མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཚུལ་འདི་རིགས་བསྟན་འཛིན་སྒང་ལ་རྒྱུན་ལྡན་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་བསྟན་འཛིན་སྒང་དུ་བུ་མོ་རིག་འཛིན་ལ་མི་སྤྱོད་ལས་འདས་པའི་ཉེས་རྡུང་ཕོག་པ་དེར་ནང་འགྲིག་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་ཀྱང་། ད་བར་ཟླ་གཉིས་འགྲོ་བཞིན་ཡོད་ཀྱང་ཐག་གཅོད་གསལ་བོ་གང་ཡང་བྱུང་ཡོད་མི་འདུག  

    ཕྱི་ཟླ་ ༧ ཚེས་ ༡༦ ཉིན་བསྟན་འཛིན་སྒང་དུ་བུ་མོ་མེད་རིག་འཛིན་ལ་མི་སྤྱོད་ལས་འདས་པའི་ཉེས་རྡུང་བཏང་བའི་གནས་ཚུལ་དེ་བྱུང་རྗེས། ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་འོག་ས་གནས་ལས་ཁུངས་ནས། ཉེས་རྡུང་གཏོང་མཁན་ཚོར་ཧིན་སྒོར་ཁྲི་ ༤ དང་། ཟུར་བསྟེན་འཚོལ་མཁན་བསྟན་པར་ཧིན་སྒོར་ཁྲི་ ༢ བཅས་ཀྱི་ཉེས་ཆད་བཅད་པ་མ་གཏོགས། མི་སྒེར་གཉིས་བར་གྱི་གནད་དོན་དེར་ས་གནས་ལས་ཁུངས་ནས་ཐག་གཅོད་གང་ཡང་བྱས་མེད་པ་མ་ཟད།  ད་ལྟའི་ཆར་གྱོན་དོན་དེའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཐད་ནས། ས་གནས་མཉམ་འབྲེལ་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱིས་བརྗོད་པའི་སྐད་ཆ་ཡང་མཐུན་གྱི་མི་འདུག 

 

    བསྟན་འཛིན་སྒང་ས་གནས་མཉམ་འབྲེལ་ཚོགས་གཙོ་སྲི་ཡར་ལགས་ཀྱིས་བརྗོད་པ་ལྟར་ན། མི་མང་ཁྲོད་བུད་མེད་གཅེར་བུར་ཕུད་དེ་ཉེས་རྡུང་གཏོང་མཁན་དག་ལ་ས་གནས་མི་མང་ལ་དགོངས་སེལ་ཞུ་ཆེད་ཉེས་ཆད་བཅད་པ་མ་གཏོགས། ཉེས་རྡུང་ཕོག་མཁན་བུད་མེད་རིག་འཛིན་དང་ཉེས་རྡུང་ལ་བཀོལ་བྱུས་གཏོང་མཁན་གཏེ་བོ་པ་སངས་ནང་མི། དེ་བཞིན་བསྟན་པ་བཅས་མི་སྒེར་སོ་སོའི་བར་གྱི་གཞི་རྩའི་གནད་དོན་རྣམས་ཐག་གཅོད་གང་ཡང་བྱུང་མི་འདུག དེ་ནི་པ་སངས་དང་བསྟན་པ་གཉིས་ཀྱི་ནང་མིའི་ཕྱོགས་ནས་གནད་དོན་ཁྲིམས་ཐོག་ལ་མ་སྐྱེལ་བར་ནང་འགྲིག་བྱ་རྒྱུ་ཡིན་ལུགས་བརྗོད་སྟབས། ས་གནས་མགོ་འཛིན་ལས་ཁུངས་ཀྱིས་ཀྱང་ནང་འགྲིག་ཡོང་ཐབས་ལ་དགོངས་བཞེས་གནང་སྟེ་ཐག་གཅོད་གནང་མེད་པ་རེད། འོན་ཀྱང་། ད་ལྟའི་ཆར་བུ་མོ་རིག་འཛིན་གྱི་ཕྱོགས་ནས་ནང་འགྲིག་བྱ་འདོད་ཡོད་མེད་ཀྱི་དགོངས་ཚུལ་ཚིག་གཅིག་ཀྱང་བཏོན་མི་འདུག  

 

    བསྟན་འཛིན་སྒང་ས་གནས་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་ལགས་སུ།  གྱོད་དོན་དེ་ད་ལྟ་ཐག་གཅོད་ག་འདྲ་བྱུང་ཡོད་མེད་སྐོར་དྲིས་སྐབས།  “ས་གནས་མགོ་འཛིན་ལས་ཁུངས་རང་ནས་ཐག་གཅོད་གནང་སྟེ། ད་ལྟ་གནས་ཚུལ་གཙང་མ་གཙང་རྐྱང་ཆགས་ཚར་བ་རེད “ ཅེས་བརྗོད་སོང་ལ། ད་དུང་ཁོང་གིས་ཉེས་རྡུང་གཏོང་མཁན་ཚོའི་བྱེད་ལུགས་བྱེད་སྟངས་མ་འགྲིག་པ་དེར་ཉེས་ཆད་བཅད་ཟིན་པར་མ་ཟད། ས་གནས་མགོ་འཛིན་ལས་ཁུངས་ནས་བུ་མོ་རིག་འཛིན་ལའང་ནོར་འཁྲུལ་ཡོད་པར་ངོས་འཛིན་ཐོག སྔོན་ཆད་ཁོ་མོའི་བཟོས་པའི་ནོར་འཁྲུལ་དང་ཐེངས་འདིར་ཉེས་རྡུང་དམའ་འབེབ་ཐེབས་པ་གཉིས་དོ་མཉམ་ལྟ་བུར་རྩིས་བརྒྱབ་སྟེ། ས་གནས་ལས་ཁུངས་ཀྱི་ངོས་ནས་ཁོ་མོར་ཉེས་ཆད་ཅི་ཡང་གཅོད་རྒྱུ་མིན་པའི་ཐག་གཅོད་དང་། ས་གནས་མགོ་འཛིན་གྱིས་ཁོ་མོར་རྗེས་ཕྱོགས་བཟའ་ཚང་བར་འཛུལ་མི་ཆོག་པ་ནན་བརྗོད་བྱས་ཏེ། གནས་ཚུལ་དེའི་མགོ་མཇུག་བར་གསུམ་ཆ་ཚང་གཙང་མ་ཆགས་ཡོད་ཚུལ་དང་། དེའི་སྐོར་གྱི་འབྲེལ་ཡོད་ཡིག་ཆ་ཆ་ཚང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་སུ་ཕུལ་ཡོད་སྐོར་བརྗོད་སོང་ལ། ས་གནས་ལས་ཁུངས་ཀྱིས་ཐག་གཅོད་གང་གནང་བ་དེ་དག་བུ་མོ་རིག་འཛིན་གྱི་མ་ཡར་ལའང་གསལ་བཤད་བྱས་ཏེ། ཁོང་མ་སྨད་གཉིས་ས་གནས་ལས་ཁུངས་སུ་བཅར་དགོས་སྐོར་བརྗོད་ཡོད་ཀྱང་། བུ་མོ་རིག་འཛིན་གྱིས་ཁོ་མོ་ད་ལྟ་ལུས་སེམས་ཅུང་བདེ་བོ་མེད་སྟབས། ཉིན་འགའི་རྗེས་སུ་བཅར་རྒྱུ་ཡིན་ཚུལ་གྱི་ལན་འདེབས་བྱས་ཡོད་འདུག   

 

    བུ་མོ་རིག་འཛིན་ལ་མི་སྤྱོད་ལས་འདས་པའི་ཉེས་རྡུང་དམའ་འབེབ་ཕོག་པའི་གནད་དོན་དེ་ཐག་གཅོད་དྲང་སྙོམས་ཡོང་ཐབས་ལ། ཕྱི་ཟླ་ ༩ པའི་ཚེས་མགོར་དབུས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱུན་ལས་གཉིས་བསྟན་འཛིན་སྒང་དུ་གཏོང་འཆར་ཡོད་པ་དང་། བུ་མོ་རིག་འཛིན་གྱི་གནས་སྟངས་རྒྱུས་ལོན་གྱིས་ཁོང་མོར་ལྟ་སྐྱོང་རོགས་རམ་བྱ་རྒྱུ་ཡིན་པའི་སྐོར་ལ། དབུས་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ་ཚེ་དབྱང་ལགས་ཀྱིས། “བུ་མོ་རིག་འཛིན་དང་འབྲེལ་བའི་གནད་དོན་དེའི་ཐད་ས་གནས་འབྲེལ་ཡོད་ལས་ཁུངས་དང་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ཐག་གཅོད་ཅིག་གནང་འདུག འོན་ཀྱང་། ཉེས་རྡུང་ཕོག་མཁན་བུ་མོ་རིག་འཛིན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཅིག་བྱུང་མེད་པ་མ་ཟད།  ཁོ་མོར་ཡང་ནག་ཉེས་ནོར་འཁྲུལ་ཡོད་རབས་ཀྱིས་ཉེས་པ་གཏོང་རྒྱུའི་ཐགས་གཅོད་དེ་འདྲ་གནང་འདུག ང་ཚོ་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་ཐག་གཅོད་དེར་བློ་ཕམ་བྱུང་སོང་། ཅེས་བརྗོད་བྱུང་ལ།

 

    ཁོང་མོས་མུ་མཐུད་དུ། བུ་མོ་དེའི་མ་འོངས་མི་ཚེ་འགྲོ་སྟངས་དེ་ག་འདྲ་ཞིག་ཆགས་མིན་ཐད་ང་ཚོར་བློ་འཚབ་ཆེན་པོ་འདུག  ད་ལྟའི་གནས་སྟངས་ལ་གཞིགས་ན་བུ་མོ་དེ་ས་གནས་གཞན་ཞིག་ལ་གཞིས་སྤོར་བཏང་ན་མ་གཏོགས། མུ་མཐུད་ས་གནས་དེ་ག་རང་དུ་མི་ཚེ་རྒྱུན་ལྡན་ཞིག་སྐྱེལ་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག  གལ་སྲིད་ཁོ་མོ་འདིར་དྷ་རམ་ས་ལར་ཕེབས་འདོད་ཡོད་ན། ང་ཚོས་ངོས་ནས་ཁོ་མོར་ལོ་གཅིག་དང་ཕྱེད་ཀའི་རིང་གི་ཟས་གོས་སྡོད་གནས་ཀྱི་འགྲོ་སོང་ཆ་ཚང་མཐུན་འགྱུར་གནང་འཆར་ཡོད། གཞན་ད་དུང་ཁོ་མོའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བྱུང་ཡོད་སྟབས། ང་ཚོའི་ངོས་ནས་ཁོ་མོར་སེམས་གསོ་དང་སློབ་སྟོན་གང་ཡོང་བྱས་ཏེ། མ་འོངས་པར་ཁོ་མོར་འཚོ་བའི་རྟེན་གཞི་གསར་བ་ཞིག་ཚུགས་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན།” ཅེས་བརྗོད་སོང་།

 

    གཞན་ཡང་། བོད་མིའི་གཞིས་གྲོང་ཁུག་ཀྱོག་དག་ཏུ་དེང་སྐབས་ཀྱང་བུད་མེད་ཀྱི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་སྐོར་ནས། དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཤར་གླིང་ཟླ་སྒྲོན་ལགས་ཀྱིས། “ ད་ལོའི་ཕྱི་ཟླ་ ༡ ནང་དབུས་བུད་མེད་ལྷན་ཚོགས་ཀྱི་ཟུང་དྲུང་དང་ཉི་མ་ལགས་གཉིས་བསྟན་འཛིན་སྒང་དུ་སོང་སྟེ།  ས་གནས་མི་མང་  ༡༢༠ ལ་བུད་མེད་ལ་བརྙས་བཅོས་བཏང་ན་ཁྲིམས་འགལ་ཡིན་པ་དང་། བུད་མེད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པའི་སྐོར་ལ་ཉིན་གསུམ་རིང་ཟབ་སྦྱོང་སྤྲད་པ་རེད། སྐབས་དེར་ཕལ་ཆེར་ས་གནས་རང་བདེན་ཚོགས་གཙོ་ཆོས་གྲུབ་ཟེར་བ་དེ་དང་ཉེས་རྡུང་གཏོང་མཁན་རྣམས་དང་། ཉེས་རྡུང་ཕོག་མཁན་བུད་མེད་རིག་འཛིན་ལགས་བཅས་མཉམ་ཞུགས་གནང་ཡོད་རྒྱུ་རེད། ཟླ་ཤས་ལས་མ་འགོར་བར་གནས་ཚུལ་དེ་ལྟ་བུ་བྱུང་བར་ཧ་ཅང་བློ་ཕམ་ཡོད། “ ཅེས་བརྗོད་དེ།  ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་བུད་མེད་ལྷན་ཚོགས་ཀྱིས་ངོས་ནས། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གྱི་སྐོར་སྡེ་ཚན་ཞིག་ཟུར་འཛུགས་གནང་སྟེ་རྒྱ་བལ་འབྲུག་གསུམ་ནང་ཟབ་སྦྱོང་སྤྲོད་བཞིན་ཡོད་ནའང་། ཤེས་ཡོན་གནས་ཚུལ་སྐྱོ་བའི་མཐའ་འཁོབ་གཞིས་ཆགས་ཁག་ནང་ད་དུང་བུད་མེད་ལ་བརྙས་བཅོས་དང་བཙན་གཡེམ་བྱེད་པའི་གནས་ཚུལ་བྱུང་བཞིན་ཡོད་སྐོར་བརྗོད་བྱུང་། ཕྱི་ལོ་ ༢༠༡༠ ལོར་ལ་དྭགས་སུ་ཁྱོ་ག་ཞིག་གིས་སྐྱེས་དམན་ལ་ཉེས་རྡུང་བཏང་སྟེ་རྐྱེན་ལམ་དུ་བཏང་ཡོད་པ་དང་། དེ་བཞིན་དྷ་རམ་ས་ལ་ཁུལ་དུའང་སྐྱེས་པ་ཚོས་བུད་མེད་ལ་ཉེས་རྡུང་གཏོང་མཁན་མང་པོ་ཡོང་གི་ཡོད་མོད། དེ་ལ་ཉམས་ཞིབ་ཀྱིས་དངོས་ཡོད་གནས་སྟངས་ཤེས་རྟོག་ཡག་པོ་མ་ཐུབ་པའི་རྐྱེན་གྱིས།  ད་ལྟའི་བར་དེའི་ཐད་སྙན་ཐོ་ཞིག་འདོན་མ་ཐུབ་པའི་སྐོར་ཡང་བརྗོད་བྱུང་། 

 

    ཉེ་སྔོན་བུད་མེད་ལ་མི་སྤྱོད་ལས་འདས་པའི་བརྙེས་བཅོས་བཏང་བའི་གནས་ཚུལ་ཐབས་རྡུགས་དེ་འདྲ་ཞིག་བྱུང་བའི་ཐད། བསྟན་སྒང་མཉམ་ལས་དྲུང་ཆེ་བསྟན་འཛིན་རིག་བཟང་ལགས་སུ་སེམས་ཚོར་ག་འདྲ་བྱུང་ཡོད་མེད་དྲིས་སྐབས། ཁོས་ “ང་ཚོ་ཨ་རུ་ན་ཅལ་མངའ་སྡེ་ནང་ཡོད་པའི་བསྟན་འཛིན་སྒང་གཞིས་ཆགས་ལྟ་བུར་མཚོན་ན།  སྐད་ཆ་གསར་བ་དེ་འདྲ་གང་ཡང་མ་རེད།  ང་ཚོའི་ལུང་པའི་སྐོར་རྣམ་པ་ཚོས་གསལ་བོ་མཁྱེན་ཡོད་རྒྱུ་རེད། གློག་དང་ཁ་པར། དྲ་རྒྱ་གང་ཡང་ཡོད་པ་མ་རེད། ད་ལྟ་གཞི་ནས་ཡར་རྒྱས་འགྲོ་བཞིན་པ་ཙམ་རེད། ཕལ་ཆེར་མི་རྙིང་པ་དང་ཀླད་པ་རྙིང་པ་སློབ་སྦྱོང་མེད་མཁན་ཤ་སྟག་རེད། གནས་སྟངས་དེ་འདྲ་ཞིག་གི་ཐོག་ནས་བསམ་བློ་བཏང་བ་ཡིན་ན། གནས་ཚུལ་གསར་བ་ཞེ་དྲག་མེད་པའི་བཟོ་འདྲ་ཞིག་རེད།” ཅེས་བརྗོད་དེ།  དྷ་རམ་ས་ལ་དང་ལྡི་ལི། ལྷོ་ཕྱོགས་གཞིས་ཆགས་ཁག་སོགས་ཡར་རྒྱས་ཅན་གྱི་སྤྱི་ཚོགས་ཤིག་གི་ངོས་ནས་བལྟས་ན། བསྟན་འཛིན་སྒང་གི་གནས་ཚུལ་དེ་ཧ་ཅང་ཛ་དྲག་ཡིན་ཡང་། ཨེ་ཌ་ན་གྷིར་དང་འབུམ་སྡེ་ལ་སོགས་གཡས་གཡོན་ས་ཁུལ་ཁག་ནང་དེ་འདྲའི་གནས་ཚུལ་མང་པོ་འབྱུང་བཞིན་ཡོད་པར་བརྟེན། གནས་ཚུལ་གསར་བ་གང་ཡང་མིན་སྐོར་བརྗོད་སོང་།

 

    རྒྱུས་ལོན་བྱུང་བ་ལྟར་ན་དོན་རྐྱེན་དེའི་འབྱུང་རྐྱེན་གཙོ་བོ་ནི།  ཕྱི་ལོ་ ༢༠༠༥ ལོར་བསྟན་པའི་ཆུང་མ་པ་སངས་ལགས། ཨི་སི་རེལ་( Isrel ) རྒྱལ་ཁབ་ནང་ལོ་གཅིག་རིང་ལས་ཀ་བྱེད་དུ་ཕྱིན་པའི་རྗེས།  བསྟན་པས་གསང་བའི་སྒོ་ནས་བུ་མོ་རིག་འཛིན་དང་འབྲེལ་བ་བྱུང་སྟེ་ཁོ་མོར་བྱིས་པ་ཞིག་སྐྱེས་པ་དང་། དེའི་རྗེས་པ་སངས་ཕྱིར་ལོག་རྗེས་དེའི་སྐོར་གྱི་གནས་ཚུལ་གོ་ཐོས་བྱུང་སྟེ་བུ་མོ་རིག་འཛིན་འབོད་འགུག་གིས་འདྲི་བརྩད་བྱས་སྐབས།  རིག་འཛིན་གྱིས་དངོས་ཡོད་གནས་ཚུལ་ངོས་ལེན་གནང་མ་ཐུབ་པར། པ་སངས་ཀྱི་བློ་འདོད་ལྟར་དགོན་པར་སོང་སྟེ་ལྷ་མདུན་ནས་ཁོ་མོའི་བྱིས་པ་དེའི་ཨ་ཕ་བསྟན་པ་མིན་པའི་གསལ་བཤད་དང་། མ་འོངས་པར་ཡང་ཁོ་མོ་དང་བསྟན་པའི་བར་འབྲེལ་བ་མི་བྱ་རྒྱུའི་ཁས་ལེན་ཞུས་ཡོད་འདུག  ཡིན་ནའང་། ཉེ་ཆར་པ་སངས་ཀྱིས་བསྟན་པའི་ཁ་པར་ནང་རིག་འཛིན་དང་བསྟན་པ་གཉིས་ལྷན་དུ་ཡོད་པའི་པར་ཅིག་ཡོད་པ་མཐོང་མ་ཐག ཁོང་ཁྲོས་མ་བཟོད་པར་ཨེ་ཌ་ན་གྷར་ཟ་ཁང་ཞིག་གཉེར་ཡོད་པ་དེ་སྒོ་བརྒྱབ་ཅིང་། ཕྱིར་གཞིས་གྲོང་དུ་ལོག་སྟེ་ནང་མི་གཉེན་འབྲེལ་སྐོར་ཞིག་འཁྲིད་དེ་བུ་མོ་རིག་འཛིན་དམར་ཧྲང་ལ་ཕུད་དེ་རུབ་རྡུང་བྱས་པའི་མི་སྤྱོད་ལས་འདས་པའི་དོན་རྐྱེན་དེ་བཟོས་ཡོད་འདུག

    བུ་མོ་རིག་འཛིན་གྱི་བྱིས་པ་དེ་ལོ་ ༤ ཡིན་པ་དང་། ད་ལྟ་བུ་གསོ་ཁང་དུ་འགྲོ་བཞིན་ཡོད་འདུག  ཉེས་རྡུང་དོན་རྐྱེན་བྱུང་སྐབས་ཁོ་མོས་རང་གི་བྱིས་པའི་ཨ་ཕ་བསྟན་པ་ཡིན་པ་ངོས་ལེན་གནང་ཡོད་འདུག  བུད་མེད་རིག་འཛིན་ནི་ཁོང་མོའི་ཕ་ཡར་དང་མ་ཡར་གཉིས་ཀྱིས་གསོས་པ་ཞིག་ཡིན་འདུག  

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

 

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 24

  1. Danaktsering says:
    ལོ་ 14 སྔོན།

    གནས་ཚུལ་འདིའི་རིགས་སྣང་མེད་དུ་བཞག་ན། དེ་ནས་རྒྱ་གཞུང་ངན་ལགས་རྐྱང་ནས་ཡོང་དུས་། བོད་གཞུང་མང་གཉིས་འགྱོད་པ་སྐྱེས་སྲིད་།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    པ་སངས་གདོན་མོ་དང་བསམ་གཏན་སོགས་ཀྱི་རྒྱབ་ལོག་ན་དཔོན་ངན་རུལ་སུང་བ་ཞིག་ཡོད་ཐག་ཆོད་རེད་མ་གཏོགས། བུ་མོ་རིག་འཛིན་སྒྲོལ་མ་ལ་གུན་གསབ་སྤྲོད་མི་དགོས་པའི་རྒྱུ་མཚན་ཅི། གནད་དོན་དེ་ཐག་གཅོད་དྲང་མོ་མ་བྱེད་པ་ན་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ངེས་ལ། དྲ་གྲོགས་ཚོར་ཆིག་སྒྲིལ་གྱིས་དྲང་བདེན་གྱི་ཆེད་དུ་བུ་མོ་ཉམ་ཆུང་དེའི་རྒྱབ་རྩར་ལངས་དགོས་པའི་འབོད་སྐུལ་ཡང་ཡོད།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དྲྭ་གྲོགས་ཉི་མ་ལགས། བུད་མེད་ཚོགས་པ་ལ་དེ་ལྟ་བུའི་ཁ་མ་གཏོང་མ་གཏོགས་ཁྱེད་རང་གི་ཨ་མ་ཡང་དེའི་ནང་ཡོད་རེད་དཱ། ཐུགས་སེམས་ཡག་པོ་བཞེས་རོགས་ཐུགས་རྗེ་གཟིགས།

    Reply
  4. གཡག says:
    ལོ་ 14 སྔོན།

    ལས་འབྲས་མེད་པའི་ཐག་ཆོད་དེ་ལ་སྐྱུག་བྲོ་བྱུང་། བུད་མེད་ཚོགས་པས་བྱུས་གཏོགས་དེ་ལ་ཡི་རངས་བྱུང་སོང་། ཚེ་རིང་རྒྱལ་ལགས་སུ་ཐུགས་རྗེ་ཆེ་ཞུ།

    Reply
  5. ཉི་མ་ says:
    ལོ་ 14 སྔོན།

    བེུད་ཚོགས་པར་ལས་ཀ་ཡག་པོ་ཞིག་རག་འདུག འཇོན་པོ་དེ་འདྲ་ཡོད་ན་བུད་མེད་ཚོགས་པས་མེག་ལོར་དང་ལྡི་ལི་མན་ཇུ་ཊི་ལར་ཡན་ལག་ཡོད་སྟབས་བོད་པའི་བོུ་ཕྱི་མི་དང་གང་བྱུང་བྱ་མཁན་དེ་ཚོར་རེ་རེ་བྱས་འཇུས་ཏེ་སློབ་གསོ་བརྒྱབ་དང་། ཁག་པོ་རེད། བརྒྱབ་ ཐུབ་ཀྱི་མ་རེད། ས་གནས་ཁུག་ཀྱོག་ཞིག་ཏུ་བྱུང་བའི་གནས་ཚུལ་རྙིང་པ་ཞིག་ཡར་བསླངས་ནས་ག་རེ་བྱ་དགོས་བསམ་གྱི་འདུག བོུ་རིག་འཛིན་དེ་སྔ་ནས་བོད་པའི་གཞིས་ཆགས་ནང་ཟུར་བསྟེན་ཉར་ཏེ་ཕྲུ་གུ་སྐྱེས་པ་དང་། བུ་ཚབ་ཏུ་སླེབས་རྗེས་མ་རྒན་རྒས་པ་སོགས་ལས་ཁྱིམ་ཚང་སྐྱོ་པོ་ཡིན་པའི་བུད་མེད་དེའི་གནས་སྟངས་བུད་མེད་ཚོགས་པས་སྔ་ས་ནས་ཞིབ་འཇུག་མ་བྱས་པ་ག་རེ་རེད། ཁྱོད་ཚོའི་ཡན་ལག་གང་སར་ཡོད་པ་མ་རེད་དམ། ཡང་ཕྱི་རྒྱལ་མི་སྣ་དེ་ཚོར་ང་ཚོས་དེ་ལ་འཚོ་སྣོན་སྤྲོད་ཀྱི་ཡོད་ཅེས་དངུལ་སློང་སའི་གཞོང་པ་སྟོང་པ་ཞིག་རག་སོང་སྙམ་བྱུང་ངམ། སློང་རྒྱུ་དང་ངུ་རྒྱུ་མ་གཏོགས་ཤེས་ཀྱི་མ་རེད།

    Reply
  6. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ད་བར་དུས་བབས་ཚང་ལ་དེབ་སྐྱེལ་བྱེད་མ་ཐུབ་ནས་ཅིག་མྱངས་སོང་།
    བུ་མོ་རིག་འཛིན་སྒྲོལ་མའི་བུ་དེ་ཅི་ཞིག་བྱེད་དགོས་སམ། ཕ་ངན་དེས་རང་གི་བུ་ལ་ཡང་འགན་འཁྱེར་མི་དགོས་སམ། རིག་འཛིན་སྒྲོལ་མ་རྒྱན་ནང་ཞུགས་མ་དགོས་པའི་ཐོག་ནས་ཁེ་ན་ཊར་ངེས་པར་དུ་གཏོང་ཐུབ་པ་བྱེད་དགོས། ཁོ་མོ་མུ་མཐུད་བསྟན་འཛིན་སྒང་དུ་བསྡད་ན་མི་ཚེ་སྐྱེལ་རོགས་ཤིག་རེག་ཐབས་བྲལ་བ་རེད་ལ་དེའི་ཁར་ད་དུང་ས་གནས་དེ་ནས་མགོ་བཀྱག་ཐབས་མེད་པ་ཆགས་པ་རེད། འདི་ལ་ངེས་པར་དུ་འབྲེལ་ཡོད་གཞུང་དང་བུད་མེད་ཚོགས་པ་སོགས་ཀྱིས་འགན་འཁུར་དགོས་པ་རེད་འདོད།

    Reply
  7. ནོར། says:
    ལོ་ 14 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས་ཀྱིས་སྤྱི་ཚོགས་ལ་སྨན་ཆེད་གནས་ཚུལ་རྗེས་འདེད་དང་སྐུ་ལས་སྐྱོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བསྟན་འཛིན་སྒང་ས་གནས་མཉམ་འབྲེལ་དྲུང་ཆེ་བསྟན་འཛིན་རིག་བཟང་སྐྱག་པ་ཟོ་ཞེས་སྐུལ་རྒྱུ་ཡིན།

    Reply
  8. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    བུད་མེད་ལྷན་ཚོགས་ཀྱིས། ༼བུ་མོ་དེའི་མ་འོངས་མི་ཚེ་འགྲོ་སྟངས་དེ་ག་འདྲ་ཞིག་ཆགས་མིན་ཐད་ང་ཚོར་བློ་འཚབ་ཆེན་པོ་འདུག ད་ལྟའི་གནས་སྟངས་ལ་གཞིགས་ན་བུ་མོ་དེ་ས་གནས་གཞན་ཞིག་ལ་གཞིས་སྤོར་བཏང་ན་མ་གཏོགས། མུ་མཐུད་ས་གནས་དེ་ག་རང་དུ་མི་ཚེ་རྒྱུན་ལྡན་ཞིག་སྐྱེལ་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག གལ་སྲིད་ཁོ་མོ་འདིར་དྷ་རམ་ས་ལར་ཕེབས་འདོད་ཡོད་ན། ང་ཚོས་ངོས་ནས་ཁོ་མོར་ལོ་གཅིག་དང་ཕྱེད་ཀའི་རིང་གི་ཟས་གོས་སྡོད་གནས་ཀྱི་འགྲོ་སོང་ཆ་ཚང་མཐུན་འགྱུར་གནང་འཆར་ཡོད། གཞན་ད་དུང་ཁོ་མོའི་སེམས་ཁམས་ལ་ཕོག་ཐུག་ཆེན་པོ་བྱུང་ཡོད་སྟབས། ང་ཚོའི་ངོས་ནས་ཁོ་མོར་སེམས་གསོ་དང་སློབ་སྟོན་གང་ཡོང་བྱས་ཏེ། མ་འོངས་པར་ཁོ་མོར་འཚོ་བའི་རྟེན་གཞི་གསར་བ་ཞིག་ཚུགས་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན།༽ ཞེས་ཧ་ཅང་ཡག་པོ་གསུངས་འདུག འོན་ཀྱང་གཏམ་བཤད་རྫིག་པོ་དེ་གཏམ་བཤད་གཅིག་པུའི་ངོ་བོར་མ་ལུས་པར། དོན་ངོ་མའི་ཐོག་ལ་མདུན་བསྐྱོད་ཀྱིས་ཁ་ཡོད་ལག་ཡོད་ཕན་འདོགས་གནང་རྒྱུ་ཤིན་ཏུ་གལ་ཆེ།

    Reply
  9. གཡུ.དུག་སྦྲང་། says:
    ལོ་ 14 སྔོན།

    ཐག་གཅོད་བྱེད་སྟངས་འདི་དེ་འདྲའི་སྣང་བ་འགྲོ་ནི་ཞིག་མ་རེད ། འདི་ད་བོད་ཁྲིམས་མེ་འཕུ་ཐུང་ནས་གསོད་ཟེར་བ་དེ་ཡིན་ས་རེད །

    Reply
  10. བྱིལ་ཕོ། says:
    ལོ་ 14 སྔོན།

    བུ་མོ་རིག་འཛིན་སྒྲོལ་མའི་གནས་ཚུལ་བསྟན་འཛིན་སྒང་ས་གནས་མགོ་འཛིན་ལས་ཁུང་རང་ནས་ཐག་གཅོད་གནང་སྟེ། ད་ལྟ་གནས་ཚུལ་གཙང་མ་གཙང་རྐྱང་ཆགས་ཚར་བ་རེད་ཕྱིར་བསྒྲགས་བྱས་པ། དེ་ལ་དཔག་ན་ཚོགས་གཙོ་ཁོ་རང་ཚོས་ལྐོག་དངུལ་ཟ་ཚར་བ་ཐག་ཆོད་པ་རེད། ད་དུང་ཁོང་གི་ཉེས་རྡུང་གཏོང་མཁན་ཚོར་ཉེས་ཆད་བཅད་ཟིན་པར་མ་ཟད། ས་གནས་མགོ་འཛིན་ལས་ཁུངས་ནས་བུ་མོ་རིག་འཛིན་སྒྲོལ་མ་ལའང་ནོར་འཁྲུལ་ཡོད་པ་ངོས་འཛིན་བྱས་པ་དྲང་བདེན་གྱི་ཁྲིམ་ཞིབ་རེད་དང་། ཁོ་མོའི་བྱིས་པ་དེའི་ཨ་ཕ་ཡང་བསྟན་པ་ཡིན་ན་དེ་ལ་ཁྲིམ་ག་འདྲ་བཅད་རྒྱུ་འོས། དབུས་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་གནད་དོན་དེའི་ཐད་རྟོགས་ཞིབ་རྒྱབ་སྐྱོར་ཡོད་པ་དགའ་བསུ་ཞུ།

    Reply
  11. ཁ་བའི་རྡུལ་བརྩེགས། says:
    ལོ་ 14 སྔོན།

    འཇམ་བཟང་ལགས། གསུངས་པར་རྒྱབ་སྐྱོར་ཡོད།

    དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས། བུ་མོ་རིག་འཛིན་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་པ་བྱེད་པ་དགོས་པ་སྙམ།
    ད་དུང་བསྟན་པ་དང་པ་སངས་གཉིས་ཀྱི་རྒྱབ་རྩ་དཔོན་ངན་ཞིག་ཡོད་པ་ཐག་གིས་ཆོད། དེ་དག་ལ་ཞིབ་འཇུག་ཡག་པོ་བྱས་ན་ལེགས་སྙམ། མ་ཟད་ད་དུང་སྒོར་ཁྲི་དྲུག་དེ་རིག་འཛིན་མོ་རང་གི་ལག་དུ་སྤྲད་ཡོད་པ་རེད་དམ། ཡང་ན་གཞུང་གི་ཁྱེར་བ་རེད། གལ་སྲིད་དེ་གཞུང་གི་ཁྱེར་ཡོད་ན་དེ་ནི་ནོར་འཁྲུལ་ཞིག་རེད། སྒོར་དེ་དག་མོ་རང་གི་མ་འོངས་པའི་མི་ཚེ་ཕྱོགས་ལ་འགྲོ་སོང་བཏང་དགོས་པ་སྙམ།
    བོད་མའི་སྒྲིག་འཛུག་འདི་དངོས་གནས་དོན་དང་ལྡན་པ་ཞིག་ཡིན་ན། ཕྱི་ཡི་རྒྱ་རྩ་དང་ནང་གི་དཔལ་འབྱོར་མེད་པའི་ཉམ་ཆུང་ཁོང་ཚོའི་རིག་ལ་རོགས་རམ་བྱེད་དགོས་པ་སྙམ། དེ་དང་ད་དུང་བསྟན་པ་ཟེར་བའི་མི་ངན་དེ་ལ་ཡང་ཉེས་ཆད་ཆུང་དྲག་འདུག

    Reply
  12. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ཡག་པོ་བྱུང་འདུག དུས་བབས་ཚགས་ཤོག་གི་གསར་འགོད་པས་གནས་ཚུལ་དེའི་ཐོག་འདྲི་རྩད་ཡག་པོ་བྱེད་འདུག རང་ངོས་ནས་བཤད་ན་ནང་སྲིད་ལས་ཁུངས་ཀྱིས་ཐག་གཅོད་གནང་ཟིན་པ་ཞིག་ལ་ད་དུང་མ་འགྲིག་པ་དང་མ་མཐུས་པ་བཟོ་འདྲ་པོ་བཤད་ནས་ད་དུང་རྙོག་དྲ་སློང་ནས་ཕན་ཐོགས་མེད། ང་ནི་བུ་མོ་རིག་འཛིན་ལ་སྙིང་འདྲ་རྗེས་ཀྱི། གསར་འགོད་པ་དེ་དག་གི་བྱེད་ལས་ཀྱིས་མོ་ནི་སྤྱི་ཚོགས་ནང་འགྲོ་སྟངས་འདུག་སྟངས་མི་ཤེས་པ་བཟོས་སོང་། སྤྱིར་དེ་ནི་གཟའ་མི་ནང་ཕན་ཚུན་གྱི་རྙོག་དྲ་ཞིག་ཡིན་པས་ཧ་ཅང་ཚབས་ཆེ་མདོག་གིས་གཏམ་གླེང་རྫོགས་རྒྱུ་མེད་པ་དེ་འདྲ་གང་རེད། གསར་འགོད་པ་ཁྱེད་རང་ཚོ་དོན་ངོ་མར་བོད་མི་རིགས་ཉམས་ཐག་ལ་ཤ་ཞེན་དང་བོད་མི་རིགས་ཀྱི་ལ་རྒྱ་ཡོད་ན་རྒྱ་ཆེ་སའི་གནས་ཚུལ་ཐོག་ལ་འདྲི་རྩད་ཆེད་དུ་བསྐྱོད་དང་། དྲང་པོ་དང་ཆོད་སེམས་ཇི་འདྲ་ཡོད་མེད་ལྟ་ཆོག་གི་རེད། དཔེར་ན། ང་ཚོ་བོད་ཀྱི་རྙོག་དྲ་ཆེ་རིགས་ཏེ་དོལ་རྒྱལ་གྱི་རྙོག་དྲ་དང་། ཆུ་སྒང་གསར་རྙིང་འགྲིག་ཐབས་ཀྱི་འདྲིས་ཞིབ་དང་།དེ་བཞིན་དུ་ལྷོ་ཕྱོགས་ཁག་ཏུ་བོད་མི་ཚོང་པ་འབྱོར་ལྡན་ཁག་གི་འདོད་རྔམས་ཀྱི་ལས་ལ་བརྟེན་ནས་ཚོགས་སྒེར་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་སོགས་ཀྱི་སྐོར་ལ་འདྲི་བརྩད་བྱེད་དང་། འདི་དག་ནི་རྒྱ་ཆེ་སའི་རྩོད་གཞི་ཞིག་ཡིན་པ་ཤེས་ཤེས་པ་རེད་པ།

    Reply
  13. ཕྱུགས་རྫི says:
    ལོ་ 14 སྔོན།

    རྗེས་མ་མི་ཡོང་བའི་ཕྱི་བྱས་ཉེས་ཅན་ལ་སློབ་གསོ་ཡག་པོ་རེ་སྤྲད་ཐོབ་པའི་རེ་བ་ཡོད་སྐྱེས་མ་རིགས་འཛིན་རྒྱལ་ལོ།

    Reply
  14. ཐོ་རེངས། says:
    ལོ་ 14 སྔོན།

    གཞི་ཆགས་བོད་མིའི་བཟང་ངན་གྱི་བྱ་སྤྱོད་གང་བྱས་ནའང་། འདི་བོད་མི་སྤྱིའི་ལུགས་སྲོད་དང་གོམ་གཤིས་ཡིན་པར་ཐག་གཅོད་ཅི་ལ་རུང་། ལྷག་པར་དུ་བོད་སིལ་བུར་འཐོར་ནས་ལོ་༥༠༠ ཚམ་སོང་རྗེས། ཆོལ་ཁ་སོ་སོ་དང་མ་ཟད་སྡེ་བ་སོ་སོ་བར་ལ་ལུགས་སྲོལ་མི་འདྲ་བ་ཧ་ཅང་མང།
    འོན་ཀྱང་གཅིག་འགྱུར་རམ་ཕན་ཚུན་མ་དོར་བའི་བསམ་བློ་དེ་ནི། ང་ཚོའི་ཆོས་ལུགས་གཅིག་གི་འཆིང་ཐེགས་ཀྱིས་མཉམ་དུ་བཅིང་ཡོད།

    Reply
  15. གངས་དཀར་སྒྲོལ་མ་མཚོ། says:
    ལོ་ 14 སྔོན།

    དུས་བབས་གསར་འགོད་ལགས་ངོ་མ་ཐུགས་རྗེ་ཆེ། མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེའི་སྐོར་དབུ་མེད་ཚོགས་པ་མ་ཟད་དབུས་བོད་མིའི་སྒྲིགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལའང་འདིའི་སྐོར་མཁྱེན་རྟོགས་གསལ་པོ་ཡོད་མེད་སོགས་བསྐྱར་འདྲི་ཞིག་ངེས་པར་དུ་བྱ་དགོས།
    དབུ་མེད་ཚོགས་པས་ནམ་རྒྱུན་དབུ་མེད་ཐོབ་ཐང་བཤད་ཀྱིན་ཡོད་རུང་ད་བཤད་སར་ཐུག་དུས་ལས་འགུལ་འདོད་བློ་ཁེང་བ་ཞིག་བྱས་མ་སོང་།

    Reply
  16. རྒྱང་མིག་པ says:
    ལོ་ 14 སྔོན།

    འོ་ཧོ་ཧོ་་་་བལྟས་ཚོད་པ་སངས་ཞེས་པའི་བུ་མེད་དེ་ངར་མ་ཞིག་ཡིན་ས་རེད་་་་སྔོན་ཞིག་ནས་བུ་མོ་རིག་འཛིན་ལ་བསྙས་བཅོས་མང་པོ་བཏང་ཚར་འདུག བུད་མེད་ཚོགས་པ་ལགས པ་སངས་ཞེས་པའི་གདོན་མོ་དེ་ལ་བསླབ་བྱ་ཡག་པོ་རྒྱག་རོགས་གནང། རིག་འཛིན་རྒྱལ་གྱུར་ཅིག།

    Reply
  17. འཇམ་བཟང་། says:
    ལོ་ 14 སྔོན།

    གང་གི་མཆན་འདི་ངེས་པ་ཅན་དུ་འགོད་རོགས།
    དུས་བབ་རྩོམ་སྒྲིག་ཁོང་གི

    Reply
  18. འཇམ་བཟང་། says:
    ལོ་ 14 སྔོན།

    དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ནས། བུ་མོ་རིག་འཛིན་ལ་ཁ་ཡོད་ལག་ཡོད་ཀྱིས་རོགས་པ་བྱེད་པ་དགོས་པ་སྙམ།
    ད་དུང་བསྟན་པ་དང་པ་སངས་གཉིས་ཀྱི་རྒྱབ་རྩ་དཔོན་ངན་ཞིག་ཡོད་པ་ཐག་གིས་ཆོད། དེ་དག་ལ་ཞིབ་འཇུག་ཡག་པོ་བྱས་ན་ལེགས་སྙམ། མ་ཟད་ད་དུང་སྒོར་ཁྲི་དྲུག་དེ་རིག་འཛིན་མོ་རང་གི་ལག་དུ་སྤྲད་ཡོད་པ་རེད་དམ། ཡང་ན་གཞུང་གི་ཁྱེར་བ་རེད། གལ་སྲིད་དེ་གཞུང་གི་ཁྱེར་ཡོད་ན་དེ་ནི་ནོར་འཁྲུལ་ཞིག་རེད། སྒོར་དེ་དག་མོ་རང་གི་མ་འོངས་པའི་མི་ཚེ་ཕྱོགས་ལ་འགྲོ་སོང་བཏང་དགོས་པ་སྙམ།
    བོད་མའི་སྒྲིག་འཛུག་འདི་དངོས་གནས་དོན་དང་ལྡན་པ་ཞིག་ཡིན་ན། ཕྱི་ཡི་རྒྱ་རྩ་དང་ནང་གི་དཔལ་འབྱོར་མེད་པའི་ཉམ་ཆུང་ཁོང་ཚོའི་རིག་ལ་རོགས་རམ་བྱེད་དགོས་པ་སྙམ། དེ་དང་ད་དུང་བསྟན་པ་ཟེར་བའི་མི་ངན་དེ་ལ་ཡང་ཉེས་ཆད་ཆུང་དྲག་འདུག གལ་སྲིད་ང་དེ་ན་ཡོད་ཚེ། ངས་ཁོ་ལ། ཁོང་ཚོའི་རིག་འཛིན་ལ་ག་རེ་བྱས་པ་བཞིན་ཁོ་ལ་ཡང་བྱེད་ངས། ལྟས་ངན་ཁོ། ཁོ་རིག་འཛིན་ལ་ཕར་སོང་བ་མ་ཏོག རིག་འཛིན་ཁོ་ས་ལ་འོང་ཨེ་ཡོད། ཁོའི་སྐྱེས་དམན་པ་སངས་གིས་ཡང་ཨི་སི་རེལ་( Isrel འགྲོ་སྐབས། སྐྱེས་པ་གཞན་དང་དགའ་བོ་སྒྲིག་ཡོད་མེད་སུས་ཤེས། ཅིག་བྱས་ན་ལུས་འགྲེལ་ཡང་བྱེད་ཚར་ཡོད་འགྲོ། བསྟན་པ་ཁྱེད་རང་མི་ངན་པ་ཞིག་ན་བརྟག་ཕྱེད་བཏང་ན་ལེགས་སྙམ།

    Reply
  19. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    པ་སངས་ལགས་ལ་བསམ་བློ་གཏོགས་ཙམ་གཏོང་རྒྱུ་མེད་པ་གང་ཡིན་ན། ང་ཚོ་བོད་པའི་སྤྱི་ཚོགས་ནང་བུ་གཅིག་ལ་གནའ་མ་གཉིས་གསུམ་ཡོད་པ་དང་། བུ་མོ་གཅིག་ལ་ཁྱོ་ཤུག་གཉིས་གསུམ་ཡོད་པ་མཐོང་ཆོས་སུ་འགྱུར་བ་ཡོད་པས་དེ་ལྟ་བུའི་འཛམ་གླིང་འདི་ཡི་ནང་ཁྱོ་ག་དཀོན་པའི་རྣམ་པ་དེ་འདྲ་བསྟེན་དགོས་དོན་གང་ཡིན་ན། པ་སངས་མོ་རང་འདོད་པ་ཡོད་ན་ང་རང་ཕོ་ཧྲང་ཡིན།

    Reply
  20. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    སྐྱོ་བ་ལ་་་་ས་གནས་ལས་ཁུངས་ནས་སྒོར་མོ་ལེན་ཐབས་ཤིག་ལས་གནད་དོན་ཐག་གཅོད་ཡག་པོ་ཞིག་མ་བྱུང་བ་དེར་ངོ་རྒོལ་ཡོད། ད་དུང་ཉེས་ཆད་དེ་ཧ་ཅང་ཡང་དྲགས་པས་མིའི་གདོང་པར་བལྟས་ནས་ལས་ཀ་བྱས་ཡོད་པའི་དོགས་པ་ཡོད།

    Reply
  21. བསམ་གླིང་ཚེ་རིང་ལྷ་མོ། says:
    ལོ་ 14 སྔོན།

    ད་རེས་དབུས་བུད་མེད་ལྷན་ཚོགས་ནས་གནས་ཚུལ་དེའི་ཐད་མཐོང་ཆེན་འགན་འཁུར་དང་འཆར་འགོད་གང་ལེགས་ཤིག་གནང་བར་རྗེས་སུ་ཡིད་རངས་ཞུ།

    Reply
  22. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    ཤར་གླིང་ཟླ་སྒྲོན་ལགས་གནས་ཚུལ་དེའི་ཐད་ཁྱེད་ཀྱི་ཐག་གཅོད་ཡག་པོ་ཞིག་ཡོང་བའི་རེ་བ་བྱེད་ངེས་རེད་ལ་མཛད་མཆོག་དེར་ངས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་། སྤོབས་སེམས་ཆེར་སྐྱེད་ཀྱིས་མདུན་སྐྱོད་མུ་མཐུད་བྱེད་རོག་གནང། །

    Reply
  23. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    གནས་ཚུལ་ཁ་གསལ་བཀོད་པར་ཐུགས་རྗེ་ཆེ།
    བཙན་བྱོལ་བོད་མིའི་ཁྲོད་དུ་བཟའ་ཟླ་གཉིས་ལས་གང་རུང་ཞིག་ཕྱི་རྒྱལ་དུ་ཡོད་པ་རྣམས་ཀྱིས་རང་གི་བཟའ་ཟླའི་རྒྱབ་ལ་ཟུར་གསལ་ཡོད་མཁན་ཉུང་ཉུང་མིན་པས། གལ་སྲིད་ཚང་མས་བསྟན་པའི་བཟའ་ཟླ་པ་སངས་ལགས་ཀྱི་བྱེད་སྟང་ལྟར་བྱས་ཚེ་གང་འདྲ་ཞིག་ཡོང་གི་རེད་དམ། དེར་རྟེན་ཐོག་མར་ཆང་ས་རྒྱབ་དུས་ནས་དེའི་ཐད་ཕན་ཚུན་སྐད་ཆ་བྱས་ན་བཟང་བ་ལས་ངན་མེད། ད་དུང་ཁག་ཅིག་གིས་རང་གིས་མ་མཐོང་བར་གཞན་གིས་བཤད་པའི་སྐད་ཆར་ཡིད་ཆེས་བྱས་ནས་བཟའ་ཟླ་ཁ་ཐོར་བ་ཡང་མང་པོ་འདུག་པས། དེ་འདྲའི་སྐབས་རང་གིས་མ་མཐོང་བར་གཞན་གྱིས་བཤད་པར་ཡིད་ཆེས་བྱེད་ཀྱང་བྱེད་མི་རུང། དེ་མིན་ཕྲུ་གུ་ཡོད་པའི་བཟའ་ཟླ་དེ་དག་གིས་རང་གི་ཕྲུ་གུའི་ཆེད་དུ་གནས་ཚུལ་ཆུང་ཙག་རིག་དང་རང་ཉིད་ཀྱིས་དངོས་མཐོང་ལགས་ཟིན་མ་བྱུང་བའི་གཞན་གྱི་ལབ་གླེང་རིག་ལ་ཕན་ཚུན་བཟོད་སྲན་གནང་གལ་ཆེ།
    དེང་སྐབས་བཟའ་ཟླ་འཚོལ་སྐབས་མི་གཤིས་སམ་སྤྱོད་པ་གཙོ་བར་མི་འཛིན་པར། རྣམ་པ་དང་ལོ་ན་ཆུང་མིན་གཙོ་བོར་འཛིན་གྱི་འདུག་པས། དེ་འདྲ་མཛད་མཁན་རྣམས་ཀྱི་བཟའ་ཟླ་འམ་ཆུང་མ་ཞེས་པའི་ཚིགས་དེར་བསམ་བློ་མ་གཏང་བར་ཚེ་གྲོགས་ཞེས་པའི་ཚིགས་དེར་བསམ་བློ་ཞིབ་ཚགས་ཞིག་གཏོང་དང་ཕན་ངེས་རེད།

    Reply
  24. མངའ་རིས་བུ། says:
    ལོ་ 14 སྔོན།

    བུད་མེད་ཚོགས་པ་ནས་བུ་མོ་རིག་འདྷིན་ལགས་ལ་གདུང་སེམས་བསྐྱེད་དང་བུ་མོའི་མི་ཚེ་འགྲོ་སྟངས་སོགས་ལ་ཐུགས་བསམ་བཞེས་སྟངས་དེར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད།
    མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་མཁན་དེ་རིགས་ཐར་པར་ནམ་ཡང་གཏོང་མི་རུང། སྐུ་ངོ་དེ་དག་ཀྱང་ལྐོག་བཟའ་རུལ་སུང་ཞིག་དང་མི་ངོ་ནོར་ཕྱིར་གྱིས་ཁྲིམས་གཅོད་བྱེད་སྟངས་དེར་བློ་ཕམ་ཤིན་ཏུ་ནས་ཆེ།
    ཅི་ཡིས་ཕྱིར་ནག་མོ་དེ་ཡིས་མོ་རང་གི་ཁྱོ་ག་མོ་རིང་གིས་བདག་པོ་མ་རྒྱབ་པ་རེད་དམ།
    རང་གི་ཁྱོ་ག་རང་གིས་བདག་པོ་རྒྱབ་མ་ཐུབ་པར་གཞན་གྱི་བུད་མེད་ལ་བརྙེས་བཅོས་ཚད་མེད་བཏང་བ་ནི་ཧ་ལས་དགོས་པ་རེད།
    ཙམ་ཁུག་ནང་དུ་ལག་པ་རྐྱོང་མཁན་དེ་ལ་ཉེས་ཆད་ལྗིད་པོ་གཏོང་དགོས་པ་ལས།
    ཙམ་ཁུག་ལ་ཉེས་ཆད་ཕོག་དོན་ཅི་ཡིས་ཕྱིར་བྱུང་བ་རེད་དམ།

    ཁྲིམས་གཅོད་པ་དེ་ཚོས་ངས་བཤད་པའི་གཏམ་དཔེ་དེར་མནོ་བསམ་གཏོང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese