མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་སྐྱེ་མ་ཐག བོད་སྐད་དང་བོད་ཡིག་མི་ཤེས།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

ང་སྐྱེ་མ་ཐག བོད་སྐད་མི་ཤེས། བོད་པ་ཡང་མིན། ཕྱིས་སུ་ང་རང་བོད་པ་ཡིན་པར་ཤ་ཁྲག་ནས་བརྩིས་དེ། ངའི་དྲིན་ཆེན་གྱི་ཕ་མ་ནས་བསླབས་པའི་སྐད་དང་འགྲོགས། ངའི་མིང་ལ་བོད་པ་དང་ངས་བཤད་པའི་སྐད་ཆ་ནི་བོད་སྐད་དུ་གྱུར་བ་ཡིན། དོན་དངོས་སུ་མི་རིགས་ཤིག་དེ་ལྟར་ངེས་བཟུང་བ་འདྲ། དེ་ནས་བཟུང་། ངས་ཀྱང་རང་ཉིད་བོད་ཡིན་པ་ཤེས་ཀྱི་ཡོད། བོད་སྐད་ཡང་བཤད་ཤེས་ཀྱི་ཡོད། རིམ་གྱིས་བོད་ཀྱི་ཡི་གེ་ཡི་འབྲི་ཀློག་ལ་ཡང་གོམ་པ་བསྟེན་རྒྱུའི་སྐལ་བ་བཟང་བོ་དེ་ནི་དྲིན་ཆེན་ཕ་མ་ཉེ་དུ་དག་གིས་བསྐྲུན་པ་ལྟར། རང་ཉིད་ཀྱང་བོད་ཡིག་གི་རྫི་བོ་ཆུང་ཆུང་ཞིག་དུ་གྱུར།

རྫི་བོ་ཆུང་ཆུང་ང་ནི་བོད་ཡིག་སློབ་པར་སུན་སྣང་མེད་པ་དང་། བོད་ཡིག་གི་ཀ་མད་སུམ་བཅུ་དང་དབྱངས་བཞི། ཆུང་ཆུང་བྱིས་པའི་ངག་ན་སྙན་ལྷུང་ལྷུང་གྲགས་དུས་ཀྱི་བྱིས་དུས་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག  ཡིད་འོང་མཛེས་སྡུག་གི་སེམས་ཁམས་དྭངས་མོ་དེ་ནི་བསང་ཆུའི་བཞུར་རྒྱུན་དང་འགྲོགས་ནས་བཞུར། བསང་ཆུའི་བཞུར་སྒྲ་དང་མཉམ་དུ་ཀ་ཁའི་དབྱངས་རྟ་ཡང་དང་བསྐྱར་དུ་སྐྱོར་བའི་རྫི་བོ་ཆུང་ཆུང་ང་ནི། ག་ལེར་རྫི་བོ་ཆུང་ཆུང་གི་དཔེ་ཁུག་ནང་དུ་ཡིག་རིགས་གཞན་ཞིག་ཀྱང་མཉམ་དུ་སླེབས། རྒྱའི་སྐད་ཡིག་རེད། རང་ཉིད་ཆུང་དུས་ནས་བཤད་པའི་སྐད་ནི་བོད་སྐད་ཡིན་ལ། རང་ཉིད་ཀྱི་ངག་ལ་གོམ་པ་དེ་ཡང་བོད་སྐད་ཡིན་དུས། རྒྱའི་སྐད་ཡིག་ལ་དུངས་པ་མེད་པ་དང་སློབ་འདོད་ཀྱི་ཡི་ག་མེད་པར་གྱུར་ནས་རྒྱ་ཡིག་དགེ་རྒན་མའི་ལག་པ་ནས་དབྱུགས་པ་ཆུང་ཆུང་ཞིག་གི་ལག་རྟགས་གྲངས་ཀ་མེད་རེག་ན་ཡང་། རང་ཉིད་བོད་ཡིག་ལ་དགའ་བ་ལྟ་བུ་ཞིག་ནམ་ཡང་རྒྱ་ཡིག་ལ་དགའ་ཐབས་མེད་པར་གྱུར་བ་རེད།

ཕྱིས་སུ་ལོ་ངོ་རིམ་འདས་ཀྱི་འགྱུར་བའི་ཁྲོད་ནས། རང་ཉིད་ནི་རང་ཡུལ་སྐྱུར་ནས་གཞན་ཡུལ་གང་སར་འཁྱམས་ཉུལ་བྱེད་མཁན་ཞིག་དུ་གྱུར་དུས་སུ། ད་གཟོད་རང་སྐད་ལས་གཞན་སྐད་ལ་དོ་སྣང་མ་བྱས་པ་དང་སྤྱངས་པའི་གོ་སྐབས་ཡོད་དུས་སུ། གཏན་ནས་སྤྱངས་འདོད་མེད་པར་བཞག་པ་དེ་ལ་སྣང་འགྱོད་ཆེས་མི་ཉུང་བ་ཞིག་སྐྱེ་རུ་བཅུགས། དེ་དུས་སུ་ཞང་སྟོན་བསྟན་པ་རྒྱ་མཚོའམ་ཡོངས་གྲགས་སུ་བླ་བྲང་ཨ་ཁུ་ཐབས་མཁས་ཚང་གིས་སྐད་ཡིག་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཟེར་བའི་གཞན་གྱི་སྐད་ཡིག་ཤེས་པ་ལ་བཟང་ཆ་ཡོད་པར་ལམ་སྟོན་བྱས་པ་དེ་ལ་ངེས་ཤེས་སྐྱེས་སུ་བཅུགས་སོང་། མི་རིགས་སུ་ཞིག་ལ་མཚོན་ན་རང་ཉིད་ཀྱི་སྐད་དང་ཡི་གེ་ལས་རྩ་ཆེ་བ་དང་དོ་སྣང་བྱེད་དགོས་པ་ཞིག་མེད་ན་ཡང་། སྐད་ཡིག་གཉིས་པ་ཞིག་སྤྱངས་པའི་གོ་སྐབས་ཐོབ་དུས་སུ་དེ་ལ་ཧུར་ཐག་གིས་སྤྱོང་དགོས་པ་དེ་ནི་དངོས་ནས་གལ་ཆེན་དོན་ཆེན་རེད་འདུག

འགྱོད་པ་ནི་ཉམ་མྱོང་དང་། ཉམ་མྱོང་ནི་ཡི་གེར་བྲིས་ན། ད་གཟོད་མི་ལ་བཞག་པའི་དྲན་རྟེན་མཚོན་བྱེད་དུ་གྱུར་འགྲོ་བར་བཤད་ཆོག་པ་ཡིན་དུས། ངས་རང་རིགས་གཞོན་ནུ་ཆུང་ཆུང་ཚོ་ལ། སྐད་ཡིག་གཉིས་པ་ཞིག་སྤྱོང་བའི་གོ་སྐབས་རེག་དུས་སུ། འབད་འབུངས་བྱེད་དགོས་པར་འབོད་སྐུལ་དང་བསྒྲགས། རང་གི་སྐད་ཡིག་ནི་རང་ཉིད་ཀྱི་ཚེ་སྲོག་ལས་ཀྱང་རྩ་ཆེ་བ་ཡིན་པ་དེ་ཉིད་ཞུས་ན་འདོད་སོང་། སྐད་ཆ་འདི་ལྟར་བཤད་ན། སྙན་པོ་ཡོད་མེད་མི་ཤེས་མོད། དོན་དངོས་ནི་མི་ལ་བཤད་དགོས་པ་དང་། བཤད་པ་དེ་ནི་མིས་རྣ་བར་འཛུལ། དེ་ནས་མིའི་སེམས་ལ་འབབས་པ་ཡིན་ན། བཤད་པ་དག་གྲུབ་འབྲས་ཡོད་པ་ཞིག་དུ་གྱུར་བ་ཡིན།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

སྐར་མ ༣༥ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. yakbod says:
    ལོ་ 15 སྔོན།

    ཧ་ཧ་ཧ་་་་་འདི་ཙམ་ལ་དཔྱད་རྩོམ་ཟེར་ནི་མ་རེད།

    Reply
  2. drikungpa says:
    ལོ་ 15 སྔོན།

    ངོ་མ་གཞན་སྐད་མི་ཤེས་པའི་མི་བུ་དག་སྤྱི་ཚོགས་ཐོག་ལ་ཁག་པོ་འདུག ཤ་ཁྲག་ལགས་ཐུགས་རྗེ་ཆེ།

    Reply
  3. chok zyl says:
    ལོ་ 15 སྔོན།

    དྲ་གྲོགས་བོད་ཤ་ཁྲག་རུས་གསུམ་ལགས།
    དོན་སྙིང་ལྡན་པའི་དཔྱད་རྩོམ་ཞིག་སྤེལ་འདུག་པས་དགའ་བསུ་མུ་མཐུད་དུ་ཞུ་བཞིན་ཡོད།

    Reply
  4. zenling says:
    ལོ་ 15 སྔོན།

    བོད་ཤ་ཁྲག་རུས་གསུམ། མིང་དོན་མཚུངས་འདུག རང་སྐད་ལ་དོ་སྣང་གཙོ་བོ་དང་། གཞན་སྐད་ཀྱང་སྦྱང་དགོས་རྒྱུ་ནི་གལ་ཆེན་རང་རེད། སྦྱངས་ནས་ལོ་ཙཱ་བྱེད་ཐུབ་དགོས་པའང་དམིགས་ཡུལ་དུ་བཟུང་ན། མི་རིགས་མང་པོ་ལ་ཕན།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    རྟ་ནག་སྐལ་བཟང་ལུང་རིགས་ལགས། ཉིད་ནས་དེ་ལྟར་གསལ་འདེབས་བྱས་པ་དེར་བཀའ་དྲིན་ཆེ། ངས་དེ་ནི་ས་སྐྱ་ལེགས་བཤད་ཀྱི་ཚིག་ཡིན་བཞག་གིས་བྲིས་པ་ཡིན། ཉིད་ནས་འདི་ལྟར་གསུངས་དུས་སུ། ངས་ཀྱང་དེ་སྔོན་ཡང་མི་ཞིག་གིས་དེ་ལྟར་གསལ་འདེབས་བྱས་པའི་སྐོར་ཞིག་དྲན་གསོས་སོང་། གང་དུ་ཡིན་མིན་མི་དྲན་ན་ཡང་། སྐབས་དེར་མི་ཞིག་གིས་ཀྱང་ངས་བྲིས་པ་ལྟར་བྲིས་ཡོད་པ་དེར་མི་གཞན་ཞིག་གིས་དེ་རིང་གི་འདི་ལྟར་གསལ་འདེབས་བྱས་ཡོད་པ་དེ་རེད། བཀའ་དྲིན་ཆེ།

    Reply
  6. amala says:
    ལོ་ 15 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།
    དེ་དུས་སུ་ས་སྐྱ་ལེགས་བཤད་ལས་སྐད་ཡིག་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་ཟེར་བའི་གཞན་གྱི་སྐད་ཡིག་ཤེས་པ་ལ་བཟང་ཆ་ཡོད་པར་ལམ་སྟོན་བྱས་པ་དེ་ལ་ངེས་ཤེས་སྐྱེས་སུ་བཅུགས་སོང་།
    གོང་གི་ལེགས་བཤད་དེ་ཞང་སྟོན་བསྟན་པ་རྒྱ་མཚོ་སྟེ་ཡོངས་གྲགས་སུ་བླ་བྲང་ཨ་ཁུ་ཐབས་མཁས་ཚང་དུ་འབོད་པ་ཁོང་གི་གསུང་རེད། ས་སྐྱ་ལེགས་བཤད་ཀྱི་ཚིག་མ་རེད། གསལ་འདེབས་ཙམ་ལས་བསྙད་བརྐོས་པ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese