མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད། རེ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

གཞན་ཡུལ་ནས་ལོ་ཟླ་ནི་འདོད་མིན་ལ་མ་བལྟས་པར། ལས་ཀའི་བྲེལ་བ་དང་དུས་ཚོད་ཀྱི་འདེད་ཤུགས་བཅས་ཀྱི་ཁྲོད་ནས་ཉི་མ་ཤར་ནུབ་ཀྱི་གྲངས་ཀ་བརྩིས་དེ་འགྲོ་བཞིན་ཡོད་པའི་ང་དང་རིགས་མཐུན་གྱི་སྤུན་ཟླ་སུ་ཡིན་ཡང་། ང་དང་འདྲ་བར་རང་གི་ཕ་ཡུལ་དང་ཕ་སྐད། ཕུ་ནུ་མིང་སྲིང་དག་དུས་རྒྱུན་དྲན་ཞོར་དུ། ཕྱི་རོལ་མི་ཡུལ་གྲོང་ན་འདུར་བཞིན་ཡོད་ངེས་རེད། ངས་ཀྱང་འདུར་སྟངས་ཤིག་གི་སྔ་གཞུག་འདི་ནས་ད་ནི་ལས་ཀ་ཡང་མགྲོན་ཁང་ཆེན་པོ་འདིའི་ནང་ནས་གཏན་འཇག་བཟོས་པའི་ས་རྟགས་བརྒྱབས་དེ་ཉིན་མ་མང་བོ་ཞིག་སོང་ཟིན་པ་མ་ཟད། ང་རང་ནི་ཐབ་ཚང་ནང་གི་མ་བྱན་ཆེན་མོ་ཆགས་ཡོད། གླ་ཆ་ཡང་ཤིས་ཀར་བདུན་སྟོང་ཙམ་ཐོབ་ཀྱི་ཡོད།

ལས་དབང་གིས་གནང་བའི་མཛའ་མོའི་གྲོད་པའི་ནང་གི་བྱིས་པ་དེ་ཡང་། བུ་དང་བུ་མོ་གང་ཡིན་མཇུག་འབྲས་ཀྱང་གོ  མཛའ་མོའི་གྲོད་ཁོག་དུ་བྱིས་པ་འཁོར་ནས་ཟླ་ངོ་དྲུག་བདུན་ཞིག་འགྲོ་བཞིན་ཡོད་དུས། སྤྲུམ་མ་ཞིག་ལ་ལས་ཀ་གཏན་འཇག་རེག་པར་དཀའ་ངལ་ཡོད་པ་དང་ཕྱོགས་ངོས་གཞན་ནས་ངས་ཀྱང་མོ་རང་གི་ལས་ཀ་མ་བྱས་ན་འགྲིག་པར་ཡང་ཡང་བཤད་པ་ལྟར། མོས་ཀྱང་ནང་དུ་བསྡད་པ་དང་མཚམས་རེར་རླངས་འཁོར་རྙིང་ཀོག་དེ་བཏང་ནས་མཚོ་འགྲམ་དུ་སོང་ནས་ངོ་ཤེས་ཕོ་མོ་ཚོའི་མཉམ་དུ་ཉི་མ་གཏོང་བཞིན་ཡོད།

ང་ནི་ཞོགས་པ་སྔ་བོ་ལས་ཀ་འགྲོ་མི་དགོས་ཀྱང་། ཉིན་གོང་ཆུ་ཚོད་གསུམ་པ་ནས་སོང་ནས་ཟ་མ་གང་གྲྭ་སྒྲིག་བྱེད་དགོས་པ་དེ་དག་ལྷོད་ལྷོད་ཀྱིས་གྲྭ་སྒྲིག་བཟོས་ན་འགྲིག་གི་ཡོད། ཟ་ཁང་འདི་ནི་མགྲོན་ཁང་ནང་དུ་ཡོད་ལ། མགྲོན་པོ་མང་ཤོས་ཤིག་མགྲོན་ཁང་དུ་བསྡོད་མཁན་མ་ཡིན་པར། ཕྱི་ནས་ཆེད་དུ་ཐེ་ལན་གྲའི་ཟ་མ་ཟ་རུ་ཡོང་མཁན་ཡིན། ཟ་ཁང་སྒོ་ཕྱེ་བའི་དུས་ཚོད་ཏག་ཏག་ཆུ་ཚོད་བདུན་པ་ནས་མཚན་མོའི་ཆུ་ཚོད་བཅུ་གཅིག་བར་དུ་ཡིན། བཅུ་གཅིག་ཏག་ཏན་ལ་སྒོ་རྒྱག་གི་ཡོད། རང་ཉིད་ཀྱིས་ཀྱང་དུས་ཚོད་ལྟར་ཐག་བཅད་ནས་སྒོ་བརྒྱབས་ན་འགྲིག་གི་ཡོད། ཐབ་ཚང་ནང་གི་རང་གི་དཔོན་པོ་རང་ཡིན་ལ། མ་གཡོག་ཐེ་ལན་གྲའི་བུད་མེད་གཅིག སྡེར་མ་དང་སྣོད་སོགས་གཙང་དཀྲུ་བྱེད་མཁན་གྱི་མྱི་རིགས་ནག་པོ་གཅིག ཟ་ཁང་ནང་གི་ཞབས་ཞུ་མ། ཨེས་སུ་རལ་གྱི་བུད་མེད་ལོ་ཆུང་སྙིང་རྗེ་མོ་གསུམ། ད་དུང་། ཐེ་ལན་གྲའི་བུད་མེད་གཟུགས་པོ་ཆུང་ཆུང་སྙིང་རྗེ་མོ་ཞིག་བཅས་ཡིན། ཁོང་ཚོས་ཚང་མས་ང་རང་ལ་མ་བྱན་ཆེན་མོ་ཟེར་ནས་འབོད་ཀྱི་ཡོད།

ཐབ་ཚང་ནང་གི་ཆ་རྐྱེན་ནི་དངོས་ནས་ཧ་ལས་པའི་ཡག་པོ་ཡོད་ཀི  ཟ་འཐུང་གང་དགོས་རང་གི་འདོད་པ་ཡིན། འཐུང་ཆུ་ཡང་གཙང་ཆབ་འགྱིག་དམ་ནང་གི་ཆུ་རྐྱང་རྐྱང་འཐུང་གི་ཡོད་ལ། མངར་ཆུའི་རིགས་གཞན་དག་གང་དགོས་པ་དག་ཐོབ་ཀྱི་ཡོད། ང་ཚོ་ནི་མགྲོན་ཁང་འདིའི་ནང་གི་ལས་ཀ་བ་རང་དབང་ཆེ་ཤོས་ཀྱི་གྲངས་ཤིག་ཆགས་ནས་ཡོད། རྒྱབ་ན་དུས་རྒྱུན་དུ་འདེད་ཤུགས་གཏོང་མཁན་གྱི་འགན་འཛིན་དེ་འདྲ་གང་ཡང་མེད། མགྲོན་ཁང་ཆེན་མོ་འདི་ལ་འགན་འཛིན་ཆེན་མོ་བཞི་ལྔ་ཞིག་ཡོད་པའི་ནང་ནས། ང་ཚོའི་འགན་འཛིན་དེ་ནི་དགའ་མིན་དགའ་སྡུག་ཧ་ཅང་ཆེ་བའི་མི་ཞིག་ཡིན་ན་ཡང་། དུས་རྒྱུན་ཐབ་ཚང་དང་ཟ་ཁང་དུ་ཡོང་ནས་བསྡོད་ཀྱི་མེད་པར། འཚིག་ཇ་འཐུང་ས་ཞིག་ཡོད་པ་དེ་ནས་བསྡོད་ཀྱི་ཡོད་པ་དང་དེ་ཁུལ་གྱི་ལས་མི་དག་ལ་བཀོད་པ་བྱས་ནས་བསྡད་ཡོད།

ཉི་མ་རེ་རེ་བཞིན་གོན་པ་ཡང་གཙང་མ་བརྗེ་བོ་རྒྱགས་ཀྱི་ཡོད་ལ། ལས་ཀ་ཚར་བ་དང་གོན་པ་གཙང་དཀྲུ་ཁང་དུ་བཞག དེ་ནས་རང་གི་ཨང་གྲངས་༧༡༢༣གློག་གི་ཐོ་འགོད་བྱེད་སའི་ནང་དུ་བཅུགས། རྗེས་སུ་རང་གི་ལག་པ་གཡས་པ་གློག་གི་ཕབ་བཤུ་བྱེད་སའི་སྟེང་དུ་བཞག་ན་ད་གཟོད། ཉིན་གཅིག་གི་དུས་ཚོད་ཚང་མ་རང་གི་མིང་ཐོག་དུ་ཐོན་གྱི་ཡོད་པ་རེད་འདུག ལས་ཀ་བྱེད་ས་ནས་རང་ཉིད་གང་དུ་བསྡོད་པ་དེ་ཡི་བར་དུ་སྤྱི་སྤྱོད་རླངས་འཁོར་ཡོད་ལ། དུས་ཚོད་གཅིག་རེ་ཡི་ནང་དུ་ཐེངས་རེ་འགྲོ་འོང་བྱེད་ཀྱི་འདུག ང་རང་གི་ལས་ཀ་བྱེད་སའི་ཁོར་ཡུག་དེ་ཡི་ཡར་མར་གྱི་མགྲོན་ཁང་བརྫིག་པོ་དག་གི་ལས་མི་དག་གི་ཆེད་དུ་ཡིན་པ་ལས། སྐུ་མགྲོན་གཞན་ནང་དུ་མི་འཇོག  སྤྱི་སྤྱོད་རླངས་འཁོར་དེ་ཡི་ནང་དུ་འཛུལ་བ་ལ་མགྲོན་ཁང་ནས་རང་ཉིད་ལ་སྤྲད་པའི་འཛིན་བྱང་ཞིག་ཡོད། འཛིན་བྱང་དེ་ཡི་སྟེང་དུ་ཟླ་ཚེས་ཕབ་འདུག

ང་རང་གི་ལས་ཀ་ནི་གཏན་འཇག་ཆགས་པ་དང་མཛའ་མོ་ངེད་གཉིས་ཀྱི་ཁང་བ་ཞིག་ཀྱང་གླས། ཁང་གླ་དང་གློག་རིན་ཚང་མ་སྡོམ་ན། ཟླ་གཅིག་གི་རིང་དུ་ཤིས་དཀར་སུམ་སྟོང་ཙམ་གྱི་འགྲོ་སོང་འདུག ངས་གཟའ་མཇུག་མ་གཏོགས་ནང་དུ་ཟ་མ་ཟ་དགོས་ཀྱི་མེད། ཟ་ཁང་ནས་ཟོས་ནས་འོང་གི་ཡོད། ཟས་སོང་གི་འགྲོ་སོང་ཞིག་ཡོད་པ་དེ་ནི་ཁོ་མོ་གཅིག་བུ་ཡིན་ཟེར་ན་ཆོག་པ་ལྟ་བུ་ཡིན། ཟ་ཁང་ནས་ང་རང་ལ་མགྲོན་པོ་དག་གི་ཟུར་དངུལ་ལག་སྐྱེས་སུ་སྤྲོད་པ་དེ་ཡི་ནང་ནས་ང་རང་ལ་ཡང་ཞབས་ཞུ་མ་དག་གིས་ང་རང་ལ་ཡང་སྤྲོད་དགོས་པར་འགན་འཛིན་ལྷན་ཚོགས་ཀྱིས་བཤད་པ་ལྟར། སྤྲད་དེ་འོང་དུས། ང་རང་གི་ཐ་མག་ཡག་ཤོས་ཤིག་འཐེན་པའི་འགྲོ་སོང་གི་མི་ཚད་པ་ཞིག་དེ་ནས་ཡོང་གི་ཡོད། གང་ལྟར། ཟླ་ངོ་གཅིག་ཚར་བ་དང་ང་རང་གི་གླ་ཆ་ཡི། ངེད་གཉིས་སྐབས་རེར་གནམ་གྲྭའི་ནང་དུ་བསྡད་ནས་མོ་རང་གི་མ་རྒན་དང་ཉེ་འབྲེལ་དག་ལ་ཐུག་འཕྲད་བྱེད་དུ་འགྲོ་བ་སོགས་བྱེད་ཀྱི་ཡོད་དུས། ངེད་གཉིས་ཀྱི་འགྲོ་སོང་ནི་ཟླ་ངོ་གཅིག་ལ་ཤིས་ཀར་བདུན་སྟོང་འགྲོ་བཞིན་འདུག

ངས་ཟླ་ངོ་རེ་རེ་བཞིན་ཚར་ནས་འོང་དུས། ངེད་གཉིས་ཀྱི་སྒོར་མོ་ཅི་ཡང་གསོག་ཐུབ་ཀྱི་མེད་པ་གསལ་བོ་ཤེས་སོང་། ཁོ་མོས་ཀྱང་ང་རང་གི་གླ་ཆ་སྤར་བར་བཤད་དགོས་པར་ཡང་ཡང་བཤད། ངས་ཀྱང་རང་ཉིད་ནི་ལས་ཀ་བྱས་ནས་ཟླ་ངོ་ཁ་ཤས་ལས་འགྲོ་བཞིན་མེད་དུས། བཤད་ན་བདེ་བོ་མེད་རབས་བཤད་ནས་རེ་ཞིག་རིང་ངས་རང་གི་གླ་ཆ་སྤར་བའི་སྐོར་གྱི་སྐད་ཆ་གང་ཡང་མ་བཤད་པར་བཞག་པ་ཡིན། ཁོང་ཚོས་དེང་ཐོག་ང་རང་ལ་ལས་རོགས་མ་བྱན་གཞན་ཞིག་ཐེ་ལན་གྲི་ནས་ཁྲིད་ཡོང་གི་ཡོད་ཟེར་ནས་བཤད་ན་ཡང་། ཐེ་ལན་གྲིའི་མ་བྱན་ར་བས་ལགས་སོང་ནས་ཟླ་ངོ་ལྔ་དྲུག་ཞིག་སོང་ཟིན་མོད། ད་དུང་། ཐབ་ཚང་ནང་གི་མ་བྱན་ཆེན་མོ་ནི་ང་རང་ལས་གཞན་མེད་པར། ཁོང་ཚོས་ང་རང་གི་ལག་པར་ཟ་ཁང་གི་ལྡེ་མིག་དང་འཁྱག་སྒམ་ཆེན་པོ་དེ་ཡི་ནང་གི་སྔོ་ཚལ་དང་ཤིང་ཏོག་རིགས་གང་འཁོ་བ་ཡོད་ཚད་ངས་རེའུ་མིག་ཡོད་པ་དེ་ཡི་ནང་དུ་རྟགས་བརྒྱབས་དེ་སྤྲོད་དགོས་ཀྱི་ཡོད། ངས་ཁོང་ཚོའི་ཡི་གེ་མི་ཤེས་དུས། ཤོག་བུ་དེ་ནང་དུ་འཁུར་ཡོང་ནས་མཛའ་མོ་ལ་དབྱིན་ཡིག་ལ་སྒྱུར་དུ་བཅུགས། དབྱིན་ཡིག་ནས་བོད་ཡིག་ལ་སྒྱུར། ད་གཟོད་ཤོག་བུ་གཅིག་གི་སྒང་དུ་ཁོ་མོ་ཁོང་ཚོའི་ཡི་གེ་འབྲི་རུ་བཅུགས་པ་དེ་ཡི་འགྲམ་དུ། ངས་བོད་ཡིག་གི་མིང་བྲིས། ཤོག་བུ་དེ་དག་ཚར་གྲབས་ཡོད་དུས་སུ་ལས་ཁུངས་ཨ་མར་སོང་ནས་སུམ་བཅུ་བཞི་བཅུ་དཔར་ལོག་བརྒྱབས་དེ་འཇོག་གི་ཡོད།

འདི་ལྟར་ཨེས་ལ་གྲི་ཡི་འཚོ་བ་བསྐྱེལ་བཞིན་ཡོད། གཟའ་མཇུག་མང་ཤོས་སུ་མཚོ་འགྲམ་དུ་སོང་ནས་ཆུ་རྐྱལ་བྱེད་པ་དང་མཛའ་མོའི་གྲོགས་དང་གྲོགས་མོ་དག་ལ་ཐུག་འཕྲད་བྱེད་པ། སྐབས་རེར་མོ་རང་གི་གྲོགས་མོ་ཡག་ཤོས་ཝན་ཚང་གི་ནང་དུ་གཟའ་པ་སངས་ཀྱི་དགོང་ཟས་ཟ་རུ་འགྲོ་བཞིན་ཡོད། ཉི་མ་རེ་རེ་བཞིན་འདས་ནས་སོང་། ཟླ་བ་རེ་རེ་བཞིན་ཆས་དེ་སོང་། མཛའ་མོའི་གྲོད་ཁོག་ཡང་ཆེ་རུ་འགྲོ་བཞིན་ཡོད། གྲོད་ཁོག་ནང་གི་བུ་མོ་ཆུང་ཆུང་དེས་ཀྱང་། འཇིག་རྟེན་འདི་ལ་ཡོང་བར་གྲྭ་སྒྲིག་བྱེད་ཀྱིན་པའི་སྒང་རེད། མཚམས་རེར་གྲོད་ཁོག་ནས་འཕག་འཚག་བྱེད་ཀྱིན་པའི་སྐབས་སུ་མཛའ་མོས་ངའི་ལག་འགོ་ནས་འཐེན་གྱིན་ཁོ་མོའི་གྲོད་ཁོག་སྟེང་དུ་བཞག་ནས་བལྟ་རུ་འཇུག

མུ་འགོད།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 5

  1. sha tak ri sim says:
    ལོ་ 15 སྔོན།

    ཚང་མ་ལ་དགའ་བསུ་ཞུ། ཡོང་གི་བསྡོད། ངས་ཤུ་རེ་བྱོས་ནས་འབྲི་ངེས་ཡིན།

    Reply
  2. kadorse says:
    ལོ་ 15 སྔོན།

    སྙན་པོ་བྱུང། ཐུགས་རྗེ་ཆེ་གནང།

    Reply
  3. kawakarpo says:
    ལོ་ 15 སྔོན།

    སྙན་མོ་བྱུང་།

    Reply
  4. karmadentse says:
    ལོ་ 15 སྔོན།

    བཀླགས་པ་དང་བཟང་གི་འདོད་སོང་།

    Reply
  5. dongbu says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས། ཀློག་ནས་བུད་སོང་ང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese