྱུང་ཆེད་བླུན་རྨོངས་འདི་ཚོར་ཁྲིམས་དང་མཐུན་པའི་སྒོ་ནས་ཉེས་ཆད་གཅོད་རྒྱུ་ཤིན་ཏུ་ནས་གལ་ཆེན་ཞིག་རེད་འདུག

    Reply
  17. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    བོད་ཀྱི་སྤྱི་ཚོགས་རྙིང་བའི་ཀླ་ཀློའི་བྱ་སྤྱོད་དག་མེད་པར་བཟོ་དགོས་ན་རྒྱ་ནག་གུང་ཁྲན་ཏང་ལ་སྐྱབས་སུ་མཆི་དགོས།

    Reply
  18. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱིར་ང་ཚོ་བོད་རིགས་ནང་ཁུལ་ལ་གནས་ཚུལ་དེ་རིགས་ཐོན་སྐབས་གསར་འགོད་པའི་ལས་འགན་གཙོ་བོ་ནི། ཉམས་ཉེས་ཕོག་པའི་གང་ཟག་གི་མཚན་མཐོང་ལ་རྒྱ་ལ་འགན་ཁུར་དགོས་པ་ནི་གལ་ཆེ་ཤོས་དེ་ཡིན། ཕལ་ཆེར་དེ་ཤེས་ཀྱི་ཡོད་ཚོད་རེད། དཔེར་ན། རྒྱ་གར་ནང་དུ་བཙན་གཡེམ་ལ་སོགས་པའི་གནས་ཚུལ་དེ་རིགས་བྱུང་སྐབས་ཉམས་ཉེས་ཕོག་པའི་དངོས་མིང་དེ་སྦས་སྐུང་བྱེད་ནས་མིང་རྫུན་ཞིག་སྤྱོད་པ་མ་གཏོགས་དྲང་པོ་ཡིན་མདོག་གིས་དངོས་མིང་བེད་སྤྱོང་བྱེད་ཀྱིན་མེད། དེ་ནི་ཕྱོགས་གཅིག་ནས་གང་ཟག་དེའི་མཚན་མཐོང་ལ་རྒྱ་ལ་བསམ་ནས་ཡིན། གལ་སྲིད་གང་ཟག་དེའི་མཚན་དངོས་དེ་སྤྱོད་པ་ཡིན་ན་མ་འོངས་པ་མོ་རང་སྤྱི་ཚོགས་ཀྱི་མདུན་དུ་དོན་ཐུབ་རྒྱུ་ཤིན་ཏུ་ཁག་པོ་ཡིན། བྱས་ཙང་། གནས་ཚུལ་དེ་རིགས་ལ་གཟབ་དགོས་པ་ཤིན་ཏུ་གལ་ཆེ། གསར་འགོད་པས་མིང་དངོས་སྐུང་ནས་གནས་ཚུལ་བཀོད་མ་ཤེས་པ་དེ་འདྲ་རང་མ་རེད། དཔེར་ན། ཁ་སྔོན་མ་སུ་རི་སློབ་གྲ་ནང་དུ་སློབ་ཕྲུག་བཅུ་གྲངས་ཤིག་གིས་སློབ་མ་བུད་མེད་ཞིག་ལ་འཛིན་ཁང་ནང་དུ་དུས་མིན་འཁྲིག་སྤྱོད་བྱེད་པའི་གནས་ཚུལ་ཐོན་སྐབས་དེ་དག་གི་མིང་སྐུང་ནས་གནས་ཚུལ་སྤེལ་ཡོད། ཁོང་ཚོའི་མིང་སྐུང་ཐུབ་ལ་ད་ལྟ་བུད་མེད་དེའི་མིང་སྐུང་མེད་པ་དེ་ལ་མི་འདྲ་བ་འབྱེད་དགོས་དོན་མེད། ད་དུང་ད་ལྟའི་གནས་ཚུལ་དེ་ལ་སྦས་སྐུང་བྱེད་པ་ནི་འོས་ཤིང་མཚམས་པ་ཤིག་ཏུ་མཐོང་།

    Reply
  19. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྦིར་སུ་ཇ་སློབ་གྲར་རྒྱན་བདག་གསར་འབྱོར་བ་ཞིག་གིས་སློབ་མ་ཞིག་བསད་པའི་གནས་ཚུལ་ཞིག་ཀྱང་ཐོན་བཞིན་འདུག ངོ་མར་ཐབས་སྐྱོ་པོ་རེད། གནས་ཚུལ་རྒས་པ་དུས་བབ་དྲ་རྒྱ་ནང་མགྱོགས་མྱུར་ཐོན་པའི་རེ་བ་ཡོད།

    Reply
  20. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    ཨ་ཁ་ཁ་བུ་མོ་དེ་སྙིང་རེ་རྗེ་མནར་གཅོད་གཏོང་མཁན་དེ་ཚོ་ཅི་འདྲིའི་སྡུག་རྩུབ་ཆེ་བ་ལ་མི་འདི་ཚོའི་འདྲ་དཔར་དང་ནག་ཡིག་མཉམ་རྒྱུད་ལམ་ཁག་ཏུ་ངེས་པར་དུ་གཏོང་སྟེ་གནོད་ཤུགས་སྤྲོད་དགོས། འདི་ཚོའི་གྲས་ལ་མི་མང་གི་ངོ་ལྒོལ་བྱེད་རོགས་ཡན་པོར་བཏང་མི་རུང་།གནད་དོན་ཡག་པོ་ཐག་གཅོད་མ་བྱུང་ན་འཇོག་ཐབས་ཡོད་པ་མ་རེད་

    Reply
  21. རྭ་ལོ། says:
    ལོ་ 14 སྔོན།

    བུད་མེད་ལྷན་ཚོགས་ལ་རེ་བ་བརྒྱབ་རྒྱུ་ཡོད་པ་མ་རེད། སྔོན་མ་ལྡི་ལི་ནས་བུད་མེད་ལྷན་ཚོགས་ཀྱིས་ལྡི་ལི་བསམ་ཡས་གླིང་ནས་བུད་མེད་ཅིག་གི་སྐེ་ལ་ཤིང་གི་ཕོ་མཚན་ཞིག་བཏགས་ནས་ཁྲོམ་སྐོར་བྱས་པ་རེད། ཁོ་རང་ཚོར་གནོང་ཡོད་སྟབས་ཡ་བྱེད་གི་མ་རེད། དེ་དུས་བུད་མེད་ཚོགས་གཙོ་ཚེ་རིང་མཚོ་མོ་རྒྱ་གར་གྱི་པན་ཇེབ་ཅིག་མཉམ་དུ་འཁྱམ་བསྡད་ཡོད་པ་རེད།

    Reply
  22. གཅེན་པོ། says:
    ལོ་ 14 སྔོན།

    གནས་ཚུལ་དེ་ནི་མི་བུ་ཞིག་གིས་ངོས་ནས་བརྗོད་ན་ཧ་ལས་ཤིང་ཧངས་སངས་དགོས་པའི་གནད་དོན་ཞིག་རེད། དེ་འདྲ་གནང་མཁན་གྱི་མི་བུ་དེ་དག་ནི་དངོས་གནས་དུད་འགྲོ་དང་འདྲ་པོ་རེད། གལ་སྲིད་ཟ་ཚང་བར་ལ་དེ་འདྲའི་གནས་ཚུལ་བྱུང་བ་ཡིན་ན་ཡང་སྐད་ཆ་བཤད་ནས་གནད་དོ་སེལ་དགོས་པ་ལས་མི་ལ་ཉེས་བརྡུངས་དང་ད་དུང་མི་སྤྱོད་ལས་འདས་པའི་གནས་ཚུལ་སྣ་བྲེགས་པ་སོགས་ནི་ཡ་ང་ཞིང་ཡིད་མུག་པའི་གནད་དོན་ཞིག་རེད། གལ་སྲིད་བུ་ཞིག་གིས་བུ་མོ་ལ་བཙན་གཤེད་བཏང་བ་ཡིན་ན་བུ་དེ་ལ་ཉེས་བརྡུངས་བཏང་ཀྱང་དེ་འདྲ་རེད། འོན་ཀྱང་བུ་མོ་དེ་ལ་འདྲ་གནང་དགོས་དོན་མི་འདུག་ག་ཉེས་དགོས་ན་འཆལ་རྒན་དེར་ཉེས་ན་ཏག་ཏག་རེད་པ། རང་གི་སྐྱེས་དམན་བཞག་ནས་ད་དུང་འཆལ་རྒྱུག་བྱེད་པ་ནི་ཐབས་སྐྱོ་བའི་སྤྱོད་ཚུལ་ཞིག་རེད། ང་ཚོའི་བོད་རིགས་རྣམས་ནས་སྙིང་ཉེ་ཞིང་ཡིད་མུག་པ་མགོན་སྐྱབས་བྲལ་བའི་བུ་མོ་དེ་ལ་ཐུགས་རྗེས་གཟིགས་པའི་འབོད་སྐུལ་ཞུ་གི་ཡིན་ལ། བུ་དེ་དག་དངོས་སུ་ངོ་ཐུག་བྱུང་ན་ངོ་ཚ་ཁ་སྐྱེངས་ཞིག་ངེས་པར་དུ་བཟོ་དགོས་ལ་བཟོ་རྐྱང་ཡིན།

    Reply
  23. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    མྱུལ་ཞིབ་པ་ལག
    ཁྱོད་ཀྱིས་༼་མི་ངན་དེ་དག་ཁེ་ན་ཏྲར་དུས་ནམ་ཡང་འགྲོ་རྒྱུ་མི་རག་པར་ཤོག་༽
    ཅེས་པའི་མཆན་དེ་ངས་བཏས་ན་ཁྱོད་ལ་ཡོན་བསྟན་གང་ཡངས་མེད་པ་དང་སེམས་པ་བཟང་པོ་མེད་པ་འདྲ་ཞིག་མཐོང་སོང་ཨེ་ཡིན་མི་ཤེས་མིན་ན་དགོང་པ་མ་མཚོམ་ལོ།

    Reply
  24. བླ་མ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    ངས་ཁྲིམ་ལུགས་ལ་འདི་ག་འདྲ་ཡིན་མི་ཤེས་
    ང་ཚོ་ནང་པ་ཡིན་པ་དང་ང་ཚོ་བོད་པ་ཡིན་པའི་ཆ་ནས་བཤད་ན་འདི་ནི་ཧ་ཅང་གི་ཐབ་སྐྱོ་བོ་དང་རྒྱལ་སྤྱི་མདུན་ལ་བོད་པའི་ཞབ་འདྲེན་ངོ་མ་དེ་ཡིན་པས་འབྲེལ་ཡོད་ལས་ཁུངས་དང་དཔོན་རིགས་ཚོས་ཉེས་ཅན་པ་དེ་ཚོ་ལ་ཁྲིམ་ཅོད་ནན་མོ་དང་ལྷག་པར་དུ་བོད་མེད་ཚོགས་པའི་ངོས་ནས་ཉམ་ཆུང་བུད་མེད་དེ་ལ་སྒྱོབ་སྐྱོར་ངེས་པར་དུ་བྱེད་དགོས་པ་མཐོང་།

    Reply
  25. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    མི་ངན་དེ་དག་ཁེ་ན་ཏྲར་དུས་ནམ་ཡང་འགྲོ་རྒྱུ་མི་རག་པར་ཤོག

    Reply
  26. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    འདི་ལ་སློབ་གསོ་ཡག་པོ་གཏོང་དགོས་ཀྱི་རེད།

    Reply
  27. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 14 སྔོན།

    དེང་སང་གནས་ཚུལ་ཐབས་སྡུག་རྐྱང་རྐྱང་ཐོན་ཡོང་གི་འདུག སུ་ཇ་སློབ་གྲྭར་རྒན་བདག་གིས་སློབ་མ་བསད། བསྟན་འཛིན་སྒང་ལ་བུད་མེད་གཅེར་བུར་བཏོན་ནས་ཁྲོམ་ལ་ཁྲིད། འདི་ཚོ་བོད་མི་རིགས་ཀྱི་ཞབས་འདྲེན་དང་། བླ་བཙོང་གི་ལས་ཀ་རེད། མི་འདི་ཚོའི་གྲས་ལ་དུས་རབས་ཉེར་གཅིག་གི་ཀླད་པའི་ཆུ་ཚད་མེད་པ་དངོས་བདེན་རེད། ད་དུང་མང་གཙོ་དང་མང་གཙོ་ཞེས་ཁ་ནས་བཤད་ཕོད་པ་ནི་ཅི་འདྲའི་ཧམ་པ་རེད།
    བོད་རྒྱལ་ཁབ་ཆེན་པོའི་བླ་བཙོང་། མི་རིགས་གཞན་གྱི་མདུན་དུ་ངོ་ཚ།

    Reply
  28. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ཕྱི་་དགྲ་མི་ཐུབ་པའི་བོད་པའི་ནང་གི་ཁྱི་རྒན་འགའ་ཡི་བྱ་སྤྱོད་ལ་ཞེན་པ་ལོག་གི གནད་དོན་དེ་རྒྱ་གར་གྱི་ཁྲིམས་ཐོག་ནས་ཐག་གཅོད་དགོས་ངེས་རེད།

    Reply
  29. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ང་ཚོ་བོད་པའི་སྤྱི་ཚོགས་འདི་ཆོས་དང་འཇིག་རྟེན་གང་གིས་ཆ་ནས་ལམ་ལུགས་དང་མཐུན་ཞིང་། འཛམ་གླིང་སྤྱི་ཚོགས་སུས་བལྟས་ཀྱང་ཁ་ཡོད་ལག་ཡོད་ཀྱི་གཞན་སེམས་ལྡན་པའི་ཚོགས་པ་ཞིག་ལ་ངོས་འཛིན་ཞུ་བཞིན་པའི་སྒང་ལ། ད་ལན་བོད་པའི་བུད་མེད་གཅིག་ལ་བོད་པའི་སྤྱི་ཚོགས་ཀྱིས་དེ་ལྟ་བུའི་སྙིང་རྗེ་བྲལ་བའི་ལས་སྟངས་དེ་འདྲ་མཐོང་ཐོས་བྱུང་སྐབས་ལམ་སེང་སྣ་དང་སྐྲ་བཅད་དགོས་དོན་དེ་འདྲ་ཧ་ཅང་ཐལ་ཆ་ཆེ་བའི་བྱ་སྤྱོད་སྤེལ་བ་འདི་ཡིས། བོད་པའི་རང་གཤིས་རྗེན་གཅེར་མངོན་པའི་རྟགས་དང་། མ་ཟད་བུད་མེད་དེ་སྐྱེས་པ་དེ་དང་འབྲེལ་བས་ལེན་པ་ཡིན་ཟེར་ན། སྐྱེས་པ་དེའང་གཅིག་མཚུངས་ལོག་གཡེམ་སྤྱོད་པའི་ཉེས་པ་ཡོད་པས་ཁོའི་བགྲོད་བྱེད་མཇེ་དང་སྐྲ་སོགས་གཅིག་མཚུངས་བཞིན་གཅོད་བྲེག་བྱེད་དགོས་པས་དེ་ལྟར་མི་བྱེད་པའི་རྒྱུ་མཚན་གང་། ཕྱོགས་མཚུངས་ང་ཚོ་བོད་ཀྱི་སྤྱི་ཚོགས་འདི་ད་ལྟའང་ཀླ་ཀློའི་རང་གཤིས་རྒྱུན་འབྱམས་སུ་གནས་འདུག་པས་འབྲེལ་ཡོད་རྒྱ་གར་གཞུང་དང་། བོད་བཙན་བྱོལ་སྒྲིག་འཛུགས་སོགས་ཀྱི་དབུ་འཁྲིད་ཚོའི་མིག་ལྟོས་ལ་ཕན་པའི་ཐག་གཅོད་ནན་པོ་ཞིག་ཅི་ནས་ཀྱང་གནང་རོགས་ཞུ།

    Reply
  30. བརྩེ་ཀུན་ཁྱབ། says:
    ལོ་ 14 སྔོན།

    བུ་མོ་རིག་འཛིན་ཤ་ཚ་མོ་ལ་རོག་བྱེད་སུ་གང་ཡང་མེད་པ་འདྲ་བོད་ཀྱི་བུ་མེད་ཚོགས་པ་ཡིན་ཟེར་མཁན་གྱི་ནམ་རྒྱུན་ཞལ་འདེབས་མང་ཤོས་སློང་མཁན་གྱིན་པ་ལྗང་ཁུ་ཅན་དེ་ཚོ་ད་ལྟ་ཡོད་ན་ཉམ་ཆུང་མ་མོའི་གཉིས་ལ་གཟིགས་རོགས་ཞེས་འབོད་བཀུལ་ཞུ།

    Reply
  31. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    སྣ་བཅད། སྐྲ་བྲེགས། རླིག་རིལ་བཏོན། སྟུ་ནང་ལྕགས་ཀྱུ་བཙུགས་པ་སོགས་ཀླ་ཀློའི་བྱེད་སྟངས་ལས་ཀྱང་ཐབས་སྡུག་བ་ཞིག་རེད། གནས་ཚུལ་དེ་ཚོ་གསར་འགོད་པས་གསར་འགོད་འཚོལ་སྒྲུག་བྱས་པར་ངོ་མ་ཚ་ན་ཡང་ང་ཚོ་གསར་ཚོ་གསར་ཤོག་ཀློག་པ་ཚོ་ངོ་ཚ་ནི་ཕྱི་རྒྱལ་མི་རིགས་ཚོའི་མདུན་སར་བཤད་ཕོད་པ་མི་འདུག འཇིགས་སྐུལ་དྲག་སྤྱོད་པའི་བྱེད་སྟངས་རེད། གནས་ཚུལ་དེའི་རིགས་ལ་ཨ་རི་གཙོ་པའི་མང་གཙོའི་རྒྱལ་ཁབ་ཚོས་ཐད་ཀར་མེ་མདའ་བེད་སྤྱོད་ཀྱིས་ས་ཆ་དེར་དམར་གསོད་གཏོང་དགོས་རོགས་ཀྱིས།

    Reply
  32. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཐབས་སྐྱོ་བོ་རེད། སྤྱིར་བཏང་རྒྱ་གར་རྒྱལ་ཁབ་གཅིག་ལ་མཚོན་ན་གནས་ཚུལ་དེ་ལྟ་བུ་མང་པོ་བྱུང་ཡོད་ཀྱང་། ང་ཚོ་བོད་པའི་སྤྱི་ཚོགས་ནང་དེ་འདྲ་བྱུང་མྱོང་མེད་པ་རེད། བྱས་ཙང་། གཞུང་གསར་པའི་ངོས་ནས་དེ་ལྟ་བུ་ཕྱིས་འབྱུང་འགོག་ཐབས་ལ་ལམ་སྟོན་གནང་དགོས་པ་གལ་ཆེན་དུ་མཐོང་།

    Reply
  33. ཚང་མ། says:
    ལོ་ 14 སྔོན།

    མིའི་སྤྱི་ཚོགས་ཞིག་ཡིན་ཕྱིན་སྔ་གཞུག་ལ་མ་ལྟོས་པར་ཆེ་ཆུང་ལ་མ་ལྟོས་པར་དོན་དག་ཞིག་ཡོང་རྒྱུ་སྲིད་པ་ནི་ཆོས་ཉིད་ལྟ་བུ་རེད། དེ་ལ་ཧ་ལས་ཧོན་འཐོར་དགོས་པ་གང་ཡང་མ་རེད། འོན་ཀྱང་དོན་དག་ག་རེ་བྱུང་ཡང་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གནང་ན་ཁྲིམས་བཟོས་པའི་བཟོ་གོ་ཆོད་པ་རེད། དེ་མིན་བར་བ་བར་ནས་གཟུ་བཤད་ཁུལ་གྱིས་ཐག་གཅོད་གནང་ན་ཡག་པོ་རྩ་བ་ཉིད་ནས་མ་རེད། གནའ་སྔ་མོ་ནས་ད་བར་རྒད་པོ་རྒན་མོ་ཚོ་ཚོགས་ནས་གཟུ་བཤད་ཁུལ་གྱིས་རྒྱུ་འབྲས་གོ་ལྡོག་མཁན་མང་པོ་རེད།
    ང་ཚོ་ཁ་ནས་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་བའི་ལུང་པ་ཞིག་བསྐྲུན་དགོས་ཞེས་བཤད་པ་བཞིན་དོན་དག་ངོ་མ་སྒང་ལ་འགྲོ་ན་འགྲོ་རན་རེད། དེ་མིན་རྗེས་ལས་དང་ངན་པ་ལང་ཤོར་དུ་གཏོང་བ་རང་རེད།
    ང་ཚོའི་གཞུང་དང་ཚོགས་སྡེ་ཁག་མང་པོའི་ནང་ཁྲིམས་ལུགས་ལ་དོ་སྣང་གང་ཡང་མེད་པར་མི་ཁ་ཤས་ཞིག་གིས་ཐག་གཅོད་གནང་བསྡད་པ་དེ་རྩ་བ་ཉིད་ནས་ཡག་པོ་མི་འདུག།
    ལྷག་པར་དུ་བུད་མེད་ཚོས་ཐོབ་ཐང་འདྲ་མཉམ་རྩོད་ཀྱི་ཡོད་པ་རེད། དེར་བརྟེན་དོན་དག་འདིའི་རིགས་བུད་མེད་ཚོགས་པ་ངོས་ནས་ཁྲིམས་གཏུགས་ཀྱི་རོགས་པ་བྱས་ན་འོས་ཞིང་འཚམ་པ་ཞིག་རེད། བུད་མེད་ཚོགས་པས་བུད་མེད་བདག་མེད་གཉོམ་ཆུང་འདིའི་རིགས་བདག་པོ་མ་བརྒྱབ་པར་གཞན་ཞིག་ནས་ཐོབ་ཐང་རྩོད་བསྡད་པ་དེ་སྟོང་བ་སྟོང་རྐྱང་རེད།

    Reply
  34. འཇམ་དབྱངས། says:
    ལོ་ 14 སྔོན།

    གནས་ཚུལ་ཚབས་ཆེན་འདི་ལྟ་བུར་ཐག་གཅོད་ནན་པོ་མ་བྱས་ན། ཕྱིས་སུ་ཡང་གནས་ཚུལ་འདི་འདྲ་ལྷགས་ངེས་རེད། ད་ལྟའི་བར་༧གོང་ས་མཆོག་གིས་བསླབ་བྱ་ཅི་ཙམ་བརྒྱབས་ཀྱང་མ་ཉན་པ་རེད། དཔུང་ཤེད་བསྒྲིགས་ཏེ་བུད་མེད་རྒྱབ་རྩ་མེད་མཁན་ཞིག་ལ་ཐུབ་ཚོད་དེ་འདྲ་བཏང་བ་རེད། བུད་མེད་ཚོགས་པའི་ངོས་ནས་མི་ངན་དེ་དག་ལ་རྣམ་པ་ཅི་ཞིག་འཛིན་རྒྱུ་ཡིན། བུད་མེད་ཚོགས་པའི་ངོས་ནས་མི་ངན་འདི་དག་རྒྱ་གར་ཁྲིམས་ཁང་ལ་བསྐྱལ་དགོས་ངེས་ཅན་རེད། མ་གཞི་ནས་དེང་སང་བུད་མེད་ཚོགས་པ་ཟེར་བ་དེ་གང་དུ་ཡོད་དམ།

    Reply
  35. ཁྲ་གླག་སྤྱང་གསུམ། says:
    ལོ་ 14 སྔོན།

    བུད་མེད་ལ་མནར་གཅོད་གཏོང་མཁན་དེ་ཚོ་དང༌། དེ་ཚོ་དང་འབྲེལ་བ་ཡོད་པ་སུ་ཡང་ཁེ་ན་ཌར་གཞིས་ཚགས་ཁོངས་སུ་འཛུལ་ཆོག་རྒྱུ་མིན།

    Reply
  36. བསྟན་འཇམ། says:
    ལོ་ 14 སྔོན།

    བུ་མོ་རིག་འཛིན་ལ་འདི་ལྟར་བྱས་པ་སེམས་གཏིང་ནས་སྐྱོ་སོང ་ ། སྤྱིར་བོད་ཟེར་བ་འདི་རང་སྟེང་དུ་བསྐོར་དུས་ཚང་མ་ང་ཡིན་ཁོ་ཡིན་ཟེར་མཁན་རྐྱང་རྐྱང་རེད ། ད་རེབ་སྐྱོ་གནས་འདིའི་ཐད་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་བྱས་ཏེ་ཡིན་གཅིག་མིན་གཉིས་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས །
    སྣང་མེད་དུ་བཞག་ན་སྐྱོ་གནས་འདིའི་རིགས་བྱུང་དང་འབྱུང་མས་རེད །

    ལོ་ཤས་ཀྱི་སྔོན་ལྡི་ལིར་ལྷ་ས་འགྲོན་ཁང་ནང་དུ་བུ་མེད་ཅིག་བཙན་གཡབ་བྱས་ནས་སྒེ་ཁུང་ནས་གཡུགས་ནས་བསད་པ་དེ་ཡང་སྣང་མེད་བྱས་ཏེ་སུས་གཡུག་པ་དང་སུས་བསད་པ་གོ་མེད་ཚོར་དུ་ལྷག་པ་རེད །

    རྡ་སར་ཡང་ཨ་ནེ་ཞིག་རྒྱ་གར་གྱི་ཚོང་ལས་ཤིག་གི་བཙན་ཤེད་ཀྱིས་འཁྲིག་སྤྱོད་བྱས་པ་དེ་ཡང་སྣང་མེད་དུ་གཡུགས་པ་རེད །
    འདི་ལྟར་བུ་མེད་ཚོར་ཐུབ་ཚོད་ཉེས་རྡུང་གཏོང་མཁན་དག་ཁྲིམས་ཐོག་ནས་རྩ་མེད་བཟོ་མ་ཐུབ་ནའང་དམངས་ཀྱི་གནོད་ཤུགས་ཀྱིས་མཐའ་སྐྲོད་གཏོང་དགོས །

    གཟའ་ཟླ་ཡོད་པའི་སྐྱེས་པ་ཞིགལ་བུ་མེད་ཀྱིས་ལས་འབྲེལ་བྱས་པ་དེ་ཧང་སང་ཡ་ཞིག་མ་རེད ། ཚན་རིག་པས་ཞིབ་འཇུག་བྱས་པ་ལྟར་ན་བུ་མེད་བརྒྱ་ཆ་བདུན་ཅུས་སྐྱེས་པ་གཞན་དང་ལས་འབྲེལ་ཡོད་པ་དང་སྐྱེས་པ་ཡང་དེ་དེ་བཞིན་རེད་ཅེས་བསྒྲགས་གཏམ་སྤེལ་འདུག སྣ་ལ་ཇེམ་ཚེ་བཙུགས་པ་དང་སྣ་གདུབ་པ་དམར་ཧྲེང་ཁྲིད་ནས་ཁྲོམ་སྲང་དུ་འགྲོ་དགོས་པས་ཁྲིམས་འགལ་ཅིག་ཡིན་ན་རྒྱལ་སྤྱིའི་ངོས་ནས་ཅི་ལྟར་དེའི་སྐོར་གྱི་ཁྲིམས་ལུགས་གཏན་འབེབ་མི་བྱེད་དོན་ཅི་ཡིན་ན །

    Reply
  37. ལུང་རྟོགས། says:
    ལོ་ 14 སྔོན།

    དུས་རབ་ཉེར་གཅིག་པའི་དུས་འདིར་ཡང་མུན་ནག་གི་རྣམ་པ་འདི་ལྟ་བུ་ཡོད་པ་ནི་ངོ་མ་བློ་ཡུལ་ལས་འདས་སོང་། མི་ངན་དེ་ཚོ་ལ་ངེས་པར་དུ་ཐག་བཅོད་ནན་མོ་བྱེད་དགོས།

    Reply
  38. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཁྱོ་ག་དེས་འཇོན་གྱི་མེད་པ་ཡིན་འགྲོ མ་གཞི་ནས་བརྡུང་རྡེག་གཏོང་མཁན་དེ་དག་ཀྱང་འདྲ་ཆགས་ཆགས་བྱས་པ་མ་གཏོགས་སོ་སོར་ཁྱོ་ག་དང་སྐྱེས་དམན་ཡོད་ཀྱིན་ཁྱོ་ག་གཞན་གྱིས་རྡོ་རྗེའི་དབང་བསྐུར་ཞུ་མཁན་དང་སྐྱེས་དམན་གཞན་གྱི་གློ་བ་རྒྱོང་མཁན་ཤ་སྟག་ཡིན་འགྲོ ཅི་ཤེས། ཀླ་ཀློ་རང་རེད།

    Reply
  39. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དངོས་ནས་ཅུང་ཙམ་མིན་ན་མིག་ཆུ་ཤོར་སོང་། དངོས་ནས་མི་དེ་ཡི་རིགས་ཀྱི་ཁོག་ན་སེམས་ཟེར་བའི་ཚོར་བ་སྙིང་རྗེ་ཡི་བརླན་པ་ཞིག་མེད་སོང་བ་རེད། དངོས་ནས་སྙིང་རེ་རྗེ། བུད་མེད་དེ། འདི་རིགས་ནི་དངོས་ནས་བོད་མིའི་སྒྲིག་འཛུགས་གཞུང་གིས་འགན་ཞིག་བཞེས་ན་འགྲིག་གི་ཡ

    Reply
  40. ཀོ་རི་ཡའི་བུ། says:
    ལོ་ 14 སྔོན།

    བུ་མེད་དེ་སྙིང་རྗེ་་་་་་་་སྐྱ་སེར་ཕ་མོ་འདྲ་མཉམ་ཡིན་ཟེར་གི་ཡོད་རེད་དོན་ལ་འདྲ་མཉམ་ཡིན་མེད་གཟིགས་དང་སྙིང་རྗེ་་་་་་་ད་འདི་རྒྱ་གར་ཁྲིམས་ཁང་ལ་ཞུ་དགོས་རེད་་་་་་༼ ཕྱོགས་གཉིས་ཀར་ཁྲིམས་ཐོག་ལ་འགྲོ་རྒྱུའི་མོས་མཐུན་མེད་པས།༽ཟེད་ཡ་དེ་ལ་རྒྱུ་མཚན་གང་ཡིན་ནམ་གསལ་པོ་གསུངས་རོགས་་་་་བུ་མེད་དེ་ངོ་མ་སྙིང་རྗེ་་་་དྲྭ་གྲོགས་རྣམ་པ་ཚོ་བུ་མེད་དེ་ངོ་ཤེས་གི་ཡོད་ན་རྒྱ་གར་གྱི་ཁྲིམས་ཁང་ལ་ཞུ་རོགས་བྱེད་ལབ་རོགས་་་་་་་་རྒྱ་གར་གྱི་ཁྲིམས་ལ་བུ་མེད་ལ་ཐོབ་གཏང་ཆེན་པོ་ཡོད་པ་དེ་མོ་རང་གི་ཤེས་གི་མེད་པ་འདྲ་་་་་

    Reply
  41. རྭ་ལོ། says:
    ལོ་ 14 སྔོན།

    ཀླ་ཀློ་ཡི་བྱ་སྤྱོད་དེ་མུ་མཐུད་ནས་འདུག བུད་མེད་དེ་ལ་རྒྱབ་རྩ་མེད་སྟབས་ཁྲིམས་གཏུགས་ཀྱང་བྱ་ཐུབ་རྒྱུ་ཁག་པོ་རེད། ད་དུང་ཁྲིམས་གཏུགས་བྱས་ན་རྗེས་འབྲས་ཅི་འབྱུང་གི་འཇིགས་སྐུལ་ཡང་བྱས་ཐག་ཆོད་རེད།

    ཡག་ཤོས་ཡུལ་ཁྲིམས་ལ་སྦྱོར་དགོས་པ་རེད། བུད་མེད་དེར་མང་ཚོགས་དང་ཁྲིམས་རྩོད་པ་སོགས་ཀྱི་རྒྱབ་སྐྱོར་དགོས་པ་རེད། ད་དུང་རབ་ཡིན་ན་ཁྲིམས་བཤེར་གྲུབ་མ་ཐག་མོ་རང་ས་གནས་དེ་ནས་ལམ་སེང་ས་གནས་གཞན་ཞིག་ལ་ཉེན་གཡོལ་བྱེད་དུ་འཇུག་དགོས་པ་རེད། ཀླ་ཀློ་ལྟ་བུའི་མི་དེ་དག་གིས་ད་དུང་བསུན་གཙེར་སྣ་ཚོགས་རྩོམ་གི་རེད།

    ད་ཐེངས་བསྟན་འཛིན་སྒང་གི་ནག་ཉེས་འདིའི་ནང་ལ་བྱུས་གཏོགས་བྱས་མཁན་བོད་རིགས་དེ་དག་གི་སུ་གཅིག་ཀྱང་ཁེ་ན་ཌར་གཏོང་རྒྱུ་ཡོད་པ་མ་རེད། གཏེ་བོ་དེ་དག་གི་ནང་མི་ཡང་གཏོང་རྒྱུ་ཡོད་པ་མ་རེད། གལ་སྲིད་ནང་མི་ཞིག་བཏང་བ་ཡིན་ན་རང་བཞིན་གྱིས་ཉེས་ཅན་པ་དེ་ཚོ་ཕྱི་ལོག་ལ་ཐར་འགྲོ་གི་རེད། ཕྱི་ལོག་ནས་ཀྱང་ཞབས་འདྲེན་ཞུ་རྒྱུ་ལས་ཡོད་པ་མ་རེད། བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་ཅེས་པ་ཡང་ཀླ་ཀློའི་སྤྱོད་པ་དེ་དག་གིས་ཁུངས་སྐྱེན་ལྡོག་ཕྱོགས་ནས་བྱས་ཡོང་གི་རེད།

    ནང་སྲིད་དྲུང་ཆེས་བློ་ཕམ་ཙམ་མ་གཏོགས་བཤད་མི་ཐུབ་པ་ཡ་མཚན། རྒྱལ་ཁབ་གཞན་པ་ཡིན་ན་འདིའི་རིགས་ནི་༼བཟོད་སྒོམ་མི་ཐུབ་པ་༽དང་༼ཁོང་ཁྲོ་ལངས་ཤིང་༽༼ཁ་རྡུང་དྲག་པོ་གཏོང་བ་༽༼ཐག་གཅོད་ནན་མོ་༽བྱ་རྒྱུའི་གྲས་ཡིན་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་ཕམ་དང་བཅས་ཧིན་སྒོར་འབུམ་ ༤ ཡི་ཆད་པ་གཅོད་པ་འདི་ཐབས་སྐྱོ་བོ་རེད།

    Reply
  42. དེ་ཕོ། says:
    ལོ་ 14 སྔོན།

    བུད་མེད་དེ་སྙིང་རྗེ། བོད་ཀྱི་བུད་མེད་ལྷན་ཚོགས་ཞེས་པ་ཞིག་ཡོད་ཚོད་་ཐོས་པས། ཚོགས་པ་དེ་བོད་པའི་བུད་མེད་སྤྱིའི་རང་དབང་དང་ཐོབ་ཐང་གི་ཆེད་དུ་བཙུགས་པ་ཡིན་ན་ཚོགས་པ་དེས་བུད་མེད་དེ་རྒྱབ་སྐྱོར་བྱ་དགོས་པ་སྣང་། དེ་ལས་གཞན་རྒྱ་གར་བའི་ཁྲིམས་ལ་གཏུགས་ཀྱང་སྒོར་སུ་ཡོད་ལ་ཡོད་ན་དེ་ལ་རྒྱལ་ཁ་ཐོབ་རྒྱུ་ཉག་གཅིག་རེད།

    Reply
  43. གསལ་ལེ་རྒྱལ། says:
    ལོ་ 14 སྔོན།

    ཤི་དམྱལ་བ་ཐུ་ནོ་ཤེས་རུང།།
    ཤུར་གན་གི་ལས་ར་དོན་ན།།
    ཤེད་ཚད་ནས་བཀོད་པ་མེད་ནོ།།
    ཤོ་དཀྱིས་མཐོ་གང་གི་སྐྱོན་རེད།།

    Reply
  44. གངས་མྱུག says:
    ལོ་ 14 སྔོན།

    དངོས་གནས་ལས་རྒྱུ་འབྲས་ཤིག་མི་འདུག བོད་སྤྱིའི་ངོ་ཚ་རེད། རྒྱ་གར་བའི་ཁྲིམས་ལ་གཏུགས་ཀྱང་སྒོར་སུ་ཡོད་ལ་ཐོབ། བོད་ནང་ཁུལ་དུ་ཐག་བཅད་ན་བཟང་། བུད་མེད་དེར་སྙིང་རྗེ།

    Reply
  45. བསྟན་འཛིན་ཚེ་འཚོ། says:
    ལོ་ 14 སྔོན།

    འདི་ནི་སྲིད་དབང་སྒེར་གཅོད་དང་མཐོ་དམའི་དབར་ཁྱད་བཟོས་པ་རེད། འདི་དག་ལ་ཁྲིམས་ཆད་མནན་པོ་མེད་ན་རྒྱ་ཡན་ཅན་འགྱུར་ངེས་རེད།

    Reply
  46. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    དངོས་ནས་ཧ་ལས་བ་རེད། མི་འདི་ཚོ་ཁྲིམས་ཐོག་ལ་སྐྱེལ་དགོས་དང་དགོས། ནང་སྲིད་ལྷན་ཁང་གིས་ཉ་ཉོག་ལབ་མ་འདུག བོད་མི་རིགས་ཀྱི་ལོ་ངོ་དུ་མའི་སྔོན་གྱི་ནང་ཉོག་དེ་ཕྱི་ལ་ཐོན་ཡོང་གྱི་འདུག འཛམ་གླིང་ཟླུམ་པོ་འདི་སྒང་ན་ད་དུང་བྱ་སྤྱོད་འདི་འདྲ་ལག་ལེན་ལ་འདེབས་མཁན་གངས་ཅན་བོད་པ་མ་གཏོགས་ཡོད་མི་སྲིད། མི་རྒོད་ཀྱི་བྱེད་སྟངས་འདིའི་ཐད་ལྷ་ཀླུ་འཁྲུགས་སོང་ཀྱང་བོད་ནང་སྲིད་ལྷན་ཁང་ལ་མཆུ་ཏོ་དགོས་བ་ཆེར་མི་འདུག ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་འདི་དག་ཐག་གཅོད་ཡང་དག་རེ་མ་བྱས་ན། ཁོ་བོ་ཚོ་ལ་མི་སྐྱོན་རུང་གངས་ཅན་བོད་ཀྱི་རྒྱལ་བ་སྲས་དང་བཅས་ཀྱི་འདུལ་བྱ་ལ་གནོད་འགྲོ་ན་་ཐང་། ར་མདའ་ནས།

    Reply
  47. ཚང་མ། says:
    ལོ་ 14 སྔོན།

    མིའི་སྤྱི་ཚོགས་ཞིག་ཡིན་ཕྱིན་སྔ་གཞུག་ལ་མ་ལྟོས་པར་ཆེ་ཆུང་ལ་མ་ལྟོས་པར་དོན་དག་ཞིག་ཡོང་རྒྱུ་སྲིད་པ་ནི་ཆོས་ཉིད་ལྟ་བུ་རེད། དེ་ལ་ཧ་ལས་ཧོན་འཐོར་དགོས་པ་གང་ཡང་མ་རེད། འོན་ཀྱང་དོན་དག་ག་རེ་བྱུང་ཡང་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གནང་ན་ཁྲིམས་བཟོས་པའི་བཟོ་གོ་ཆོད་པ་རེད། དེ་མིན་བར་བ་བར་ནས་གཟུ་བཤད་ཁུལ་གྱིས་ཐག་གཅོད་གནང་ན་ཡག་པོ་རྩ་བ་ཉིད་ནས་མ་རེད། གནའ་སྔ་མོ་ནས་ད་བར་རྒད་པོ་རྒན་མོ་ཚོ་ཚོགས་ནས་གཟུ་ཁུལ་གྱིས་རྒྱུ་འབྲས་གོ་ལྡོག་མཁན་མང་པོ་རེད།
    ང་ཚོ་ཁ་ནས་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་བའི་ལུང་པ་ཞིག་བསྐྲུན་དགོས་ཞེས་བཤད་པ་བཞིན་དོན་དག་ངོ་མ་སྒང་ལ་འགྲོ་ན་འགྲོ་རན་རེད། དེ་མིན་རྗེས་ལས་དང་ངན་ལང་ཤོར་དུ་གཏོང་བ་རང་རེད།
    ང་ཚོའི་གཞུང་དང་ཚོགས་སྡེ་ཁག་མང་པོའི་ནང་ཁྲིམས་ལུགས་ལ་དོ་སྣང་གང་ཡང་མེད་པར་མི་ཁ་ཤས་ཞིག་གིས་ཐག་གཅོད་གནང་བསྡད་པ་དེ་རྩ་བ་ཉིད་ནས་ཡག་པོ་མི་འདུག།

    Reply
  48. ཚངས་སར་ཕྲིན་ལས། says:
    ལོ་ 14 སྔོན།

    ད་འདི་རེད་ཁ་ནས་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་གྱུར་ཅིག་ཉིན་མཚན་ཀུན་སྐྱོར་ཡོད་ཚོད་དོན་ལག་ཏུ་ལེན་ཚེ་ཐལ་དྲག་པའི་བྱ་སྤྱོད་འདི་འདྲ་རྩོམ་འདུག མི་ངན་དེ་ཚོ་ཁྲིམས་ལ་ངེས་པ་ཅན་བསྐྱལ་དགོས་རེད་མ་གཏོགས་བྱ་སྤྱོད་དེས་རིགས་སྤེལ་ངེས་རེད། བུ་མེད་དེ་ལ་དེ་འདྲ་ཚབ་ཆེན་གྱི་ཉེས་པ་གང་ཡོད་སོ་སོར་རང་གི་མཇེ་དང་སྟུ་ཡི་བྱ་སྤྱོད་ལ་ཉིན་རེ་བཞིན་འཇུག་བཞིན་དུ་ཉམ་ཆུང་དག་ལུས་འབྲེལ་བྱས་པ་ཙམ་ལ་འདི་འདྲའི་མནར་གཅོས་གཏོང་བ་དེ་ནི་ཧ་ཅང་བློ་ཕམས་པའི་བྱ་སྤྱོད་ཞིག་རེད། དེ་བས་མི་ངན་དེ་ཚོ་ངེས་པ་ཅན་ཁྲིམས་ལ་སྦྱར་རོགས་ཞེས་རེ་བསྐུལ་ཞུ་བཞིན་ཡོད།

    Reply
  49. ཚང་མ། says:
    ལོ་ 14 སྔོན།

    མིའི་སྤྱི་ཚོགས་ཞིག་ཡིན་ཕྱིན་སྔ་གཞུག་ལ་མ་ལྟོས་པར་ཆེ་ཆུང་ལ་མ་ལྟོས་པར་དོན་དག་ཞིག་ཡོང་རྒྱུ་སྲིད་པ་ནི་ཆོས་ཉིད་ལྟ་བུ་རེད། དེ་ལ་ཧ་ལས་ཧོན་འཐོར་དགོས་པ་གང་ཡང་མ་རེད། འོན་ཀྱང་དོན་དག་ག་རེ་བྱུང་ཡང་ཁྲིམས་ལུགས་གཞིར་བཟུང་ཐག་གཅོད་གནང་ན་ཁྲིམས་བཟོས་པའི་བཟོ་གོ་ཆོད་པ་རེད། དེ་མིན་བར་བ་བར་ནས་གཟུ་བཤད་ཁུལ་གྱིས་ཐག་གཅོད་གནང་ན་ཡག་པོ་རྩ་བ་ཉིད་ནས་མ་རེད། གནའ་སྔ་མོ་ནས་ད་བར་རྒད་པོ་རྒན་མོ་ཚོ་ཚོགས་ནས་གཟུ་ཁུལ་གྱིས་རྒྱུ་འབྲས་གོ་ལྡོག་མཁན་མང་པོ་རེད།
    ང་ཚོ་ཁ་ནས་མང་གཙོ་དང་ཁྲིམས་ཀྱིས་དབང་བསྒྱུར་བའི་ལུང་པ་ཞིག་བསྐྲུན་དགོས་ཞེས་བཤད་པ་བཞིན་དོན་དག་ངོ་མ་སྒང་ལ་འགྲོ་ན་འགྲོ་རན་རེད། དེ་མིན་རྗེས་ལས་དང་ངན་ལང་ཤོར་དུ་གཏོང་བ་རང་རེད།
    ང་ཚོའི་གཞུང་དང་ཚོགས་སྡེ་ཁག་མང་པོའི་ནང་ཁྲིམས་ལུགས་ལ་དོ་སྣང་གང་ཡང་མེད་པར་མི་ཁ་ཤས་ཞིག་གིས་ཐག་གཅོད་གནང་བསྡད་པ་དེ་རྩ་བ་ཉིད་ནས་ཡག་པོ་མི་འདུག།

    Reply
  50. ཕ་ས། བྱ་གཞུང་གསེར་གྱི་གཤོངས་པ། says:
    ལོ་ 14 སྔོན།

    མི་འདི་ཚོ་རྒྱ་གར་ཁྲིམས་ཁང་ལ་གཏང་ན་ཏག་ཏག་རེད།
    དེ་ཚོས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་པ་རེད།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese