མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་པར་ལ་སྒུག་ཡོད། བུ་ཆུང་ཁྱོད་བདེ་ལེགས་ངང་སྐྱེ་ཤོག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

དངོས་ནས་བདག་གི་བུ་ཆུང་ཁྱོད
ཡོང་ལ་ཉེ་བ་ཡིན་ནམ
ཁྱོད་ཀྱི་ཨ་མས་བཤད་ན
ང་ལ་གྲྭ་སྒྲིག་བྱོས་ནས་བསྡོད་ཟེར
མོ་རང་རླངས་འཁོར་གྱི་ཁ་ལོ་བ་རེད
ད་དུང་   ཁྱེད་ཀྱི་ཨ་ཅེ་ཐར་མ་མཚོ་ཡང་ཡོད
དེ་བས་ག་ལ་ཚད  ཁྱེད་ཀྱི་ཨ་མྱེ་ལ་རས་ཀྱང་ཡོད
ཁྱོད་ཀྱིས་རང་གི་དྲིན་ཆེན་མ་ལ་དཀའ་ལས་མ་བཟོ

ཕ་རྒན་ངས་འདི་ན་སྒུག་ཡོད 
ཁྱེད་རང་ཡོང་བར་སྒུག་ཡོད
འཇིག་རྟེན་ཁམས་ཆེན་མོ་འདིར་གོམ་པ་འཇོག་པར་སྒུག་ཡོད
རེ་བས་བལྟས་དེ་ཡོད   སྐྱེ་བ་དོན་ཡོད་པ་ཞིག་ཡོང་བར་ཤོག
མི་ལུས་བླངས་པ་དོན་གོ་ཡོད་མཁན་ཞིག་འཁྱོངས་པར་ཤོག
ཕ་རྒན་ངས  འདི་ན་རྟེན་འབྲེལ་བསྒྲིགས་བཞིན་ཡོད
ཁ་གཡང་འབོད་བཞིན་ཡོད
སྙིང་གི་བུ་ལོ་ཆུང་ཆུང་  ད་དུང་  ཁྱེད་ལ་མིང་ཡང་མེད
ངའི་རེ་བ་ལ  ཁྱེད་ཀྱིས་རང་གི་མིང་ཡང་འཁུར་ནས་ཤོག
ཁྱེད་ཀྱིས་མི་ཡུལ་འདི་ལ་ཞི་བདེ་དང་སྤྲོ་སྐྱིད་ཅིག་འཁྱེར་ནས་ཤོག

ཁྱེད་ཀྱི་ཨ་མས་རླངས་འཁོར་གཏོང་བཞིན་ཡོད་ཟེར
ཁྱེད་རང་མ་རྒན་གྱི་གྲོད་ཁོག་ནང་དུ་འཕག་འཚག་བརྒྱབས
སྐར་མ་གཉིས་དང་གསུམ་གྱི་བར
ཁ་སང་ཉིན་བཀང་བོར  ང་ཚོས་ཁྱེད་རང་ལ་སྒུག
དེ་རིང་ང་རང་ལས་ཀར་སེམས་ལྷོད་དུ་འབབ་ནས་སོང་མེད
གཅིག་བྱས་ན  ཁྱེད་ཀྱི་ཨ་མས་ང་ལ་ཁ་པར་སླེབས་ཡོང་སྙམ

ལས་ཀ་གྲོལ་སོང་  གྲོད་ཁོག་ཡང་ལྟོགས་ཀྱི་འདུག
ལམ་ཁ་ནས  ངས་ཁྱེད་ཀྱི་ཨ་མར་ཁ་པར་ཞིག་བཏང་
ཡོད་ཚད་བདེ་ལེགས་རེད་ཟེར  དངོས་ནས་བཟང་གི
ངས་དེ་རིང་ཁྱེད་རང་མ་ཡོང་བ་རེད་སྙམ་ནས
སྤྱི་སྤྱོད་རླངས་འཁོར་དུ་བུད་ནས་ནང་དུ་འབྱོར

ཁ་པར་ཞིག་སླེབས་སོང་  ང་སྨན་ཁང་དུ་འགྲོ་བཞིན་ཡོད
དེ་ནི་ཁྱེད་ཀྱི་ཨ་མའི་སྐད་རེད
ང་རང་འཚབ་འཚུབ་དུ་གྱུར
ཁ་པར་སླེབས་ཐེངས་རེར
ངས་ཁྱེད་དང་ཁྱེད་ཀྱི་ཨ་མ་ལ་བདེ་ཐང་ཡོང་བར་སྒུག
ཁ་པར་ཡོང་བར་སྒུག  སྒུག་སྒུག 
ད་མགྱོགས་པོ་ཤོག་ཟེར་ནས་ཁ་པར་ཞིག་འབྱོར་ན་བསམ་བཞིན་ཡོད

༢༨།༨།༡༡།སྐྱེ་ལ་ཉེ་བའི་བདག་གི་བུ་ཆུང་གི་སྐོར་ལ་ཁ་པར་ཞིག་མཛའ་མོས་འབྱོར་ནས་ནང་དུ་ཁ་པར་སྒུག་ནས་བསྡད་ཡོད་སྐབས་སུ་ཤར་མར་བྲིས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. sha tak ri sim says:
    ལོ་ 15 སྔོན།

    བརྩེ་བའི་སྤུན་མཆེད་དང་། སྨྱུག་མདའ། ལྷོ་ཕྱོགས་ཉི་ཟླ། ཀླུ་སྨྱོན་ཧེ་རུ་ཀ་བཅས་ཀྱིས་ཁ་གཡང་བོས་པ་དེར་སེམས་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ཁ་སང་ཕྱི་དྲོ་མཛའ་མོའི་གྲོད་ཁོག་ཟུག་གཟེར་ཡང་ཡང་བརྒྱབས་པར་བསྟེན། ང་ཚོ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་དུས། ར་ཤི་ཡའི་སྨན་པ་བུད་མེད་མཛེས་མ་དེས། ད་ལྟ་སྐྱོན་གང་ཡང་མི་འདུག སྐྱེ་རན་མ་རེད། ཟུག་གཟེར་འདི་འདྲ་ཉུང་ཉུང་རེ་ཡོང་བ་དེར་སྐྱོན་ཡོད་པ་མ་རེད་གསུངས་སོང་། དེ་ནས་འདང་ནུབ་ཕྱིར་ནང་དུ་ཡོང་ནས་ང་རང་དེ་རིང་ཞོགས་པ་སྔ་བོ་ལས་ཀར་སོང་བ་ཡིན། སྨན་པས་བཤད་པའི་ཟླ་ཚེས་ཏག་ཏག་ལ་སྐྱེ་བ་ཡིན་ན། ད་དུང་བདུན་ཕྲག་གཅིག་ལྷག་ཡོད་པ་རེད། སྐྱེ་བ་དང་འདྲ་དཔར་དང་མཉམ་དུ་ངའི་ཟིན་བྲིས་ནང་དུ་འཇོག་ངེས་ཡིན། ཁྱེད་ཅག་གི་ཐུགས་འཁུར་དང་ཁ་གཡང་བོས་པ་དེར་དངོས་ནས་དགའ་ཡོད།

    Reply
  2. kawakarpo says:
    ལོ་ 15 སྔོན།

    བུ་ཆུང་བདེ་བླགས་སྐྱེ་བར་ཤོག །སྐྱེས་ནས་ཚེ་རིང་དོན་འགྲུབ་ཤོག །

    Reply
  3. chok zyl says:
    ལོ་ 15 སྔོན།

    བཀླགས་ཟིན་ཡིན།

    Reply
  4. kamgam says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ཁྱེད་ཀྱིས་བུ་ཆུང་བདེ་ལེགས་ངང་འཇིག་རྟེན་ཁམས་ཆེན་པོ་འདིར་ཡོང་བར་སྨོན་ལམ་གྲངས་མེད་ཡོད།བདེ་བར་བཞུགས།

    Reply
  5. karmadentse says:
    ལོ་ 15 སྔོན།

    སྤུན་ཆུང་ཤ་ཁྲག་ལགས། ཁྱེད་ཀྱི་བུ་དང་མཛའ་མོ་གཉིས་ཆ་བདེ་ཐང་ངང་ཕེབས་པར་ཡིད་ཆེས་ཡོད། ད་ལྟའི་ཁྱོད་ཀྱི་སེམས་ཁམས་ཧ་ཅང་འཁྲུག་པོ་ཡིན་པ་ངས་རྒྱུས་ལོན་བྱེད་ཐུབ་ཀྱི་འདུག ཡིན་ན་ཡང་བུ་རྒོད་པོ་སེམས་ལྷོད་ལ་ཕོབས། སེམས་ཚགས་བྱེད་མི་དགོས་པ་ཞིག་ཆགས་པར་སྨོན་ལམ་འདེབས། ཁྱོད་ཀྱི་མཛའ་མོ་དང་བུ་མོ། བུ་ཚང་མ་ལ་བཀྲིས་བདེ་ལེགས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese