མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛའ་མོས་བཤད་ན། བརྩེ་བའི་ཉིན་མོ་རེད་ཟེར།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp

 

དེ་རིང་ནི་རྗོ་ཤུ་མི་རིགས་ཀྱི་བརྩེ་བའི་ཉིན་རེད་ཟེར
དངོས་ནས་ངས་སྐད་ཆ་དེ་གོ་དུས
ཁོ་མོ་ལ་སྐད་ཆ་སྙན་མོ་ཞིག་དང་
ཁོ་མོའི་སེམས་པ་ཁོལ་བའི་གཏམ་ཞིག་བཤད་དགོས་ཚོད་རེད་མོད
ངས་ཁོ་མོ་ལ་སྐད་ཆ་གང་ཞིག་ནས་འགོ་འཛུགས་དགོས་སམ

ཉིན་ཟླ་རེ་མོས་ཀྱི་ལོ་ཚིགས་རེ་རེ་ཡིས
ངེད་གཉིས་ངོ་ཤེས་པ་ནས་ཕ་མར་གྱུར་ཡོད
བྱིས་པ་གཉིས་ཀྱི་ཕ་མ་ཆགས
དགའ་དུས་ཉུང་མིན་ལ་མ་བལྟས་པར
སྡུག་དུས་ཀྱང་དེ་མཚུངས་ཀྱིས་བྱུང་ཡོད
མཛའ་མོ་ལགས   ཁྱེད་རང་གིས་ངའི་ངག་ལས་གང་ཞིག་ཉན་ན་འདོད
བརྩེ་བའི་ཉིན་མོ་རེད  ཁྱེད་ཚང་གི་སྲོལ་རྒྱུན་ཞིག་རེད
ག་དུས་བྱུང་མིན་ངས་མི་ཤེས
ཁྱེད་ཀྱིས་ཀྱང་ང་ལ་དེ་ཡི་སྐོར་ཞིབ་མོ་ཞིག་མ་བཤད
ངས་ཀྱང་འདྲི་མི་འཕོད་པའི་དོ་ནུབ
ཁྱེད་ཀྱིས་གྲོད་ཁུག་ཆེན་པོ་དེ་སྐྱོར་ནས
བརྙན་འཕྲིན་གྱི་ཁ་གཏད་དུ་ཡོད
ང་རང་ཁྱེད་ཀྱི་འགྲམ་ཏུ   གློག་ཀླད་ཀྱི་ནང་དུ་འཛུལ་ནས
སེམས་དང་བསམ་པ་འདྲིས་ཤིང་
ལུས་དང་སྐྱེ་ཁམས་གཅིག་ཞིང་
སྐད་དང་གོམ་གཤིས་གཅིག་པའི་བོད་ཀྱི་དྲ་ཚིགས་དག་ཉུལ་ནས་བསྡད་ཡོད

ཁྱེད་ཀྱིས་གདོང་དུ་འཛུམ་གྱིས་བཀང་ནས
བརྙན་འཕྲིན་ནང་གི་སྒྱུ་རྩལ་བའི་གཏམ་བརྗོད་ཟློས་གར་ཞིག་ལ་ཧད་ཡོད
བུ་མོ་ཐོག་ཁང་དུ་གཉིད་ཟིན
བུ་ཆུང་གིས་ཁྱེད་རང་གི་གྲོད་ཁོག་ནང་ནས་འཕག་འཚག་བྱས
གནམ་འོག་འདི  དོ་ནུབ་ཀྱི་འུ་གཉིས་ཀྱི་གནམ་འོག་འདི་ན
མི་རིགས་ཤིག་གི་བརྩེ་བ་གསོན་པོར་ཡོད་དམ
ཤ་ལས་མཆེད་པའི་བུ་དང་བུ་མོ་འདི་གཉིས་ཀྱིས
འུ་གཉིས་ལ་བརྩེ་བ་ལྷག་མ་ཞིག་འཁུར་ནས་ཡོང་ཡོད་ངེས་ཡིན
དེས་ན  ངས་ཁྱེད་ལ་སྐད་ཆ་གང་ཡང་མ་བཤད་ཀྱང་
གཟོད་ནས་ཁྱེད་རང་གིས་ང་ལ་བསམ་ཤེས་བྱེད་སྲིད
མཐའ་མཇུག་ཏུ    ངས་ཁྱེད་ཀྱི་མི་རིགས་ཀྱི་བརྩེ་བའི་ཉིན་མོར
ཁྱེད་ལ་སེམས་གཏིང་ནས་སུས་ཀྱང་མ་བཤད་པའི་སྐད་ཆ་གང་ཡང་
ངའི་ངག་ལས་ཐོན་མ་ཐུབ་པ་དེར་དགོངས་དག་ཞུ
གང་ལྟར། ང་དང་ངའི་གཟུགས་པོའི་འགུལ་བསྐྱོད་ཡོད་ཚད
ཚེ་སྲོག་གི་དབུགས་སྔ་མ་བསྡུས་པར
ཁྱེད་དང་ལྷན་དུ་བསྡོད་པར་ཧུར་བརྩོན་བྱེད་ཡ

༡༤།༨།༡༡ལ་རྗོ་མི་རིགས་ཀྱི་བརྩེ་བའི་ཉིན་མོར་མཛའ་མོར་བྲིས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 9

  1. nyimatashi says:
    ལོ་ 15 སྔོན།

    ངོ་མ་ངར་བ་རེད།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    སྤུན་ཟླ་ཚོ། ཕེབས་ནས་བསམ་ཚུལ་གསུངས་པ་དེར་དགའ་ནས་ཡོད། རྗེས་སུ་ཕེབས་རྐྱང་བྱོས།

    Reply
  3. rajashichen says:
    ལོ་ 15 སྔོན།

    འདི་ལྟར་བྲིས་ན་དོན་དག་ཇེ་ཆུང་ལ་བུད་འགྲོ་གི་ རབ་ན་ལྷུག་མ་སྤེལ་ཐུབ་ན་བཟང་གི་འདོད །

    Reply
  4. jamgon says:
    ལོ་ 15 སྔོན།

    ཧྲ་ལ་བྱོས། བུ་མོ་ཐར་མོ་ལ་བསམ་བློ་བཏང་ནས་ཡག་པོ་བྱས་སྡོད། དྲན་རྒྱུ་མ་མང་། ཀུ་རེ་ཡིན། ཚོར་བ་ཟབ་པའི་སྙན་ངག་ཞིག་བྲིས་འདུག་དོན་དམ་གྱིས་འཁོར་བ་འདི་ལ་ཡིད་ཅུང་མུག་འདུག་པ་ཡང་རྟོགས་ཐུབ་གི

    Reply
  5. chok zyl says:
    ལོ་ 15 སྔོན།

    དམ་བཅའ་དང་བརྩེ་དུང་ཕྱོགས་ལ་སྙན་ངག་སྤེལ་བ་ཡག་གི་རྒྱན་འདུག མུ་མཐུད་དུ།

    Reply
  6. sha tak ri sim says:
    ལོ་ 15 སྔོན།

    ཁྱེད་རང་གི་སྐད་ཆ་ཚ་སོབ་སོབ་དེ་ཁོ་མོ་བཤད་པ་ཡིན། ཁོ་མོ་དགོད་ཞོར་དུ། ངས་ཁོ་རང་མི་ཤེས་ཀི་ཟེར། རེད་དེ། ཁོ་རང་ནི་ངའི་སྤུན་མཆེད་ཡིན་དུས། ཁྱེད་རང་ལ་འཚམ་འདྲི་བྱས་པ་རེད་ཅེས་བཤད་དུས། ཁོ་མོས་ཁ་མུར་མུར་ཞིག་བྱེད་ཞོར་དུ་དགད་ནས་བསྡད་སོང་། དེ་ཡིན།

    Reply
  7. karmadentse says:
    ལོ་ 15 སྔོན།

    ཁྱོད་ཀྱིས་དམ་བཅའ་འདི་འདྲ་ཞིག་བཞག་པར་རྗེས་སུ་ཡི་རིང་ཡོད། ཁྱོད་ཀྱི་མཛའ་མོ་ལ་བརྩེ་དུང་ཉིན་མོར་བཀྲིས་བདེ་ལེགས་ཞུ་རོགས།
    ཞལ་དེབ་ཐོག་གི་དཔར་གསར་དེ་ཚོ་མཐོང་སོང་ལ་ཡག་གི་ཡང་འདོད་སོང་།

    Reply
  8. sha tak ri sim says:
    ལོ་ 15 སྔོན།

    གསར་ཁོ། རྒྱུ་མཚན་ནི་རང་ཉིད་ལ་ཤ་ལས་མཆེད་པའི་བུ་དང་བུ་མོ་གཉིས་ཡོད་ལ། མི་རིགས་ཤིག་གི་སྐད་ཡིག་སློབ་པར་ཧུར་ཐག་འབད་ཐག་བྱེད་འདོད་ཀྱིས་ཀྱང་ཡིན་ལགས།

    Reply
  9. salygyal says:
    ལོ་ 15 སྔོན།

    “ང་དང་ངའི་གཟུགས་པོའི་འགུལ་བསྐྱོད་ཡོད་ཚད
    ཚེ་སྲོག་གི་དབུགས་སྔ་མ་བསྡུས་པར
    ཁྱེད་དང་ལྷན་དུ་བསྡོད་པར་ཧུར་བརྩོན་བྱེད་ཡ”

    ངོ་མ་ཁྱོད་ངར་བ་རེད། ངས་དེ་མོ་དེ་ཟེར་ཐུབ་ན་དགོན་པ་གན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese