མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། རེ་གཉིས།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཞོགས་པ་ཆུ་ཚོད་བཅུ་བའི་རླངས་འཁོར་རྗོ་སུ་ལམ་ནས་ཨེས་ལ་གྲི་ལ་ཡོང་བས་རླངས་འཁོར་གྱི་འཛིན་བྱང་བསྔགས་ཉོ་བྱས་ཡོད་པ་ལྟར་གངས་མཚོ་ངེད་གཉིས་ཕྱིར་ཨེས་ལ་གྲི་ལ་མ་ལོག་སྔོན་དུ་མོ་རང་གི་གཟུགས་གཞི་ཅུང་ཙམ་མི་བདེ་བར་བཤད། ངས་ཁྱེད་རང་གི་གཟུགས་གཞི་མི་བདེ་ན་ཁྱེད་རང་འདི་ནས་བསྡད་ན་ཡག་པོ་རེད་ང་གཅིག་བུ་སོང་ན་འགྲིག་ཞེས་བཤད་དུས། མོ་རང་གི་སྐྱོན་ནི་མ་རེད། ང་དེ་རིང་མ་སོང་བ་ཡིན་ན་ངེད་གཉིས་བདུན་ཕྲག་གཅིག་གི་རིང་དུ་ཁ་ཁར་ནས་འདུག་དགོས་དུས་ཁྱེད་རང་གཅིག་བུ་ཨེས་ལ་གྲི་ནས་སུན་སྣང་སྐྱེ་ངེས་རེད་ཟེར་ནས་ང་རང་ལ་བསམ་བློ་བཏང་ནས་མོ་རང་གི་གཟུགས་གཞི་ཅུང་ཙམ་བདེ་བོ་མེད་ན་ཡང་རླངས་འཁོར་ནང་དུ་ལམ་ལ་འབུད།

ལམ་བར་གྱི་རིང་ཐུང་གང་བོར་རྐུབ་སྟེགས་སྟེང་ནས་ཡར་ལོག་མར་ལོག་བརྒྱབ་ནས་ནད་ཀྱི་འདུག་ཟེར་བས་ང་རང་ཡང་བདེ་བོ་མེད་པ་ཞིག་ཆགས། ཨེས་ལ་གྲི་ལ་མ་སླེབས་པའི་སྐར་མ་ཁ་ཤས་ཀྱི་སྔོན་དེ་ལ་ང་རང་ལ་ལས་ཀ་བྱེད་སའི་ལས་ཁུངས་ནང་གི་བུ་མོ་ཞིག་གི་ཁ་པར་འབྱོར་ནས་ཁྱེད་རང་དེ་རིང་ལས་ཀ་བྱེད་དུ་མ་ཡོང་བ་ཡིན་ན་འགྲིག་གི་འདུག ཐབ་ཚང་ནང་དུ་མེ་སྐྱོན་ཤོར་འདུག རྗེས་སུ་གལ་ཏེ་ལས་ཀ་མགོ་བཙུགས་པ་ཡིན་ན་ཁྱེད་རང་ལ་འབྲེལ་བ་བྱེད་ཆོག་ཟེར། ངས་མེ་ཚབ་ཆེན་ཤོར་འདུག་གམ་ཟེར་ནས་དྲིས་དུས། དེ་ང་རང་གིས་ཀྱང་ཤེས་མ་སོང་། ང་རང་ལས་ཁུངས་དུ་ཡོད་ཟེར། གང་ལྟར། དེ་རིང་ལས་ཀ་འགྲོ་མ་དགོས་པ་དེ་ནི་དངོས་ནས་ཡག་པོ་ཆགས། གངས་མཚོ་ནད་བཞིན་འདུག་ལ། མོ་རང་ལ་ཡང་འདུག་རོགས་དགོས་ཀྱི་ཡོད་པ་རེད།ངས་མོ་རང་ལ་ཐེངས་མ་མང་བོ་ཞིག་ལ་ཇ་བསྐོལ་བ་དང་མོ་རང་གི་ཟ་མ་གང་ཡང་ཟོས་མེད་སྟབས། ངས་འཐེན་ཐུག་ཞིག་བསྐོལ་ནས་མོ་རང་ལ་སྤྲད་དུས། མོ་རང་གི་ཉུང་ཉུང་ཞིག་ལས་འཐུང་མ་སོང་། ང་རང་ལ་ཡང་ཐབས་ཤེས་གང་ཡང་མི་འདུག་པར་མོ་རང་གི་ཨ་ཡ་དང་ཨ་ན་ཟེར་བ་ལ་ཉན་ནས་འདུག་རྒྱུ་ལས་ཐབས་ཤེས་གང་ཡང་མེད་པ་དང་ཞོར་ནས་ལས་ཁུངས་ནས་ཁ་པར་རེ་སླེབས་མི་ཡོང་ངམ་སྙམ་ནས་སེམས་འཚབ་བྱེད་བཞིན་བསྡད།

བར་སྐབས་ཤིག་ལ་ངས་མོ་རང་གི་ཐོད་པ་ལ་རེག་དུས་དངོས་ནས་ཚ་བ་ཆེན་པོ་འདུག་པས་སྨན་ཞིག་ཐབས་ཤེས་བྱས་ན་ཁྱེད་རང་གི་འཐུང་རྒྱུ་ཨེ་ཡིན་ཞེས་དྲིས་དུས་མོ་རང་གི་ཁྱིམ་ཚེས་བུད་མེད་དེ་ལ་ཚ་བ་བརྟག་དབྱད་བྱེད་པའི་ནད་བརྟག་ཆུང་ཆུང་དེ་ཨེ་ཡོད་ཟེར་ནས་དྲིས་དང་ཟེར་བས་ང་རང་འདྲི་རུ་སོང་དུས། བུད་མེད་ཁྱིམ་ཚེས་དེ་ནི་དངོས་ནས་ཡ་རབས་ཤིག་རེད། མོ་རང་ལ་ནད་བརྟག་དབྱད་བྱེད་སྤྱད་དེ་མེད། ཡིན་ཡང་། ཚ་སྨན་ཡོད། འདི་འཁུར་ནས་སོང་དེ་འཐུང་དུ་བཅུགས། ད་གཞན་པའི་ཁྱེད་རང་ལ་དགོས་པ་གང་ཡོད་ན་གསུང་རོགས་ཞུ་ཟེར་བས། ངས་ཐུགས་རྗེ་ཆེ་གཞན་གང་ཡང་མི་དགོས་ཟེར་ནས་སྨན་འཁུར་ནས་ཕྱིར་ལོག་ནས་ཡོང་བ་ཡིན།

ངས་རྗེས་དེར་བུད་མེད་དེས་འདི་ཚ་བ་ལ་ཕན་ངེས་ཡིན་ཟེར་ནས་ཇ་ཞིག་དང་ཤེལ་གྱི་ཇ་དེམ་ཞིག་འཁུར་ནས་ངེད་གཉིས་ནང་དུ་སླེབས་སོང་། ངས་བུད་མེད་དེར་ཐུགས་རྗེ་ཆེ་ཟེར་ཞོར་དུ་ལག་གཉིས་ཀྱིས་ཇ་དང་ཤེལ་གྱི་ཇ་དེམ་དེ་ཚུར་བླངས་པ་ཡིན། ངས་ཇ་དེ་བསྐོལ་ནས་མོ་རང་ལ་ལུད་པ་དང་སྨན་ཡང་འཐུང་དུ་བཅུགས་རྗེས། ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཅུང་ཙམ་ལྷོད་དུ་འབབ་སོང་། མོ་རང་གི་དཀྲུས་རྒྱག་གི་ཡིན་ཟེར་བས་ངས་དེ་ནི་ཐབས་ཤེས་ཡག་པོ་ཞིག་ཡིན་རྒྱུ་མ་རེད་ཟེར་ནས་བཤད་ཀྱང་། མོ་རང་གིས་དཀྲུས་རྒྱག་པ་དེ་ནི་སྐྱོན་མི་ཡོང་ཟེར་ནས་དཀྲུས་ཁང་དུ་འཛུལ་སོང་། ངས་འཐེན་ཐུག་ཚ་བོ་བཟོས་དེ་དགོང་ཟས་བྱས་པ་ཡིན། ༨།༢།༠༩

དེ་རིང་ཕལ་ཆེར་ཉིན་བཀང་བོར་ངས་གངས་མཚོ་ནད་བཞིན་ཡོད་པ་དེ་ལ་ལྟ་བཞིན་ལས་ཀའི་ཕྱོགས་ནས་གནས་ཚུལ་རེ་ཨེ་ཡོང་བལྟས་མོད། ཕར་ཁ་པར་ཞིག་བཏང་བས་ལས་ཁུངས་ནང་གི་བུད་མེད་དེའི་ང་རང་ལ་ཚུར་གནས་ཚུལ་གང་ཡོད་མེད་དེ་ཁ་པར་གཏོང་ཡང་ཟེར་ན་ཡང་ལན་གང་ཡང་འབྱོར་མ་སོང་། ཕྱི་དྲོ་ཆུ་ཚོད་དྲུག་པ་ཡོལ་ནས་གངས་མཚོ་མོ་རང་གྲོགས་མོ་ཞིག་གི་གསོལ་སྟོན་དུ་འགྲོ་དགོས་པར་བཤད་པ་ལྟར་ལམ་ཁ་ནས་ང་རང་འཚིག་ཇ་འཐུང་ས་རུ་སོང་ནས་གློག་ཀླད་ཀྱི་ཁ་ཕྱེ་ནས་དྲ་ཚིགས་ཁ་ཤས་ལ་ཉུལ་བ་ཡིན། གནས་ཚུལ་ངན་པ་ཞིག་ཡོད་པ་ནི་རྒྱ་ནག་གི་གསར་འགྱུར་སྡེ་ཚན་ཆེ་ཤོས་ཤིག་ལ་མེ་སྐྱོན་ཤོར་བས་གནས་ཚུལ་དེ་ནི་དྲ་ཚིགས་ཁ་ཤས་ཤིག་དུ་བཀོད་འདུག་པ་དང། ༧གོང་ས་མཆོག་ཕྱི་རྒྱལ་ཞིག་ལ་ཕེབས་ཡོད་པ་དང་སྐུ་གཟུགས་བདེ་ཐང་ཡིན་པ་ཡང་ཞོར་ནས་ཤེས་སོང་། དགོང་མོ་གངས་མཚོ་ངེད་གཉིས་ཀྱི་གལ་སྲིད་ངེད་གཉིས་ཀྱི་བྱིས་པ་དེ་ནི་བུ་ཞིག་ཡིན་པ་ཡིན་ན་ནི། དེ་ནི་རྗོ་ཤུ་ལུགས་སྲོལ་ལྟར་ཕོ་མཚན་གྱི་ཤུན་འཔག་སྐྱེ་ནས་བདུན་ཕྲག་ཁ་ཤས་ཀྱི་རྗེས་སུ་གཏུབ་ཀྱི་ཡོད་པ་དེ་བྱེད་རྒྱུ་ཡིན་མིན་བསྐོར་སྐད་ཆ་བཤད་དུས། མོ་རང་གི་ཡིན་དང་ཡིན། དེ་ནི་གཏུབ་དགོས་ཀྱི་རེད་ཟེར་བས་ང་རང་གི་སེམས་ནང་དུ་མི་བདེ་བ་ཞིག་བཟོས་སོང་། དངོས་ནས་མི་ཟེར་བ་ནི་འདི་འདྲའི་ཨུ་ཚུགས་ཆེན་པོ་ཡོད་མཁན་ཞིག་ཡིན་དགོས་དོན་གང་ཡིན་ནམ་སྙམ་པ་དང་ང་རང་གི་ནོར་འཁྲུལ་གྱི་ལམ་ཁ་འདི་ལ་ཡང་ཕྱིར་དྲན་ཐེངས་ཤིག་བྱེད་དུ་བཅུགས། ཡིན་ཡང་། ད་དུང་སྐྱེ་སྲིད་པའི་བྱིས་པ་དེ་ནི་བུ་དང་བུ་མོ་གང་ཞིག་ཆགས་མིན་མི་ཤེས་ཀྱང་། བུ་ཞིག་སྐྱེ་བ་ཡིན་ན་ནི་ངེད་གཉིས་ཀྱི་བསམ་ཚུལ་མི་མཐུན་པ་འདིའི་དབང་གིས་དཀའ་ངལ་ཞིག་འཕྲད་ངེས་རེད། ངས་བསམ་མེད་ཀྱི་བྱིས་པ་དེའི་ཐོབ་ཐང་ཕ་མས་འཕྲོག་འདོད་གཏན་ནས་མེད་པར་ཁོ་རང་གི་འཚར་ལོངས་ཀྱི་རྒྱུད་རིམ་ཁྲོད་ནས་ཁོ་རང་ལ་འདམ་ག་སྟེར་འདོད་ཡོད་པ་ལས་བསམ་མེད་ཀྱི་བྱིས་པ་དེ་འདྲ་ཞིག་སྐྱེ་མ་ཐག་ནས་ཁོ་རང་གི་ལྷན་སྐྱེས་ཀྱི་གྲུབ་པའི་ལུས་ཀྱི་ཆ་ཤས་གང་རུང་ལ་གཏུབ་ཟུག་གི་མནར་གཅོད་དེ་འདྲ་གཏོང་འདོད་དབྱེ་ནས་མེད། ད་དུང་། འཛམ་གླིང་འདིར་འཚོ་ཞིང་གནས་པའི་སྐྱེ་བོ་དུང་ཕྱུར་མང་བོ་ཞིག་གིས་རང་ཉིད་ཀྱི་ལུས་ཀྱི་ཆ་ཤས་ཙམ་ལ་ཡང་ན་ཟུག་སེན་མོ་ཙམ་ཡང་མི་བྱུང་བར་རེ་བ་རྒྱག་བཞིན་ཡོད་ན། བསམ་བཞིན་དུ་ན་ཟུག་སྤྲད་དེ་དེ་ནི་འཕྲོད་བརྟེན་དུ་ཁས་ལེན་བྱེད་མཁན་འདི་ལ་ང་རང་གི་གཏན་ནས་རྒྱབ་སྐྱོར་བྱེད་ཐུབ་ཀྱི་མི་འདུག  གང་ལྟར། ད་ནི་སྐྱེ་སྲིད་པའི་བྱིས་པ་དེ་བུ་དང་བུ་མོ་གང་ཞིག་དུ་ཆགས་རྒྱུ་ཡིན་མིན་དེ་རེད། བྱིས་པ་དེ་ནི་བུ་མོ་ཞིག་ཆགས་པ་ཡིན་ན་ནི་ངེད་གཉིས་ལ་དཀའ་ངལ་གང་ཡང་འཕྲད་མི་སྲིད། བུ་ཞིག་ཆགས་པ་ཡིན་ན་ནི་ངེད་གཉིས་ལ་དཀའ་ངལ་འཕྲད་རྒྱུའི་མགོ་བརྩམས་པ་རེད་བསམ་ཞོར་དུ་གཉིད་དུ་གཡུར་བས་གངས་མཚོ་ལ་ལྟ་ཞོར་དུ་སྒོ་རུ་འབུད་དེ་ཐ་མག་རྐང་གཅིག་ལ་མེ་སྒྲོན། ༡༠།༢།༠༩

གངས་མཚོའི་རེ་འདོད་ལྟར་མོ་རང་གི་ནད་གཞི་སྔར་ལས་ཇེ་བཟང་དུ་དམིགས་བསལ་གང་ཡང་བྱིན་མེད་ཀྱང་། མོ་རང་གི་རྒྱལ་ཁབ་ཀྱི་འོས་ཤོག་གི་ཉིན་མོ་ཡིན་སྟབས། ང་རང་ཁོ་མོ་དང་འགྲོག་ནས་རྒྱལ་ཁབ་ཀྱི་སྲིད་འཛིན་གསར་བ་ལ་འོས་ཤོག་འཕེན་དུ་བསྐྱོད་པའི་ལམ་ཁར་མོ་རང་གི་གྲོགས་མོ་ཝན་ལ་མོ་རང་གི་ཉིན་གོང་བཞེས་ལག་མགྲོན་འབོད་བྱས་པ་ལྟར་ངེད་གསུམ་ཟ་ཁང་ཆུང་ཆུང་ཞིག་གི་ནང་དུ་ཨེས་སི་རལ་གྱི་ཟ་མཞིག་ཟ་རུ་སོང་། དེ་ནས་ཟ་མ་མང་ཤོས་ནི་སྔོ་ཚལ་རྐྱང་རྐྱང་དེ་གྲང་ཚལ་མང་ཤོས་ཡིན་པ་དང་མོ་རང་དང་གྲོགས་མོ་ཝན་གཉིས་ཀྱིས་བྱ་ཤ་ཞིག་ཀྱང་ཟོས། དེའི་རྗེས་སུ་མོ་རང་གི་གྲོགས་མོ་ཝན་ནི་སླར་ཡང་འོས་ཤོག་གི་འགན་འཛིན་ལས་ཁུངས་ཤིག་ལ་འོས་ཤོག་ལྟ་རྟོགས་བྱེད་མཁན་གྱི་འཁྲིས་སུ་ཡོད་པ་དེར་ཕྱིར་ལས་ཀ་བྱེད་དུ་བྱིན། ངེད་གཉིས་ཀྱིས་མོ་རང་གི་འོས་ཤོག་བླུགས་རྗེས་སུ་ཕྱིར་ནང་དུ་ལམ་ཁར་ནམ་རྒྱུན་དུ་ང་རང་འགྲོ་སའི་འཚིག་ཇ་འཐུང་ས་དེ་རུ་བྱིན་ནས་ཇ་གཉིས་བསྔགས་དེ་གློག་ཀླད་ནང་དུ་བོད་ཡིག་གི་དྲ་ཚིགས་ཁ་ཤས་སུ་རང་ཉིད་ཀྱི་ཟིན་བྲིས་འདེབས་ས་ཡོད་པ་དེ་དག་ལ་ལྟ་ཀློག་དང་ཟིན་བྲིས་རེ་ཟུང་ཞིག་བཏབས། དུས་ཚོད་གཉིས་ཙམ་མ་སོང་མོད། མོ་རང་གི་གཟུགས་གཞི་མི་བདེ་ཟེར་བས་ངེད་གཉིས་མོ་རང་གི་འདོད་པ་ལྟར་ཕྱིར་ནང་དུ་ལོག་པ་ཡིན།

ཕྱི་དྲོ་ཙམ་ལ་ང་རང་གིས་ངེད་གཉིས་ལ་ཟ་རྒྱུ་སྟབས་བདེ་ཞིག་བཟོས་པ་ཡིན། ཕལ་ཆེར་ཉིན་གོང་བོར་ངེད་གཉིས་ཀྱིས་ནང་ནས་གློག་བརྙན་ཁ་ཤས་ལ་བལྟས་པའི་ནང་གི་མང་ཤོས་ནི་རྗོ་ཤུ་མི་རིགས་དང་འབྲེལ་བ་ཡོད་པ་དང་ཨེས་སུ་རལ་གྱི་གློག་བརྙན་རེ་ཟུང་ཡིན། གློག་བརྙན་རྗེས་སུ་ངེད་གཉིས་ལ་ཁ་རྩོད་ཉུང་ངུ་ཞིག་ཤོར་སོང་བའི་ནང་དོན་ནི་ནི། ནམ་རྒྱུན་དུ་མོ་རང་གི་འདོད་པ་མ་འཁང་བས་དཀའ་ངལ་དེའི་དབང་གིས་ང་རང་གིས་གང་བྱས་ཀྱང་མོ་རང་གི་སྣེ་ཞིག་བཙལ་ནས་ང་རང་ལ་སྐད་རྒྱགས་པ་དེའི་སྟབས་ཀྱིས་བྱུང་། ངས་ཉིན་གོང་བོར་མོ་རང་གི་འདོད་པ་བསྟུན་གང་ཐུབ་བྱས་ཀྱང་། དགོང་མོ་ཇ་ཞིག་བཟོས་པའི་སྐབས་སུ་ངེད་གཉིས་ལ་ཁ་རྩོད་ཤོར། མོ་རང་གིས་ཁྱེད་ཀྱིས་ག་དུས་ཡིན་ཡང་ང་རང་གི་བཤད་པ་མི་ཉན་པར་ཇ་མང་བོ་ཞིག་བཟོས་དེ་གྲང་མོ་འཁྱག་དུ་བཅུགས་པ་དང་གློག་གི་འགྲོ་སོང་ཆེན་པོ་ཡོད་པ་སོགས་ལ་བསམ་བློ་གཏོང་གི་མི་འདུག་ཟེར། ངས་རང་གི་གང་ཐུབ་ཐུབ་ཀྱིས་འགྲོ་སོང་ཆུང་ཆུང་ཞིག་བྱེད་པར་བསམ་བློ་གཏོང་གང་ཐུབ་དང་ལག་ལེན་བྱས་པ་ཡིན་མོད། ད་དུང་། མོ་རང་གིས་དེ་དག་ལ་བསམ་ཤེས་བྱེད་རྒྱུ་ཕར་ཞོག ངས་འགྲོ་སོང་སོགས་ལ་བསམ་བློ་གཏོང་གི་མེད་རབས་རབ་དང་རིམ་པ་གླེང་དེ་འོང་དུས་དངོས་ནས་ང་རང་གིས་འདམ་པའི་ལམ་ཁ་འདི་ནི་ནོར་འཁྲུལ་ཡིན་པ་ཤེས་ཀྱང་། རེ་ཞིག་རང་ཁ་རོག་གེར་མི་འདུག་ཐབས་མེད་རེད། གང་ཡིན་ཟེར་ན་མོ་རང་གི་གང་བཤད་པ་ཚང་མ་བདེན་པ་ཡིན་དགོས་པ་དང་ངས་དེ་ལ་ལན་ལོག་པ་ཡིན་ན་ནི་མོ་རང་གིས་ཁ་བཙུམ་ཟེར་ནས་ཁ་འགོག་ཅི་ཐུབ་བྱེད། ངེད་གཉིས་གོམ་གཤིས་དང་འཚར་ལོངས་བྱུང་ས་མི་གཅིག་པའི་དབང་གིས་བྱ་སྤྱོད་འདུག་གསུམ་མང་བོ་ཞིག་ལ་དཀའ་ངལ་ཆུང་ཆུང་རིགས་རྒྱུན་དུ་བྱུང་གི་ཡོད་ཀྱང་ང་རང་གིས་དེ་དག་སྣང་མེད་དུ་འཇོག་གི་ཡོད། དཔེར་ན་མོ་རང་གི་རྐང་བ་ངའི་མགོ་སྟེང་ནས་ཡར་འཁྱེར་མར་འཁྱེར་བྱེད་པ་ལ་མོ་རང་ལ་དཀའ་ངལ་གང་ཡང་མི་འདུག་ཀྱང་། ང་རང་ལ་གཏན་ནས་བྱ་སྤྱོད་དེའི་རིགས་ལ་གོམ་འདྲིས་མེད་སྟབས་གཏན་ནས་བདེ་བོ་མེད་ཀྱང་ངས་ཁོ་མོ་ལ་གང་ཡང་ཟེར་གྱི་མེད། གལ་ཏེ། བོད་པ་ཚང་གི་གོམ་གཤིས་ལྟར་ན་ནི་ངའི་དྲིན་ཆེན་ཨ་མ་ལྟ་བའི་ཞིག་གིས་བྱ་སྤྱོད་དེ་དག་མཐོང་བ་ཡིན་ན་ནི། དངོས་ནས་རྣམ་དོག་ཟ་རྒྱུ་ཡིན་པ་ནི་བཤད་ག་ལ་དགོས། ཉིན་མ་དེ་ནས་བཟུང་ང་རང་བུད་མེད་དེ་འདྲ་ཞིག་དང་ལྷན་དུ་ཡོད་པ་ལ་སེམས་འཁྲལ་བྱེད་རྒྱུ་ནི་གདོན་མི་ཟ་བ་ཡིན་ལ། ང་རང་ལ་དམིགས་བསལ་གྱིས་ཁ་བརྡ་སློབ་གསོ་མི་ཉུང་བ་ཞིག་ཀྱང་རྒྱག་ཁོ་ཐག་ཡིན།

ངས་ཉིན་གང་བོར་མོ་རང་ལ་བསྟུན་གང་ཐུབ་བྱས་ཀྱང་། མོ་རང་གིས་ད་དུང་ཡང་མོ་རང་ལ་ཡག་པོ་བྱེད་ཀྱི་མེད་པ་ལྟ་བུ་བཤད་དེ་འོང་དུས་ང་རང་གི་སེམས་པ་ཡང་ཅུང་བདེ་བོ་མ་བྱུང་བ་དང་འགྲོག་ནས་ངེད་གཉིས་ལ་ཁ་རྩོད་དེ་འདྲ་ཞིག་ཤོར་བ་རེད། ང་རང་ལ་དམིགས་བསལ་གྱིས་དམིགས་ཡུལ་གཞན་ཞིག་ཡོད་པ་ནི་མོ་རང་གི་སེམས་ནང་དུ་གཏན་ནས་དྲན་མི་སྲིད་པ་ཡིན། ངས་མོ་དང་ཡང་ན་བུད་མེད་གཞན་སུ་ཞིག་དང་འགྲོག་རུང་། ང་རང་ལོ་ན་བཞི་བཅུ་བརྒལ་རོགས་བར་མ་གཏོགས་འདུག་རྩིས་མེད། དེའི་བར་དུ་ང་རང་གསོན་པོ་གནས་ཐུབ་སོང་བ་ཡིན་ན་ནི། ལོ་ངོ་བཞི་བཅུའི་རྗེས་སུ་ང་རང་གི་ནུ་མོ་ལྷ་མོ་སྐྱིད་ཀྱིས་ཀྱང་རང་མགོ་ཐོན་འགྲོ་ངེས་ཡིན་ལ་ང་རང་གི་ཕ་མ་གཉིས་ཀྱིས་རེ་སྐུལ་གྱང་འགྲུབ་སོང་བ་ཡིན་པས། དེ་ནས་བཟུང་ང་རང་གི་རྨི་ལམ་དང་དམིགས་ཡུལ་དེའི་ཕྱོགས་སུ་བསྐྱོད་འདོད་ཀྱི་སེམས་ཤུགས་ལ་ནམ་ཡང་འགྱུར་བ་སོང་མེད།

དེའི་བར་དུ་གངས་མཚོ་དང་ངེད་གཉིས་ཀྱི་བྱིས་པ་དེ་བུ་ཞིག་སྐྱེ་བ་ཡིན་ན་ནི་མོ་རང་གི་འདོད་པ་བཙན་པོ་དེ་ལ་འགྱུར་བ་མ་བཏང་བར་བུ་དེ་ནི་རྗོ་ཤུ་ལུགས་སྲོལ་བཞིན་བུ་ཆུང་གི་ཕོ་མཚན་གྱི་མགོ་ནས་ཤུན་འབག་ཆུང་ཆུང་ཞིག་གཏུབ་ཀྱི་ཡིན་ཟེར་ནས་གཏུབ་ཉིན་ནས་ངེད་གཉིས་ཁག་ཁག་བྱེད་རྒྱུའི་དམ་བཅའ་ཞིག་ང་རང་གི་སེམས་ཁོང་དུ་བཞག་ཡོད་ལ། ཉིན་མ་དེ་སླེབས་དུས་སུ་ངས་མོ་རང་ལ་སྐད་ཆ་རྣ་ལ་མི་ཉན་པ་དེ་བཤད་དགོས་བྱུང་གི་རེད།

ང་རང་གི་ལས་ཀའི་ཕྱོགས་ནས་བརྡ་ལན་གང་ཡང་འབྱོར་མ་སོང་། སང་ཉིན་ནས་ནངས་ཉིན། ད་དུང་ཉིན་ག་ཚོད་ལ་སྒུག་དགོས་མིན་བཤད་ཚོད་མི་ཐུག་གི ཡིན་ཡང་། ལས་ཀ་དེའི་ཕྱོགས་ནས་བཟང་ངན་གང་ཡིན་གྱི་བརྡ་ཞིག་མ་འབྱོར་བར་དུ་ང་རང་གི་འདི་ལྟར་ལས་མེད་དུ་འདུག་དགོས་པ་དེ་ནི་ལྡོག་དུ་མེད་པ་ཞིག་རེད། ང་རང་གི་རེ་བ་ལ་གངས་མཚོས་འཆམ་ནད་འདི་མགྱོགས་པོ་དྲག་ན་འདོད། མོ་རང་ལ་འཆམ་ནད་ཡོད་བཞིན་དུ་ད་དུང་ངེད་གཉིས་ལྷན་དུ་ཕོ་མོའི་འཁྲུག་སྲེད་ལ་སྤྱོད་དགོས་པར་ང་རང་ལ་སྐུལ་ན་ཡང་། ངས་དེ་ལ་གཏན་ནས་ཁས་ལེན་མ་བྱས་པ་ཡིན། མོ་རང་གིས་མི་འདོད་པའི་རྣམ་འགྱུར་རེ་ཟུང་བསྟན་ན་ཡང་སྣང་མེད་དུ་བཞག་ནས་ཉལ་བ་ཡིན། གཅིག་བྱས་ན་ང་རང་གི་བྱེད་སྟངས་འདི་གླེན་རྟགས་ཡིན་སྲིད་ཀྱང་། ངས་མོ་རང་གི་གཟུགས་གཞིའི་བདེ་ཐང་ལ་བསམ་པ་ཡིན། དངོས་ནས་འདོད་ཆགས་ཆེ་ཆུང་གི་ཆ་ནས་བཤད་ན་ནི། ང་རང་འདོད་ཆགས་ཆེ་བ་མེད་ན་ཆུང་བ་མེད་པ་ཡིན་མོད། གནད་ལ་ཐུག་དུས་ངས་འདི་ལྟར་བྱེད་ཐུབ་ཀྱི་ཡོད།༡༡།༢།༠༩

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. karmadentse says:
    ལོ་ 15 སྔོན།

    བཀླགས་པ་ཡིན། ངེད་ཚང་ལ་ཡོང་ནོ་ཤེས་ནས་མ་ཚད་དགའ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese