མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བ་ཞིག་གིས་རང་ལུས་མེར་བསྲེག་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཞིག་རྫོང་གི་ལས་ཁུངས་མདུན་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེ​ག་བཏང་འདུག

ད་ལྟ་རང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ​་ཚོད་༡༠ དང་ཕྱེད་ཙམ་ལ་ཁམས་རྟའུ་ཉ་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་རྫོང་གི་ལས་ཁུངས་མདུན་དུ་བོད་ལ་རང་དབང་དགོས། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། རྒྱ་ནག་གིས་ང་ཚོར་མཐོང་ཆུང་གཏོང་གི་འདུག་སོགས་འཁོད་པའི་ཡིག་ཆ་མང་པོ་འགྲེམ་སྤེལ་དང་། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་རྒྱག་བཞིན་རང་ལུས་མེར་བསྲེག་བཏང་ཡོད་འདུག

གྲྭ་པ་དེའི་གཟུགས་པོར་མེ་འབར་བ་དང་ཁོག་པར་ས་སྣུམ་མང་པོ་འཐུ​ང་ཡོད་པ་བཅས་ལ་བརྟེན་རྐྱེ​ན་འདས་སུ་སོང་ཡོད་འདུག་ལ། ད་ལྟ་གྲྭ་པ་དེའི་སྐུ་ཕུང་དགོན་པས་ཉར་ཡོད་ཀྱང་། རྒྱ་གཞུང་གི་དམག་མི་དང་དྲག་​ཆས་ཉེན་རྟོག་པས་དགོན་པ་ཡོངས་སུ་མཐའ་བསྐོར་ཏེ། སྐུ་ཕུང་འཕྲོག་རྩིས་བྱེད་བཞིན་ཡོད་པར་མ་ཟད། རྫོང་ཐོག་མི་མང་ཚོ་ལའང་དམ་​དྲག་ཆེན་པོ་བྱེད་བཞིན་པའི་ཆེས་ཛ་དྲག་གི་གནས་བྱུང་ཡོད་འདུག

གྲྭ་ཚེ་དབང་ནོར་བུ་ལགས་ནི་ཁམས་རྟའུ་ལོ་རྦ་གྲོང་སྡེ་ཡི་ཕ་ཚོགས་ཡས་དང་། མ་ཚོགས་ལེགས་གཉིས་སུ་སྐྱེས་ཡོད་པ་དང་། ད་ཆར་རང་ལོ་༢༩ ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 38

  1. སྦྲང་ཆར། says:
    ལོ་ 14 སྔོན།

    ང་ཚོ་བོད་མི་ས་ཡ་དྲུག་གི་ཆེད་དུ་རྒྱལ་གཅེས་དཔའ་བོ་ཁོང་གི་རྩ་ཆེའི་ལུས་སྲོག་གི་མཆོད་མེ་བཏང་བར་འདས་པོ་ཁོང་སྔོ་སྨོན་དང་། ཁོང་གི་ནང་མི་སྤུན་མཆེད་ཡུལ་སྡེ་སོགས་ལ་གདུང་སེམས་མཉམ་སྐྱེད་བྱེད་བཞིན་ཡོད།།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    དཔའ་རྒོད་ཚོ། ཁྱེད་ཅག་གི་འདི་ལྟར་དཔའ་སྐད་རེ་སྒྲོགས་བཞིན་གཞན་དོན་དུ་གཤེགས་པ་དེར་གཟི་བརྗིད་དང་ཕོ་རྒོད་ཀྱི་དཔའ་རྟགས་བསྟོན་ས་ནོར་མེད།
    འོན་ཀྱང་འདི་ལྟར་ཆས་ན་སྲིན་འབུ་ངའི་སྙིང་འགད་ལ་ཁད།

    Reply
  3. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    བོད་མིའི་བདེན་དོན་འཚོལ་བ་ལ། །
    ལུས་ནི་ཡོངས་སུ་བཏང་བ་འདིས། །
    རང་ལ་སྡུག་བསྔལ་སྦྱིན་ན་ཡང་། །
    བསྔགས་བརྗོད་མི་མཛད་སུ་ཞིག་ཡོད། །

    Reply
  4. sangkye says:
    ལོ་ 14 སྔོན།

    གཅེས་པའི་ལུས་སྲོག་འཕང་མེད་ཏུ་བཏང་བའི་རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ལ་བོད་མི་རིགས་ཚངས་མའི་སྐྱིད་སྡིག་ཉམས་ཁུར་གྱིས་དབུས་ནས་མཎྀ་འུར་འདོན་ཅིག་བྱས་རེད་སམ།་ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ བསྟན་དང་དེ་འཛིན་ཆབ་སྲིད་རང་རེའི་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    Reply
  5. ལུང་རྟོགས། says:
    ལོ་ 14 སྔོན།

    བཙན་པོའི་སྙིང་སྟོབས་ཁྱེར་བའི་གངས་ཅན་བུ་རྒོད། །རང་དབང་བདེན་པའི་ཆད་དུ་རང་སྲོག་ཤོར་རུང་། །ཁྱེད་ཀྱི་མཛད་རྗེས་འཆི་མེད་ལྷ་ཡི་བདུད་རྩི། །ཁ་བའི་ལྗོངས་འདིའི་སྲོག་གི་སྲོས་སུ་འགྱུར་ངེས།།
    རྒྱལ་བཅེས་དཔའ་བོ་མཆོག་ལ་མིག་ཆུ་དང་ལྷན་དུ་སེམས་གཏིང་ནས་གུས་འདུད་ཞུ། ཁྱེད་ཀྱི་མཛད་རྗེས་མི་རིགས་འདིའི་ནམ་ཡང་བརྗེད་མི་སྲིད།

    Reply
  6. ནགས་མེ། says:
    ལོ་ 14 སྔོན།

    འཁྲུངས་པ་རླབས་ཆེ་ཞིང་། གཤེགས་པ་གཟི་བརྗིད་ཆེ།

    Reply
  7. བཛྲ་སུ་མ་ཏི། says:
    ལོ་ 14 སྔོན།

    སྐྱེ་བ་དོན་དང་ལྡན་ལ་འཆི་བ་གཟི་བརྗིད་ཆེ། ང་རང་ལ་ཡང་ཁོང་དང་འདྲ་བའི་སྙིང་སྟོབས་ཅིག་སྐྱེས་པར་ཤོག

    Reply
  8. ཨོ་བཟང says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔལ་བོ་ཁྱོད་གྱིས་བྱས་རྗེས་དེར་དུས་ནམ་ཡང་ང་ཚོ་བརྗེད་སྲིད་གི་མ་རེད།
    ཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿཨོྃ་མ་ཎི་པདྨེ་ཧཱུྃཿ

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    འུ་ཐུག་དུས་མ་ཎི་འདོན་རྒྱུ་དེ་ཡག་ཤོས་རེད། ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ

    ད་བཀའ་ཁྲི་གསར་བ་བླ་མ་མིན་ལ་དགེ་སློང་ཡང་མིན་སྟབས། བསམ་བློ་ཞིག་བཏང་ན་ཡག་གི་རེད། མིན། བཏང་ཐུབ་ཀྱི་ཡོད་མེད་མི་ཤེས། བཏང་ཐུབ་མཁན ཞིག་ཡིན་པ་ད་དུང་མི་ཤེས། མི་ནག་ནང་དུ་རེ་བ་ཙམ་ཡིན།

    Reply
  10. བསོད་ནམས། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་དམ་པ་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེར་སྤར་བ་ནི་ཧ་ཅང་རླབས་ཆེན་དང་། བོད་ཀྱི་ལོ་རྒྱུས་ནང་གཏན་དུ་གནས་ངེས། ཁྱེད་ལ་བར་དོ་ན་འཇིགས་སྐྲག་མེད་པའི་ཐོག་ནས་སླར་ཡང་བོད་གངས་ཅན་གྱི་ལྗོངས་སུ་དལ་འབྱོར་ཚང་བའི་སྐྱེ་བ་ལེན་པར་སྨོན།
    ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ

    Reply
  11. ཁུགས་གཟར་དུག་མདའ། says:
    ལོ་ 14 སྔོན།

    རྒྱ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལ་ངས་སེམས་གཏིང་ནསབསྔགས་བརྗོད་བྱེད་པ་ཡིན།

    Reply
  12. ཨ་འདུས་མིག་ཆུ། says:
    ལོ་ 14 སྔོན།

    ད་ནི་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་ཚིག་གཅིག་གིས་སྐད་ཆ་ཞིག་སྨྲ་བ་ལས། འདི་དག་གི་ཚེ་སྲོག་སྐྱོབས་པའི་ནུས་པ་ཤིག་དང་། རེ་འདོད་འགྲུབ་པར་བྱེད་པའི་ཐབས་ཚུལ་ཞིག་ང་ལྟ་བུའི་ནུས་མེད་འཇོན་མེད་ཅིག་ལ་མེད་སོང་བས། སེམས་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཁོང་གི་ཕ་མ་སྤུན་མཆེད་དག་ལ་སེམས་མ་སྡུག་ཅེས་ཞུ་རྒྱུ་ལས་གང་ཡང་བཤད་དུ་མི་སྤོབས་སོ། ནམ་ཡང་ཁྱེད་ཅག་ལྟ་བུ་ནི་བདག་གི་སེམས་ཀྱི་དཀྱིལ་དབུས་ན་འོད་ལམ་མེར་ཡོད་ཅེས་ཞུའོ།།

    Reply
  13. ཚང་མ། says:
    ལོ་ 14 སྔོན།

    སྙིང་ནས་རྗེས་སུ་ཡི་རངས་དང་དད་གུས་བླ་མེད་ཞུ། ཁོང་གི་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ངོ་མ་རེད། བོད་ཀྱི་ཆོས་དང་མི་རིགས་ཆེད་དུ་རང་སྲོག་བཏང་བ་དེ་རྒྱལ་ཁབ་གཞན་གྱི་རང་དབང་ཆབ་སྲིད་ཀྱི་ཕྱིར་དུ་རང་སྲོག་བཏང་བ་དང་གཏན་ནས་མི་འདྲ། སྔོན་བོད་ཀྱི་རྒྱལ་བོ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཀྱང་བོད་ཀྱི་བསྟན་སྲིད་ཀྱི་ཕྱིར་རང་སྲོག་བློས་བཏང་ཡོད་པ་རྣམ་ཐར་དང་ལམ་རིམ་སོགས་ལས་གསལ་བ་དེ་ལྟར་རེད། མ་ཟད་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱང་སློབ་པ་ལམ་ཀྱི་གནས་སྐབས་ན་ཆོས་ཚིགས་བཅད་གཅིག་གི་ཕྱིར་དུ་རང་སྲོག་བཏང་བའི་ལོ་རྒྱུས་ཧ་ཅང་མང་པོ་འདུག དེར་བརྟེན་ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་འདིའི་སྒང་རྩ་ཆེ་ཆུང་ག་ཚོད་ཡོད་མེད་ད་ལྟ་ཡོངས་གྲགས་ཆགས་ཡོད་ལ། དེ་འདྲའི་རིག་གཞུང་འདི་མི་རབས་ནས་མི་རབས་བར་འཛམ་གླིང་མི་མང་ཚོས་ལོངས་སྤྱོད་རྒྱུ་ཡོད་པ་རྩ་བ་བརྟན་པོ་དགོས་ན་༧གོང་ས་མཆོག་ངེས་པར་དུ་བོད་ནང་ཕེབས་ནས་རྩ་བ་བརྟན་པོ་ཚུགས་པ་ཞིག་དགོས་པ་ལས། ཡུལ་ལུང་གཞན་ནང་ག་ཚོད་རྫིག་རྫིག་ཆེ་ཡང་འཁྱགས་པའི་སྒང་གི་རྩིག་པ་ལྟ་བུ་ཡིན། དེར་བརྟེན་དེའི་ཆེད་དུ་རང་སྲོག་བཏང་བ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་དངོས་སོ། སྐུ་ཕྱོགས་ཚོས་རང་སྲོག་བློས་བཏང་བསྡད་པ་དེ་ཡང་མཐར་ཐུག་ན་རྒྱུ་མཚན་དེ་འདྲ་ཞིག་ཡིན་པ་ལས་རྐྱང་རྐྱང་ངར་འདྲོག རྐྱང་ཞར་མ་རང་འདྲོག་ཟེར་བ་ལྟར་ག་ལ་ཡིན།
    གསར་འགོད་པར་ཞུ་རྒྱུ། ངའི་ཟིན་བྲིས་ཐེངས་ཁ་ཤས་ཞིག་བཀོད་མ་སོང་བཀོད་པ་དེ་ཡང་ཉིན་གསུམ་བཞི་རྗེས་མ་གཏོགས་བཀོད་ཀྱི་མི་འདུག་དེ་རྒྱུ་མཚན་གང་ཡིན་ནམ་ལན་ཞིག་ཡོད་པ་ཞུ།

    Reply
  14. མེ་སྟག says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ ཨོཾ་མ་ཎི་པདྨེ་ཧཱུཾཿ

    Reply
  15. གངས་སྨྱུག says:
    ལོ་ 14 སྔོན།

    གཅེས་པའི་ལུས་སྲོག་འཕང་མེད་དུ་བཏང་བའི་རྒྱལ་སྤྱིའི་དཔའ་བོ་ཁྱེད་ཀྱི་བླ་སྲོག་གི་རྣམ་ཤེས་རྗེས་སུ་རྐང་གཉིས་བོད་ཀྱི་འགྲོ་བ་ཡོངས་སུ་རྫོགས་པ་འཕྲེང་ཡོད་ལ། ཁྱེད་ཀྱི་དཔའ་རྟགས་ཀྱང་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཀུན་གྱི་ནང་ནས་འོད་སྟོང་འཕྲོ་བཞིན་འཁོད་པ་མ་ཟད། ཤར་མཐའི་དགྲ་བོ་ཡང་མྱུར་བ་ཉིད་དུ་ཅི་བྱ་ལྟོས་མེད་གྱུར་ཏེ་རང་གནས་ས་བསྐྲོད་ཐུབ་པའི་དཔའ་རྟགས་སྲིད་ན་དཀོན་པ་ཞིག་ཡིན་པར་འཁུམས། ཨོཾ་མ་ཎི་པདྨེ་ཧྰུཾ།

    Reply
  16. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 14 སྔོན།

    ཞི་བདེ་དང་རང་དབང་། འདྲ་མཉམ་བཅས་ཀྱི་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་ཁོང་ལ་སྙིང་ནས་མངོན་པར་བསྟོད་དོ།

    Reply
  17. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    དཔའ་བོ་ཆེན་པོ་ཁྱེད་ཀྱིས་གཞིས་བྱེས་གདོང་དམར་བའི་ངོ་ཚབ་དང་།
    གངས་ཅན་བོད་མི་ཡོངས་ཀྱི་སེམས་གཏིང་གི་སྡུག་བསྔལ་ཡོད་ཚད།
    ཁྱོད་དཔའ་བོ་ཆེན་པོ་གཅིག་པུས་ཚབ་མཚོན་ཆེན་པོའི་ཁུར་ལེན་ནས་འདི་འདྲར་བཞུད་ཕོད་པའི་སྐྱེས་བུ་ཆེན་པོ་ཁྱེད་ལ་མྱ་ངན་མི་ཞུ་སུ་ལ་ཞུ།
    ཁྱོད་ཀྱི་སྙིང་སྟོབས་ནི་ངར་ལྕགས་ལས་སྲ་ལ། རྒྱ་མཚོ་ལས་ཟབ། ཁྱོད་ཤི་བ་གཟི་བརྗིད་ཆེ་ལ། ཁྱོད་ཤི་བ་དོན་ལྡན་དུ་འགྱུར་འདུག དཔའ་བོ་ཆེན་པོ་འཕགས་མཆོག་ཕྱག་ན་པད་མོ་བསམ་བཞིན་མི་ཡི་སྲིད་པར་བཟུང་བ་བསྟན་དང་འགྲོ་བའི་དཔལ་མགོན་འཛམ་གླིང་ལྷ་མི་ཀུན་གྱི་སྐྱབས་གནས་དམ་པ་༧རྒྱལ་དབང་བསྟན་འཛིན་རྒྱ་མཛོ། a༧རྒྱལ་དབང་ཀརྨ་པ། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་སོགས་སངས་རྒྱས་དང་ཞལ་མཉམ་པའི་སེམས་དཔའ་ཆེན་པ་རྣམས་ཀྱི་ཁྱོད་ལ་ལམ་སྟོན་དང་འཕོ་བསྔོ་བྱེད་ཀྱི་ཡོད་ལ་། གདན་ས་གསུམ་གྱིས་དབུས་པའི་རྣམ་གསུམ་ངུར་སྨྲིག་འཛིན་པའི་སྡེ་དང་། གོས་དཀར་ལྕང་ལོ་ཅན་གྱི་སྔགས་འཛིན་གྱི་སྡེ་སོགས་དམ་པའི་ཆོས་ཀྱི་ཉམས་ལེན་མི་ཚེ་གང་པོར་གནང་བའི་འཕགས་པའི་དགེ་འདུན་རྣམས་ཀྱིས་ཁྱོད་ལ་བསྔོ་སྨོན་བྱེད་ཀྱི་ཡོད་ལ།
    མདོར་ན་གསོན་པོར་གནས་སྡོད་སྐྱ་སེར་ཡོངས་དང་ལྷ་མི་སྡེ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཡོད་ཚད་གྱིས་ཁྱོད་ལ་གདུང་སེམས་མཉམ་དུ་བསྐྱེད་གི་ཡོད་ལ་མྱ་ངནགྱི་གུས་འདུད་ཡང་མིག་ཆུས་ཀློང་ནས་གྱེར་དབྱངས་འབོད་བཞིན་བྱེད་ཀྱི་ཡོད་ཁྱེད་ཀྱི་གཟིགས་ཨེ་བྱུང་། བོད་ཀྱི་དཔའ་བོ་ཆེན་པོ། ཁྱོད་ནམ་ཡང་རྒྱལ་བར་ཤོག་ཅིག ཁྱོད་ཀྱི་རེ་བ་ཇི་དུ་འགྲུབ་པར་ཤོག་ཅིག།།།།།།།།།།།།

    Reply
  18. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    བུ་དཔའ་བོ་ཁྱེད་ཀྱི་བསམ་དོན་མཐའ་དག་འགྲུབ་པར་ཤོག །

    Reply
  19. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རེའི་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེས་བུ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།
    བུ་ཁྱོད་འཆི་བར་འཇིགས་མི་དགོས།།
    ཁྱོད་ལས་དགའ་བ་སུ་ཡང་མེད།།
    སྤྱི་གཙུག་པད་ཟླའི་གདན་སྟེང་དུ།།
    བླ་མ་བསྟན་འཛིན་རྒྱ་མཚོ་དང་།།
    དབྱེར་མེད་འོད་དཔག་མེད་པ་བཞུགས།།
    གསོལ་བ་སྙིང་གི་དཀྱིལ་དུ་ཐོབས།།
    ལམ་སྣ་འདྲེན་པར་ཐེ་ཚོམ་མེད།།
    བདེ་ཅན་ཞིང་དུ་འཛཽམས་པར་ངེས།།

    Reply
  20. རྒྱ་རྙི། says:
    ལོ་ 14 སྔོན།

    དཔའ་རྒོད་ཁོང་ཉིད་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པ་དང་།ཁོང་གི་ནང་མི་ཉེ་འབྲེལ་ཀུན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གུས་འདུད་ཞུ་བ་ཡིན།
    གངས་རིའི་ཚུར་རྒྱབ་ཀྱི་བོད་པ་ཚོས་ཀྱང་ལྟ་གྲུབ་ཁ་ལ་འཁྱེར་ནས་ནང་འཛིངས་མི་བྱེད་པར་།ཆིག་བསྒྲིལ་གྱི་ནུས་པ་འབུར་དུ་བཏོན་སྟེ་གཞིས་ལུས་བོད་མིའི་དཀའ་སྡུག་མགྱོགས་མྱུར་སེལ་ཐབས་ལ་ངེས་པར་དགོངས་པ་གཞེས་རོགས་ཞུ་རྒྱུ་ཡིན།

    Reply
  21. ནགས་མཚོ says:
    ལོ་ 14 སྔོན།

    དཔའ་བོ་ཁོང་གི་སྙིང་སྟོབས་དང་སེམས་ཤུགས་ལ་ཡི་རང་དང་བསྔགས་བརྗོད་ཞུ་རྒྱུ་དང་།
    བརྩེ་བའི་དྲ་གྲོགས་རྣམས་ཀྱི་ཁོང་གི་ཆེད་་བསྔོ་བ་དང་སྨོན་ལམ་གནང་རོག་ཞུ་རྒྱུ་དང་སྐུ་གཤེགས་དཔའ་བོ་ཁོ་གི་རེ་འདུད་བཞིན་༧གོང་ས་མཆོག་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བར་སྨོན།

    Reply
  22. ཤག་སྒང་པ། says:
    ལོ་ 14 སྔོན།

    གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་འདི་ལྟར་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་ཀྱི་མཆོད་པར་སྙིང་ནས་གུས་བཏུད་ཞུ། གང་ཉིད་མགོན་པོ་ཕྱག་ན་པད་མོའི་རྗེས་སུ་བཟུང་ནས་མི་ལུས་འབྱོར་ཞིང་། སླད་བོད་ནང་འདི་ལྟ་བུའི་གནས་ཚུང་ཡང་ཡང་མི་འབྱུང་བར་ཤོག

    Reply
  23. གཅེན་པོ། says:
    ལོ་ 14 སྔོན།

    གང་ཉིད་ཀྱིས་མི་རིགས་ཤིག་དང་མི་རིགས་དེའི་ཚེ་སྲོ་ཆེད་དུ། རང་ལུས་མཆོད་སྤྲིན་དུ་ཕུལ་བ་དེ་ནི་ཅི་འདྲའི་སྙིང་སྟོབས་ཤིག་རེད་ཨང་། ས་མཐར་འཁྱམས་པའི་མདོ་མེད་ཀྱི་མི་བུ་ངས་ཁྱེད་ཀྱི་སྙིང་སྟོབས་ལ་ཡིད་སྨོན་དང་། ཁྱེད་ཉིད་ཞུད་ཟིན་པའི་གྲིབ་གཟུགས་ལ་རྒྱང་བལྟ་ཞིག བརྗེད་མི་སྲིད་པའི་ཁྱེད་དང་ཁྱེད་འདྲ་བའི་བློ་དཀར་གཞུང་དྲང་གི་དཔའ་རྒོད་དག་གི་འུ་ཐུག་ཨུ་གཙུགས་འདི། ངའི་སྙིང་དབུས་སུ་དྲོད་ལམ་ལམ་ངང་གནས་ཤིང་ངས་ཁྱེད་དང་ཁྱེད་འདྲ་བ་རྣམས་ལ་སྨྲེ་ངག་གི་ཕེབས་སྐྱེལ་ཞིག་དང་། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་འབྲུ་དྲུག་གིས་བསྔོ་བ་ཞིག་ལས་ཅི་ཡང་བྱེད་ཐུབ་མ་སོང་། ཕེབས་ཤིག ཕེབས་ཤིག ཕེབས་ཤིག ཁྱེད་ཉིད་ཕེབས་ནས་སླར་ཡང་གངས་ལྗོངས་འདིན་བྱོན་དགོས་ལ། མི་རིགས་འདིར་གཟིགས་དགོས།

    Reply
  24. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 14 སྔོན།

    ཐ་མལ་མེ་ཡིས་སྒྱུ་ལུས་སྡོང་པོ་བསྲེགས། །
    ཡེ་ཤེས་མེ་ཡིས་མ་རིག་མུན་པ་བསྲེགས། །
    གང་ན་ལུས་སེམས་བསྲེགས་པའི་འགྲོ་བ་དག །
    བྱང་ཆུབ་སེམས་ཀྱི་འོད་དང་འདྲེས་གྱུར་ཅིག །

    Reply
  25. ལི་ཐང་གི་ལུག་རྫི། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་ཁྱེད་ད་ལྟ་གང་བཞུགས་སམ། ཁྱེད་ཅི་ཞིག་གི་ཆེད་དུ་ཕྱི་མའི་ཡུལ་དུ་
    ཕེབས་དགོས་པ་ངེད་གདོང་དམར་བོད་པ་ཚང་གིས་ཤེས་ཡོད་པར་ཤོག
    ཁྱེེད་ཕེབས་ཟིན་པའི་དེ་རིང་ང་ཚོས་ཁྱེད་ལ་བསྔོ་སྨོན་ཞིག་སྐྱེལ་མ་བྱས་ནས་སྡད་དགོས་སམ། ང་ཚོས་ཁྱེད་རང་ལྟར་སྡུག་གི་ཆི་མ་དེ་ཕྱིར་མངོན་པར་བྱེད་དགོས།

    Reply
  26. འབྲོག་པ་དཀར་ཆེན། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་དེ་འདྲ་སྤེལ་བར་ང་ཚོ་ཤུལ་ལུས་བོད་མི་ས་ཡ་དྲུག་གི་སྙིང་ཁོངས་སུ་ཉལ་ཡོད་ལ་ང་ཚོས་པར་དུ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་བོད་མི་རིགས་ཀྱི་འཐབ་བརྩོད་མདུན་ནས་མདུན་དུ་བསྐྱོད་ཀྱི་ཡིན། ཡང་དགོས་སུ་འདས་པོ་ཁོང་ལ་རང་ཚོད་ཀྱིས་བསྔོ་སྨོན་རྣམ་དག་བྱེད་རྒྱུ་དང་ཤུལ་ལུས་ནང་མི་རྣམས་ལ་སྙིང་ནས་འཚམས་འདྲི་ཞུ་བཞིན་ཡོད། ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ

    Reply
  27. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དྲང་དང་བདེན་པའི་ཆེད་དུ་ཚེ་སྲོག་གིས།།
    བྱམས་དང་སྙིང་རྗེ་བྲལ་བའི་རྒྱ་གཞུང་དེར།།
    འབོད་ཚིག་སྒྲོག་པའི་རྒྱལ་གཅེས་དབའ་བོ་ལགས།།
    རིན་ཆེན་མི་ལུས་དམ་ཚིག་རིན་ཆེན་ནོར།།
    མེ་སྤུངས་དམར་བོ་ཞིག་གིས་བསྡུས་པ་སྐྱོ།།

    Reply
  28. སྟོང་སྐོར་ཐུབ་བསྟན། says:
    ལོ་ 14 སྔོན།

    ཆེས་བཀུར་འོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དམ་པ་གྲྭ་ཚེ་དབང་ནོར་བུ་མཆོག་གིས་བོད་ཀྱི་དོན་དུ་གཅེས་སྲོག་ཕྲ་མོ་མེ་ལ་སྤར་ཏེ་བོད་མིའི་མངོན་འདོད་བསྒྲགས་པ་འདི་ལ་བླ་མེད་གུས་འདུད་ཞུ། འདས་པོ་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་དེ་འདྲ་སྤེལ་བར་ཁོང་གི་འདོད་དོན་རྣམས་ངེད་ཅག་བོད་མི་རྣམས་ཀྱི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མདུན་སྐྱོད་ཀྱི་གོམས་པ་མཉམ་དུ་སྤོ་དགོས། ཁྱེད་ཀྱི་མེ་ལྕེ་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པས་སྨོན་འདུན་ཞུ། ཁྱེད་ནི་ངོ་མ་དཔའ་རྒོད་རེད། ངོ་མ་དཔའ་རྒོད་རེད།

    Reply
  29. ཕྱུགས་རྫི says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་གྲྭ་ཚེ་དབང་ནོར་བུ་ལ་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་གང་ཤེས་ཡོད།

    Reply
  30. བྱམས་རྒྱལ། says:
    ལོ་ 14 སྔོན།

    འཕགས་མཆོག་ཕྱག་ན་པད་མོས་རྗེས་སུ་འཛིན་པར་ཤོག་

    Reply
  31. དེ་ཕོ། says:
    ལོ་ 14 སྔོན།

    དཔའ་རྒོད་ཅི་མི་ཤེས། སྙིང་རྗེ་ཡ་རང་རེད།
    ད་ནས་བཟུང་དེ་ལྟར་མི་ཡོང་བའི་ཐབས་ལམ་འཚོལ།
    ཆེ་པོ་རྣམས་ཀྱིས་སློབ་སྟོན་གནང་དགོས།
    ཅི་མི་ཤེས་ཁུལ་བྱས་ནས་བསྡད་པ་མ་ཟད་ད་དུང་དེ་དག་ལ་ཡི་རང་ཡོད་ཚུལ་འདྲ་
    གླེང་ན་བོད་པའི་བྲི་ཙམ་ཡང་མ་བྲོ་བ་རེད།

    Reply
  32. རྒྱལ་ཁམས་པ། says:
    ལོ་ 14 སྔོན།

    ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ ཨོྂ་མ་ཎི་པདྨེ་ཧཱུྂཿ འདས་པོ་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་ལས་འགུལ་དེ་འདྲ་སྤེལ་བར་ཁོང་གི་འདོད་དོན་རྣམས་ངེད་ཅག་བོད་མི་རྣམས་ཀྱི་རྡོག་རྩ་གཅིག་ཏུ་སྒྲིལ་ནས་མདུན་སྐྱོད་ཀྱི་གོམས་པ་མཉམ་དུ་སྤོ་དགོས།

    Reply
  33. ཧར་གདོང་ཨ་འཇིགས། says:
    ལོ་ 14 སྔོན།

    ཆེས་བཀུར་འོས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དམ་པ་གྲྭ་ཚེ་དབང་ནོར་བུ་མཆོག་གིས་བོད་ཀྱི་དོན་དུ་གཅེས་སྲོག་ཕྲ་མོ་མེ་ལ་སྤར་ཏེ་བོད་མིའི་མངོན་འདོད་བསྒྲགས་པ་འདི་ལ་བླ་མེད་གུས་འདུད་ཞུ། མ་ཟད་ང་ཚོ་ནི་གཞིས་ལུས་མི་མང་གི་མགྲིན་ཚབ་ཡིན་པར་བརྟེན། ཁོང་རྣམས་ཀྱི་འབོད་ཚིག་གང་ཡིན་ཁྱད་ལྷག་དང་། བཟོ་བཅོས་མེད་པར་གཏོང་རྒྱུ་ནི་མགྲིན་ཚབ་པ་ཞིག་གི་ཚད་གཞི་རེད།

    Reply
  34. ཅང་མེད། says:
    ལོ་ 14 སྔོན།

    དཔའ་རྒོད་ཡ་དཔའ་རྒོད་ལགས་ཁྱེད་ནི་ངོ་མ་དཔའ་རྒོད་རེད། ཁྱེད་ལ་གུས་འདུད་ཞུ། ཁྱེད་ཀྱི་མཛད་རྗེས་ནི་བོད་མི་རིགས་གནས་པའི་བར་དུ་ངོམ་འདུག་ལ།
    དཔའ་རྒོད་ལགས་་་་་བཀའ་དྲིན་ཆེ། དཔའ་རྒོད་ལགས་(ཚེ་དབང་ནོར་བུ་)ལགས། ཁྱེད་ཀྱི་མེ་ལྕེ་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པས་སྨོན་འདུན་དང་འབད་རྩོན་བྱེད། མིག་ཆུ་ཐིག་རིང་ཐུང་གཉིས་དང་འགྲོགས་ནས་ཁྱེད་ལ་རྗེས་དྲན་ཞིག་བྲིས་ཡོད་་་་་ད་འགྲིག་གི་་ལག་པའི་མིག་ཆུ་འཕྱུ་དགོས་པའི་མཚམས་འདི་ནས་འཇོག དག་པའི་ཞིང་དུ་སྐྱེ་བར་ཤོག མིག་ཆུ་ མིག་ཆུ་ མིག་ཆུ་

    Reply
  35. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    འདས་པོ་ཁོང་ལ་བསྐྱར་དུ་གདུང་སེམས་དྲག་པོས་མྱ་ངན་ཞུ་བ་དང་ཆབས་ཅིག གསར་འགོད་པར་ཞུ་འདོད་པ་ཞིག་ལ། ་གསར་འགྱུར་འདིར་བཀོད་པའི་ཁོང་གི་འབོད་ཚིག་དང་ཨ་རིག་འགྱུར་མེད་ཀྱི་ཟིན་བྲིས་ནང་དུ་རྟའུ་རྒྱལ་མཚན་གྱིས་མཁོ་སྤྲོད་བྱས་པ་གཉིས་ཀྱི་ཚིག་རིས་དང་ནང་དོན་མི་འདྲ་གི། དེ་ལ་ཞིབ་འཇུག་བྱ་གལ་དུ་མཐོང་།

    Reply
  36. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    དོན་དམ་པའི་དཔའ་རྒོད་ཁྱེད་ལ་ང་ཚོ་གཞིས་བྱེས་གཉིས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་ཤུལ་དུ་ལུས་བའི་གཞིས་ལུས་སྤུན་ཟླ་ཚོ་དང་མཉམ་དུ་གང་མགྱོགས་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་ནས་ལྷན་འཛོམས་ཡོང་བ་ལ་འབད་བརྩོན་ཞུ་ངེས་ཡིན།

    Reply
  37. བརྩོན་རྒྱམ། says:
    ལོ་ 14 སྔོན།

    བོད་མི་རིགས་ཟེར་པ་རྒྱ་ནག་དམར་གཞུང་གི་དྲག་གནོན་བྱེད་ཆོག་ཆོག་ཞིག་མི་ཟེར་པ་འདི་འདྲ་ཡིན་ནི་རེད་དེ་རིང་གི་ཉིན་མོ་འདི་ནི་རྒྱ་གར་གྱི་རང་བཙན་དུས་ཆེན་ཡིན་པ་དེ་འདྲ་ཡིན་དུས་བོད་མི་དཔའ་རྒོད་གྲྭ་ཚེ་དབང་ལགས་རང་ལུས་ལ་མེ་སྲག་བཏན་ནས་བོད་མི་རིགས་ཀྱི་བདེ་སྡུག་འཛམ་གླིང་མི་མང་ལ་བསྟན་པ་ཞིག་མ་ཡིན་ནམ་མདོ་དབུ་ཁམས་གསུམ་གྱི་དཔའ་རྒོད་ཚོད་ངོ་མ་བོད་མི་རིགས་ཞིག་ཡིན་གཟི་བརྗིད་འདི་འདྲ་ཡོད་པ་རེད།  ཉེ་འཆར་བསྟན་འཛིན་སྒང་གི་ཞབས་འདྲེན་དེ་ཚོ་ལ་གཟིགས་དང་བོད་མི་རིགས་ཀྱི་ཆེད་འདི་འདྲ་རང་ལུས་མེ་སྲག་བྱས་ནས་བོད་མིའི་བདེ་སྡུག་རྩོད་ཀྱི་ཡོད་པ་རེད་ཁོང་ཚོ་ཞབས་འདྲེན་དེ་ཚོད་བྱས་འབྲས་དེ་གཞིས་བཞུགས་བོད་མི་ཚོས་གོ་ན་བློ་ཕམ་གྱི་གནས་ཞིག་མ་ཡིན་ནམ།  ད་དུང་ཉེས་ཅན་རྒྱ་ཡན་དུ་མ་བཏང་བར་ཉེས་ཆད་ནན་པོ་ཞིག་གཅོད་དགོས་པ་མ་ཡིན་ནམ།  གོང་གི་དཔའ་རྒོད་དེ་ལ་ཡི་རིང་བསྔོ་སྨོན་གང་ཤེས་བྱེད་རྒྱུ་ཡིན།བོད་རྒྱལ་ལོ།

    Reply
  38. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    དཔའ་རྒོད་འདས་པོ་ཁོང་ལ་རང་ཚོད་ཀྱིས་བསྔོ་སྨོན་རྣམ་དག་བྱེད་རྒྱུ་དང་ཤུལ་ལུས་ནང་མི་རྣམས་ལ་སྙིང་ནས་འཚམས་འདྲི་ཞུ་བཞིན་ཡོད། དེ་བཞིན་ས་གནས་དེ་གར་སླད་མར་ལས་འགུལ་སྤེལ་སྐབས་སྲོག་གི་འགྲོ་གྲོན་མི་དགོས་པ་སྤེལ་གལ་ཆེ་བར་སྐུལ་མ་བྱེད་འདོད་བྱུང་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་སླར་ཡང་ཚེ་སྲོག་གི་འགྲོ་གྲོན་གཏོང་བཞིན་པའི་ལས་འགུལ་རིགས་མི་ཡོང་ཆེད་བསྐྱར་དུ་གསལ་བསྒྲགས་ཤིག་སྤེལ་དགོས་གལ་དུ་མཐོང་།

    ང་ཚོའི་སྙན་ངག་པ་པོ་མ་མོ་ཚང་མས་འདི་འདྲའི་རིགས་ཅང་འབྲི་རྒྱུ་ཡོད་པ་མ་རེད་ལ། གདུང་སེམས་མཉམ་བསྐྱེད་ཀྱང་འབྲི་མི་ཤེས། ཚང་མས་ལྟོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese