མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོག་གི་ཡ ཕ་སྐད་གཙང་མ་ཤོད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཀ་ཡེ   བོད་ཀྱི་ལུས་སུ་སྐྱེ་བའི་འགྲོ་བ་མི་ཡི་ཁུངས
ཁ་བ་གངས་ཅན་པའི་སྐྱེ་འགྲོ་དབུགས་ཐོག་ཚད་པོ
ག་ས་གར་དུ་སོང་ན་སྐྱིད་པོ་རེ་ཡོད་ངེས་ཀྱང་
ང་རྒྱལ་ཡོད་པའི་བོད་ཞིག་བྱེད་པར་ཕ་སྐད་སྐྱུར་ན  བཙོག་གི་ཡ

ཅ་ཅོ་མང་དུས་སུ་བཟི་ཡོད་ན་ཐང་མོད
ཆ་རྒྱུས་ཡོད་པའི་རང་གི་གདོང་ལ་ཞིབ་མོ་ཞིག་ལྟོས་ཤིག་དང་
ཇ་ཁ་ཆང་ཁ་འགྲིམ་ནས་ཉིན་མ་ཆུད་ཟོས་ཤིག་བཏང་ན
ཉ་རྙོག་ཁ་བརྡའི་ཁྲོད་ནས་ཉི་མ་དམར་པོ་མི་མགོར  ག་ལེར་བསྐྱལ་བ་བཙོག་གི་ཡ

ཏ་ལེན་ཕྲག་དུ་འཁུར་བའི་འུ་ཅག་གི་མེས་པོ་དག་གི་རིང་དུ
ཐ་སྙད་གཅིག་ལ་ཡང་    རིན་གོང་སེར་དངུལ་དང་ཚེ་སྲོག་སྤྲད་ཡོད
ད་ལྟའི་སྐབས་ཀྱི་འུ་ཅག་སྟེ  མི་རིགས་ཤིག་གི་སྙིང་སྟོབས་དང་
ན་གཞོན་ཞིག་གི་འགན་འཁྲི་ལ་སྙེགས་མཁན་ང་ཚོ  ཁ་སྟོང་བ་ཙམ་བྱས་ན་བཙོག་གི་ཡ

པ་ལགས་ཀྱིས་གསུངས་རེད  སྙན་པ་ལ་ཟེར་དུས
ཕ་ཡུལ་ལ་ལོག་རྒྱུར་ཡང་སྐྲག་སྣང་སྐྱེ་ན  རང་གི་རུས་རྒྱུད
བ་གླང་དང་ནོར་ནག་འདྲིས་པ་ལྟ་བུ་ཞིག་ལ་གྱུར་བར་སྙམ་དུས་ཀྱི་ང་ཚོས
མ་ཡུམ་ཁ་བ་གངས་ཅན་པའི་ལས་དབང་ལ་བདག་པོ་མ་བྱས་ཚེ  དངོས་ནས་བཙོག་གི་ཡ

ཙ་རི་གནས་ཆེན་དུ་འདོད་པའི་མི་རིགས་ཤིག་གི་ཤུལ་རྗེས་ནས
ཚ་གཟེར་དང་གྲང་གཟེར་ཙམ་ལ་ཡང་ཞེད་སྣང་སྐྱེ་ན
ཛ་དྲག་གི་དུས་ལ་སླེབས་པའི་མི་རིགས་ཤིག་གི་ཉམ་ཉེས་འདི་ལ
ཝ་ལེར་མ་ཤེས་ཁུལ་དུ་སྐྱུར་ནས་བྲོས་ན  སྡར་མ་ང་ཚོ་དངོས་ནས་བཙོག་གི་ཡ

ཞ་ཞོར་དུ  ངས་འདི་ནས་སྐད་ཆ་སྤོམས་པོ་ཞིག་བཤད་ཀྱི་འདུག་སྙམ་ན
ཟ་ཟུར་ནས  ང་ལ་ཚིག་ལོག་རྒྱོབས་ཤིག་དང་ 
འ་ཅག་གི་ལས་དབང་ཆེད་དུ   ངག་ལས་ཤོར་བའི་གཏམ་ལ
ཡ་ཆུང་སེམས་ཁོང་ནས་དང་ལེན་བྱེད་ཐུབ་དུས  ང་བཙོག་གི་ཡ

ར་རོ་ཆང་གི་སྨྱོས་ན་སྨྱོན་པ་མ་རེད་ཅེས་ངས་བཤད་འདོད་
ལ་རྒྱ་དང་རིགས་ཞེན་མེད་པའི་མི་ནི   དངོས་ནས་སྨྱོན་པ་ལས་ཀྱང་སྡུག་ལ
ཤ་གཟན་དུད་འགྲོའི་རིགས་དང་མ་འདྲ་བ་གང་ཡོད
ས་བདེ་ས་ཞིག་དང་  ལུས་སྲོག་ལ་ཉེན་མེད་ས་ཞིག་ནས  ང་བཙོག་གི་ཡ

ཧ་ཧ་ཧ་   དགོད་ཀྱིན་ཡོད  རང་གིས་རང་ལ་བལྟས་དེ
ཨ་མཚར་ཀུ་རེ་ལྟ་བའི་ཀ་ཕྲེང་གསར་འབྲི་མ་འདི
ཧ་ཅང་ཉེ་ན་ཡོད་ལ  ཧ་ཅང་རྒྱང་རིང་དུ་ལུས་པའི་ཕ་སྐད་ཀྱི་ཆེད་དུ
ཨ་མདོའི་ཡུལ་ནས་ལྡོམ་ནས་འོང་བའི་མི་ཞིག་སྟེ  སྐྱག་གཟན་ངས་བྲིས་པ་བཙོག་གི་ཡ

༢༩།༨།༡༡ཕ་སྐད་ལ་བཅིངས་པའི་ཀ་ཕྲེར་གསར་མའི་ལུགས་ཀྱི་འབྲི་སྲོལ་འདི་སུ་དང་གང་གི་སྒྲིག་ཁྲིམས་དང་བསྟུན་མེད་ལ། རང་ཉིད་ལ་གོམ་པའི་འབྲི་སྲོལ་ཞིག་ལ་དྲན་གསོ་བྱེད་ཞོར་དུ། ཕ་སྐད་ལ་བཅིངས་པའི་སྙིང་གཏམ་ཞིག་གི་ཚབ་དུ་བྲིས་སོ།

འབྲེལ་ཡོད་གསར་འགྱུར།

རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

ཆུ་ཚོད་ ༨ སྔོན་ལ།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢

མཆན། 4

  1. sha tak ri sim says:
    ལོ་ 15 སྔོན།

    གངས་སྤྲེལ་ཚ་ལགས། ཉིད་ནི་སྨྱུག་མིང་གསར་བ་འཁུར་ནས་ངེད་ཚང་ཡོང་བ་དང་བོ་ཡིན་དུས། ཉིད་ལ་དགའ་བསུ་ཞུ། རྗེས་སུ་ཡང་ཡང་ཡོང་གི་བསྡོད། ངེད་ཚང་གི་སྒོ་འགྲམ་ན་ལག་དུ་ཁ་བཏགས་བཟུང་བའི་བོད་ཀྱི་བུ་མོ་ཞིག་གིས་བསུ་བ་མེད་ཀྱང་། སེམས་ན་ཁ་བཏགས་བཟུང་ནས་སྒུག་བཞིན་པའི་ཚོར་བ་ཞིག་གི་བོད་ཀྱི་སྤུན་ཟླ་གང་ན་སུ་ཡོད་པ་དག་ལ་བསུ་བ་ཡོད་པ་ཐུགས་འཇག་འཚལ།

    Reply
  2. kangbu says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་བོད་ལས་མཆེད་ཀྱང་། ཡོད་ཚད་མི་ལག་ལ་ཤོར་བའི།། གངས་ཕྲུག་རྨས་མ་ཁྱོེད། ཁྱེད་དང་ཁྱེད་འདྲའི་ལས་དབང་དེ་སུ་ཞིག་གི་བཟློགས་ཐུབ། ཀྱེ་མ།

    Reply
  3. sha tak ri sim says:
    ལོ་ 15 སྔོན།

    ཀློག་ཡོད། མཆན་པུ་ཞིག་ཀྱང་བཏབ་ཟིན་ལགས།

    Reply
  4. karmadentse says:
    ལོ་ 15 སྔོན།

    ཁྱོད་ཀྱི་ཚོར་བ་རྣོ་བའི་རྩོམ་གཉིས་ཆ་བཀླགས་པ་ཡིན། ངས་ཁྱོད་ལ་ཀ་ཕྲེང་ཞིག་སྒྲིག་ཡོད། ཁོམ་པ་ཡོད་ན་བལྟ་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese