མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༣ གྱི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༡/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp


རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བའི་བར་མ་ཚང་གི་
རང་ལོ་ ༣༨ ཡིན་པའི་དཔལ་འབྱོར་ལགས་སུ། འདི་ལོའི་ ༣ ཚེས་ ༡༦ ཉིན་གྱི་མི་མང་ཡར་ལངས་སྐབས་མཉམ་ཞུགས་བྱས་པའི་ཉེས་མིང་གཡོགས་ཏེ། ཕྱི་ཟླ་ ༣ ཚེས་ ༢༠ ཡས་མས་སུ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་ཅིང་། རྗེས་སུ་ཤེས་རྟོགས་བྱུང་བར་ཁོང་ལ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་སི་ཁྲན་གྱི་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་འདུག

ཁོང་གི་ཕ་མིང་ལ་རྒྱ་མཚོ་ཞུ་བ་སྔ་མོ་ནས་འདས་ཟིན་པ་དང་། མ་མིང་ལ་སྒྲོན་མཚོ་ཞུ་བར་སྙིང་གི་ན་ཚ་ཞིག་ཡོད་སྟབས། ཁོང་འཛིན་བཟུང་བྱས་པ་ནས་ཟླ་བ་གསུམ་ལྷག་རིང་གསང་བ་བྱས་ཡོད་པ་དང་། ཁོང་གི་ཁྱིམ་དུ་འཚོ་བའི་ཡོང་ཁུངས་གང་ཡང་མེད་པར་གཟའ་ཟླ་དང་ཕྲུ་གུ་གཉིས་བཅས་ནང་མི་གསུམ་ཡོད་འདུག

དེ་བཞིན་རྔ་པ་རྫོང་སྤྲོ་ཚིགས་ཞང་བསེ་སྐོར་སྡེ་བའི་རང་ལོ་ ༣༠ ཡིན་པའི་བསེ་སྲིབ་ཚང་གི་ཀིརྟི་དགོན་པའི་གྲྭ་ཚེ་ཁོ་དང་། རྔ་པ་རྫོང་བློན་ཚང་ཞང་རབ་རྒྱས་ཚང་གི་རང་ལོ་ ༡༦ ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་རྡོ་རྗེ་པ་གཉིས་སྔ་ཕྱིར་འདི་ལོའི་ཕྱི་ཟླ་ ༤ ཚེས་ཤར་ཙམ་ལ་འཛིན་བཟུང་བྱས་རྗེས་ད་བར་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད།

གཞན་ད་ལོའི་གསུམ་པའི་བཅུ་དྲུག་གི་རྗེས་སུ་འཛིན་བཟུང་བྱས་ཏེ་ད་བར་ཐག་གཅོད་གང་ཡང་བྱས་མེད་པ་དག་ནི། ཕྱི་ཟླ་ ༤ ཚེས་ ༢༢ སྔོན་ལ་འཛིན་བཟུང་བྱས་ཤིང་རང་ལོ་ ༣༠ ཡིན་པ། རྨ་ཆུ་རྫོང་ཁྲོ་ཁོ་སྨད་མའི་སྤྲུལ་སྐུ་ནོར་བུའི་བུ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཇིགས་མེད། ཕྱི་ཟླ་ ༦ སྔོན་ལ་འཛིན་བཟུ་བྱས་ཤིང་རང་ལོ་ ༢༣ ཡིན་པ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཨུ་རྒྱན་ཚེ་རིང་གི་ཀིརྟི་དགོན་པའི་གྲྭ་དགེ་འཕེལ། ཕྱི་ཟླ་ ༤ ཚེས་ ༡༢ ཉིན་བསྐྱར་དུ་འཛིན་བཟུང་བྱས་ཤིང་རང་ལོ་ ༢༢ ཡིན་པ། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཇ་རུ་ཚང་གི་ཀིརྟི་དགོན་པའི་གྲྭ་བློ་བཟང་དར་རྒྱས། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་རང་ཁྱིམ་ནས་འཛིན་བཟུ་བྱས་ཤིང་རང་ལོ་ ༦༠ ཡིན་པ། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་ཚང་གི་དགེ་རིག ཕྱི་ཟླ་ ༣ ཚེས་ ༡༦ ཉིན་འཛིན་བཟུང་བྱས་ཤིང་རང་ལོ་ ༤༡ ཡིན་པ། རྔ་པ་རྫོང་སྤྲོ་ཚིགས་ཞང་སྤྲོ་ཚིགས་སྡེ་བའི་བཀྲ་རྒྱལ་ཚང་གི་སྐལ་བཟང་སོགས་ཡིན་འདུག

གནས་ཚུལ་མཁོ་གཏོང་བ། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་འགན་འཛིན་ཟུར་པར་ལོ་ ༡༠ ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

རྒྱ་ནག་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བསྟུད་མར་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

དབྱིན་ཡུལ་གྲོས་ཚོགས་འོག་མས་རྒྱ་ནག་ཉིན་རེའི་ཚགས་པར་འགྲེམས་སྤེལ་བཀག་འགོག་གནང་།

ཆུ་ཚོད་ ༡༤ སྔོན་ལ།
དྲ་ལམ་གྱི་པར།
Mobile App

ཁུང་ཙིའི་སློབ་གླིང་ཁག་སྒོ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༤ སྔོན་ལ།
Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

༢༠༢༥/༠༨/༠༡
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

༢༠༢༥/༠༨/༠༡
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡

མཆན། 1

  1. གཡག says:
    ལོ་ 14 སྔོན།

    དངོས་གནས་བོད་ཀྱི་དཔའ་བོ་དང་བོད་པ་རུས་རྐང་ཅན་དེ་བོད་ན་བོད་པ་ཧ་གོ་བར་གྱིས་འདིར་སྐྱེས་ཀྱི་རོང་ཚ་རྣམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese