མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་ཁག་བརྒྱད་ནས་མི་འགྲོ་གཏོང་མ་ཐུབ་པར་བློ་ཕམ་ཡོད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༤ དེ་དབུ་འཛུགས་ཀྱིས་ས་གནས་ནས་ཕེབས་པའི་མི་འགྲོ་ ༡༧ ཙམ་ལ་། བྱོལ་བོད་མིའི་བཅའ་ཁྲིམས་དང་སྤྱི་དམངས་གཏུག་བཤེར་འགྲོ་ལུགས་སྐོར་གྱི་སྦྱོང་བརྡར་སྤྲོད་བཞིན་ཡོད།  

ཟླ་འདིའི་ཚེས་ ༥ ནས་ ༡༤ བར་ཉིན་གྲངས་བཅུའི་རིང་ཆེས་མཐོའི་ཁྲིམས་ཁང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་ ༤ དེ་ཚོགས་ཡོད་ཅིང་། སྦྱོང་བརྡར་དེར་མཉམ་ཞུགས་གནང་མཁན་རྒྱ་གར་དང་བལ་ཡུལ་ནང་ཡོད་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་མན་སྤར་ཕན་བདེ་གླིང་དང་། སྒང་ཏོག ར་སྦང་ལ་ཀུན་ཕན་གླིང་། བྷན་ད་ར་ནོར་རྒྱས་གླིང་། ཤེས་ལོངས། བལ་ཡུལ་བཅས་ནས་མི་འགྲོ་ ༡༥ དང་། དེ་བཞིན། དབུས་བོད་སྒྲིག་འཛུགས་ཀྱི་རྩིས་ཞིབ་ཁང་གི་ལས་བྱེད་ ༢ བཅས་ཁྱོན་བསྡོམས་མི་འགྲོ་ ༡༧ མཉམ་ཞུགས་གནང་འདུག ཐོག་མའི་འཆར་གཞི་ལྟར་ན། ས་གནས་ཁག་ ༡༦ ནས་མི་ ༣༢ ཙམ་མཉམ་ཞུགས་ཀྱི་འཆར་གཞི་ཡོད་ཀྱང་། ས་གནས་ཁག་བརྒྱད་སྦྱོང་བརྡར་ནང་ཞུགས་ཐུབ་ཡོད་མི་འདུག

ཐེངས་འདིའི་ཁྲིམས་རྩོད་སྦྱོང་བརྡར་སློབ་ཁྲིད་གནང་མཁན་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ། ཁྲིམས་ལུགས་རིག་པ་བ་སྡེ་འགན་བསྟན་འཛིན་ལྷུན་གྲུབ་དང་རིག་འཛིན་རྡོ་རྗེ་སོགས་ཡིན་པ་དང་། ཁྲིམས་རྩོད་སྦྱོང་བརྡར་གྱི་སློབ་ཚན་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། སྤྱི་དམངས་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག  ཁྲིམས་ལུགས་དབང་འཛིན་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་བླང་དོར་ལམ་སྟོན་བཅས་ཡིན་འདུག 

 

མཛད་སྒོའི་སྟེང་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གིས།  བཙན་བྱོལ་སྤྱི་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་མཚོན་པའི་ཁྲིམས་ལུགས་དབང་འཛིན་སྡེ་ཡི་བྱུང་རིམ་དང་འཕེལ་རྒྱུས། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ནང་མང་ཚོགས་སྤྱི་ཡོངས་ཀྱིས་ཁྲིམས་ཀྱི་འགྲོ་སྟངས་ཆ་ཚང་ཤེས་མཁན་དང་། ཁྲིམས་རྩོད་པར་མ་བརྟེན་པར་སོ་སོ་རང་རྐྱ་འཕེར་བའི་སྒོ་ནས་ཁྲིམས་ལུགས་ཁུངས་སྐྱེལ་ཐུབ་རྒྱུ་ཁག་པོ་ཡིན་སྟབས། སྤྱི་ཚོགས་ནང་ཁྲིམས་རྩོད་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་ངོ་སྤྲོད་གནང་བྱུང་། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་” ང་ཚོ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ལས་ཀ་གང་ཡང་མེད་པར་དུས་ཚོད་ཡོལ་ཐབས་བྱ་བཞིན་པ་དེ་འདྲ་མ་རེད།  འདིའི་འགྲོ་སོང་ཡོང་རྫོགས་བཙན་བྱོལ་བོད་གཞུང་གི་སྔོན་རྩིས་ནང་ལ་སྐྱབས་འཇུག་ཞུ་བཞིན་ཡོད་ལ། ཁྲིམས་རྩོད་པ་དེ་ང་ཚོའི་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དམིགས་ཡུལ་རྒྱ་ཆེན་པའི་སྒོ་ནས་འཕྲལ་ཕུགས་གཉིས་ཀྱི་ཐོག་ལ་གནད་འགག་ཆེན་པོ་ཆགས་སྟབས།  ང་ཚོས་ངོས་ནས་ལས་གཞི་འདི་གལ་ཆེན་པོར་བརྩི་ཡི་ཡོད། ཡིན་ནའང་། ས་གནས་ཁག་བརྒྱད་ནས་མི་འགྲོ་བཏང་མི་འདུག  “ཅེས་གསུངས་ཏེ།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་ས་གནས་མི་འགྲོ་ཆ་ཚང་མཉམ་ཞུགས་གནང་ཐུབ་ཆེད་དུ།  བལ་གོས་བཙོང་བའི་དུས་ཚིགས་མ་སླེབས་པའི་སྔོན་ཏག་ཏག་ལ་གོ་སྒྲིག་བྱས་ཡོད་ནའང་། ས་གནས་ཁག་མང་པོ་ནས་མི་འགྲོ་བཏང་མེད་པའི་ཐད་བློ་ཕམ་ཡོད་སྐོར་བརྗོད་སོང་། 

 

ཐེངས་འདིའི་ཟབ་སྦྱོང་དངོས་གཞི་གྲུབ་རྗེས་ཚེས་ ༡༤ ཉིན་གྱི་སྔ་དྲོར། ཁྲིད་ཟིན་པའི་རྩ་འཛིན་ཁྲིམས་ཡིག་ཁག་གསུམ་དང་བཅའ་ཁྲིམས། ཁྲིམས་རྩོད་པའི་བླང་དོར་ལམ་སྟོན། ཟུར་སྣོན་ཡིག་ཆ་ཁག་གི་དྭོགས་འདྲི་ཁག་ལ་ཁྲིམས་ཞིབ་པ་ཆེ་དང་། སློབ་ཁྲིད་གནང་མཁན་རྣམ་པས་གསལ་བཤད་དང་རྒྱུས་སྟོན་གནང་རྒྱུ་ཡིན་པ་དང་། སྦྱོང་བརྡར་བ་རྣམས་ནས་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་དེབ་སྐྱེལ་ལག་ཁྱེར་ཞུ་ཆེད་དུ་སྙན་ཞུ་དང་། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་རྩོད་པའི་ཁས་ལེན་དམ་ཡིག་འབུལ་རྒྱུ། ཉིན་དེའི་ཕྱི་དྲོར་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་ལགས་ནས་སྦྱོང་བརྡར་བ་རྣམས་ལ་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་སྦྱོང་བརྡར་གྱི་ལག་ཁྱེར་གནང་རྒྱུ་དང་། ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་མིང་ཐོ་དེབ་འགོད་བགྱིས་པ་རྣམས་ལ་ཁྲིམས་རྩོད་པའི་ལག་ཁྱེར་གནང་རྒྱུ་ཡིན་འདུག 

ད་ལྟའི་ཆར་བཙན་བྱོལ་བོད་མིའི་གནས་ཡུལ་རྒྱ་གར་ནང་ཁྲིམས་ཞིབ་ཁང་ ༡༢ དང་། བལ་ཡུལ་ནང་ ༤ ། སུད་སིར་ ༡ བཅས་ཁྱོན་བསྡོམས་ཁྲིམས་ཞིབ་ཁང་ ༡༧ དང་རྩོད་པ་ ༦༣ ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

ཆུ་ཚོད་ ༨ སྔོན་ལ།
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

༢༠༢༦/༡༠/༢༧

མཆན། 3

  1. དམ་སྲི་འབྱུང་པོ། says:
    ལོ་ 15 སྔོན།

    སྦྱོར་བརྡར་ཕྲོད་ན་མ་ཕྲོད་ན་ལག་ཁྱེར་གནང་ན་མ་འོངས་པ་ཁྲིམས་རྩོད་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་པ་ཡིན།

    Reply
  2. ཨ་མའི་བུ། says:
    ལོ་ 15 སྔོན།

    ཡག་པོ་གསུངས་འདུག

    Reply
  3. དགྲ་འདུལ་སྣ་ཆེན། says:
    ལོ་ 15 སྔོན།

    སྦྱོང་བརྡར་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུལ་ཡོད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese