མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངའི་བུ་མོའི་ཤ་སྐྱི་གཉིས་ཀ་བོད་མི་ཕྱེད་ཀ་རེད་ཟེར།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

གནའ་མི་ཚོས་བཤད་རྒྱུན་ཡིན་ན
ང་ནི་ཐན་ལྟས་ཤིག་དུ་གྱུར་ཡོད
རིགས་དང་རུས་པ་མི་གཅིག་པའི་བུད་མེད་ཀྱི་གམ་ན་ཡོད
ཁོག་པར་བུ་མོ་ཞིག་ཀྱང་བརྫངས
མི་ལོ་གཉིས་ཀྱི་གོང་ཏག་ཏག་ལ
དེ་རང་ངའི་བུ་མོས  ང་རང་ལ་ཨ་ཕ ཨ་ཕ་ཟེར་ནས་འབོད

བྱམས་བྱམས་དུངས་དུངས་ཀྱིས
ངའི་བུ་མོ་བང་དུ་བླངས་རྗེས
སེམས་གཏིང་ནས་རང་གི་ཉེས་པ་གང་ན་ཡོད་མེད་བཙལ
བུ་མོའི་ཡིད་དུ་འོང་བའི་འཛུམས་མདངས་དང་
རྣ་ལ་ཉན་མི་བདེ་བའི་མི་རིགས་གཞན་གྱི་སྐད
ད་དུང་     ཨ་ཕ་ཟེར་བའི་གཞན་གྱི་གདངས་དེ
གང་ལྟར  ཁོ་མོ་ནི་ང་ཡི་ཁྲག་རེད་དམ
ཁོ་མོ་ནི   ང་ཡི་ཤ་རེད་དམ 
བཤད་རྒྱུན་གང་ལ་བལྟས་དེ་བཤད་དགོས
ཁོ་མོ་ང་ཡི་ཁུ་ཁྲག་གང་གི་ཆ་ལས་ཐོན་པ་རེད

ང་ཡི་བུ་མོ་འདིའི་སྐྱེ་རྒྱུད་ཀྱི་གནས་ཚང་ནི་ང་རང་མིན
ཁོ་མོའི་མ་རྒན་རེད  ཁོ་མོའི་མ་རྒན་གྱི་འཇིག་རྟེན་གྱི་དྲོད་གནས་ཡོད་ས་རེད
ང་ལ་བདག་པའི་ཤ་དང་སྐྱི་མོ་གང་ཞིག་ཡོད་དམ
དོན་དངོས་སུ ངའི་བུ་མོ་ལ 
ཆེ་ཆུང་དང་ཡག་བཙོག་མེད་པའི་ཤ་སྐྱི་གང་ཞིག་སྤྲད་ཡོད་དམ
ངའི་ཤ་ལས་མཆེད་པར་ཇི་ལྟར་བརྩི་དགོས་སམ
ཤུ་རེ་གོ    སྐྱེ་ཁུངས་འདེད་སྟངས་ཤེས་མཁན་དེ་སུ་ཡོད་དམ

གནམ་འོག་འདི་ནས  རིགས་རུས་ཀྱི་གཙང་བཙོག
མི་རིགས་ཀྱི་དབྱེ་བ   ཆོས་ལུགས་ཀྱི་ཤན་ཤུགས
དཀར་ནག་གི་ངོ་བོ    མི་གཤིས་ཀྱི་གྲུབ་ཆ
གང་ནས་བཟུང་དེ  འགོ་བརྩམས་པ་ཡིན་ནམ
དེ་དག་ནི་དངོས་ནས་གལ་ཆེའམ
གནད་ཆེ་བའི་དོན་དག་དེ་དག     ངས་འཕྱུགས་པ་འདྲ

ཨ་ཕའི་ལོ་ལོ་མ   གཞན་གྱིས་བཤད་ན
ཁྱེད་རང་ནི་བོད་མི་ཕྱེད་ཀ་རེད་ཟེར
བོད་མི་ཏག་ཏག་ཞིག་ཡོང་མིན་ནི
སུ་ལ་འདྲི་དགོས་སམ  དེ་གང་འདྲ་ཞིག་ཡིན་ནམ

༢༤།༨།༡༡ལ་བྲིས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༧ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༨ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༡ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 8

  1. karmadentse says:
    ལོ་ 15 སྔོན།

    སྤུན་ཆུང་ལགས། བསམ་ཚུལ་གཉིས་ལོག་ཀར་སོང་བ་ལ་དགོངས་སེལ་ཞུ་ག་ལ་དགོས། ངས་ཁྱོད་ཀྱི་བསམ་ཚུལ་བརྟན་པོར་བཟུང་བ་ལ་གུས་མདུད་ཞུ།
    དེ་ཙམ་ཡིན།

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    སྙིང་ནས་བརྩེ་བའི་སྤུན་མཆེད་ཐ་ཧར་ལགས། འབོད་སྐུལ་དེར་དང་ལེན་མ་བྱས་པ་དེར་དགོངས་འགལ་མེད་པ་ཞུ།

    སྤུན་ཟླ་གཞན་དག་ཕེབས་ནས་རང་རང་གི་བསམ་ཚུལ་ལྷུག་པོར་སྨྲས་པ་དེར་དགའ་ནས་ཡོད། རྗེས་སུ་ཕེབས་རྐྱང་བྱོས། ངས་ག་དུས་ཡིན་ཡང་རང་གི་ཟིན་བྲིས་ཀྱི་སྒོ་མོ་དྲ་ཐོག་གི་བོད་རིགས་སྤུན་ཟླ་བོད་ཡིག་གི་རྫི་བོ་ཡོངས་ལ་ཕྱེ་ནས་ཡོད།

    Reply
  3. chok zyl says:
    ལོ་ 15 སྔོན།

    ཕ་ལ་རིགས་ན་བོད་པ་གཙང་མ་རེད། མ་ལ་རིགས་ན་དབྱིན་ཇི་གཙང་མ་རེད། གཉིས་ཀྱི་བར་གྱི་བུ་ཕྲུག་གང་འདེམས་བྱ། ཧ་ཧ་ཧ་

    Reply
  4. drikungpa says:
    ལོ་ 15 སྔོན།

    རིགས་རུས་ལ་དབྱེ་བ་མེད་ཀྱང་མི་རིགས་རང་ག་བ་ཞིག་གིས་ངོས་ནས་བཤད་ན་ཁྱོད་ཀྱི་བུ་མོ་དེ་དངོས་གནས་བོད་མི་ཕྱེད་ཀ་ཞིག་ཡིན་ཐག་ཆོད་རེད། ཡིན་ན་ཡང་བུ་མོ་དེས་མ་འོངས་པར་འབད་རྩོལ་ལ་བརྟེན་ནས་བོད་མི་རིགས་ལ་སྨན་པའི་ལས་ཀ་བྱས་ནས་བོད་མི་ཆ་ཚང་ཞིག་ལས་ཁྱད་དུ་འཕགས་པ་ཞིག་ཏུ་ད་གཟོད་ཁྱོད་ཀྱི་ཁ་བསྒྱུར་རན་པ་རེད། ཤ་ཁྲག་ལགས་སེམས་མ་ཕམ་དང་འབྱུང་འགྱུར་ཁྱོད་ཀྱི་བུ་མོ་དེ་བོད་མི་རིགས་ཀྱི་སྲོག་རྩ་ཞིག་འབྱུང་བར་ངེས།

    Reply
  5. ajamyang says:
    ལོ་ 15 སྔོན།

    ཁ་དཔེ་ལ་་་་ལོ་རྒས་དུས་ཡུལ་དྲན་པ་དང་བྱ་རྒས་དུས་འཚང་ལ་འཁོར་བ་ཆོས་ཉིད་རེད། སྐྱོན་ཡོད་ནི་མ་རེད་་་ཤུ་རེ་བྱོས།

    Reply
  6. chokri nyima says:
    ལོ་ 15 སྔོན།

    བོད་ཤ་ཁྲག་རུས་ལགས། ཁམས་བཟང་།
    ངས་བསམ་པར་བུ་མོ་ཆུང་ཆུང་མ་ཁྱེད་ཀྱི་སྙིང་ཉེར་བའི་གཅེས་ཕྲུག་རེད། ཁོང་བོད་མི་རེད། ད་ལོའི་བོད་ཀྱི་མཛངས་མ་ཡང་མིག་སྔོན་པོ་རེད། མ་འོང་པ་ཁྱེད་ཀྱི་བུ་མོ་དཀར་པོ་འདི་ཡང་བོད་ཀྱི་མཛངས་མ་ཆགས་སྲིད་པ་རེད།

    ཁྱེད་ཀྱི་མི་ཚེ་ཡོངས་རྫོགས་བུ་མོའི་ཨ་མའི་མཉམ་དུ་སྡོད་ཐུབ་ཀྱི་མ་རེད་འདོད། ཁྱེད་དང་ཁྱེད་འདྲ་བ་རེ་གཉིས་ཡོད་ཀྱང་མཐའ་མ་ཁ་བྲལ་འགྲོ་གི་འདུག རྒད་པོ་ཆགས་དུས་སུ་བོད་མོ་ཞིག་གི་དགའ་ནི་རེད། ཉིན་མ་གཅིག་ཁྱེད་ཀྱིས་བོད་མོ་ཞིག་ལ་མི་ཚེ་སྐྱེལ་རོགས་བྱེད་དགོས་པ་ནི་དངོས་པོ་ཆོས་ཉིད་འདྲ་རེད་དོ།

    Reply
  7. kangwod says:
    ལོ་ 15 སྔོན།

    སྙན་ངག་ཟོ་ཆི་ཟིག་བྲིས་ན་འགྲིག་ནི་རེད། ལེན་དགོས་དོན་ཡོད་པ་མ་རེད། མ་གཞི་ནས་ཁྱོད་ཀྱི་བུ་མོའི་རུས་པ་ཁྱོད་ཡིན་ནི་རེད། ཤ་སྐྱི་གཉིས་ཀ་ཨ་མའི་ཡིན་ནི་རེད། འདི་སྨན་གཞུང་ནས་བཤད་སྟངས་རེད། གང་ལྟར་ངོ་ལྟོས་དང་། ཨ་ཕ་ཨ་ན་མ་ན་རེད། དེའི་ཕྱིར་ཤ་སྐྱི་གཉིས་ལའང་ཁྱོད་དང་འབྲེལ་བ་ལོས་ཡོད་བསམས་པ་ཞིག་རེད།

    Reply
  8. karmadentse says:
    ལོ་ 15 སྔོན།

    ངའི་རེ་བ་ཡིན་ན་ཁྱོད་ཀྱི་སྙན་རྩོམ་འདི་ཕྱིར་བསྡུ་བྱེད་རོགས། མ་དགའ་བ་དང་མ་འདོད་པ་སོགས་རྩ་བ་ནས་མིན། ཁྱོད་ཀྱི་བུ་མོ་བོད་པ་ཡིན་མིན་གཙོ་བོ་མ་རེད། གཙོ་བོ་བུ་མོ་ལ་མི་ཚེ་ཡག་པོ་ཞིག་ཡོང་མིན་དེ་རེད། ཁྱེད་རང་ཡིད་དུ་འོང་བའི་བུ་མོ་འདིའི་ཕ་རྒན་ཆགས་ལ་པ་ཉེས་པ་འདྲ་རྩ་བ་ནས་ཡོད་པ་མ་རེད་དེ་སེམས་ལ་བཟུང་། རང་གིས་རང་སྡུག་ལ་སྦྱར་བའམ་སེམས་སྡུག་བྱེད་སའི་ཐབས་ལམ་འདྲ་བཙལ་ནས་ཡོང་རྒྱུ་མེད་པ་ཤེས་དགོས།
    ཁྱོད་ཀྱི་སྙན་རྩོམ་འདི་མི་ཡག་གི་དང་ཚོར་བ་མི་འདུག་ཟེར་ནས་བཤད་ཀྱི་མེད། ཡིན་ན་ཡང་སྙན་རྩོམ་འདི་ལེན་ཐུབ་ན་ལེན་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese