མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆོས་སྲིད་གཉིས་འཛམ་གླིང་ཐོག་ནས་ནག་གསུབ་མ་ཐེབས་པ་ཞིག་བྱུང་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཀའ་ཤག་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཁྲི་འདོན་དམ་འབུལ་གྱི་མཛད་སྒོའི་སྟེང་། ༧གོང་ས་མཆོག་གིས་ཁོང་དགུང་ལོ་ ༡༦ ཐོག་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་མཆོག་ལས་བོད་པའི་ཆབ་སྲིད་ཀྱི་འགན་དབང་རྩིས་བཞེས་གནང་པ་དང་། ད་ཆར་ཁོང་དགུང་ལོ་ ༧༦ སྟེ་ལོ་ངོ་ ༦༠ ཕྱིན་པའི་མཚམས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་གནང་གི་ཡོད་པ་བཅས་ཀྱི་བཀའ་སློབ་གནང་སོང་།

སྐབས་དེར་༸གོང་ས་མཆོག་གིས་བཀའ་གནང་དོན། “དེ་རིང་འདིར་དངོས་སུ་འཛོམས་པའི་བོད་པའི་སེར་སྐྱ་མི་མང་དང་། ལྷག་པར་དུ་སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་དང་བཀའ་བློན་ཁྲི་ཟུར། ཕྱི་རྒྱལ་ཁག་ནས་ཕེབས་པའི་སྐུ་མགྲོན་ཚང་མར་འཚམས་འདྲི་ཞུ་བཞིན་ཡོད། དེ་རིང་གི་ཉིན་མོ་འདི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ཆགས་ཏེ་ལོ་ཉིས་སྟོང་ལྷག་ཕྱིན་པའི་ནང་གི་དམིགས་བསལ་གྱི་ཉིན་མོ་ཞིག་ཆགས་ཡོད། ང་ཚོའི་བོད་མི་རིགས་དེ་གནའ་བོའི་ཆོས་རྒྱལ་ཚོའི་སྐབས་ནས་བཟུང་འཛམ་གླིང་གི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་དང་། ཆོས་སྲིད་གང་ཅིའི་ཐོག་ནས་ཁྱིམ་མཚེས་ཚོ་ལས་རྗེས་ལུས་མེད་པ་ཞིག་བྱུང་འདུག ད་ཆ་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་བསླེབས་ཡོད་ཅིང་། དུས་རབས་ཉི་ཤུ་བའི་ནང་འཛམ་གླིང་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཏེ། ཉེ་བའི་ལོ་ཡུན་དེ་དག་རིང་ང་ཚོ་རིམ་པས་དམངས་གཙོའི་ངོ་བོ་ཡོངས་སུ་རྫོགས་པ་ཞིག་བྱ་དགོས་རྒྱུ་གལ་ཆེན་པོར་མཐོང་བསྡད་ཡོད། དེ་རིང་ང་ཚོ་ཕྱི་ནང་སུས་བལྟས་ཀྱང་ཐམས་བཅད་མཐུན་སྣང་དུ་གྲུབ་བསྡད་པ་ང་ཚོ་བཙན་བྱོལ་དུ་བསྡད་ཡོད་ཀྱང་། དངོས་གནས་ཁྲིམས་མཐུན་གྱི་དམངས་གཙོའི་འོས་བསྡུའི་ཐོག་ནས་བདམས་ཐོན་བྱུང་བའི་ད་ལྟའི་གནས་སྟངས་དེ་སྲིད་སྐྱོང་རང་ཆགས་བསྡད་ཡོད།  དེ་རིང་བཀའ་ཤག་གི་གསུང་བཤད་ནང་ཡོད་པ་བཞིན། (politic leader) ཟེར་དུས་སྲིད་སྐྱོང་རེད། དེ་ང་ཚོའི་བོད་པའི་ཐ་སྙད་ནང་ཡོད་བསྡད་པ་ཞིག་ཡིན་སྟབས་འདིར་ཐོན་པ་རེད། དངོས་ནས་དེ་རིང་གི་ཉིན་མོ་དེ་ང་ཚོ་འདིར་འདུ་འཛོམས་བྱས་པའི་བཙན་བྱོལ་བ་ཚོ་སེམས་གཏིང་ནས་སྤོབས་པ་སྐྱེ་དགོས་པ་ཞིག་དང་། སེམས་གཏིང་ནས་རྗེས་སུ་ཡི་རངས་དང་དགའ་བསུ་བྱ་དགོས་པ་ཞིགས་ཆགས་ཡོད། དེ་བཞིན་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་ལ་མཚོན་ན། མགོ་ཁྲིད་འདེམས་རྒྱུ་ཕར་ཞོག་སོ་སོ་སྒེར་གྱི་བསམ་བློའི་ནང་གི་ཚོར་བ་གང་ཡོད་པ་དེ་ཡང་ཕྱིར་འདོན་མ་ཐུབ་པའི་གནས་སྟངས་འོག་བསྡད་ཡོད་མཁན་ཚོ་ཡང་སེམས་ནང་སྤོབས་པ་དང་དགའ་སྤྲོ་སྐྱེ་རྒྱུ་ཞིག་ཏན་ཏན་ཡོང་གི་རེད” ཅེས་གསུངས་བྱུང་།  

 

ཡང་༸གོང་ས་མཆོག་ཁོང་རང་ཉིད་ཀྱིས་སྔོན་མ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཇི་ལྟར་བཞེས་ཚུལ་དང་། ད་ཆར་སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་སུ་ཇི་ལྟར་རྩིས་སྤྲོད་གནང་གི་ཡོད་པའི་སྐོར་གསུངས་དོན། “ངོས་རང་སྒེར་ལ་མཚོན་ན་རང་ལོ་  ༡༦ སྟེང་བོད་ཀྱི་གནས་སྟངས་ལ་དཀའ་ངལ་གསར་བ་ཞིག་ཆགས་ཏེ། “རི་ལུགས་ཐགས་པས་མི་དོམ” ཟེར་བ་ལྟ་བུའི་གནས་སྟངས་ཆགས་པའི་དབང་གིས། སྐུ་ཕྲེང་བཅུ་གསུམ་པས་དགུང་ལོ་ ༡༨ སྟེང་ཆབ་སྲིད་ཀྱི་འགན་བཞེས་པ་རེད། དུས་ཚོད་ཧ་ཅང་ཛ་དྲག་བྱུང་སྟབས། ང་རང་ལོ་ ༡༦ སྟེང་བོད་ཀྱི་ཆབ་སྲིད་ཀྱི་འགན་འཁུར་བ་རེད། སྐབས་དེར་སྟག་བྲག་རིན་པོ་ཆེ་སྲིད་སྐྱོང་རེད། སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་བོད་ཀྱི་ཆབ་སྲིད་ཀྱི་འགན་དེ་ཚུར་རྩིས་ལེན་བྱས་པ་རེད། དུས་དེ་ནས་ང་ལོ་ ༧༦ བསླེབས་པའི་བར་གྱི་ལོ་ ༦༠ རིང་ནི་དུས་ཚོད་དཀའ་ངལ་ཆེན་པོ་ཞེ་དྲག་ཅིག་གི་འོག་ནས་ཕྱིན་པ་རེད། ཐབས་མཁས་པོ་ཞིག་གི་ཐོག་ནས་གང་ལྟར་བོད་པའི་ཆོས་སྲིད་གཉིས་ཀ་འཛམ་གླིང་འདིའི་ཐོག་ནས་ནག་གསུབ་མ་ཐེབས་པ་ཞིག་བྱུང་བ་རེད། དེ་ངོས་ཀྱི་བྱས་རྗེས་ཕྲན་བུ་ཞིག་ཡིན་བསམ་པ་དྲན་བསྡད་ཡོད། དེ་རིང་ལོ་ ༦༠ ཕྱིན་སྟེ་སྔ་མོའི་སྤྱི་ཚོགས་རྙིང་པའི་འགྲོ་སྟངས་ཀྱི་འོག་ནས་བོད་ཀྱི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་ཚུར་རྩིས་ལེན་བྱས་བཞག་པ་དེ། དེ་རིང་དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་གང་སར་དབྱར་གྱི་ཆུ་བོ་འཕེལ་བ་ལྟར་འགྲོ་བཞིན་པའི་དམངས་གཙོ་དེ་ཁ་ཞེ་གཉིས་མེད་དང་སྤོབས་པའི་ངང་ལག་བསྟར་བྱས་ཏེ། མི་མང་གིས་འོས་བསྡུ་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངས་རྩིས་སྤྲད་ཟིན་པ་རེད” ཅེས་གསུངས་བྱུང་།

 

ཡང་ཁོང་གིས་ཆོས་ལུགས་དབུ་ཁྲིད་ཚོས་ཆབ་སྲིད་ཐོག་འགན་འཁུར་ན་ཡག་པོ་མེད་སྐོར་གསུངས་དོན། “ང་ཚོ་བོད་མི་རིགས་ཀྱིས་ལོ་སྟོང་ཕྲག་རིང་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་དེ་བློ་སྦྱོང་དང་། བློ་སྦྱོང་དེ་ཡང་ཚིག་སྐམ་པོ་ཙམ་མིན་པར། དངོས་ཡོད་འཚོ་བ་དང་འབྲེལ་ཏེ་ཕྱིན་པའི་འབྲས་བུ་ལ། གཏིང་ཟབ་པ་ཟབ་མོ་སྟོང་ཉིད་ཀྱི་ལྟ་གྲུབ་དང་། རྒྱ་ཆེ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་ཞེས་ལོ་སྟོང་ཕྲག་རིང་གནའ་རབས་ཀྱི་ལྟ་གྲུབ་ཡོངས་སུ་རྫོགས་པ་གསོན་པོར་གནས་ཡོད་མཁན་ཕལ་ཆེར་བོད་པ་གཅིག་པུ་རེད། དེ་འདྲའི་སངས་རྒྱས་ཀྱི་ཆོས་པ་ཞིག་ཡིན་ན། དངོས་ཡོད་གནས་ཚུལ་དང་རན་པ་ཞིག་བྱ་དགོས་པ་ལས། དངོས་ཡོད་གནས་ཚུལ་དང་མ་རན་པ་བྱས་ཏེ་སྔར་གྱི་ལམ་དང་ལུགས་སྲོལ་ཟེར་ནས་སྐད་ཆ་བཤད་རྒྱུ་བསྡད་ཡོད་པ་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་སྐབས། གདུལ་བྱའི་ཁམས་དང་མོས་པ་ལ་མཐུན་པའི་ཐོག་ནས་ཆོས་བསྟན་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་དུ་ཆབ་སྲིད་ཀྱི་འགྲོ་སྟངས་མང་པོ་ཞིག་འཕོ་འགྱུར་འགྲོ་བཞིན་པ་རེད། ངས་ནམ་རྒྱུན་འཛམ་གླིང་དེ་མི་མང་ལ་དབང་བ་རེད་མ་གཏོགས། རྒྱལ་པོ་དང་བླ་མ། དཔོན་པོ་བཅས་ལ་དབང་གི་ཡོད་པ་མ་རེད། ཡུལ་ལུང་བྱེ་བྲག་པར་མཚོན་ནའང་། ཡུལ་ལུང་དེའི་མི་མང་ལ་དབང་བ་ལས། རྒྱལ་བོ་དང་བླ་ཆེན་ལ་དབང་གི་མ་རེད། ཅེས་བཤད་བསྡད་ཡོད། ང་ཚོ་བོད་ལ་ཆ་བཞག་ནའང་། བོད་དེ་བོད་རྒྱ་ཆེ་མི་མང་ལ་དབང་གི་རེད་མ་གཏོགས། བླ་ཆེན་དང་སྔོན་གྱི་རྒྱལ་བརྒྱུད་གང་ལའང་དབང་གི་མ་རེད། དེར་བརྟེན། ངས་ནམ་རྒྱུན་ཆབ་སྲིད་ཀྱི་དབང་ཆ་དེ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཚོས་བྱེད་ཀྱིན་པ་དེ་འགྲིག་གི་མི་འདུག ཅེས་བཤད་བསྡད་ཡོད། ང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་ཆབ་སྲིད་ཀྱི་དབང་ཆ་ཞིག་བཟུང་བསྡད་ན། ཁ་ནས་བཤད་པ་དང་ལག་ལེན་བསྟར་བ་གཉིས་མ་མཐུན་པ་ཞིག་ཆགས་ཀྱི་འདུག དེ་ལྟར་ཆགས་སྐབས་མཚམས་རེར་མ་བདེ་བ་ཡོང་གི་འདུག ད་ཆ་ང་རང་གི་སེམས་ནང་ཡིད་ཆེས་ཡོད་པ་དང་མི་ལ་བཤད་པ་དངོས་སུ་ལག་ལེན་བསྟར་ཡོང་སྐབས། ང་རང་དང་མི་སུ་འདྲ་ཞིག་ཡིན་ཡང་རང་ལ་ལྟ་གྲུབ་ཡོད་བསྡད་པ་དེ་འཛམ་གླིང་མི་མང་ལ་དབང་བསྡད་ཡོད་པ་རེད། ཆོས་སྲིད་ཀྱི་དབུ་ཁྲིད་སོ་སོར་དགོས་པ་སྤོབས་པའི་ཐོག་ནས་བཤད་བསྡད་པ་དེ་དངོས་སུ་ལག་ལེན་བསྟར་ཡོང་དུས་ང་ལ་མུ་མཐུད་ཤུགས་ཆེན་པོས་བཤད་པའི་གོ་སྐབས་ཡོད། དེར་བརྟེན། ང་རང་སྒེར་གྱི་ངོས་ནས་དེ་རིང་གི་ཉིན་མོ་འདི་ནི། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་དེ་རིང་དངོས་སུ་འགྲུབ་པ་རེད” ཅེས་གསུངས་བྱུང་།

 

མཐའ་མར་ཁོང་གིས། “ཐེངས་འདིའི་མི་མང་གི་འོས་བསྡུ་དང་འབྲེལ་ཏེ་མ་འོངས་པར་གྲོས་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་མཉམ་རུབ་བྱ་གལ་ཆེ་སྐོར་གསུངས་དོན། ཐེངས་འདིའི་འོས་བསྡུ་དང་ཐད་ཀར་འབྲེལ་བ་ཡོད་མཁན་བྱེས་འཁོད་རྒྱ་ཆེའི་མི་མང་ཚོ་ཆགས་ཡོད། ཁྱེད་རང་ཚོས་སེམས་འཁུར་དང་དོ་སྣང་བྱས། སོ་སོའི་སེམས་ནང་རྡོག་ཁྲེས་ཤིག་དང་འཁུར་ཞིག་བླངས་ཏེ་ཧུར་བརྩོན་བྱས་ཏེ། མཐའ་མར་དེང་དུས་ཀྱི་ཤེས་ཡོན་ཚད་མཐོ་བོ་ཡོད་པའི་མི་ཞིག་འོས་འདེམས་བྱུང་བ་རེད། སྲིད་སྐྱོང་བློ་བཟང་སེང་གེ་ལ་མཚོན་ན། དམངས་གཙོའི་འོས་བསྡུའི་ལམ་ནས་འོས་འདེམས་བྱས་པའི་འགན་དབང་ཆ་ཚང་ཡོད་པའི་མི་སྣ་དང་པོ་དེ་ཆགས་ཡོད། འགྲོ་སྟངས་ཀྱི་ཐོག་ནས་ལྷག་བསམ་རྣམ་དག་གིས་མགོ་ཁྲིད་བྱེད་ཀྱི་རེད། གཙོ་ཆེ་བ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་འཛིན་སྐྱོང་གི་ལས་བྱེད། དེ་བཞིན། ཚོགས་པ་སྐྱིད་སྡུག་ཁག་དང་མི་མང་ཚང་མས། རྒྱུ་མཚན་ལྡན་པའི་ཐོག་ནས་སྐྱོན་བརྗོད་དང་སྐྱོན་ཡོ་བསྲང་བྱ་རྒྱུ་ཡོད་ན་གནས་ཚུལ་ཁ་ཁ་རེད། དེ་མིན་ང་ཚོ་ཚང་མས་སྤྱི་བ་གལ་ཆེན་དུ་བརྩི་དགོས་པ་རེད། འབྱུང་འགྱུར་ཡང་ཚང་མས་ཆིག་སྒྲིལ་ཐོག་སྤྱིའི་འདོད་དོན་འགྲུབ་ཐུབ་པ་ཞིག་ཚང་མས་ཐུགས་འཁུར་བསྐྱེད་རོགས” ཞེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༣ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༤ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༦ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གི་སྐུ་ཚེ་ཡུན་བརྟན་ཤོག །
    བོད་ཀྱི་ཆོས་སྲིད་མངའ་ཐང་རྒྱས་པར་ཤོག །
    བློ་བཟང་སེང་གེའི་བསམ་དོན་འགྲུབ་པར་ཤོག །
    གཞིས་བྱེས་མཉམ་འཛོམས་མྱུར་དུ་ཡོང་བར་ཤོག །

    Reply
  2. རྒྱལ་ཁམས་པ། says:
    ལོ་ 15 སྔོན།

    འདི་ཕྱི་གཉིས་ཀྱི་རྣམ་ཤེས་བཅོལ་ས། ། གངས་ཅན་མགོན་པོ་ཁྱེད་ཀྱི་མཛད་བཟང་། །
    ངེད་ཅག་བོད་འབངས་ས་ཡ་དྲུག་གི ། སྨྲ་བསམ་བརྗོད་མེད་སེམས་ཀྱི་ཚོར་བས། །
    སྐུ་ཚེ་བརྟན་ཅིང་བཀྲ་ཤིས་སྨོན་ལམ། ། ལྷ་དར་དཀར་པོ་ལྷན་དུ་ཉིད་ལ་འབུལ ། །

    Reply
  3. ལུང་རྟོགས། says:
    ལོ་ 15 སྔོན།

    ༸གོང་ལ་ཡིད་བཞིན་ནོར་བུ། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་མཛད་པ་མཇལ་ཐེང་རེ་ལ། ངའི་མིག་མཐའ་མཆི་མས་སྐོར་ཡོང་ཞིང་། ལུས་ཀྱི་བ་སྤུ་ལྡང་ཡོང་། ཁྱེད་ཀྱི་མཛད་སྤྱོད་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག སྙིང་གི་སྒྲོན་མེ། ངའི་ཟུང་ཁྲག་འདི་ས་ལ་ཐིམ་རུང་། ངའི་རུས་ཕུང་འདི་རྡོ་ལ་འགྱུར་རུང་། ངའི་རྣམ་ཤེས་འདི་ཁྱེད་ལ་འཁོར་ངེས།

    Reply
  4. ཤིང་ལོ། says:
    ལོ་ 15 སྔོན།

    གངས་ཀྱི་རི་བོ་ལྟ་བུའི་མཚན་ལྡན་གྱི་བླ་མ།།
    གངས་ཀྱི་སེངྒེ་ལྟ་བུའི་དོན་ལྡན་གྱི་སྲིད་སྐྱོང་།།
    གངས་རིའི་གཟི་བྱིན་འདྲེན་པའི་མགོན་དཔུང་དུ་ཕེབས་དུས།།
    གངས་ཅན་བོད་ཀྱི་ཆོས་སྲིད་འཛམ་གླིང་དུ་གྲགས་སོང་།།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    སྲིད་ཀྱི་སེང་ཁྲི་ཞབས་ཀྱིས་མནན། ཆོས་ཀྱི་དར་ཆེན་མཁའ་ལ་བསྒྲེངས།
    བྱམས་བརྩེ་བདེན་པའི་དཔུང་སྟོབས་ཀྱིས། དགའ་བ་བརྒྱ་ལྡན་ཁྱེད་ཀྱིས་བསྐྲུན།

    Reply
  6. ནད་པ says:
    ལོ་ 15 སྔོན།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག །

    Reply
  7. སྟག་ཕྲུག says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་སྲིད་གཉིས་འཛམ་གླིང་ཐོག་ནས་ནག་གསུབ་མ་སོང་བར་སྲུང་སྐྱོབ་གནང་བ་མ་ཟད་རྒྱལ་སྤྱི་ཅན་དུ་བསྒྱུར་བ་རེད། ད་ནས་བཟུང་མང་གཙོའི་ཀ་བ་གསུམ་གྱིས་དབུས་པའི་བོད་རྒྱ་ཆེའི་མི་མང་གིས་རང་རང་གི་ལས་གནས་ཆེ་ཕྲ་ཀུན་ལ་ངོ་ལྐོག་མེད་པར་འགན་འཁུར་ནས། བོད་ཀྱི་ཆོས་སྲིད་གཉིས་མུ་མཐུད་དེ་འཛམ་གླིང་ཐོག་གནས་རྒྱུ་མ་ཟད་བོད་གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་མྱུར་དུ་བསུ་བར་ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོ
    ོན་ཀྱི་རྨང་གཞི་བྱས་ཏེ་ལས་དོན་ལ་སེམས་ཤུགས་བསྐྱེད་རྒྱུ་གལ་ཆེ་བས་ཚང་མས་ཐུགས་ལ་འཇག་རོགས།

    Reply
  8. སྟག་ཕྲུག says:
    ལོ་ 15 སྔོན།

    རླབས་ཆེན་གྱི་དབུ་ཁྲིད་ཁྱེད་ཀྱི་རིང་ནས་བརྣག་པའི་འདོད་དོན་དེ་འགྲུབ་པར་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese