མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུ་མོ་རིག་འཛིན་གྱི་ཉེས་ཆད་ཁྲོམ་སྐོར་བྱས་པ་དེས་འགྲིག་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp


བསྟན་འཛིན་སྒང་གི་རྙོག་གླེང་ཐད་ས་གནས་མགོ་འཛིན་དང་རྒྱ་དཔོན་སོགས་ཀྱིས་དོ་བདག་ཕྱོགས་གཉིས་ནས་ངོས་ལེན་ཡོད་པའི་བཅད་ཁྲ་ཞིག་བཏང་བའི་ནང་། ནག་ཉེས་དོན་ཚུན་བཞི་ངོས་འཛིན་ཐོག་དེ་ལ་ཁྲིམས་ཆད་དོན་ཚན་དགུ་ཐག་གཅོད་གནང་འདུག

བོད་མིའི་སྒྲིག་འཛུགས་ཀྱིས་བསྟན་འཛིན་སྒང་ས་གནས་མགོ་འཛིན་ལས་ཁུངས་ནས་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་བུ་མོ་རིག་འཛིན་དང་འབྲེལ་བའི་གྱོད་དོན་ཐག་གཅོད་གནང་བའི་བཅད་ཁྲ་ཞིག་བསྒྲགས་འདུག ས་གནས་མགོ་འཛིན་གྱི་བཅད་ཁྲའི་ནང་རྙོག་གླེང་དེའི་འབྱུང་རྐྱེན་གནད་དོན་ཚང་མ་ཕྱོགས་བསྡོམས་གནང་སྟེ།  སྐྱོན་གནད་དོན་ཚན་ ༤ ལ་བགར་ཏེ་ཉེས་ཆད་དོན་ཚན་ ༩ ཐག་གཅོད་བྱས་འདུག

ཉེས་ཆད་དོན་ཚན་དེ་དག་ནང་མི་སྒེར་སོ་སོའི་གནད་དོན་དང་འབྲེལ་བའི་ཐད། དཀོན་མཆོག་བསྟན་པ་དང་པ་སངས་སྒྲོལ་མ་བཟའ་ཚང་གཉིས་བར་གྱི་གནད་དོན་དེ་ནང་ཁུལ་འགྲིག་ཐབས་བྱུང་ན་ལེགས་ཚུལ་དང་། དེ་ལྟར་མ་བྱུང་བར་ས་གནས་མགོ་འཛིན་ལས་ཁུངས་ནས་ཐག་ཆོད་དགོས་ཚེ་ཐག་གཅོད་བྱ་རྒྱུ། བུ་མོ་རིག་འཛིན་གྱིས་མ་འོངས་པར་བསྐྱར་དུ་དཀོན་མཆོག་བསྟན་པ་དང་འབྲེལ་བ་བྱ་མི་ཆོག་པའི་ཐད་དུ་ས་གནས་གཞིས་ལས་ཁང་ནས་འགན་འཁུར་བཅས་བླངས་ཡོད་འདུག 

མི་སྤྱོད་ལས་འདས་པའི་དོན་རྐྱེན་དེའི་ཐད་བསྟན་འཛིན་སྒང་ས་གནས་མི་མང་གི་བསམ་ཚུལ་ནི། “ཉིན་འདིའི་རྐྱེན་ངན་བྱུང་བ་ལ་བཟའ་ཚང་ཁ་བྲལ་ཆགས་ཡོད་མེད་ལ་མ་ལྟོས་པར། མི་མང་གི་བསམ་ཚུལ་ནང་སྤྱིར་གཞིས་ཆགས་ནང་བཟའ་ཚང་བར་གྱི་རྙོག་གླེང་ཆེ་ཆུང་ཡོང་བཞིན་ཡོད་པ་ལ་ཐག་གཅོད་ཀྱང་ཆེ་ཆུང་མང་པོ་བྱུང་ཡོད། འོན་ཀྱང་བུ་མོ་པ་སངས་སྒྲོལ་མས་རང་ཐག་རང་གཅོད་ཐོག་ཕྱི་མི་མཉམ་ཁྲིད་ཀྱིས་བུ་མོ་རིག་འཛིན་སྒྲོལ་མ་ལ་ཁྲིམས་བཅད་བཏང་ཡོད་པ་ས་གནས་མགོ་འཛིན་ལས་ཁུངས་དང་གཞིས་ཆགས་ཀྱིས་ཁྲིམས་ལ་བརྩི་སྲུང་མེད་པའི་བྱ་སྤྱོད་ལ་ཐག་གཅོད་དགོས་རྒྱུ” དེ་ཡིན་འདུག 

 

གནད་དོན་འདིའི་ཐོག་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ངོས་འཛིན་གནང་བའི་སྐྱོན་གནད་དོན་ཚན་བཞི་ནི། དང་པོ། བུ་མོ་རིག་འཛིན་སྒྲོལ་མའི་བྱ་སྤྱོད་ལ་པ་སངས་སྒྲོལ་མའི་ནང་མི་སྤུན་མཆེད་ནས་གཅེར་བུར་ཁྲོམ་སྐོར་བྱས་པ། གཉིས་པ། བུ་མོ་པ་སངས་སྒྲོལ་མའི་གཅེན་མོའི་བཟའ་ཟླ་ཕྱི་མི་གཞིས་ཆགས་ནང་ཁྲིད་ཡོང་སྟེ་ཐེ་ཇུས་བྱས་པ། གསུམ་པ། བུ་མོ་པ་སངས་སྒྲོལ་མའི་སྤུན་མཆེད་གཅུང་པོ་གཞིས་མི་བསྟན་འཛིན་མཆོག་སྒྲུབ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་པའི་འགན་འཁུར་བྱེད་མི་ཡིན་པའི་ཆ་ནས་བཀག་འགོག་མ་བྱས་པའི་སྐྱོན། བཞི་པ། རྙོག་གླེང་བྱུང་གཞི་གཙོ་བོ་གཞིས་མི་དཀོན་མཆོག་བསྟན་པ་དང་བུ་མོ་རིག་འཛིན་སྒྲོལ་མ་གཉིས་ཡིན་པའི་ངོས་འཛིན་ཐོག་སྐྱོན་གནད་དོན་ཚན་དང་པོ་དང་གཉིས་པའི་ཐད། བུ་མོ་པ་སངས་སྒྲོལ་མ་དང་ཉིན་དེར་ཡོད་པའི་ནང་མི་སྤུན་མཆེད་རྙོག་གླེང་ནང་ཐེ་བྱུས་བྱེད་མཁན་སྤྱི་ཡོངས་ནས། དང་པོ། ༧གོང་ས་མཆོག་གི་སྐུ་པར་མདུན་དུ་མཇལ་དར་དང་འགྱོད་ཕྱག་ཞུ་རྒྱུ་གཙོ་བོར་འགྱུར་བའི་མི་མང་སྐུ་ཚབ་མདུན་དུ་དགོངས་སེལ་ཞུ་རྒྱུ། གཉིས་པ། གནས་ཡུལ་ས་གནས་སུ་རྐྱེན་ངན་བར་ཆད་མི་འབྱོང་ཆེད་ས་གནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་བརྒྱུད་བཀའ་ལུང་ཞུས་ཏེ་ཞབས་རིམ་ཇི་ཕེབས་བསྒྲུབ་རྒྱུ། གསུམ་པ། དངུལ་རྐྱང་ཉེས་ཆད་ཧིན་སྒོར་བཞི་ཁྲི་ཉིན་གྲངས་བཅུའི་ནང་ཚུད་གཞིས་ལས་ཁང་དུ་འབུལ་རྒྱུ། སྐྱོན་གནད་དོན་ཚན་གསུམ་པའི་ཐད་གཞིས་མི་བསྟན་འཛིན་མཆོག་སྒྲུབ་ནས་བོད་མིའི་སྤྱི་ཚོགས་སྟེང་གི་འགན་འཁུར་ཆ་ཚང་ཕྱི་ལོ་ ༢༠༡༣ ཟླ་ ༡༢ བར་མཚམས་འཇོག་དགོས་རྒྱུ་དང་། དངུལ་རྐྱང་ཉེས་ཆད་སྒོར་ ༥༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་དགོས་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། སྐྱོན་གནད་དོན་ཚན་བཞི་པའི་ཐད་རྙོག་གླེང་བྱུང་གཞི་གཙོ་བོ་གཞིས་མི་དཀོན་མཆོག་བསྟན་པ་ནས་དངུལ་རྐྱང་ཉེས་ཆད་ཧིན་སྒོར་ ༢༠༠༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་དགོས་པ་དང་། བུ་མོ་རིག་འཛིན་སྒྲོལ་མ་ལ་དམིགས་བསལ་གྱི་ཉེས་ཆད་གཏོང་མ་དགོས་པའི་ཐག་གཅོད་བྱུང་བའི་རྒྱུ་མཚན་ནི་ཉིན་དེར་ཁོ་མོ་བུ་མོ་པ་སངས་སྒྲོལ་མའི་ནང་མི་ནས་ཉེས་རྡུང་དང་ངོ་ཚ་ཚད་མེད་བཏང་བ་དེས་འཐུས་པ་བྱ་རྒྱུར་སྤྱི་མོས་ཐག་གཅོད་བྱུང་འདུག

 

ད་དུང་བཅད་ཁྲ་དེའི་མཇུག་ཏུ་དོན་ཚན་གསུམ་བཀོད་ཡོད་པ་ནིན། དང་པོ། གོང་གསལ་དངུལ་ཆད་ཆ་ཚང་མ་འོངས་པར་ས་གནས་ཀྱི་ཆོས་ཕྱོགས་སུ་བེད་སྤྱོད་གཏོང་རྒྱུ་སྤྱི་མོས་ཐག་གཅོད་དང་བཅད་ཁྲ་ངོ་བཤུས་ཆ་ཚང་གཅིག་དབྱིན་ཡིག་ཐོག་ཡུལ་མི་ལ་འབུལ་རྒྱུ། གཉིས་པ། བཟའ་ཚང་བར་གྱི་གནད་དོན་ཐད་ནང་ཁུལ་འགྲིག་ཐབས་བྱུང་ན་གང་ལེགས་དེ་མིན་ལས་ཁུངས་ནས་ཐག་ཆོད་དགོས་ཚེ་ཐག་གཅོད་བྱ་རྒྱུ། གསུམ་པ། དམན་རིན་འཛིན་སྒྲོལ་མའི་ཐད་མ་འོངས་པར་བསྐྱར་དུ་བཟའ་ཚང་བར་ལ་འབྲེལ་བ་བྱ་མིན་ཆོག་རྒྱུར་གཞིས་ལས་ཁང་ནས་འགན་འཁུར་གཙོ་བོ་ལེན་པའི་ཐོག་སྤྱི་མི་བརྒྱ་དཔོན་ཡོངས་ཀྱིས་སློབ་གསོ་དང་། དོ་བདག་བུ་མོ་རིག་འཛིན་སྒྲོལ་མ་དང་དཀོན་མཆོག་བསྟན་པ་གཉིས་ཀྱི་བར་ཡིག་ཐོག་ཁས་ལེན་ལོགས་སུ་འཇོག་རྒྱུ་བཅས་སྤྱི་མོས་ཐག་གཅོད་དུ། བསྟན་འཛིན་སྒང་ས་གནས་མགོ་འཛིན་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ལ། ཅེས་བཀོད་འདུག 

 

གཞན། རྙོག་དྲ་དེའི་བྱུང་རིམ་དང་བཅད་ཁྲ་ཐག་གཅོད་ཀྱི་བརྒྱུད་རིམ་སྐོར་ལ། “བསྟན་འཛིན་སྒང་གཞིས་གྲོང་དང་པོའི་ནང་གནས་སྡོད་གཞིས་མི་དཀོན་མཆོག་བསྟན་པ་དང་བཟའ་ཟླ་པ་སངས་སྒྲོལ་མ་གཉིས་ཀྱི་བར་ལ་བུ་མོ་རིག་འཛིན་སྒྲོལ་མས་ལོ་མང་སྔོན་ནས་འབྲེལ་བ་བྱེད་བཞིན་ཡོད་པ་ལ་དོ་བདག་ནང་ཁུལ་ནས་མནའ་སྐྱེལ་དམ་བཅའ་དང་སློབ་གསོ་རབས་དང་རིམ་པ་ཕྱི་ནང་གཉིས་ཀྱི་སྤུན་མཆེད་རྣམས་ནས་བརྒྱབ་སྟེ་ནང་འགྲིག་བྱས་པ་ལས་ས་གནས་ཀྱི་སྤྱི་མི་བརྒྱ་དཔོན་སུ་ལའང་ཞུ་གཏུགས་མ་བྱས་པ་དངོས་ཡོད་རེད་འདུག དེ་ནས་ཉིན་ཤས་སྔོན་བུ་མོ་པ་སངས་སྒྲོལ་མས་ཁོ་མོའི་བཟའ་ཟླ་དཀོན་མཆོག་བསྟན་པའི་ལག་ཐོག་ཁ་པར་བརྒྱུད་བུ་མོ་རིག་འཛིན་སྒྲོལ་མ་དང་དཀོན་མཆོག་བསྟན་པའི་བར་གབ་མཐུན་གྱིས་ལུས་འབྲེལ་བྱས་པའི་འདྲ་པར་དངོས་མཐོང་ལག་ཟིན་བྱུང་བ་ལ་ཁོ་མོའི་ཡིད་ཀྱིས་མ་བཟོད་པར་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༦ ཉིན་གྱི་སྔ་དྲོ་བཟའ་ཟླ་དཀོན་མཆོག་བསྟན་པ་ས་གནས་སུ་མེད་པ་དང་སྐབས་བསྟུན་བུ་མོ་པ་སངས་སྒྲོལ་མས་ནང་མི་སྤུན་མཆེད་མཉམ་ངན་གྲོས་ཀྱིས་བུ་མོ་རིག་འཛིན་སྒྲོལ་མ་ལ་ཉེས་རྡུང་དང། མགོ་སྐྲ་གཏུབ་པ། གདོང་ནག་བཟོས་པ། མཐར་གཅེར་བུ་བཟོས་ཏེ་འཐེན་དྲུད་ཀྱིས་ཁྲོམ་སྐོར་བྱས་པ་སོགས་གཞིས་ཆགས་ཙམ་དུ་མ་ཟད། བོད་མི་ཡོངས་ཀྱི་བསམ་ཡུལ་ལ་མེད་པའི་ངོ་ཚ་ཁྲེལ་མེད་ཀྱི་བྱ་སྤྱོད་བྱས་ཀྱང་དོ་བདག་བུ་མོ་རིག་འཛིན་སྒྲོལ་མ་ནས་སྤྱི་བརྒྱ་དང་གཞིས་ལས་ཁང་དུ་སྙན་སེང་ཙམ་ཡང་ཞུས་མེད། འོན་ཀྱང་ཕྱི་ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་ས་གནས་འཐུས་ཚོགས་དང་བརྒྱ་དཔོན་ཡོངས་ནས་ས་གནས་མགོ་འཛིན་ལས་ཁུངས་སུ་གནས་ཚུལ་འདིའི་ཐད་གཞིས་མི་ཡོངས་ནས་སེམས་འཚབ་ཀྱིས་ངེས་པར་དུ་གྲོས་བསྡུར་དགོས་པ་དང་། ཡུལ་མི་ནས་ཀྱང་བསམ་ཚུལ་འདྲ་མིན་གྱིས་ས་གནས་མགོ་འཛིན་ལས་ཁུངས་སུ་འདྲི་རྩད་བྱུང་བ་བཞིན་ས་མགོ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༢ ནས་དགོང་དྲོའི་ཆུ་ཚོད་ ༨ བར་ས་གནས་འཐུས་ཚོགས་མཉམ་འཛོམས་ཐོག་གྲོས་བསྡུར་དང་ཚང་མས་མོས་མཐུན་གྱིས་སྐྱོན་འཛུགས་དང་ཉེས་ཆད་བཅས་ཐག་གཅོད་བྱུང་།” ཅེས་བཀོད་འདུག      

ས་གནས་མགོ་འཛིན་གྱིས་རྙོག་གླེང་དེའི་ལོ་རྒྱུས་བཀོད་པའི་ནང་བུ་མོ་རིག་འཛིན་སྒྲོལ་མ་རང་སྟེང་ནས་ཕར་བཟའ་ཚང་བར་འཛུལ་བའི་རྣམ་པ་དམིགས་འདོན་བྱས་འདུག  ཡིན་ནའང་། བོད་པའི་སྤྱི་ཚོགས་ལ་གཞིགས་ན་བུད་མེད་ཀྱིས་སྐྱེས་པར་ཕར་འབྲེལ་བ་འཛུགས་པའི་གོམས་སྲོལ་མེད་པ་རེད།

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༤ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༦ སྔོན་ལ།

མཆན། 27

  1. བཙན་པོའི་བུ། says:
    ལོ་ 14 སྔོན།

    sangkye ཟེར་བའི་མཆན་འགོད་པ་ལགས། གལ་ཏེ་ཁྱེད་ཀྱིས་གུས་མོའི་མཆན་བུ་དེར་ཡིད་མཐུན་བྱུང་བ་ཡིན་ན། དེ་ལུགས་ཀྱིས་གསལ་ཁ་ཡོད་པ་གང་ཞིག་ལ་མོས་མཐུན་ཡོད་པའི་རྒྱུ་མཚན་དང་བཅས་བསྐྱར་འགོད་བྱེད་རོགས། དེ་མིན་རང་སྣང་གང་དྲན་གྱིས་གཞན་གྱི་བསམ་ཚུལ་རྐུ་བཤུས་བྱེད་པ་ནི་ཅུང་མ་གུས་པའི་སྣང་ཚུལ་ཞིག་མཐོང་སོང་།

    Reply
  2. མྱི་ལྟིག says:
    ལོ་ 14 སྔོན།

    sangkyeཟེར་བ་དེས་བཙན་པོའི་བུ་ཡི་མཆན་བུ་བཤུས་ནས་སྤེལ་
    འདུག དངོས་གནས་སྐྱིད་པོ་རེད། རང་གིས་ཅི་ཞིག་བཤད་འདོད་ཁུལ་བྱས་ནས་
    གཞན་གྱི་མཆན་བུ་བསྐྱར་པར་བརྒྱབ་པ་གད་མོ་ཤོར་ཡ་རང་རེད།
    ང་ཚོས་བཤད་ཀྱང་མ་བཤད་ཀྱང་ཁོ་ཚོས་བུ་མོ་གཉོམ་ཆུང་དེ་ཚང་ལ་རྒྱབ་རི་བརྟན་པོ་ཞིག་
    དཔུང་རོགས་མཐོན་པོ་ཞིག་མེད་པ་སྔོན་དཔག་གིས་ཐག་བཅད་འདུག

    Reply
  3. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    ས་གནས་འགོ་འཛིན་རྣམ་པ་ལ་གུས་པའི་རེ་བ་ལྟར་ན་ཐག་གཅོད་དེ་ཅུང་ཟད་མ་འགྲིག་པ་མཐོང་སོང་། གུས་པས་ཐུགས་འདོད་ལྟར་ན་བུ་མོ་པ་སངས་སྒྲོལ་མའི་ཕྱོགས་གཏོགས་རྣམས་ལ་ཉེས་ཆད་ཧིན་སྒོར་འབུམ་གཅིག༡༠༠༠༠༠།སྒྲུབ་དགོས། དེ་མིན་མཆོད་མཇལ་དང་ཞབས་རིམ་སྒྲུབ་དགོས་ཟེར་བ་དེ་ཚོ་ཁ་མཛེས་ཀྱི་ཐག་གཅོད་རང་རེད། དཀོན་མཆོག་བསྟན་པ་ཉེས་ཆད་ཧིན་སྒོར་༢༠༠༠༠། འགྲིག་རྒྱུ་གྱིས། གཞན་ས་གནས་ལས་བྱེད་དེ་ལོ་བཅུའི་རིང་བོད་གཞུང་གི་ལས་དཀའ་བྱེད་མི་ཆོག་པའི་ཆད་པ་གཅོད་དགོས་པར་མཐོང་།

    Reply
  4. sangkye says:
    ལོ་ 14 སྔོན།

    བུ་མོ་རིགས་འཛིན་སྒྲོལ་ལ་ཐག་ཆོད་ཡག་པོ་འདུག། འོན་ཀྱང་ང་ལ་མཚོན་ན། བུ་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་གཏད་ནས་མིན་ལ། བུད་མེད་དང་སྐྱེས་པ་བསྡུར་ན་གང་ཐད་ནས་ཞན་ཆ་ཞིག་ཡོད་པ་ངའི་མཐོང་གི་ཞིག་ཡོད། ལྷག་པར་དུ་བསྟན་འཛིན་སྒང་གི་གནས་སྟངས་འདིར་བལྟས་པ་ཡིན་ན། བུད་མེད་རིག་འཛིན་ལགས་ལ་མི་ཚུལ་ལས་འདས་པའི་མནར་གཅོད་ཅིག་བཏང་འདུག འོན་ཀྱང་། རྒྱུ་རྐྱེན་འདི་བུད་མེད་རིག་སྒྲོན་གཅིག་བུའི་སྟེང་ནས་བྱུང་བ་ཞིག་མ་ཡིན་པར་ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་ལུས་འབྲེལ་བྱུང་བ་ཞིག་ཡིན་དུས། བུད་མེད་དེར་དེ་ལྟ་བུའི་མནར་གཅོད་ཅིག་གཏོང་དགོས་དོན་ཅི་ཡིན་ནམ། ཕྱོགས་གང་ལ་བསམ་བློ་བཏང་རུང་། ཁྲིམས་མཐུན་མིན་པའི་བྱ་སྤྱོད་འདི་རིགས་སྣང་མེད་དུ་འཇོག་མི་རུང་ལ། ད་ཐེངས་འདིའི་ཐག་གཅོད་དེ་ཡང་དྲང་མོ་ཞིག་གཏད་ནས་བྱུང་མི་འདུག ལྷག་པར་བུད་མེད་རིག་སྒྲོན་ལ་དངུལ་དེ་དག་ལས་བརྒྱ་ཆ་བརྒྱ་མ་བབ་ཀྱང་བརྒྱ་ཆའི་ལྔ་བཅུ་འབབས་ལོས་དགོས། འོན་ཀྱང་། ངས་ནི་མཐའ་གཅིག་ཏུ་ཐག་གཅོད་དེ་དྲང་མོ་ཞིག་བྱུང་མི་འདུག་ཅེས་སྙིང་ནས་བཤད་འདོད་བྱུང་། དྲ་གྲོགས་ཚོའི་བལྟས་དང་།

    Reply
  5. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    དེ་རིང་གི་ཐག་གཅོད་དེ་ནི་དངོས་གནས་རན་པོ་ཞིག་བྱུང་མི་འདུག གནས་ཚུལ་ཐབས་སྡུག་དེ་འདྲ་བཙན་བྱོལ་་བོད་མིའི་ཁྲོད་དུ་ཐོག་མ་ལྟ་བུ་ཡིན་པས་ཐག་གཅོད་ཡག་པོ་མ་བྱུང་ཚེ་རྗེས་སུ་དེའི་རིགས་ཇེ་མང་དུ་འགྲོ་བ་ལས་ཇེ་ཉུང་དུ་འགྲོ་མི་ཐུབ་པ་ངེས་རྟེན་ཡིན་པས་དེའི་ཐད་ཐག་གཅོད་ནན་པོ་ཞིག་གནང་རོག དེ་རིང་གི་གནས་ཚུལ་དེའི་བྱེད་ལྟེ་རྣམས་ཁེ་ན་འདྲར་འགྲོ་སྐྱོད་མི་ཆོག་པ་བཟོས་ན་མི་འགྲིག་པ་མི་འདུག

    Reply
  6. བཙན་པོའི་བུ། says:
    ལོ་ 14 སྔོན།

    ང་ལ་མཚོན་ན། བུ་མེད་ཀྱི་ཐོབ་ཐང་རྩོད་མཁན་ཞིག་གཏད་ནས་མིན་ལ། དེ་བཞིན་བུད་མེད་ལ་སྐྱེས་པ་དང་བསྡུར་ན་གང་ཐད་ནས་ཞན་ཆ་ཞིག་ཡོད་པ་མཐོང་མཁན་ཞིག་ཡིན། འོན་ཀྱང་། འགྲོ་བ་མིའི་ཐོབ་ཐང་དང་སེམས་ཅན་ཐམས་ཅད་ཅེས་བཤད་ཡོང་དུས། བུད་མེད་དག་ཀྱང་དེའི་ཁོངས་སུ་འདུ་བས། བུད་མེད་ལ་དམིགས་མཐོང་ཆུང་བྱེད་ག་ལ་རུང་། ལྷག་པར་དུ་བསྟན་འཛིན་སྒང་གི་གནས་སྟངས་འདིར་བལྟས་པ་ཡིན་ན། བུད་མེད་རིག་འཛིན་ལགས་ལ་མི་ཚུལ་ལས་འདས་པའི་མནར་གཅོད་ཅིག་བཏང་འདུག འོན་ཀྱང་། རྒྱུ་རྐྱེན་འདི་བུད་མེད་རིག་སྒྲོན་གཅིག་བུའི་སྟེང་ནས་བྱུང་བ་ཞིག་མ་ཡིན་པར་ཕན་ཚུན་གཉིས་མོས་ཀྱི་ཐོག་ནས་ལུས་འབྲེལ་བྱུང་བ་ཞིག་ཡིན་དུས། བུད་མེད་དེར་དེ་ལྟ་བུའི་མནར་གཅོད་ཅིག་གཏོང་དགོས་དོན་ཅི་ཡིན་ནམ། ཕྱོགས་གང་ལ་བསམ་བློ་བཏང་རུང་། ཁྲིམས་མཐུན་མིན་པའི་བྱ་སྤྱོད་འདི་རིགས་སྣང་མེད་དུ་འཇོག་མི་རུང་ལ། ད་ཐེངས་འདིའི་ཐག་གཅོད་དེ་ཡང་དྲང་མོ་ཞིག་གཏད་ནས་བྱུང་མི་འདུག ལྷག་པར་བུད་མེད་རིག་སྒྲོན་ལ་དངུལ་དེ་དག་ལས་བརྒྱ་ཆ་བརྒྱ་མ་བབ་ཀྱང་བརྒྱ་ཆའི་ལྔ་བཅུ་འབབས་ལོས་དགོས། འོན་ཀྱང་། ངས་ནི་མཐའ་གཅིག་ཏུ་ཐག་གཅོད་དེ་དྲང་མོ་ཞིག་བྱུང་མི་འདུག་ཅེས་བཤད་འདོད་བྱུང་།

    Reply
  7. མངའ་རིས་བུ། says:
    ལོ་ 14 སྔོན།

    བུ་མོ་རིག་འདྷིན་གྲོལ་མ་ལ་དེ་ལྟའི་བྱ་སྤྱོད་སྤེལ་བར་འགྱོད་སེམས་ཡོད།
    མི་སྤྱོད་ལས་བརྒལ་བའི་བྱེད་བབས་དེ་དག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།
    ཤ་ཚ་ཀྱི་ཧུད།
    བུ་མོ་དཔུང་མེད་གྲོགས་མེད་ཁེར་རྐྱང་ལ་དེ་ལྟའི་བྱེད་བབས་དགའ་ལྡན་ཕོ་བྲང་འཇུག་བསྡུས་ཀྱང་སྐུ་དྲག་ངན་པའི་བྱེད་བབས་ད་ལྟའང་བསྡུས་མི་འདུག་ག
    རྒྱལ་ཁབ་ཅི་འདྲ་ཞིག་གིས་ཁྲིམས་ལ་ནག་ཉེས་ཅི་ཞིག་བསགས་རུང་བུད་མེད་གཅེར་བུར་ཁྲོམས་འཁྲིད་བྱེད་པ་རྣ་ཐོས་ཙམ་ཡང་མ་བྱུང།
    རང་བཙན་རང་སྐྱོངས་ལྗོངས་ཅི་ཞིག་ཐོབ་ན་དེ་ལས་ཀྱང་བྱེད་བབས་ཚབས་ཆེ་བ་ཞིག་བྱེད་ས་རེད།
    ས་གནས་མགོ་ལས་པས་དྲང་མོ་བྱས་མི་འདུག་གོ།

    Reply
  8. བྱིལ་ཕོ། says:
    ལོ་ 14 སྔོན།

    བུ་མོ་རིག་འཛིན་སྒྲོལ་མའི་ལས་དབང་ལ། །ཁ་ཡག་ཚིག་གི་སྦྱོར་བས་མ་བཞག་པ། །ངོ་བསྲུང་གཏམ་གྱི་ལྷད་དང་མ་འདྲེས་པའི། །ལྷག་བསམ་དྲང་པོ་ལྡན་པའི་དྲ་གྲོགས་ཚོས། །ཅིས་ཀྱང་སྙིང་ནས་དྲང་བདེན་རྒྱབ་སྐྱོར་ཞུ།།

    Reply
  9. ཁ་བའི་རྡུལ་བརྩེགས། says:
    ལོ་ 14 སྔོན།

    དྲང་པོ་བྱས་མི་འདུག་ན། ང་ཚོས་མུ་མཐུད་ནས་དྲ་ལམ་སྐད་འབོད་ཀྱི་འཕྲིན་ཐུང་བསྐུར་དགོས། འགྲོ་བ་མིའི་ཐོབ་ཐང་ཡོད་ན། འབྲས་བུ་སྨིན་དགོས་ངེས་རེད།

    Reply
  10. ཁ་བའི་བུ། says:
    ལོ་ 14 སྔོན།

    FUCK YOU!!!!!!!! དྲང་བདེན་མེད་པའི་བཅད་ཁྲ་བརྫུན་མ་དང། བསྟན་འཛིན་སྒང་གཞིས་ལས་ཁང་གི་བརྫུན་པར་ཕྱོགས་པའི་ཡི་གེ་དེས་ཞེ་མེར་ལང་བཅུག་སོང་།

    Reply
  11. ཨ་མའི་བུ། says:
    ལོ་ 14 སྔོན།

    ཨ་མའི་ དེ་སྔོན་དྲ་གྲོགས་བཙན་འབྱོལ་བ་ཁྱེད་ངས་གཞུང་དྲང་ཕོ་རྒོད་ཞིག་ཏུ་ངོས་འཛིན་རུང་འདི་རིང་ཁྱི་རྒན་ཀུ་ཅོ་འདོན་པ་དང་གཅིག་མཚུངས་རེད། འགྲོ་བ་མི་ཞིག་གི་སྐྲ་དང་དབང་པོ་བཅད་པ་འདི་དང་བཙན་གཡེམ་བྱས་པ་གཉིས་འདྲ་ཡི་རེད་དམ། གནས་ལུགས་མེད་པའི་སྐད་ཆ་རང་རེད། མང་པོ་བཤད་ཡས་ཡོད་ཀྱང་ད་མི་བཤད།

    Reply
  12. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཡང་འགའ་ཞིག་གིས་༼ཕར་སེང་ཞེས་པའི་མིང་ཅན་གྱིས་༽གནས་ཚུལ་དེ་སང་རྡོར་དྲ་རྒྱ་ནང་དུ་སྤེལ་བ་དང་དེ་བཞིན་དུ་ཡང་གཞན་ཞིག་གིས་དེ་སྔོན་གྱི་གནས་ཚུལ་ཞིག་ཀྱང་གསར་འགྱུར་དེ་སྤེལ་ཏེ་འགྲེལ་བཤད་ལོག་པ་སྣ་ཚོགས་གཅིག་བཟོ་བཞིན་འདུག སྤྱིར་བཙན་བྱོལ་ནང་གི་གནས་ཚུལ་དེ་རིགས་བོད་ནང་དུ་དྲ་རྒྱ་ཁག་ཏུ་སྤེལ་ཆེ་རུ་བཏང་ནས་རྒྱ་ཁྱབ་རླུང་ཁྱབ་ཏུ་བསྒྲགས་པ་ནི་ཡག་པོ་ཞིག་མ་རེད། ཕྱོགས་གཅིག་ནས་བོད་ནང་གི་བོད་མིས་ཕྱིར་སྡོད་བོད་རིགས་ལ་ཡིད་ཆེས་བློ་གཏད་ཇི་ཙམ་བཀལ་བཞིན་པ་དེ་ཡང་ཤེས་དགོས་པ་ཡིན། གལ་སྲིད་སྤེལ་དགོས་ན་ཁ་ཚ་དགོས་གཏུགས་ཀྱི་དཀའ་རྙོགས་རིགས་ཏེ་དོལ་རྒྱལ་གྱི་སྐོར་དང་ལམ་དབུ་མའི་དགེ་སྐྱོན་གྱི་སྐོར་སོགས་སྤེལ་དང་། ཡག་པོ་རེད། དེ་མིན་ཆུང་ཚགས་རིགས་ཆེན་པོ་བཟོས་ནས་ཆོ་ཅང་མཐོང་གིན་མིན་འདུག བསམ་འཆར་ཙམ་ཡིན།

    Reply
  13. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་མཉམ་ཆུང་ཐུབ་ཚོད་གཏོང་པའི་ལུགས་ངན་འདི་ངེས་བར་དུ་འགོག་དགོས་ཁྲིམས་ཐག་འདི་འདྲ་བཅད་པ་བློ་ཡུལ་ལས་འདས་སོང་བུ་མོ་སྤ་སང་ཟེར་བ་དེ་ལ་བོད་མིའི་བཟང་གྱི་ཡོངས་ཕོང་བའི་གསོན་འདྲ་མ་ངོ་མཞིག་ཡིན་ཐག་རེད་འདི་སྐོར་གྱི་མཆན་རྣམས་དུས་བབ་ཚང་གིས་འགོག་མི་རུང་ཡ

    Reply
  14. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ས་གནས་ཀྱི་སྒྲིག་འཛུགས་ཀྱིས་ཁྲིམས་མཐུན་གྱི་ཐག་བཅད་གནང་བ་ད་གས་འགྲིག་པ་རེད། དེ་མིན་ཕར་བཤད་ཚུར་བཤད་བྱེད་ནས་ཕན་ཐོགས་མེད། སྤྱིར་ང་ཚོ་ལ་ཁྲིམས་མཐུན་དང་ཐོབ་ཐང་ཡོད་པའི་ཁྲིམས་ཁང་ཞིག་མེད་པ་ཡིན་ཙང་ཐག་གཅོད་བྱ་ལུགས་ད་ག་རང་གི་འཐུས་པ་རེད་སྙམ། ངས་ངོ་མ་གོ་རྟོགས་མ་ཐུབ་པ་ནི་འགའ་ཞིག་གིས་བུད་མེད་རིག་སྒྲོལ་མ་ལ་ནག་ཉེས་ཅན་རྣམས་ཀྱིས་དངུལ་སྤྲད་མི་འདུག་ཟེར་ནི་བྲིས་ཀྱི་འདུག དེ་ཅིའི་ཕྱིར་སྤྲོད་དགོས་སམ། དེ་ལྟ་བུའི་སྒྲིག་གཞི་ཞིག་གང་ན་ཡང་མེད་པ་རེད། གལ་སྲིད་བུད་མེད་རིག་འཛིན་སྒྲོལ་མ་ལ་བཙན་གཡེམ་བྱེད་པ་ཡིན་ན་གནས་ཚུལ་དེ་ཡིན་པ་ཆ་ཞོག དེ་མིན་ཅིའི་ཕྱིར། འགའ་ཞིག་གིས་ནང་མི་ཚོར་ཉེས་པ་ཆུང་དྲག་འདུག་ཟེར་གྱི་འདུག ད་འོ་ན་སྤྱི་ཚོགས་རྙིང་པའི་ལམ་ལུགས་ལྟར་ནག་ཉེས་ཅན་རྣམས་ཀྱི་རླིག་པ་ལ་རྡོ་བཏགས་ནས་ཁྲོམ་བསྐོར་ལ་གཏོང་དགོས་སམ། བྱས་ཙང་། ས་གནས་ལས་ཁུངས་ནས་ཁྲིམས་ཐག་བཅད་པ་ད་ག་རང་གིས་འགྲིག་འདུག ཕྱོགས་གཉིས་ཀས་ངོས་ལེན་བྱེད་ནས་འགྲིག་པ་བཟོས་ཟིན་པ་ཞིག་ལ་སྐད་གཏོང་རྒྱག་ནས་ཕན་ཐོགས་མེད།

    Reply
  15. ནོར། says:
    ལོ་ 14 སྔོན།

    བུ་མོ་རིག་འཛིན་སྒྲོལ་མར་མི་སྤྱོད་ཀྱི་སློབ་གསོ་མ་བཏང་སྔོན་ལ། དཀོན་མཆོག་བསྟན་པ་དང་པ་སངས་སྒྲོལ་མ། བསྟན་འཛིན་མཆོག་སྒྲུབ་དང་ཀླ་ཀློ་བ་གཞན་རྣམས། ད་དུང་ས་གནས་འགོ་འཛིན་དང་བརྒྱ་དཔོན་སོགས་ལ་བཅའ་ཁྲིམས་ཀྱི་སློབ་གསོ་ཚ་ནན་ཅན་ཅིག་ངེས་པར་ཏུ་གཏོང་དགོས་སོ།

    Reply
  16. གཡག says:
    ལོ་ 14 སྔོན།

    དངོས་གནས་རང་དབང་ཞིག་མི་འདུག ངས་འདི་ནས་བསྟན་འཛིན་སྒང་གཞིས་ཆགས་ཀྱི་འགོ་འཛིན་དེ་དྲང་མོ་མ་རེད་ཅེས་བྲིས་ན་ཁྱེད་དུས་བབ་ཚང་ལ་སྡུག་དགོས་དོན་གང་ཡིན། དེ་མིན་ཁོ་བོས་བྲིས་པའི་མཆན་བུ་དེ་ཡང་བཙོན་དུ་དགོག་རྐྱེན་ཅི་ཡོད།

    མ་རྒན་གཅིག་ལས་གང་ཡང་མེད་པའི་ཉམ་ཆུང་བུ་མོ་རིག་འཛིན་ལགས་ཀྱི་ད་ལྟའི་གནས་བབ་ལ་བསམ་ནས་སྐད་ཆ་འགའ་ཞིག་བཤད་ཁུལ་བགྱིས་མོད། མ་བསམ་ས་ནས་དུས་བབ་རྩོམ་ཁང་གིས་རྒྱབ་རྩ་འདྲ་བྱ་དོན་ཅི་ཡིན་ཤེས་མ་སོང་།

    Reply
  17. ལུང་རྟོགས། says:
    ལོ་ 14 སྔོན།

    སྤྱིར་སྒོར་བཞི་ཁྲི་ནི་དེ་ཙམ་ཆེན་པོ་མིན་ན་ཡང་། བསྟན་འཛིན་སྒང་ལྟ་བུའི་གཞིས་ཆག་ཉམ་ཐག་ཞིག་ལ་མཚོན་ན་སྒོར་བཞི་ཁྲི་ནི་ཆུང་ཆུང་ཞིག་མ་རེད། དེས་ན་ཐག་གཅོད་བྱེད་སྟངས་ལ་གཞན་གང་ཡང་བཤད་རྒྱུ་མེད། འོན་ཀྱང་བུ་མོ་རིག་འཛིན་ལ་གུན་གསབ་གང་ཡང་མ་རག་པ་ནི་བློ་བདེ་བ་ཞིག་གཏན་ནས་བྱུང་མི་འདུག

    Reply
  18. གངས་དཀར་སྒྲོལ་མ་མཚོ། says:
    ལོ་ 14 སྔོན།

    ཆེས་ཀླ་གློ་བྱ་སྤྱོད་དེ་སྤེལ་བ་དེ་ལས་སླ་བོ་ངང་ཐག་གཅོད་བྱས་པ་དེར་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ཉམ་ཆུང་གཅེན་མོ་རིག་འཛིན་སྒྲོལ་མ་ལ་དགོངས་སེལ་དེ་ཙམ་གྱིས་ཆོག་པར་བྱས་པ་དེར་བོད་གཞུང་དང་བོད་ཀྱི་བུ་མེད་ཚོགས་པ་གཉིས་ཞིབ་འཇུག་ནན་ཏན་བྱས་ཏེ་ཐག་གཅོད་དྲང་བདེན་ཞིག་མ་བྱས་ན་གཞིས་བཞུགས་བོད་མི་ཚོར་གསལ་བཤད་ཇི་ལྟར་བྱའམ། བོད་ནང་གི་རྩོམ་པ་པོ་ཚོས་དེའི་སྒང་ལ་བསམ་ཚུལ་ཤུགས་ཆེར་བཏོན་བཞིན་པ་ཁྱེད་ཚོས་ལོས་མཁྱེན། ངེས་པར་དྲང་བདེན་ཞིག་ཡོང་བའི་ཆེད་དུ་བུད་མེད་ཚོགས་པ་དངོས་སུ་ས་གནས་རང་དུ་སོང་ཐག་གཅོད་ཡག་པོ་ཞིག་གནང་རོགས།
    དེ་མིན་ང་ཚོས་མཐའ་གཅིག་ཏུ་ངོ་སྒོལ་བྱ་ངེས་ཡིན།

    Reply
  19. བྱིལ་ཕོ། says:
    ལོ་ 14 སྔོན།

    གཞན་ཕན་ལྷག་བསམ་ཡོད་པའི་དྲ་གྲོགས་ཚོ། ཉམས་ཆུང་བུ་མོ་རིག་འཛིན་སྒྲོལ་མ་སྐྱབས་རོགས། གང་དྲག་ཀྱི་ཧུད།

    Reply
  20. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    བསྟན་འཛིན་སྒང་གི་གནས་མགོ་འཛིན་དང་རྒྱ་དཔོན་སོགས་ཀྱི་ཐག་བཅད་པ་དེ་ཕྱོགས་ལྷུང་རང་བཞིན་ཞིག་མི་བྱུང་ཐབས་མེད་ཡིན་པ་སྔར་ནས་ཚོད་དཔག་བྱས་ཡོད། རྒྱུ་མཚན་ནི་ཉེས་རྡུང་འཕོག་མཁན་བུ་མོ་དེར་ཨ་མ་མ་གཏོགས་མེད་པའི་དཔུང་གཉེན་བྲལ་བ་ཞིག་ཡིན་ཚོད་དང་གཅིག ཉེས་རྡུང་གཏོང་མཁན་གྱི་ཕྱོགས་ན་རྒྱབ་དཔུང་ཁྱུ་གཅིག་འཁྲིད་ཡ་འདུག་པ་མ་ཟད། ཉེས་བཅད་ཀྱི་སྒོར་གྲངས་དེ་ལྟ་བུ་ཞིག་ཉིན་གྲངས་བཅུའི་ནང་དུ་སྤྲོད་དགོས་པའི་ཐག་གཅོད་དེས། ད་དུང་དེ་ཙམ་གྱི་དཔལ་འབྱོར་ཡང་འགྲིག་ཙམ་ཡོད་པའི་རྟགས་མཚན་ཡིན་པ་བཅས་མི་རྒྱུ་གཉིས་འཛོམས་ཡིན་པས། མི་རྒྱུ་གཉིས་འཛོམས་ཀྱི་གྱོད་ཡ་མི་རྒྱུ་གཉིས་འཕོངས་ཀྱིས་བཟུང་ན། གཟུ་པ་དེ་དག་ཀྱང་གཟུ་བོ་ཞིག་མི་ཡོང་བ་ང་ཚོའི་སྤྱི་ཚོགས་ཁྱད་པར་ཅན་འདིའི་གསང་བ་ཞིག་ཉག་གཅིག་མ་ཡིན་ནམ།

    Reply
  21. ཨ་མའི་བུ། says:
    ལོ་ 14 སྔོན།

    ང་དངོས་གནས་བསྟན་སྒང་གི་ཉེད་ཆད་བཅོད་སྟངས་ལ་འདོད་པ་ཁེངས་མ་སོང། མཁྱེན་ཡངས་ལྡན་པའི་བརྩེ་ལྡན་དྲ་གྲོགས་ཚོགས་ང་ཚོས་མཉམ་ཆུང་ནུས་མེད་ཀྱི་མ་འོངས་བོད་ཀྱི་སྐྱེས་མ་རིག་འཛིན་ལ་ཕན་པའི་ནུས་ཤུགས་འདོན་མ་ཐུབ་པའི་རྒྱུ་མཚན་ཅི། ལྷག་པར་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དུས་རྒྱུན་དུ་མ་ནི་འདོན་འདོན་བཞིན་བེུད་ཀྱི་ཐོབ་ཐང་བརྩོད་རྒྱུ་འདི་ད་ལྟ་ག་རེ་བྱས་པ་རེད་དམ། བོད་མེད་ལྷན་ཚོགས་ཀྱི་ལས་འགུལ་ཚང་མ་ཞལ་འདེབས་ཁོ་ནའི་ཆེད་དུ་རེད་ཞེས་བརྗོད་ན་མི་འགྲིག་པ་མི་འདུག བོད་ཀྱི་བེུད་ཞིག་ལ་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ཀླ་གློའི་ཁྲིམས་བཅད་དེ་་ལྟ་བུ་ཞིག་ཕོགས་ཀྱང་ད་དུང་མགོ་རུལ་རྣ་བས་མི་འཚོར་བཞིན་དུ་བསྡད་དོན་ཅི།

    Reply
  22. གཡག says:
    ལོ་ 14 སྔོན།

    སྐྱག་རྫུབ་རྐྱང་བས་མགོ་བོ་རྨོངས་སུ་བཅུག་སོང་། བུ་མོས་ཕར་འབྲེལ་བ་བྱས་མེད་པ་ཐག་ཆོད་ཡིན། མ་གཞི་བསྟན་འཛིན་སྒང་གི་གཞིས་མགོ་དེ་ལྐོག་ཟ་རུང་སུངས་ཅན་གྱི་མི་ངན་བོད་པའི་ཞབས་འདྲེན་ཞིག་རེད་འདུག ཐག་ཆོད་ནན་མོ་བོད་མི་ཡོངས་ཀྱི་བློ་ལ་བབ་པ་ཞིག་རྩ་བ་ནས་བཟོས་མི་འདུག

    གོང་དུ་༼དངུལ་རྐྱང་ཉེས་ཆད་ཧིན་སྒོར་བཞི་ཁྲི་ཉིན་གྲངས་བཅུའི་ནང་ཚུད་གཞིས་ལས་ཁང་དུ་འབུལ་རྒྱུ། ༽ཞེས་དང་རྗེས་ནས་ཡང་་་༼སྐྱོན་གནད་དོན་ཚན་གསུམ་པའི་ཐད་གཞིས་མི་བསྟན་འཛིན་མཆོག་སྒྲུབ་ནས་བོད་མིའི་སྤྱི་ཚོགས་སྟེང་གི་འགན་འཁུར་ཆ་ཚང་ཕྱི་ལོ་ ༢༠༡༣ ཟླ་ ༡༢ བར་མཚམས་འཇོག་དགོས་རྒྱུ་དང་། དངུལ་རྐྱང་ཉེས་ཆད་སྒོར་ ༥༠༠༠།༠༠ ཐམ་པ་ཉིན་གྲངས་བཅུ་ཡི་ནང་ཚུད་གཞིས་ལས་ཁང་དུ་འབུལ་དགོས་རྒྱུ་ཐག་གཅོད་བྱས་ཡོད་པ་དང་།༽ ཞེས་པ་ཙམ་ལ་ལྟོས་དང་མགོ་འཇུག་མི་ཐུག་པའི་གཏམ་དེ་ཅི་རེད།

    བོད་མི་སྤྱི་བོ་གནམ་བསྟན་སྤྱི་དང་ལྷག་དོན་དུ་གཞིས་ལུས་སྤུན་ཟླ་མང་པོ་ཞིག་གི་བློ་ཁོག་ལ་མི་ཤོང་བས་དོན་རྐྱེན་དེ་འདྲ་ཞིག་ལ་ད་རུང་ཐག་ཆོད་ཐབ་ཆག་དེ་འདྲ་ཙམ་བྱས་པས་འདོད་བློ་རྩ་བ་ནས་ཚིམས་མ་སོང་། བཟའ་ཚང་གཉིས་རེ་བར་ལ་བུ་མོ་གཞན་པ་རེ་ཡོད་པ་འཛམ་གླིང་ཀུན་ལ་ཆོས་ཉིད་ལྟ་བུ་རེད། དེ་གཙོ་བོ་ཁྱོ་ཀ་དེས་བྱས་ཉེས་རེད་མ་གཏོགས་བུ་མོས་ཕར་འབྲེལ་བ་བྱས་པའི་ལུགས་ཤིག་ཡོད་པ་མ་རེད། ལྷག་པར་བོད་པའི་སྤྱི་ཚོགས་ནང་དུ་ཡོད་མ་རེད་ཅེས་ཚིག་ཐག་ཆོད་པས་བཤད་ཆོག

    བརྒྱ་བཤད་ཀྱི་རྩ་བ་སྟོང་ཕྱུག་གི་མར་ལོ་བོད་གཞུང་བཀའ་ཤག་ངོས་ནས་ཐག་ཆོད་ནན་མོ་རེ་གནང་རྒྱུའི་རེ་བ་ཤིན་ཏུ་ནས་ཆེ་ཞུ།
    དེ་མིན་མ་འོངས་བོད་པ་ཟེར་བ་ཞིག་དང་ཡིད་ཆེས་དང་། དྲངས་བདེན། ལྷག་བསམ། ངོ་ཚ། ཁྲེལ་ཟེར་བ་ཞིག་རྩ་ནས་མེད་པ་རེད། གཞིས་ལུས་སྤུན་ཟླ་རྩོམ་པ་པོ་མང་པོ་ཞིག་གིས་འདིའི་སྐོར་ལ་རྩོམ་ཡིག་རབ་དང་རིམ་གྱིས་སྤེལ་བཞིན་འདུག་ལ། དེ་དག་ལ་འབྲེལ་བཤད་ཐབས་ཆག་འདི་འདྲ་རེ་སྟོན་པར་ངོ་མི་ཚའམ།

    Reply
  23. ས་འཛིན་དཀར་པོ། says:
    ལོ་ 14 སྔོན།

    དེ་རིང་དངོས་ནས་དྲང་བདེན་གྱི་གསར་འགྱུར་ཞིག་ཐོན་པ་དེ་ལ་དགའ་ཚོ་དཔག་མེད་ཅིག་བྱུང་སོང་། པ་སངས་སྒྲོལ་མ་ཞེས་པ་དེའི་ནང་མི་རྣམས་ཀླད་རྙིང་སྐུ་དྲག་གི་ལྟ་བ་ཁོ་ན་ཁྱེར་ཡོད་པ་མངོན་གསལ་དོད་པོ་བྱུང་། དེ་རིང་གཞུང་ཁྲིམས་ཀྱིས་ཉེས་ཆད་བཅད་སྟངས་དཔེ་ཡག་པོ་འདུག བུ་མོ་རིག་འཛིན་སྒྲོལ་མ་ལ་ཉེས་ཆད་མ་ཕོག་པ་དེ་དངོས་ནས་དྲང་བདེན་ལམ་ལུགས་ཤིག་དང་། འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལམ་ལུགས་ཤིག་ལ་ཕྱིན་པའི་མངོན་རྟགས་རེད།
    བུ་ཡིས་བུ་མོ་ལ་འབྲེལ་བ་དང་པོ་བཟོ་རེད་མ་གཏོགས་བུ་མོས་བུ་ལ་བཟོ་བའི་ངེད་གངས་ཅན་པའི་ལམ་ལུགས་དང་ལུགས་སྲོལ་ཡོད་མ་རེད། དེ་ཡིན་དུས་བསྟན་འཛིན་ཞེས་པ་ཉེས་ཆད་ཆེ་མ་དགོས་ན་ཆུང་མི་ཉན།
    ད་དུང་པ་སངས་སྒྲོལ་མའི་ནང་མི་ལ་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཞེས་པ་གང་འདྲ་ཡིན་མིན་ལམ་སྟོན་ཡང་ཡང་དགོས། དེ་བཞིན་གལ་སྲིད་བུ་མོ་པ་སངས་སྒྲོལ་མ་རིག་འཛིན་སྒྲོལ་མ་ནང་བཞིན་སྐྱེས་པ་ཞིག་འབྲེལ་བ་ཆགས་སོང་ན། དེའི་སྐབས་མི་གཞན་པས་ཉེས་བརྡུང་བྱེད་དུས་མོའི་ཚོར་སྣང་གང་འདྲ་སླེབས་ཀྱི་ཡོད་མེད་བསམ་ཤེས་དགོས་ཡོད། ཉིན་གཅིག་པ་སངས་སྒྲོལ་མ་ལ་ལས་འབྲས་ཤིག་སྨོན་ཐག་ཆོད་རེད།

    Reply
  24. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    དོན་ཐག་འདི་ལས་སླ་བོ་ཞིག་གིས་ཐག་བཅད་འདུག་་་་ས་གནས་ལས་བྱེད་ཚོས་མིའི་གདོང་བར་བལྟས་ནས་ལས་ཀ་བྱས་མེད་འགྲོ་བསམ་གྱི་འདུག་་་་གང་ལྟར་བུ་མོ་རིག་འཛིན་སྒྶོལ་མར་གྱོང་རེག་འདུག་པ་དངོས་མཐོང་རེད།
    ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ལའང་ཕྱོགས་རིས་དང་ངོ་མཐོན་དམན་ལ་བལྟ་སྟངས་འདི་འདྲ་ཞིག་ཡོད་པ་ནི་བློ་ཕམ་དགོས་པ་ཞིག་རེད།

    Reply
  25. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཐག་གཅོད་ནན་པོ་བྱུང་བའི་བཟོ་འདྲ་འདུག དཀོན་མཆོག་བསྟན་པའི་སྐྱེས་དམན་གྱིས་ཁོའི་རླིག་པ་མ་བཅད་པ་ཨའུ་རྩི་རེད། པ་སངས་སྒྲོལ་མ་ཟེར་བ་དེ་ངར་སེ་བ་ཞིག་ཡོད་པ་འདྲ་འདུག་དཱ། སྡོད་མ་ཚུགས་པར་ལྐོག་རྒྱོ་བརྒྱབ། ད་དུང་དཔར་འདྲ་བླངས་ཀ་བྱས། མ་བྱེད་དགུ་བྱེད་བྱས་ན་མ་ཡོང་དགུ་ཡོང་ཡོང་ཟེར་བ་དེ་རང་རེད།

    Reply
  26. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    དྲང་བདེན་མེད་པའི་ཐག་བཅད་དེ་རྩ་བ་ནས་ངོས་ལེན་མེད། གནད་དོན་དེ་བོད་གཞུང་ཆེས་མཐོའི་་ཁྲིམས་ཞིབ་ཁང་ངམ་ཡང་ན་རྒྱ་གར་གྱི་ཁྲིམས་ཐོག་ཏུ་བསྐྱལ་དགོས་ཤིང་། དུས་རབས་ཉེར་གཅིག་གི་ནང་དུ་སྐྱུག་བྲོ་བའི་བྱ་སྤྱོད་དེ་ངེས་པར་ཐག་གཅད་ནན་མོས་མེད་པ་བཟོ་དགོས་པ་ལས། འདི་འདྲའི་ཐག་བཅད་ཡང་མོ་ཞིག་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  27. གནས་ཚང་། says:
    ལོ་ 14 སྔོན།

    དངུལ་ཆད་བརྙས་བཅོས་ཕོག་མཁན་དོ་བདག་ལ་མི་སྤྲོད་པར་འདི་ལྟར་གཞུང་བཞེས་གནང་སྟངས་འདིར་བློ་ཕམ་ཚད་མེད་ཡོད་ལ། ངོ་རྒོལ་ཡང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese