ལས་དབང་གིས་བར་ནས་བཙིར་མིན་མི་ཤེས་ཀྱང་
ཚོར་བ་ཞིག་གི་སྔ་གཞུག་ཀུན་ནས་བསྡམས་དེ་འོང་བ་ནི
ཁྱེད་ཁོ་ནའི་གཟུགས་དང་ལང་ཚོ
མེ་ཏོག་ལྟ་བུའི་ལྷད་མེད་ཀྱི་འཛུམས་མདངས
རྣ་ལ་སྙན་པའི་གསུངས་དབྱངས་སྙན་མོ
དོ་ནུབ་ངས་གང་ཡང་བསམ་ན་མི་འདོད
འགྱུར་བའི་ཚོར་བ་སྐྱེན་པོ་རེ་ཡིས
གྲུབ་མའི་རྒྱབ་མདུན་དུ་བླངས་པའི་མི་ཚོགས་ཀྱི་ངོ་གདོང་
རང་ཉིད་ལས་སུ་ལ་ཡང་ཡིད་ཆེས་དཀའ་བའི་མི་དེ་དག
ཐོབ་རྒྱུ་ལས་ཤོར་བར་སྐྲག་པའི་ཧམ་པའི་བསྐྱེད་སྟངས་དེ་དག་གིས
ངས་གང་ཡང་དྲན་ན་མི་འདོད་པའི་དོ་ནུབ
ང་རང་ངལ་གསོ་ཐུང་ཐུང་ཞིག་བྱེད་དུ་འགྲོ་འདོད
གཅིག་བྱས་ནས་དབུགས་ཚུར་ཡོང་མེད་པའི་ཞིང་དེར
ཐམས་ཅད་དུ་སྐྱེ་འཆི་ལས་བྱུང་བར་ཡིད་ཆེས་བྱེད་པའི་ངའི་སྣང་ངོ་ན
ཁྱེད་དང་ཁྱེད་ཀྱི་དགའ་བ་དང་སྐྱོ་སྣང་ཡོད་ཚད
དུས་ཚོད་ཆེས་མང་བོ་ཞིག་གི་ཕྱི་ནང་གསང་གསུམ་ནས
ངས་བློས་གཏོང་མ་བྱས་པའི་དུས་ཚིགས་ཤིག་དཀའ་ན་ཡང་
དོ་ནུབ་གཅིག་བུ་ང་ལ་བདེན་པ་དང་ཞི་བདེ་ཞིག
རང་དབང་དང་ངལ་གསོ་ཞིག
བཞུར་བཞིན་པའི་དབུགས་རྒྱུ་དལ་མོ་འདི་དང་འགྲོགས་ནས
ཤུ་་་་ ཤུ་་་་་ ཤུ་་་་་ ཤུ་་་་་་་
༡༣།༨།༡༡
གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། སྙན་ངག་འདི་ལྟར་བཞེངས་དུས་དབུགས་ཀྱི་རྒྱུ་བ་ཡང་གདངས་དབྱངས་དེ་དང་འགྲོགས་ནས། གང་ཞིག་གི་གནས་མལ་ལ་བཞུད་འགྲོ ངོ་མ་ཡག་པོ་བྲིས་འདུག
ཨ་རོག་ངལ་གསོ་ནི་ཁྱེད་ཉིད་གཅིག་པུ་མ་ཡིན་པར་འགྲོ་བ་མི་སུ་ཞིག་ཡིན་རུང་ངལ་གསོ་ལ་མི་དགའ་མཁན་གཅིག་ཀྱང་མེད་ལ། དེའི་ཕྱིར་ངལ་གསོ་ལ་བྱེད་བའི་དུས་ཚིགས་ཤིག་རེད་སོང་ན་ངལ་གསོ་ལ་རིམ་མཁན་ཞིག་དཀོན་ནི་། ངལ་གསོ་འཇིག་རྟེན་འདིའི་སྟེང་གི་གནས་སྐབས་ཀྱི་བདེ་སྐྱིད་ཡག་ཤོས་ཏེ་འདོད་ཀྱིན་ཡོད། ངས་ཀྱང་དོ་ནུབ་ངལ་གསོ་སྐྱིད་པོ་ཞིག་བྱ་རྩིས་ཡོད་ལགས།