མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ཆར་གཞུང་གི་རྒྱུན་གྲོན་གཞན་ལ་བརྟེན་མི་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ཆར་སྐབས་བཅུ་གསུམ་པའི་བཀའ་ཤག་གིས་མཐའ་མའི་གསུང་བཤད་ཅིག་གནང་བའི་ནང་། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞུང་གི་དཔལ་འབྱོར་གནས་བབ་ཉེན་ཁ
་ལས་བསྐྱབས་ཏེ། ད་ཆར་དགོས་ངེས་ཀྱི་རྒྱུན་གྲོན་རྣམས་དྭང་བླང་དཔྱ་དངུལ་དང་། མ་འཇོག་དཔྱ་འབབ་ཀྱིས་འདང་ཐུབ་པའི་གནས་སྟངས་ཆགས་ཡོད་ཟེར།

ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་པའི་ལྷན་ཁང་ཁག་གི་བཀའ་བློན་རྣམ་པས་གངས་སྐྱིད་བཀའ་ཤག་གསར་པའི་ཚོགས་ཁང་དུ། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་གྱི་ལས་སྡོམ་སྙིང་བསྡུས་ངོ་སྤྲོད་གནང་ཡོད་པ་དེ་ཟླ་འདིའི་ཚེས་ ༧ ཉིན་གྱི་དགོང་མོ་བོད་གཞུང་དྲ་བརྙན་བརྒྱུད་ཕྱིར་གཏོང་བྱས་སོང་།

སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་བྱུང་མེད་ནའང་། ༧གོང་ས་མཆོག་གི་བཀའ་དྲིན་དང་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ད་བར་ཁ་ཆག་སྣ་རལ་གྱི་གནས་སྟངས་བྱུང་མེད་ཚུལ་དང་། “དམངས་གཙོའི་སྤྱི་ཚོགས་ནང་འཛིན་སྐྱོང་དང་ཆབ་སྲིད་དབང་འཛིན་པའི་སྲིད་བྱུས་ཐག་གཅོད་གང་འདྲ་ཞིག་བྱུང་ཡང་། དེ་ལ་བོད་མི་ཚང་མས་ངོས་ལེན་དང་རྒྱབ་སྐྱོར་དགོས་དོན་གང་ཡང་མེད་པས་བཀའ་ཤག་གི་སྲིད་བྱུས་དང་ལས་རིམ་ཐོག་དགག་བྱ་དང་སྐྱོན་བརྗོད་གནང་མཁན་ཚང་མར་བཀའ་དྲིན་ཞུ་རྒྱུ་ཡིན། ཁྱེད་ཚོས་ཐུགས་སྣང་ཆེན་པོས་དོགས་སློང་དང་དགག་བྱ་གནང་བ་དེས། བཀའ་ཤག་གི་ལས་དོན་ཐོག་ཡོ་བསྲང་དང་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་བྱུང་ཡོད། གལ་སྲིད་ནོར་འཁྲུལ་ཡོད་ན་ནོར་འཁྲུལ་ལ་ཡོ་བསྲང་དང་། ནོར་འཁྲུལ་མེད་ན་གསལ་བཤད་བྱ་རྒྱུའི་གོ་སྐབས་སོགས་བྱུང་ཡོད། དམངས་གཙོའི་སྤྱི་ཚོགས་ནང་། གཞི་རིམ་མང་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་མེད་ན། ལག་ལེན་བསྟར་ཐབས་རྩ་བ་ནས་མེད་སྟབས། རྒྱབ་སྐྱོར་གནང་མཁན་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན” ཞེས་གསུངས་ཡོད།

སྐབས་དེར་བཀའ་ཁྲི་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་སྡོམ་ངོ་སྤྲོད་གནང་བའི་ནང་།  ཆོས་རིག་ལས་ཁུངས་ཀྱི་ཐད་དུ་ཆོས་དང་རིག་གཞུང་སྤྱི་དང་། བྱེ་བྲག་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་ལྟ་སྐྱོང་དང་། ཆོས་རིག་མི་ཉམས་གོང་འཕེལ་གཏོང་རྒྱུའི་ལས་དོན་ཐོག་འབད་བརྩོན་ཞུ་བཞིན་ཡོད་སྐོར་དང་། བཀའ་ཤག་སྐབས་བཅུ་གསུམ་པར་ཆོས་རིག་ལས་ཁུངས་དེ་༼ ཆོས་དོན་ལྷན་ཚོགས༽ ཀྱི་ངོ་བོར་བསྒྱུར་ཆེད། སྤྱི་འཐུས་ལྷན་ཚོགས་བརྒྱུད་ཆོས་རིག་ལྷན་ཚོགས་ཀྱི་ཁྲིམས་ཡིག་གཏན་ལ་ཕབ་ཡོད་པ་དང་། ཁྲིམས་ཡིག་གཞིར་བཟུང་མི་འགྱང་བར་ཚད་མཐོའི་སྐུ་དབང་ཡོད་པའི་ཆོས་རིག་ལྷན་ཚོགས་ཤིག་འཛུགས་འཆར་ཡོད་སྐོར་གསུངས་སོང་།

ཤེས་རིག་ལས་ཁུངས་ཀྱི་ཐད་དུ། བོད་མིའི་འབྱུང་འགྱུར་གནས་བབ་གང་འདྲ་ཡོང་མིན་དེ། ད་ལྟའི་ཤེས་ཡོན་སློབ་སྦྱོང་ལ་རག་ལས་ཡོད་སྟབས་བོད་མིའི་དངོས་ཡོད་དགོས་མཁོ་དང་མཐུན་པའི་ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་ཅིང་། ཤེས་ཡོན་སྲིད་བྱུས་གཏན་ལ་ཕབ་པ་ལྟར་ལག་བསྟར་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་སྐོར། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་བོད་ཕྲུག་ཚོར། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་གོ་སྐབས་ཐོབ་པ་དེ་གཟི་བརྗིད་དང་། དེས་བོད་ཀྱི་མ་འོངས་པའི་གནས་བབ་ཐོག་མ་རྩ་ཆེན་པོ་ཞིག་བཞག་ཡོད་ཚུལ་བཅས་གསུངས་སོང་།  

དཔལ་འབྱོར་ལས་ཁུངས་ཐད་ལ་ཁོང་གིས། གཞུང་གིས་ལས་དོན་ག་རེ་བྱས་ཀྱང་དེའི་རྒྱབ་རྟེན་དཔལ་འབྱོར་གྱི་དགོས་མཁོ་ཡོད་པ་ཞིག་དང་། བཙན་བྱོལ་གྱི་གནས་བབ་རིང་དཔལ་འབྱོར་ཡོངས་རྫོགས་གཞན་ཁོ་ནར་བརྟེན་ན་མི་འགྲིག་སྟབས། ཐོག་མར་བཀའ་ཤག་སྐབས་བཅུ་གཉིས་པའི་ལས་འཁུར་སྐབས། གཞུང་གི་དཔལ་འབྱོར་གནས་བབ་ཉེན་ཁའི་འོག་ལྷུང་ཡོད་པ་དེ་ད་ཆར་ཡར་རྒྱས་སུ་སོང་སྟེ་དགོས་ངེས་ཀྱི་རྒྱུན་གྲོན་རྣམས་དྭང་བླང་དཔྱ་དངུལ་དང་། མ་འཇོག་དཔྱ་འབབ་ཀྱིས་འདང་ཐུབ་པའི་གནས་བབ་ཆགས་ཡོད་ཚུལ་དང་། ད་ལྟ་ལོག་འཚོ་དང་མ་འདྲེོས་པ་ཞིག་དང་། ཡུལ་ཁྲིམས་དང་མཐུན་པ། ཕྱི་ནང་མེད་པ། མངོན་ལྐོག་མེད་པའི་དཔལ་འབྱོར་གནས་བབ་ཆགས་ཡོད་ཚུལ་སྤོབས་པ་དང་བཅས་གསུངས་སོང་།   

འཕྲོད་བསྟེན་ལྷན་ཁང་ཐད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་གང་ཐུབ་ཀྱིས་ཞབས་འདེགས་ཞུས་ཡོད་པའི་ནང་། དམིགས་བསལ་མ་དང་བྱིས་པའི་འཕྲོད་བསྟེན་དང་མྱོས་རྫས་སྔོན་འགོག དེང་དུས་གནས་བབ་དང་མཐུན་པའི་སྤྱི་ཚོགས་ཀྱི་དཀའ་ངལ་སེལ་རྒྱུའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་དང་། འཕྲོད་བསྟེན་ཉེན་སྲུང་འགན་ལེན་གྱི་ལས་གཞིའི་ཐོག་མང་ཚོགས་ལ་སེམས་ཁྲལ་མེད་པ་ཞིག་བཟོ་བཞིན་ཡོད་སྐོར་དང་། སྲོལ་རྒྱུན་བོད་ཀྱི་གསོ་བ་རིག་པ་དེ་རྒྱ་གར་ཁྲིམས་ཐོག་ཏུ་ངོས་ལེན་ཡོང་བའི་ཐོག་ནས། གསོ་རིག་སྲོལ་རྒྱུན་འདི་མུ་མཐུད་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་དགོས་སྐོར་གསུངས་སོང་།

བདེ་སྲུང་ལས་ཁུངས་ཀྱི་བསྒྲུབ་བྱ་གཙོ་བོ་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་དང་སྤྱི་ཚོགས་བདེ་འཇགས་ཀྱི་ལས་དོན་ལ་ལྟ་རྟོག་གནང་རྒྱུ་གཉིས་ཡིན་པ་དང་། དེ་དག་ལས་༧གོང་ས་མཆོག་གི་བླ་མེད་ཐུགས་བསྐྱེད་དང་བོད་ཀྱི་ལྷ་སྲུང་ཚོའི་འཕྲིན་ལས། རྒྱ་གར་དབུས་དང་ས་གནས་གཞུང་བཅས་ཀྱི་འགན་ལེན་འོག་ཉེན་ཁ་གང་ཡང་བྱུང་མེད་ལ། མ་འོངས་པར་ཡང་སྐུ་ཕྱཱ་དང་སྤྱི་ཚོགས་བདེ་འཇགས་ཐོག་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་ཟེར།    

ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙིང་བསྡུས་ནང་། གཞིས་ཆགས་ཁག་བརྟན་ལྷིང་ཡོང་ཆེད་གཞིས་ཆགས་ཁག་སོ་སོའི་འཚོ་རྟེན་ཡར་རྒྱས་དང་གཞིས་མི་གནས་སྡོད། ས་གནས་ཚོགས་པ་ཁག་དང་བོད་མི་སྐྱོ་བོའི་གྲས་ཀྱི་འཚོ་བ། དེ་བཞིན། ན་གཞོན་རྣམས་ཀྱི་མདུན་ལམ་ཐོག་རོགས་རམ་གནང་བཞིན་ཡོད་སྐོར་གསུངས་སོང་།    

བཀའ་ཁྲི་མཆོག་གིས་ཕྱི་དྲིལ་ལས་ཁུངས་སྐོར་གསུངས་སྐབས། རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་གོ་རྟོགས་དང་དྲིལ་བསྒྲགས་གཉིས་ཀྱི་ཐོག་ཚད་མཐོ་བོར་བསླེབས་ཡོད་པ་དང་། དུས་ནས་དུས་སུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚཽགས་འདུ་ཁག་དང་། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ལ་འབྲེལ་བ་བྱས་ཏེ། བོད་དོན་དེ་རྒྱལ་སྤྱིའི་སྟེང་གསལ་པོ་བཟོ་ཐུབ་ཡོད་ཚུལ་གསུངས་སོང་ལ། ༡༩༩༤ ལོར་མཚམས་ཆད་པའི་བོད་རྒྱ་འབྲེལ་མོ་དེ་སྐབས་བཅུ་གཉིས་པའི་བཀའ་ཤག་གིས་འབད་བརྩོན་འོག་ ༢༠༠༢ ལོ་ནས་བསྐྱར་མཐུད་བྱས་ཤིང་། འབྲེལ་མོལ་ཐེངས་ ༩ བྱས་པའི་བརྒྱུད་རིམ་ཁྲོད་རྒྱ་ནག་གི་བསམ་ཚུལ་དང་བོད་ཀྱི་གནས་བབ་སྐོར་ཕན་ཚུན་གསལ་པོ་བཟོས་སྐོར། འབྲེལ་མོལ་ཐེངས་ ༨ པའི་སྐབས་༧གོང་ས་མཆོག་གི་དགོངས་གཞི་ངོ་མ་གང་ཡིན་གསལ་པོ་བྱས་ཏེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ལྟར། ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ༽ ཟེར་བ་དེ་རྒྱ་ནག་གི་མགོ་ཁྲིད་ཚོར་སྤྲོད་ཐུབ་ཡོད་སྐོར་བཅས་ངོ་སྤྲོད་གནང་སོང་།

བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་མཚན་བྱང་ཕྱིར་བསྡུ་གནང་མཚམས་ཀྱི་བཀའ་ཁྲི་མཐའ་མ་དེ་ཆགས་ཡོད་པ་རེད།   

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

སྐར་མ ༤ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༣ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡

མཆན། 7

  1. གཤོང་ཀ་ says:
    ལོ་ 15 སྔོན།

    ཟམ་གདོང་རིན་པོ་ཆེ་མཆོག་ནས་དང་བོད་གཞུང་གི་མཛད་གཙོ་རྣམས་པ་དང་ལྷན་ཁང་ཁག་ནས་ཕྱག་ལས་གང་མི་ཟད་གནང་འདུག་རྗེས་སུ་ཡི་རང་ཡོད་བཀའ་དྲིན་ཆེ།
    འོན་ཀྱང་
    སྔོན་མ་ཁྱེད་རང་ནས(་ Privatization)གཞུང་རྒྱུ་མི་དམངས་ལ་ཕྱིར་འཚོང་གནང་བ་འདི་ད་ལྟའི་དཔལ་འབྱོར་དང་ས་ཆའི་རིན་པ་དང་དེ་བས་བལ་ཡུལ་ཀྱི་འཁྲོམ་རྭ་སོགས་གང་ནས་ལྟས་ཀྱང་རྟོགས་ཙམ་སྔ་མ་སོང་ངམ་ འདིའི་སྐབས་བོད་གཞུང་བོང་བུ་འདོན་ཡོད་ཀྱང་མ་རྩ་དང་ས་ཆ་འཁྲོམ་རྭ་ སོགས་ (asset) དངུལ་ལ་ཕབས་ན་གང་ཙམ་ཡོད།
    གཞུང་གི་རྒྱུན་གྲོན་གཞན་ལ་རྟེན་མི་དགོས་པ་ཡག་པོ་རེད་འོན་ཀྱང་དངུལ་ཁང་ནང་དུ་བཅོལ་དངུལ་དང་མ་
    དངུལ་(asset) ལ་སོགས་གང་འདྲ་ཡོད་པ་ཡིན་ནཱ་ འདང་ཙམ་དུམ་ཙམ་ཞིག་ཡིན་ནཱ?

    Reply
  2. བསྟན་འཛིན་ནོར་བུ་ says:
    ལོ་ 15 སྔོན།

    མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་གུས་པས་ཁྱེད་ཀྱི་མཛད་རྗེས་ལ་བཀྲ་ཤིས་བདེ་ལེགས་་ཞུ། བོད་གཞུང་གི་རྒྱུན་གྲོན་གཞན་ལ་བརྟེན་་མི་དགོས་པརརང་ཁ་རང་ཁ་རང་གསོ་ཡིན་པས་གནས་ཚུལ་དེ་ནི་སྲིད་ཚབ་བློ་བཟང་སེང་གེ་ལགས་ཀྱི་འགན་ཆེན་པོ་ཞིག་འབབ་ཟིན་པས་ཁོང་ནས་དེ་ལས་ལྷག་པ་ཞིག་གནང་རྒྱུ་རེ་བ་ཡོད།

    Reply
  3. ཁུགས་གཟར་དུག་མདའ། says:
    ལོ་ 15 སྔོན།

    ད་ཆར་གཞུང་གི་རྒྱུན་གྲོན་གཞན་ལ་བརྟེན་མི་དགོས་བཤད་པ་དེ་ཡུལ་གྱལ་དུ་མི་རིགས་འཚོ་གནས་སྐྱོང་བའི་ཚོགས་པ་ཞིག་གི་ཚོགས་དཔོན་གྱི་ངོས་ནས་གང་ཡང་བྱེད་ཡོད་པ་མ་རེད དཔེ་ན་ཁྱིམ་ཚང་གཅིག་གི་ཨ་ཕ་ཡིས་སྒེར་གྱི་ཚོང་ཁང་དང་ཟ་ཁང་ཤོབ་ཁང་སྒོ་རྒྱབ་ནས་ལོ་འདི་འདྲ་ཞིག་གི་ནང་ལ་ངས་རྒྱུན་གྲོན་གཞན་ལ་བརྟེན་མི་དགོས་རགས་ཆུང་མ་དང་ཕྲུ་གུ་ལ་ཇ་གྲལ་ནང་གསལ་བསྒྲགས་བྱེད་པ་ལྟ་བུ་རེད། ཁྱོད་ཀྱིས་ས་གནས་སོ་སོར་ཡོད་པའི་དཔལ་འབྱོར་ལས་ཁུང་ཆ་ཚང་སྒོ་རྒྱབ་ནས་བོད་མི་དཀྱུས་མ་མང་པོ་ཞིག་ལས་མེད་དུ་མགོན་མེད་སྐྱབས་མེད་དུ་ལྷག་ནས་དཔལ་འབྱོར་གཅིག་སྡུད་ལམ་ལུགས་བྱས་སོང་། ཁྱོད་ཀྱི་ལས་ཡུན་ནང་བྱ་རྗེས་བཞག་ཡོད་པ་ངའི་གང་ཡང་མཐོང་གི་མི་འདུག སྔར་ཆུ་སྒང་དང་བོད་སོག་གཉིས་ཀྱི་དབར་གྲོས་ཆོད་དེ་ཕྱིར་འཐེན་རྒྱབ་ཤིག་བྱེད་སྐབས་ཁྱོད་ཀྱིས་འཁྱོགས་བཤད་བྱས་ནས་བོད་པའི་སྤྱི་ཚོགས་ནང་གསལ་བསྒྲགས་སྤེལ་བས་མདོ་སྟོད་ཆོལ་ཁ་དུམ་བུ་གཉིས་སུ་བཏང་བ་དང་ད་ལྟའི་གནས་སྐབས་སུ་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་རྭ་བའི་ནང་སྙོག་སྒྲ་དེ་ལྷག་ཡོད་པ་རེད དེ་ཁྱོད་ཀྱི་ཚོགས་གཙོ་སྐབས་བཞག་པའི་བྱ་རྗེས་རེད།

    Reply
  4. གྲགས་བསོད་ says:
    ལོ་ 15 སྔོན།

    ཟམ་གདོང་བླ་མས་གཞུང་གི་རྒྱུན་གྲོན་གཞན་ལ་བརྟེན་མི་དགོས་ཞེས་གསུངསའདུག་ན། ངས་བལྟས་ན་འདི་ལ་དྲི་བ་གཅིག་ལྷག་གི་འདུག རྒྱུན་གྲོན་གཞན་ལ་བརྟེན་མི་དགོས་པ་ཁྱོད་ཀྱིས་གང་འདྲ་བྱས་ནས་བཟོས་ཡོད་ཞེས་པ་འདི་རེད།

    Reply
  5. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    རིན་པོ་ཆེ་ཁྱེད་ཀྱི་མཛད་རྗེས་ལ་བསྔགས་བརྗོད་ལན་མང་ཡོད།

    Reply
  6. ཤིང་ལོ། says:
    ལོ་ 15 སྔོན།

    ཟམ་གདོང་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག བཀའ་ཤག་གསར་བས་ངེས་པར་དུ། ཁོང་གི་མཛད་རྗེས་ནས་ལེགས་ཆ་བཞེས་རོགས་གནོངས།

    Reply
  7. ཤག་སྒང་པ། says:
    ལོ་ 15 སྔོན།

    ཤིན་ཏུ་ནས་བཀུར་འོས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་སྒོ་གསུམ་གུས་པས་སྙིང་དབུས་ནས་བཀྲིན་ཤིན་ཏུ་ནས་ཆེ་ཆེ་ཞུ་བ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese