སྐབས་བཅུ་གཅིག་པའི་ཆོས་ལུགས་ཚོགས་ཆེན་དེ་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་ཐོག་བཞུགས་སྒར་དུ་ཚོགས་རྒྱུ་རེད།
ཟླ་འདིའི་ཕྱི་ཚེས་ ༢༢ ནས་ ༢༤ བར་གྱི་ཉིན་གསུམ་རིང་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བཞུགས་སྒར་ངྷ་རམ་ས་ལའི་སོ་རི་ཡཱའི་མགྲོན་ཁང་དུ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་རྣམ་པ་དང་། ཧི་མ་ལ་ཡའི་རི་རྒྱུད་དང་ས་ཁུལ་གཞན་དུ་ཡོད་པའི་ནང་ཆོས་དང་འབྲེལ་བ་ཡོད་པའི་བླ་སྤྲུལ་བཅས་ལྷན་འཛོམས་ཐོག་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚོགས་རྒྱུ་ཡིན་འདུག་ལ། ཕྱི་ཚེས་ ༢༣ ཉིན་༸གོང་ས་མཆོག་གདན་ཞུ་གནང་འཆར་ཡོད་འདུག
འདིའི་ཐད་བོད་གཞུང་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཐེངས་འདིའི་ཚོགས་ཆེན་ཐོག་གི་གྲོས་གཞི་ཁག་ནི། ཆོས་རྒྱུད་ཁག་གིས་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་བའི་གཏན་འབེབས་གྲོས་ཆོད་ཁག་ལག་ལེན་བསྟར་ཡོད་མེད་དང་ཆོས་རྒྱུད་ཁག་དང་འབྲེལ་བའི་སྤྱིར་བཏང་གི་གནས་ཚུལ། དགོན་སྡེ་ཁག་གི་སློབ་གཉེར་དང་སྒྲིག་ཁྲིམས་སྲུང་ཕྱོགས། ༸གོང་ས་མཆོག་གིས་བཀའ་དགོངས་ལྟར་དགོན་སྡེ་ཁག་ཏུ་ཆོས་དང་ཚན་རིག་ཟུང་འབྲེལ་ཐོག་སློབ་སྦྱོང་སྤྲོད་སྟངས། བཤད་གྲྭ་ཚགས་ཚུད་གཏོང་ཐབས། དགེ་སློང་མའི་སྡོམ་རྒྱུན་གྱི་སྐོར། དགེ་བཤེས་མར་མཐུན་རྐྱེན་བསྐྲུན་ཕྱོགས་སོགས་དོན་ཚན་ ༩ ཡི་ཐོག་བགྲོ་གླེང་དང་བཀའ་བསྡུར་གནང་འཆར་ཡོད་འདུག
གསར་འགོད་པས་ཁོང་ལ། དེ་སྔོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༼ ཆོས་དོན་ལྷན་ཚོགས།༽ཞེས་པ་ཞིག་གསར་འཛུགས་གནང་རྒྱུར་གྲོས་ཆོད་བཞག་ཡོད་པ་དེར་ཐེངས་འདིར་བགྲོ་གླེང་ཐག་གཅོད་དེ་འདྲ་ཡོང་མིན་དྲིས་པར། སྔོན་མ་སྤྱི་འཐུས་གྲོས་ཚོགས་ཀྱིས་ཁྲིམས་ཡིག་གཏན་འབེབས་གནང་སྟེ་ལྷན་ཚོགས་ཟུར་འཛུགས་ཀྱི་ཐོབ་ཐང་ཡོད་ཀྱང་། ད་ལྟའི་བར་བཀའ་རྒྱུད་ཀྱི་ཁོངས་ནས་སྐུ་ཚབ་ཕེབས་མ་ཐུབ་པའི་དབང་གིས་ཆོས་དོན་ལྷན་ཚོགས་འཛུགས་མ་ཐུབ་པར་ལྷག་ཡོད་ཚུལ་དང་། “ ཆོས་དོན་ལྷན་ཚོགས་ཀྱི་ཆ་རྐྱེན་དང་དམིགས་ཡུལ་གཙོ་བོ། ད་ལྟའི་བར་བོད་མིའི་སྒྲིག་འཛུགས་ཀྱིས་བཀོད་བྱུས་འོག་དགོན་སྡེ་ཁག་ལ་ལྟ་སྐྱོང་བྱེད་ཀྱི་ཡོད་ཀྱང་། མིའི་རྣམ་རྟོགས་ལ་ཚད་མེད་པའི་དབང་གིས་བཏང་སྙོམས་ཡོང་མིན་དོགས་པ་ཡོང་ངེས་སྟབས། མ་འོངས་པར་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། ཆོས་རིག་བཀའ་བློན་བཅས་ཆོས་རྒྱུད་ཁག་དང་གཞུང་གི་སྐུ་ཚབ་བཅས་མཉམ་འཛོམས་ཐོག་ལྷན་ཚོགས་འདི་གསར་འཛུགས་ཐུབ་ཚེ། ཆོས་རྒྱུད་སོ་སོའི་ཁེ་ཕན་བསྒྲུབ་ཐབས་ལ་ཕན་ཐོགས་ཡོང་རྒྱུར་དམིགས་པ་ཞིག་ཡིན་པ་དང་། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལྷན་ཁང་གི་འཛིན་སྐྱོང་མི་སྣར་མི་སྐྱ་ཡོང་བའི་དུས་ཡང་ཡོང་པ་རེད། ང་རང་ངོས་ནས་ཆོས་དོན་ལྷན་ཚོགས་གསར་འཛུགས་བྱ་རྒྱུ་དེ། ཆོས་རྒྱུད་ཁག་གི་འཛིན་སྐྱོང་སྲ་བརྟན་དང་སྤྱི་ཚོགས་ནང་གི་དོགས་སློང་སེལ་ཐད་དམིགས་ཏེ་ལྷན་ཚོགས་གསར་འཛུགས་བྱ་འཆར་ཡོད་པ་ཞིག་ལ་ཚོད་དཔག་བྱེད་ཀྱིན་ཡོད ” ཅེས་བརྗོད་བྱུང་།
གསར་འགོད་པ། དོན་གོ
ད་དངོས་ནས་བཙན་བྱོལ་གཞུང་གི་ང་ཚོ་ཇོ་ནང་ཚངས་ལ་བརྙེས་བཅོལ་བཏང་བ་དེ་ཚད་ཐིག་ཅིག་མ་ཡོད་ནི་རེད། གྲོགས་པོ་ལགས་ད་ང་ཚོའི་ཇོ་ནང་ཚངས་ལ་ཐོབ་ཐང་མ་སྤྲད་པ་མ་ཚད་དོལ་རྒྱལ་གཅིག་མཚུངས་ཡིན་པ་བཙན་བྱོལ་གཞུང་གི་བཞག་ཡོད་རེད། རྒྱ་དམར་གཅིག་མཚུངས་བྱེད་རྒྱུ་དེ་ལས་ལྷ་བོ་རེད། ད་ཚངས་མ་སླེབས་ཤོག་ང་ཚོས་ལས་འགུལ་དེ་སྤེལ་རན་རེད་གྲོགས་པོ་ཚོ། དམར་སོད་བྱེད་རེས་བྱེད་རྒྱུ་ཡིན། དངོས་ནས་ཡིན། རྒྱ་ནག་ལས་བཙན་བྱོལ་གཞུང་ལ་སྙིང་ཟེར་ཡོད། ད་ཕེབས་ཤོག། ད་མ་འགྱིང་ལགས། ངའི་མིང་ལ་བསྟན་འཛིན་སྐྱེས་བུ་ཟེར། ང་ལ་འབྲེལ་བ་གནང་རོགས།
དེ་རིང་མ་གཏོགས་མཐོང་མ་སོང་། (ཆོས་ལུགས་ཚོཊ་ཆེན་ཚོགས་འཆར། )ཞེས་ཁ་བྱང་ཡག་པོ་འདུག
ནང་ལོག་དེ་ཙམ་རེད།
བཙན་བྱོལ་བོད་གཞུང་དང་་་་ཆོས་རིགས་ལས་ཁུང་ཀི་གནད་ཡོད་མི་སྣ་དག་་་་་་ཁྱེད་ཚོའི་རྩམ་ཁུག་འཕྲོག་འགྲོ་མཁན་ཇོ་ནང་པ་ཡིན་རྒྱུ་རེད། ད་ནི་ཁྱེད་ཚོའི་བློ་བདེ་བས་ཡོད་རྒྱུ་རེད།
མང་པོ་བཤད་ཀྱང་མ་བཤད་གཅིག་པ་རེད། གཟབ་གཟབ་བྱས་རན་འདུག
བསྐུར་འོས་ཆོས་རིག་དབུ་ཁྲིད་རྣམ་པ་ལགས། ད་རེས་ཁྱེད་རྣམ་པས་རྟག་ཏུ་དགེ་སློང་མ་དང་ཆོས་བརྒྱུད་ནང་ཁུལ་གྱི་སྙོགས་གྲ་རྣམས་མི་གསུང་བར་ཐེ་ཝན་སོགས་ནས་སྐྱབས་མགོན་རིན་པོ་ཆེ་གཙོའི་བོད་ཀྱི་ཆོས་དང་བླ་མ་རྣམས་ལ་སྐྱོན་བརྗོད་དང་དགག་བཞག་ཚད་ལས་འདས་པ་བྱེད་དང་བྱེད་བཞིན་པ་འདི་ཐོགས་བགྲོ་གླེང་དང་དགག་ལན་མ་འོངས་པར་གཟབ་ནན་དང་བཅོས་བསྒྱུར་གང་དགོས་ཐད་ཐུགས་སྣང་གནང་བ་ཧ་ཅང་གལ་ཆེར་མཐོང་བཞིན་ཡོད་པས་གོ་བསྒྲིགས་གནང་རོག་ཞུ།།།
བཙན་པོའི་བུ་ལགས། ༸གོང་ས་མཆོག་ལ་ཁ་གཏོང་བ་ལས། བོད་གཞུང་ལ་རྒྱབ་འགལ་བྱས་ན་དེ་འཚབ་ཆེ་བ་འདུག་བསམ་བློ་ཞིབ་ཏུ་ཐོངས། ད་དུང་དེ་ལས་ད་ནས་བཟུང་འཇིགས་སྐུལ་བྱེད་ངེས་ལ་བསླུ་བྲིད་བྱེད་ངེས་ཞེས་པའི་སྐད་ཆ་དེ་སུ་ཞིག་གི་འགན་ཁུར་གྱི་ཡོད་ཇོ་ནང་བ་ཚང་མའི་དམ་བཅའ་ཡིན་ནམ། འཇིགས་སྐུལ་ཚོགས་པ་དེའི་གཙོ་འཛིན་སུ་ཡིན། ཡིན་སྲིད་ཀྱི་མ་རེད། སྐྱེས་བུ་དམ་པ་དམ་མང་པོ་ཡོད་པའི་ཇོ་ནང་བ་དེ་ལྟ་བུ་ཞིག་ཏུ་ངོས་ལེན་གཏད་ནས་བྱེད་ཐབས་མེད། གལ་སྲིད་ཡིན་ན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱིས་བྱེད་ཐག་གཅོད་བྱེད་ཀི་རེད། ཇོ་ནང་གི་གནད་ཡོད་མི་སྣ་ཞིག་གིས་འགན་མི་ཁུར་བའི་སྐད་ཆ་མ་བཤད་རོགས།།
གཙོ་བོ་གཟིར་གནས་ཀུན་གྱིས་བསམ་བློ་གཏོང་དགོས་པ་ཞིག་ནི། ཇོ་ནང་བར་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་ན་བོད་མི་རིག་གྱི་གཅིག་བསྒྲིལ་དང་བརྟན་བརླིང་ལ་ཕན་གྱི་རེད་དམ་གནོད་ཀྱི་རེད། དེ་ལ་བསམ་བློ་ཡང་དག་ཞིག་གཏོང་ནས་ཐག་ཆོད་མ་ནོར་བ་ཞིག་བྱེད་གལ་ཤིན་ཏུ་ཆེ་སྙམ།
མི་འགའ་ཞིག་གིས་ཇོ་ནང་བས་ལུང་རྟོག་གི་བསྟན་པ་ཡར་རྒྱས་གཏོང་དགོས་པ་ལས། ཆོས་ལུགས་པའི་གོ་ས་མ་རྩོད་ན་ཡག་གི་རེད་ཟེར། དེ་ནི་བསམ་བློ་མ་བཏང་བའི་སྐད་ཆ་དང་། དམིགས་པ་མ་བཟུང་བའི་ཕཊ་སྒྲ་ཟེར་བ་དེ་རེད། དེ་ནི་དཔེར་ན། མི་ཕྱུག་པོ་ལ་ཐོབ་ཐང་དགོས་པ་ལས་མི་དབུལ་བོ་ལ་མི་དགོས་ཟེར་བ་དང་གཅིག་མཚུང་རེད། དེ་ནི་མི་དབུལ་བོ་དེས་རང་ཉིད་ཕྱུག་པོ་བཟོ་དགོས་པ་ལས་འདྲ་མཉམ་གྱི་ཐོབ་ཐང་མ་རྩོད་ན་ཡག་ཟེར་བ་དང་ཁྱད་མེད། འདྲི་མཉམ་དང་གཅིག་མཚུང་ནི་ཀུན་ལ་དགོས་པ་རེད། དེ་མིན་སྐད་ཆ་དེ་བསམ་ཤེས་དཔྱོད་ལྡན་ཞིག་གི་གཏམ་མིན་པ་བློ་ལྡན་སུས་ཀྱང་ཤེས་སླ།
གཞན་འགའ་རེས་ཇོ་ནང་བར་ཆོས་བརྒྱུད་འདྲ་མཉམ་གྱི་ཐོབ་ཐང་དགོས་ན་ཡེ་ཤུ་བ་དང་ཁ་ཆེ་བ་ལ་ཡང་ཐོབ་ཐང་དགོས་པས་མི་ལོང་ཟེར་བ་འདི་ཡང་ཚིག་ཙམ་གྱི་རྩོད་ཤག་ལས་དོན་ལ་མི་གནས། རྒྱུ་མཚན་ནི། བོད་མི་ཡེ་ཤུ་བུ་ག་ཚོད། བོད་གཞི་བྱེས་གཉིས་སུ་ཡེ་ཤུ་བའི་ལྷ་ཁང་དང་བརྒྱུད་འཛིན་ཚོགས་སྡེ་ཡོད་དམ། ཁོང་ཚོས་རྣམ་རྟོགས་ཙམ་དུ་ཡང་ཤར་མ་མྱོང་བ་ཞིག་མ་རེད་དམ། དེ་ནི་ལྷས་མ་དྲན་པ་འདྲེས་དྲན་ཟེར་བདེ་མ་རེད་དམ། ཁ་ཆེ་བ་ཡང་དེ་དེ་མཚུང་རེད། ཡང་འགའ་ཞིག་གིས་ཞ་ལི་བའི་བརྒྱུད་འཛིན་དང་། བོ་དོང་བ་སོགས་ལ་ཡང་དགོས་པས་མི་ལོང་ཟེར་བ་ཡང་། ཚིག་གིས་རྩོད་ཤག་ཙམ་ལས་དོན་ལ་གནས་མེད། ཚིག་ཙམ་གྱིས་རྩོད་རྙོག་ཏུ་ལྷུང་ན། མགོ་བུས་གཡོག བུ་མགོ་འདྲེས་གཡོག ཟེར་བ་ལས་མི་འདུ།
ང་ཚོ་དགོས་པ་ནི་གཅིག་བསྒྲུལ་དང་བརྟན་བརླིང་རེད། དེ་ནི་ཕན་ཚུན་བརྩི་བརྐུར་དང་སྙིང་ཉེ་ལས་འོང་དགོས་པ་ཤེས་གལ།།
ཁང་མུན་གྲོལ་ལགས། ང་ལ་ཟུར་ཟ་བྱེད་སྟངས་ལ་ལྟས་ན། ཁྱོད་ཀྱང་ས་སྐྱ་པ་ཞིག་ཡིན་ཚོད། གང་ལྟར། བོད་གཞུང་གིས་མ་འགྲིགས་པ་ཡིན་ན་ཡང་འདྲ། ས་སྐྱ་པ་ཚང་གིས་མགོ་བདེ་འཁྲབ་བཞག་པ་ཡིན་ན་ཡང་འདྲ། གང་ལྟར་ང་ཚོ་ལ་བོད་གཞུང་གི་སྡིངས་ཆའི་སྟེང་བསམ་ཚུལ་བརྗོད་ས་མེད་པར་བཟོས་སོང་བ་ནི་ཁྱོད་ཀྱིས་ཀྱང་ལོས་ཤེས། བོད་གཞུང་གིས་བཤད་ན་ས་སྐྱ་ཚང་གིས་ངོས་ལེན་མ་བྱས་པས་ཡིན་རབས་ཟེར། རྗེས་སུ་ས་གོང་མར་ངོ་བཅར་ཞུས་སྐབས་ཁོང་གིས་ནི་ཇོ་ནང་ལ་རྒྱབ་སྐྱོར་ཡོད་རབས་ཟེར། འདི་ནི་གནད་དོན་གཅིག་རེད། གཉིས་ནས། བོད་གཞུང་གིས་ཇོ་ནང་གི་བསྟན་པར་ཞིབ་འཇུག་བྱེད་དགོས་རབས་བཤད་ནས་ད་བར་འཇོག་དགོས་དོན་ཡང་། གཅིག་ནས་ས་སྐྱ་ཚང་ལ་ཁ་གཡར་ཏེ་བཤད་པའི་སྐད་ཆ་ཞིག་ཡིན། གལ་ཏེ་ཁྱེད་ས་སྐྱ་ཚང་གིས་མུ་མཐུད་ནས་འདི་ལྟར་ང་ཚོར་གཉའ་གནོན་བྱེད་རྒྱུ་ཡིན་ན། ང་ཚོས་ཀྱང་དེ་བཞིན་ཐབས་ལམ་གཞན་ཞིག་འཚོལ་རྒྱུ་ཡིན་ཞེས་བཤད་བཞིན་པ་དེ་ཡིན། ཁང་མུན་གྲོལ་མིང་ཅན་པ་ལགས། གལ་ཏེ་ཉོག་དྲ་འདི་བོད་གཞུང་གི་སྟེང་ནས་ཁྱེད་ས་སྐྱ་ཚང་གི་སྒང་ལ་ལེན་འདོད་པ་ཡིན་ན། དེ་བཞིན་གྱིས། ང་ཚོས་མུ་མཐུད་ནས་ལྟ་ཆོག ཁྱེད་ཚོས་ཀྱང་གཟབ་གཟབ་ཀྱིས།
ཁྱོད་ཀྱིས་ཐོག་མར་ས་སྐྱ་ཚང་གིས་མ་འགྲིག་ཚུལ་བཤད་ནའང་། དེའི་རྗེས་སུ་སླར་ཡང་དམ་བཅའ་བསྒྱུར་ཏེ་བོད་གཞུང་གིས་ཆེད་དུ་བཟོས་པ་ཞིག་ཡིན་པར་བཤད་པ་ནི། ཐིག་ཕྲེང་གཅིག་གི་ནང་དུའང་རང་ཚིག་སྔ་ཕྱི་འགལ་བར་མཐོང་བས་མ་འོངས་པར་དེ་ཕྱོགས་སུ་ཅིས་ཀྱང་གཟབ་པར་འཚལ་ཞུ་རྒྱུ་ཡིན།
གསལ་བཤད་ཀྱི་ཚུལ་དུ།
ཚང་མས་ཤེས་གསལ་ལྟར། བཙན་བྱོལ་བོད་གཞུང་གིས་ངེད་ཇོ་ནང་ཚང་དང་ས་སྐྱ་གཉིས་བར་ལ་ཡང་དོག་མི་བདེ་བ་ཞིག་བཟོས་ཡོད། རྒྱུ་མཚན་ནི། བོད་གཞུང་གིས་ཇོ་ནང་ལ་སྤྱི་འཐུས་འདེམས་རྒྱུར་དགག་བྱ་མེད་ཀྱང་། ས་སྐྱ་ཚང་གིས་འཐད་པ་མི་བྱེད་སྟབས། དེའི་སྐོར་ལ་ཉམས་ཞིབ་བྱེད་རྒྱུ་ཡིན་ཚུལ་གྱིས་ད་བར་བཞག་པ་རེད། བོད་པའི་སྤྱི་ཚོགས་ནང་ལ་ས་སྐྱ་དང་ཇོ་ནང་གཉིས་ལྷན་དུ་འགྲིགས་མཐུན་ཞི་འཇགས་ངང་གནས་ཡོད་ཀྱང་། སྐད་ཆ་དེ་གོ་མ་ཐག་ནས་ས་སྐྱ་ཚང་དང་ཇོ་ནང་པ་གཉིས་ཀྱི་བར་ལ་རང་བཞིན་གྱིས་མི་བདེ་བ་མང་པོ་ཞིག་རབ་དང་རིམ་པར་ཡོང་གི་འདུག འདི་རིགས་ངེད་མང་ཚོགས་དང་ཇོ་མང་ཚང་གིས་བཟོས་པ་ཞིག་མ་ཡིན་པར། གོང་ནས་བོད་གཞུང་གིས་ཆེད་དུ་བཟོས་པ་ཞིག་ཡིན་པ་མང་ཚོགས་ཀྱིས་ཀྱང་ཤེས་དགོས།
ཇོ་ནང་ཚང་གིས་རང་གི་བསྟན་པའི་ལ་རྒྱ་འཆོར་མ་བཅུགས་ན་ཐོབ་གོ་ས་སོགས་ལ་ཧམ་པ་ལངས་དགོས་པ་བ་མ་རེད། གཙོ་བོ་ཇི་ནང་བའི་ལུང་རྟོགས་ཀྱི་་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ཞབས་རྗེས་མི་འདྲ་བ་ཞིག་འཇོག་རྒྱུ་དེ་རེད། དེ་ལྡོག་སྟེ་དབང་ཐང་དང་གོ་ས་སོགས་ལ་རྩོད་དེ་འདྲ་མ་རྒྱབ་ན་ཡག་གི་མ་རེད་དམ།
གྲོགས་པོ་གདོང་གཡུ་ལོང་ལགས། ཁྱེད་ཀྱི་སྐད་ཆ་དེ་རྦེད་དེ་མ་རུང་བའི་སྐད་ཆ་རེད། ངེད་ཇོ་ནང་ཚང་གིས་དབང་ཐང་དང་གོ་ས་གཅིག་པོར་བལྟས་ནས་སྐད་ཆ་འདི་བཤད་ཀྱིན་མེད། ང་ཚོས་ཀྱང་ཁྱེད་ཅག་ནང་བཞིན་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་བཤད་ཀྱིན་ཡོད། ཆོས་ལུགས་དད་པ་རང་མོས་ཡིན་མིན་གྱི་སྐད་ཆ་འདི་འདྲི་བཞིན་ཡོད། ཇོ་ནང་ཆོས་བརྒྱུད་འདི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཤིག་ཡིན་དང་མིན་པའི་ཐག་གཅོད་དེ་སྒུག་བསྡད་ཡོད། ཇོ་ནང་གི་བསྟན་པ་དང་དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དང་། ལྷག་པར་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཆོས་བརྒྱུད་འདི་དང་དེའི་འབངས་བུ་སློབ་དང་བཅས་པ་བོད་རིགས་ཡིན་མིན་འདྲི་བཞིན་ཡོད། རྒྱུ་མཚན་ནི། བོད་གཞུང་འདི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བདེ་སྡུག་བརྗོད་སའི་གཞུང་ཞིག་ཡིན་པ་ལས། ཕྱོགས་དང་རིས་སུ་གཅོད་པའི་གཞུང་ཞིག་ཡིན་རྒྱུ་མ་རེད་བསམས་ནས། ད་བར་དུ་གོང་ལ་སྐྱབས་འཇུག་དང་། བར་ལ་ཁ་དྲོ། འོག་ལ་ངོ་སྤྲོད་སོགས་ཀྱིས་མཚོན་པའི་ངེད་ཇོ་ནང་པ་དག་བོད་མི་རིགས་ཀྱི་ཁུངས་སུ་འདུ་ཐབས་ལ་འབད་པ་སྣ་ཚོགས་སུ་བྱས་པ་ཡོངས་གྲགས་ཡིན། འོན་ཀྱང་། བོད་གཞུང་གིས་གཡས་ལ་ཁ་གཡར་གཡོན་ལ་ཁག་དཀྲིས་ནས་ད་བར་ངེད་ཇོ་ནང་ཚང་ལ་བོད་མི་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲད་མེད་པ་མ་ཟད། ད་དུང་ཁྱད་གསོད་བྱས་པ་ཡང་གྲངས་ལས་འདས། དཔེར་ན། ངེད་ཇོ་ནང་ཚང་ཡེ་ཤུ་དང་ཁ་ཆེའི་ཁུངས་སུ་སྦྱར་ཏེ་སྣང་མེད་བྱས་པ་ཀུན་གསལ་ཡིན་ལ། གྲུབ་མཐའ་རང་རྐྱ་བ་ཞིག་མིན་ཚུལ་གྱིས་ས་སྐྱ་པའི་མཐུ་འོག་ལ་བརྫངས་ཐབས་བྱས་པ་ཡང་ཉུང་ཉུང་མིན། དེ་བས་ཀྱང་། ཇོ་ནང་པ་གཞིས་བྱེས་གཉིས་ཐད་ནས་སྔ་གཞུག་ཏུ་བོད་གཞུང་ལ་རེ་སྐུལ་དང་སྐྱབས་འཇུག དེ་བཞིན་ངོས་སྦྱོར་སོགས་ཀྱིས་མཚོན་བོད་རིགས་ནང་ཁུལ་ལ་འགལ་བ་མི་འགྲོ་བའི་ཆེད་དུ་དཀའ་ལས་མང་པོ་ཞིག་བརྒྱབས་ཡོད་ཀྱང་། དེ་དག་ལ་ནི་ཉན་འཇོག་ཙམ་ཡང་བྱས་མེད། ད་ནས་བཟུང་ངེད་ཇོ་ཚང་གིས་ཀྱང་རང་ལ་འཁྲི་བའི་ལས་འགན་ཞིག་དང་དུ་ལེན་དགོས་ལ། ཡུན་རིང་ཉར་བའི་སེམས་ནད་འདི་ཕྱི་ལ་མི་འདོད་ཀ་མེད་བྱུང་སོང་བ་ཡིན།
གལ་ཏེ་ངེད་ཇོ་ནང་ཚང་ཡེ་ཤུ་དང་ཁ་ཆེ་གཅིག་མཚུངས་སུ་བཟུང་བ་ཡིན་ན། ད་ནས་བཟུང་ངེད་ཇོ་ནང་ཚང་གིས་ཁ་ཆེ་བཞིན་འཇིགས་སྐུལ་བྱེད་ངེས་ལ། ཡེ་ཤུ་བཞིན་བསླུ་བྲིད་བྱེད་ངེས། ཅི་ཙམ་ཞིབ་ཏུ་བསམ་བློ་བཏང་ན་ཡང་། རྒྱ་ནག་དམར་ཤོག་གིས་ཀྱང་བོད་གཞུང་ནང་བཞིན་ང་ཚོ་ལ་ཁྱད་གསོད་དང་དམའ་འབེབས་བྱས་མི་འདུག ང་ཚོས་ནམ་ཡང་༸གོང་ས་མཆོག་གི་བཀའ་དྲིན་གཅིག་པོར་བསམ་བློ་བཏང་ནས་བསྡད་ཡོད་པ་ལས། གལ་ཏེ་༸གོང་ས་མཆོག་མེད་པའི་དབང་དུ་བཏང་ཚེ། བོད་གཞུང་གི་མིང་ཙམ་ཡང་ངེད་ཅག་གིས་མི་སྤྱོད་ཁོ་ཐག་ཡིན།
སྐད་ཆ་ང་གཅིག་པོས་བཤད་བསྡད་པའི་བསམ་ཚུལ་ཞིག་གཏན་ནས་མིན། འདི་མི་ང་ཚོ་ཇོ་ནང་པ་བརྒྱ་ཆའི་མང་ཕྱོགས་ཀྱི་བསམ་ཚུལ་ཞིག་ཡིན།
ཇོ་ནང་པར་རང་དབང་དགོས་་་་་ཐོབ་ཐང་དགོས་་་་་་ང་ཁོངས་དང་ཁྱོའི་ཁོངས་ཟེར་བ་རྒྱ་ནག་གི་བཤད་སྟང་རེད་་་་་་་་གལ་སྲིད་ས་སྐྱ་བས་ཁོའི་ཁོངས་ཡིན་ཟེར་ན་ས་སྐྱ་བ་་དགེ་ལུགས་ཁོངས་དཡིན་དགོས་སོ་་་
ཇོ་ནང་ཚང་གིས་རང་གི་བསྟན་པའི་ལ་རྒྱ་འཆོར་མ་བཅུགས་ན་ཐོབ་གོ་ས་སོགས་ལ་ཧམ་པ་ལངས་དགོས་པ་བ་མ་རེད། གཙོ་བོ་ཇི་ནང་བའི་ལུང་རྟོགས་ཀྱི་་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ཞབས་རྗེས་མི་འདྲ་བ་ཞིག་འཇོག་རྒྱུ་དེ་རེད། དེ་ལྡོག་སྟེ་དབང་ཐང་དང་གོ་ས་སོགས་ལ་རྩོད་དེ་འདྲ་མ་རྒྱབ་ན་ཡག་གི་མ་རེད་དམ།
བཙན་པོའི་བུ་ལགས་ཀྱིས་གསུང་པར་རྒྱབ་སྐྱོར་ཡོད་ལ། ཁོང་གིས་ཇོ་ནང་པའི་ཆེད་ལས་འགུལ་ག་རེ་སྤེལ་ན་ང་ཁོང་གི་རྒྱབ་ཏུ་ལངས་ཁོ་ཐག་ཡིན། བཀའ་ཤག་གསར་བའི་མདུན་དུ་ཟས་བཅད་ངོ་རྒོལ་བྱེད་དགོས་བྱུང་ཡང་ཐེ་ཚོམ་དང་འདང་རྒྱག་སྤུ་ཙམ་ཡང་མེད།
དྲང་མོར་ཞུས་ན་བཙན་བྱོལ་བོད་གཞུང་གིས་ཇོ་ནང་ཚང་ལ་མཐོང་ཆུང་དང་། བརྙས་བཅོས་བྱས་པ་ཚད་ལས་བརྒལ་ཡོད། སྔོན་ཆད་ཟླ་ཚེས་གསལ་བོར་མི་དྲན་མོད། སིམ་ལ་ཇོ་ནང་དགོན་པའི་མཁན་པོ་ངག་དབང་རྡོ་རྗེ་ཆོས་རིག་ལས་ཁུངས་ནས་ཆེད་དུ་གདན་འདྲེན་བྱས་ཏེ། རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་རྩོམ་བསྒྲིགས་གནང་སྐབས། ཁོང་གིས་ཇོ་ནང་སིམ་ལ་དགོན་པའི་ལོ་རྒྱུས་འབྲི་སྐབས་ཇོ་ནང་དགོན་པ་ཞེས་ཇོ་ནང་ལོགས་སུ་བཀར་ནས་བྲིས་ཏེ་དཔར་བསྐྲུན་བྱས་རྗེས། དེ་དུས་ཆོས་རིག་བཀའ་བློན་བཀྲ་ཤིས་དབང་འདུས་དང་། དྲུང་ཆེ་ཀར་མ་དགེ་ལེགས་གཉིས་ཀྱིས། དགོན་དེབ་ཏུ་ཇོ་ནང་ཞེས་བྲིས་པ་གཏན་ནས་འགྲིག་གི་མ་རེད། བཀྲམ་ཟིན་པའི་དེབ་ཚང་མ་ཕྱིར་བསྡུ་བྱས་ནས་ཇོ་ནང་གི་མཚན་ནག་གསུབ་ཐོངས་ཤིག་ཅེས་བཙན་བཀའ་བསྒྲགས་པས། རྩོམ་སྒྲིག་པའི་རྒྱབ་ཏུ་ཇོ་ནང་དགོན་པའི་བླ་གྲ་ཡོངས་ལངས་ཏེ་ཞུ་གཏུགས་བྱས་སྟབས། དེབ་དེ་རང་འཇགས་མི་བྱེད་ཐབས་མེད་བྱུང་ཡོད། དེབ་དེའི་མིང་ལ་༼གཏོར་བཤིག་དང་གསར་བསྐྲུན་གྱི་བང་རྩལ་༽ཟེར་གྱི་ཡོད་ལ། དཔར་བསྐྲུན་བྱེད་ལོ་ཕྱི་ལོ་ ༢༠༠༠ རེད་འདུག གཟིགས་འདོད་ཡོད་ན་གངས་སྐྱིད་དཔེ་མཛོད་ཁང་ལ་ཕེབས་དང་དེར་འདུག ང་དེ་རིང་དེར་ཕྱིན་ནས་བལྟས་པ་ཡིན། འོན་ཀྱང་དེབ་དེའི་ནང་དུ་རྩོམ་སྒྲིག་པ་སུ་ཡིན་འཁོད་མི་འདུག གཅིག་བྱས་ན་ཁོང་ལ་དེའི་དབང་ཚད་ཀྱང་མ་སྤྲད་པ་ཡིན་རྒྱུ་རེད། མི་བདེན་འདོད་ན་ཁྱེད་ཚོས་རྩར་ཆོད་དང་ཤེས་ནི་རེད། དེའི་སྐབས་ཇོ་ནང་ཚང་གིས་༧གོང་ས་ཡིད་བཞིན་ནོར་བུའི་བྱམས་བརྩེའི་གཟིགས་སྐྱོང་བློས་མ་ཐོངས་པར་བཞག་ནི་རེད་མ་གཏོགས། བྱ་བཞག་འདི་ལ་སུ་ཞིག་གིས་བཟོད་བསྒོམ་བྱེད་རྒྱུ་རེད་དམ། གལ་ཏེ་དེ་དུས་ང་རྒྱ་གར་དུ་ཡོད་རྒྱུ་ན་རང་སྲོག་དོར་དགོས་བྱུང་ཡང་དོར་ཐུབ་ཐག་ཆོད་ཡིན།
ཁྱེད་ཀློག་མཁན་རྣམ་པས་གཟིགས་དང་། ཇོ་ནང་གི་མཚན་ཙམ་ཡང་དགོན་པའི་ལོ་རྒྱུས་སུ་འཁོད་མི་ཆོག་པ་ཅི་ཡིན་ནམ། འདི་གཞུང་ཞིག་གིས་རང་གི་མི་སེར་ལ་འཛིན་པའི་སྲིད་བྱས་ཤིག་རེད་དམ། རྒྱ་ནག་གཞུང་གིས་ཀྱང་བོད་མི་རིགས་ཐོག་འདི་འདྲའི་སྲིད་བྱས་ཤིག་བཟུང་ཨེ་ཡོད་དམ། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་མེད་གཏོང་རྒྱུའི་འཆར་གཞི་ཡོད་མེད། དངོས་སུ་རྒྱ་ནག་་གཞུང་གི་ཡིག་ཐོག་ནས་བོད་མི་རིགས་ཀྱི་མིང་ནག་གསུབ་གཏོང་དགོས་ཞེས་བྲིས་མི་འདུག
གནད་དོན་འདི་བོད་ཕྱི་ནང་གཉིས་སུ་ཁྱབ་རྗེས་ཇོ་ནང་པ་ཡོངས་ཀྱི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད། ཡིན་ན་ཡང་༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་ལས་འདའ་བར་མ་བཟོད་དེ་སྡིག་པ་མིག་བཙུག་བྱས་ནས་བསྡད་ཡོད། དེ་ཙམ་ཤིག་ནས་ཇོ་ནང་ཚང་གིས་བཙན་བྱོལ་བོད་གཞུང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་སྙན་བསྐུལ་གྲངས་མེད་པ་ཞུས་ཀྱང་། གཞུང་གིས་སྣང་མེད་བྱས་ནས་བཞག་ཡོད།
ད་དུང་ཇོ་ནང་སྨོན་ལམ་ཐེངས་དང་པོ་འཚོགས་སྐབས་ཆོས་རིག་ལས་ཁུངས་ནས་མཐོང་ཆུང་གིས་ཧིན་སྒོར་དྲུག་ཅུས་ཞལ་འདེབས་བྱས་པ། སྨོན་ལམ་གྲ་སྒྲིག་ཚོགས་པས་མ་བླངས་པའི་ལོ་རྒྱུས་ཀྱང་ཡོད།
ན་ནིང་གངས་སྐྱིད་དུ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ལས་ཁུངས་དབུ་འབྱེད་ཐོག ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ཀྱིས། ང་ཚོ་གཞུང་གིས་ཇོ་ནང་ཚང་ལ་ཆོས་བརྒྱུད་གཞན་དང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲད་ཡོད་ཅེས་ཧམ་བཤད་བྱས་པ་ང་རང་གིས་དངོས་སུ་ཐོས།
མཐར་གཏུགས་ན་བཙན་བྱོལ་ཁྲོད་ཇོ་ནང་ཚང་ལ་འགྲོ་བ་མིའི་ཐོབ་ཐང་མེད། ཡོད་ན་ཆོས་བརྒྱུད་སྤྱི་འཐུས་འདེམས་རྒྱུའི་དབང་ཚད་ཅིས་ཕྱིར་མེད་པ་རེད་དམ།
ཇོ་ནང་ཚང་ལ་སྨྲ་བརྗོད་རང་དབང་མེད། ཡོད་ན་ཚོགས་འདུ་ཆེ་ཆུང་གང་གི་ཐོག་ཇོ་ནང་ཚང་ལ་གཏམ་བཤད་བྱེད་རྒྱུའི་ཐོབ་ཐང་མེད་པ་རེད་དམ།
ཇོ་ནང་ཚང་བོད་ཀྱི་མི་གྲལ་དུ་བཞག་མེད། ཡོད་ན་བཙན་བྱོལ་ཁྲོད་ཐོབ་ཐང་གཅིག་མཚུངས་ག་རེ་བྱས་ནས་མ་ཡོད་པ་རེད་དམ།
ཇོ་ནང་ཆོས་བརྒྱུད་བོད་ཀྱི་ཆོས་གྲལ་དུ་བཞག་མེད། ཡོད་ན་ཆོས་ལུགས་ཚོགས་ཆེན་འཚོགས་སྐབས་ཇོ་ནང་ཚང་ནང་དུ་ག་རེ་བྱས་ནས་མ་བཞག་པ་རེད་དམ།
འོན་ཀྱང་ད་དུང་ཇོ་ནང་ཚང་གིས་བཙན་བྱོལ་བོད་མི་སྤྱི་མཚུངས་བཞིན། དངས་བླངས་དཔྱ་ཁྲལ་ཆད་མེད་ཕུལ་བཞིན་ཡོད་ལ། གཞིས་ལུས་ཇོ་ནང་པ་རྣམས་ཀྱིས་ཀྱང་བོད་དོན་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད། དཔེར་ན་ད་ལོར་ཆགས་བཞག་ན། ལོ་ལྟར་འཚོགས་བཞིན་པའི་གཞན་སྟོང་བགྲོ་གླེང་ཆེན་མོ་རྔ་བའི་འབྲོག་དགེ་དགོན་དུ་རྒྱ་གཞུང་གིས་འཚོགས་མ་བཅུག་པས་མགོ་ལོག་ཏུ་འཚོགས་འཆར་ཡིན་པས་མཚོན་ཐུབ།
དེ་ལྟར་ཞིབ་འདང་ཞིག་བརྒྱབས་ན། བཙན་བྱོལ་གཞུང་གིས་ཇོ་ནང་ཚང་ལ་མཐོང་ཆུང་བྱེད་རྒྱུ་ཚད་ལས་བརྒལ་ཡོད་པས་ད་ནི་ཅིང་ཀྱང་བསམ་བློ་གཏོང་རན་འདུག དེད་དེད་ན་སྦལ་བ་ཡིན་རུང་ངོ་སྡང་ཟེར་བའི་དཔེ་ལྟར། ང་ཚོས་ཀྱང་བསམ་བློ་གཞན་པ་ཞིག་མི་གཏོང་ཐབས་མེད་ཡིན་ལ། འདེམས་ཁ་གཞན་ཞིག་མི་འདེམས་ཐབས་མེད་ཡིན་པས། བཀའ་ཁྲི་བློ་བཟང་སེང་གེས་གནད་དོན་འདི་ཐག་གཅོད་བྱས་ན་དགེ་མཚན་ཆེ་ལ། ཁྱེད་རང་གི་ལངས་ཕྱོགས་ཆིག་བསྒྲིལ་ལ་ཡང་ཁ་མིན་དོན་གྱི་ནུས་པ་ཐོན་ཡོད། དེ་མིན་ཆིག་སྒྲིལ་ཟེར་བ་ཁ་ཙམ་དུ་ལུས་པར་གདོན་མི་ཟའོ༎
དྲ་གྲོགས་རྒྱང་མིག་ལགས། སྐུ་ཉིད་རྦེད་དེ་ནོར་སོང་ཐལ། ང་ཚོ་ཇོ་ནང་པ་དག་དོལ་ཚོགས་ལས་ཀྱང་འཚབ་ཆེ་བ་འདུག ཅེས་པ་འདི་རྦེད་དེ་བསམ་བློ་མ་བཏང་བའི་སྐད་ཆ་ཞིག་རེད། ངས་ལྟས་ན་བཙན་བྱོལ་བོད་གཞུང་གིས་ང་ཚོ་ལ་དོལ་ཚོགས་ལས་ཀྱང་དམན་པར་བཟུང་སྟེ། གཞི་རྩིའི་འགྲོ་བ་མིའི་ཐོབ་ཐང་ཡང་སྤྲད་མ་སོང་། ༸གོང་ས་མཆོག་གིས་མུ་མཐུད་དེ་ཇོ་ནང་ཚང་གི་བསྟན་པ་འདི་གལ་ཆེན་ཡིན་ཚུལ་དང་དེ་བརྒྱུད་འཛིན་བྱེད་དགོས་ཚུལ་གསུངས་དང་གསུང་མུས་སུ་ཡོད་ཀྱང་། བཙན་བྱོལ་བོད་གཞུང་གིས་ངེད་ཇོ་ནང་གི་བསྟན་པ་རྒྱུད་འཛིན་བྱེད་མཁན་རྣམས་ནི་༸གོང་ས་མཆོག་གི་སྐྱབས་འོག་ཏུ་མེད་པའམ་ཡང་ན་ཇོ་ནང་ཞེས་པ་དེ་བོད་ཀྱི་ཆོས་རྒྱུད་ཅིག་གི་ངོ་བོར་ཡང་ངོས་འཛིན་བྱས་མེད། ང་རང་ལ་མཚོན་ན་ཇོ་ནང་གི་བསྟན་པར་དད་པ་ཡོད་པ་ཙམ་ལས་དེའི་ལུང་རྟོགས་ཀྱི་ཡོན་ཏན་ཆ་ཚང་བ་ཤེས་མཁན་ཞིག་མིན་མོད། འོན་ཀྱང་། ང་རང་ཡང་ནང་པ་ཞིག་ཡིན་པ་གང་ཞིག་ལ་ང་རང་ཉིད་ཀྱི་བློ་ཁ་དང་འཚམས་པའི་ཆོས་ལུགས་ཤིག་ཡོད་པ་དེར་དད་དམ་གཙང་མ་ཡོད་མཁན་ཞིག་ཡིན། དེ་བཞིན་ངེད་ཇོ་ནང་ཚང་གི་གྲུབ་མཐའ་འདི་ཡང་ཕྱོགས་གང་ཐད་ནས་བསམ་བློ་བཏང་ཡང་། རྙིང་མ་པ་དང་། ས་སྐྱ་པ། ནང་བཞིན་གྲུབ་མཐའ་རང་རྐྱ་འཕེར་བ་ཞིག་ཡིན་པ་གང་ཞིག་ལ། དགོན་པ་རང་རྐྱ་བ། ལྷ་སྡེ་རང་རྐྱ་བ། མདོར་ན་བླ་མ་བརྒྱུད་རིམས་ནས་བཟུང་ཇོ་ནང་གི་བསྟན་པ་འདི་གྲུབ་མཐའ་གཞན་དང་བསྡུར་ན་འདྲ་འདྲ་ཞིག་ལས། འདི་ལ་དམིགས་བསལ་མཐུང་ཆུང་དང་སྣང་མེད་བྱེད་དགོས་དོན་ཡེ་ནས་མ་མཆིས། ལྷག་པར་དུ་བོད་ནང་ཁུལ་ལ་མཚོན་ན། ཇོ་ནང་ཞེས་བཤད་དུས་བདག་གཞན་ཚང་མས་གྲུབ་མཐའ་རང་རྐྱ་བ་ཞིག་ལ་ངོས་འཛིན་བྱེད་པ་ལས། འདིར་བཙན་བྱོལ་བོད་གཞུང་ལྟར་མཐོང་ཆུང་དང་། སྣང་མེད། ཁྱད་གསོད་ད་བར་བྱེད་མ་མྱོང་། དེར་བརྟེན་ང་རང་སྟེང་ལ་མཚོན་ན་ཡང་། འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཇོ་ནང་གི་བསྟན་པ་རིན་པོ་ཆེ་འདི་སྣང་མེད་དང་། ཁྱད་གསོད། མཐོང་ཆུང་བྱས་ཡོང་དུས། སེམས་ནང་ལ་མི་བདེ་བ་ཞིག་ཏན་ཏན་ཡོང་གི་འདུག ལྷག་པར་དུ་ང་གཅིག་བུ་མ་ཡིན་པར། ང་དང་ང་འདྲ་བའི་ཇོ་ནང་གི་བསྟན་པའི་རྗེས་འཇུག་པ་མང་པོ་ཞིག་གིས་རང་ཉིད་ཀྱི་བསྟན་པ་འདི་ཉམས་གསོ་དང་བརྒྱུད་འཛིན་ཆེད་བཙན་བྱོལ་དུ་ཡོང་བ་མ་ཟད། བཙན་བྱོལ་བོད་གཞུང་གི་སྐྱབས་འོག་ཏུ་ད་བར་དུ་བསྡད་པ་རེད། འོན་ཀྱང་། འདིར་བཙན་བྱོལ་བོད་གཞུང་གིས་ང་ཚོ་འདི་བཞིན་སྣང་མེད་དང་། ཁྱད་གསོད། མཐོང་ཆུང་བྱས་ཡོང་དུས། ང་ཚོས་ཀྱང་དེ་ལུགས་བསམ་བློ་ཞིག་མི་གཏོང་རང་གཏང་རེད།
ཚང་མས་ཤེས་གསལ་ལྟར། ངེད་ཇོ་ནང་ཚང་གིས་གོང་རིམ་ལ་ཞུ་གཏུགས་དང་སྙན་ཞུ། ཐ་ན་རྒྱབ་སྐྱོར་གྱི་ཡི་གེ་ལ་སོགས་པ་བླངས་ཏེ་རེ་བ་བྱས་ཀྱང་། ད་དུང་དེ་ལ་ཉན་འཇོག་ཙམ་ཡང་མ་བྱས་ན། ད་ནི་ངེད་ཅག་ལ་ཡང་རེ་བ་མེད་སོང་བ་རེད། ངས་ཇོ་ནང་པ་ཚང་མས་ཚབ་བྱས་ཏེ་སྐད་ཆ་འདི་བཤད་མི་ཐུབ་མོད། འོན་ཀྱང་། ང་དང་འབྲེལ་བ་ཡོད་པའི་ཇོ་ནང་པ་གཞིས་བྱེས་གཉིས་ཀ་ཚུད་པའི་སྐྱ་སེར་མང་པོ་ཞིག་གིས་ཁ་གཅིག་གྲག་གིས། བཙན་བྱོལ་བོད་གཞུང་གིས་ངེད་ཇོ་ནང་པ་དག་ཕྱིར་ཕུད་བཏང་སོང་ཞེས་བཤད་བཞིན་པ་ཡོངས་གྲགས་རེད། དེར་བརྟེན་ནམ་ཞིག་གནས་སྟངས་འདི་ཛ་དྲག་ཅན་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད། སྐབས་དེར་ཇོ་ནང་ཚང་གིས་ཅིག་བྱས་སོང་ཉིག་བྱས་སོང་ཟེར་སྲིད་ཀྱང་། དེ་ནི་རྦེད་དེ་འཕྱི་དྲག་པ་རེད། ཅིག་བྱས་ན། ཇོ་ནང་པ་དག་དོལ་ཚོགས་ལས་ཀྱང་ཉན་ཁ་ཆེ་སྲིད། རྒྱུ་མཚན་ནི། དོལ་ཚོགས་ཀྱིས་ལྷ་སྲུང་བསྟན་ཕྱོགས་ཤིག་བཤད་པ་དེ་རེེད། ངེད་ཇོ་ནང་ཚང་ལ་མཚོན་ན་ཆོས་རྒྱུད་ཅིག་གི་གནད་དོན་རེད། ཆོས་རྒྱུད་འདི་མི་དགོས་པ་ཡིན་ན། ཆོས་རྒྱུད་གཞན་དག་ཅིས་ཕྱིར་དགོས་པ་རེད། གལ་ཏེ་ཆོས་རྒྱུད་གཞན་དག་དགོས་པ་ཡིན་ན། ངེད་ཇོ་ནང་གི་ཆོས་རྒྱུད་འདི་ཅིས་ཕྱིར་མི་དགོས་པ་རེད། ངེད་ཇོ་ནང་པ་དག་བོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་དམ། གལ་ཏེ་ཡོད་ན། བོད་པ་ལ་བོད་པའི་ཐོབ་ཐང་ཅིས་ཕྱིར་མ་སྤྲད་པ་རེད། དེ་མིན་ངེད་ཇོ་ནང་པ་དག་བོད་པ་མ་ཡིན་པའི་བསྒྲུབ་བྱེད་འདྲ་ཡོད་ན་ཁུར་ཤོག ང་ཚོས་འདི་ནས་ཅི་ཙམ་བསམ་ཤེས་བྱེད་ཁུལ་བྱས་ཀྱང་། ཁྱེད་བཙན་བྱོལ་བོད་གཞུང་གི་ངོས་ནས་བསམ་བློ་མ་བཏང་བ་ཡིན་ན། ང་ཚོས་ཀྱང་ལམ་ཁ་གཞན་ཞིག་གདམས་ལས་ཐབས་ཤེས་གཞན་མ་མཆིས། དྲང་མོར་བཤད་ན། རང་ཉིད་ཀྱི་བསྟན་པ་རིན་པོ་ཆེ་དང་དེ་འཛིན་གྱི་སྐྱེས་བུ་དམ་པ་དག་གི་ཆེད་དུ་རང་སྲོག་ཤོར་སོང་ཡང་འགྱོད་པ་སྤུ་ཙམ་ཡང་མེད། ཤེས་དགོས་པ་ཞིག་ལ། ངས་༸གོང་ས་མཆོག་ལ་སྐུལ་བ་འདེབས་ཀྱི་མེད།
ཤེས་རབ་འབྱུང་གནས་ཀྱིས་བདེན་པ་ངོ་མ་དེ་གསུང་འདུག
སྐད་ཆ་ཉུང་བསྡུས་བཤད་ན། ཇོ་ནང་བ་ལ་ད་བར་ྋགོང་ས་སྐྱབས་མངོན་ཆེན་པོས་ཇི་ཙམ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་གནང་འདུག བཙན་བྱོལ་གཞུང་བཀའ་སྤྱི་གཉིས་ཀྱི་ལས་ཁུང་གང་གིས་ཡང་ད་བར་དུ་མཐོང་ཆེན་དང་གཙིག་འཛིན་ག་ཚོད་བྱས་ཡོད། གལ་སྲིད་སྣང་ཆུང་དང་། རྒྱབ་སྐྱོར་གྱི་ལས་ག་གཅིག་ཀྱང་བྱས་མེད་ན། ྋགོང་མཆོག་གི་རྗས་སུ་འཇུག་གི་མ་ཡོད་པ་མ་རེད་དམ། དེ་བཞིན་དུ་ཇོ་ནང་བ་ཁ་ཆེ་དང་ཡེ་ཤུ་བ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་ནི་ནམ་ཡང་འགྲུབ་པ་མེད་པ་ཡིན་པ་བློ་ལྡན་སུས་ཀྱང་ཤེས་སླ། དེ་བཞིན་བོ་དུང་སོགས་ཀྱི་རྗས་འཇུག་ཡོད་མེད་གཅིག་མཚུངས་ཡིན་པར་སེམ་ཡང་དེ་དང་དེ་བཞིན་ནོ།
ཤེར་འབྱུང་ལགས་ངས་ཇོ་ནང་གཅིག་པུ་ལ་ཐོབ་ཐང་དགོས་མིན་བཤད་ཀྱི་མེད་ཆོས་རྒྱུད་ཚང་མ་ཇོ་ནང་བཞིན་ཐོབ་ཐང་མི་དགོས་ཟེར་ཀྱི་ཡོད། ད་ལྟ་བར་དུ་ཆོས་རྒྱུད་ཚོས་ཐོབ་ཐང་མང་པོ་བླངས་པ་རེད། ཡིན་ནའང་ད་དགའ་ལྡན་ཕོ་བྲང་མི་སྒེར་ཀྱི་བླ་བྲང་དུ་འགྱུར་པ་དང་མཉམ་དུ་བོད་རྒྱལ་ཁབ་ངོ་བོ་འཇིག་རྟེན་འཚོ་བ་ལ་ཁ་ཕྱོགས་པའི་འགོ་བཙུག་པ་རེད། ཆོས་རྒྱུད་ཚོས་ད་ཕྱི་མ་ཕན་པའི་ཆོས་རེ་བསྒྲུབ་ཨེ་ཐུབ་ལྟོས། མ་ཐུབ་ན་ཕྱི་ནང་མཚུངས་པའི་འཇིག་རྟེན་པ་ཡང་དག་པ་ཞིག་བྱེད་རོགས།
རྒྱང་མིག་ལགས། ཇོ་ནང་ཚང་གིས་འགྲོ་བ་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ཞིག་བཤད་ཀྱིན་ཡོད་པ་དེ་རེད་མོས། ཁྱེད་ཀྱིས་ཆུང་ཆུང་ཆེན་པོ་མ་བཟོས་ན་ཡག་གི་རེད། མཐར་གཏུགས་ན་བོད་ཀྱི་རྩ་དོན་ཡང་ཐོབ་ཐང་ཞིག་རྩོད་ཀྱིན་ཡོད་པ་རེད། དེ་དོལ་ཚོགས་ལས་ཀྱང་ཉེན་ཚབ་ཆེ་ཟེར་བའི་སྐད་ཆ་འདི་ངོ་མ་རྫབ་ཆེན་རེད།
དོལ་ཚོགས་ཀྱིས་བོད་གཞི་བྱེས་གཉིས་སུ་རྙོག་དྲ་ཅི་ཙམ་བཟོས་སོང་ཚང་མས་ཤེས་གསལ་རེད། ལྷག་པར་དགའ་ཁྲི་ཟུར་བས་དེང་སྐབས་རྒྱ་ནག་དང་འབྲེལ་བ་བྱས་ཏེ་དོལ་ཚོགས་དང་སྐྱིད་སྡིག་གཅིག་པ་བྱེད་བཞིན་ཡོད་པ་འདི་ངོ་མ་ཆེས་ཆེ་བའི་ཉེན་ཁ་ཞིག་རེད། ད་ཐེངས་ཆོས་ལུགས་ཚོགས་ཆེན་ཐོག་ནས་དེའི་སྐོར་ཐག་གཅོད་བྱས་ན་བཟང་སྙམ།
ཇོ་ནང་ཚང་གི་གནད་དོན་འདི་ལ་ཉེན་ཁ་གང་ཡང་མེད་མོད། འགྲོ་མིའི་སེམས་ཚོར་དང་བོད་གཞི་བྱེས་གཉིས་ཀྱི་སྐྱིད་སྡུག་མཉམ་མྱོང་དང་། རྒྱ་ནག་གི་མདུན་ནས་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་ཡིན་པ་དང་། བཙན་བྱོལ་བོད་གཞུང་བོད་མི་ཡོངས་ཀྱི་གཞུང་ཡིན་པ་ཤེས་སུ་འཇུག་ཆེད། ཇོ་ནང་ཚང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་རྒྱུ་ཕྱི་མེད་ན་སྔ་མེད་པས། ཆོས་ལུགས་ཚོགས་ཆེན་ཐོག་ངེས་པར་དུ་ཐག་གཅོད་བྱས་ན་བཟང་བར་འདོད།
གལ་ཏེ་ཇོ་ནང་གི་གནད་དོན་འདི་སྔར་བཞིན་སྣང་མེད་བྱས་ན། ཇོ་ནང་ཚང་གིས་རྙོག་གྲ་མི་བཟོ་བ་ཐག་གཅོད་བྱེད་ཐུབ་མོད། གཞི་བྱེས་གཉིས་ཀྱི་ཇོ་ནང་ཡོངས་ཀྱིས་བཙལ་བྱོལ་གཞུང་ལ་ཡིད་ཆེས་རྩ་བ་ནས་བརླག་ཏེ། གཅིག་བྱས་ན་རྒྱ་གར་དུ་ཡོད་པའི་ཇོ་ནང་པའི་བླ་གྲྭ་དང་ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་སྡེར་གཏོགས་ཚད་ཕྱིར་བོད་དུ་ལོག་རྒྱུར་ཐེ་ཚོམ་མི་འདུག་པས། གནད་དོན་འདི་བཙན་བྱོལ་གཞུང་གི་གནད་ཡོད་རྣམས་ཀྱིས་ཤེས་དགོས་ཀྱི་འདུག
ངས་བྱས་ན་ཇོ་ནང་ཚང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲོད་རྒྱུ་འདི་བོད་ཀྱི་གནད་དོན་དང་འབྲེལ་བ་ཆེན་པོ་འདུག་པས། མགྱོགས་མྱུར་དུ་ཐག་གཅོད་བྱས་ན་བཟང་བར་འདོད་དོ།།
ཨོ་ཧོ་ཧོ་་་་་་ཡང་ཆོས་ལུགས་ཀྱི་རྙོག་གླེང་ཞིག་ལངས་ཡོང་ས་རེད། ཕྱི་དགྲ་རྒྱ་དམར་ལས་ནང་དགྲ་ལ་སྙིང་ནད་ཆེ་ཟེར་སྟངས་ལ་བལྟས་ན་དོལ་ཚོགས་ལས་ཀྱང་འཚབ་ཆེ་བ་འདུག ད་རྒྱལ་པོ་གླང་དར་མ་ལྟ་བུ་ཞིག་མེད་ན་ཆོས་ལུགས་ཀྱིས་བོད་ལ་སྡོད་བཅུག་ས་མ་རེད། ཚང་མ་གཙང་བཟོ་བྱས་ན་ཡག་ཤོས་རེད། གང་ཡིན་ཟེར་ན་བོད་རྒྱལ་ཁབ་ཕན་པ་ལས་གནོད་ཆེ་བ་དང། བོད་ཀྱི་འཐབ་རྩོད་ཀྱི་འགོག་རྐྱེན་དུ་གཞན་གྱིས་བེད་སྤྱོད་གཏོང་སླ་བས་སོ།།
བཙན་བྱོལ་པ་ཁྱོད་ཀྱི་སྤྲུལ་སྐུ་འི་ཡང་སྲིད་ལམ་ལུགས་ཐོག་བསམ་ཚུལ་བྲིས་ནང་སྔར་སྲོལ་ལྟར་དགོས་ཚུལ་བྲིས་པ་སྒྲིག་རུང་རྒྱ་ནག་གིས་༧གོང་ས་མཆོག་ལ་སྐྱོན་འཛུག་བཤད་ལྟངས་ཀྱི་ལེན་ཟློས་བྱེད་དགོས་དོན་མི་འདུག་སྙམ།།
ཚོགས་ཆེན་འདིའི་སྟེང་ནས་རི་བོ་དགེ་ལུགས་པའི་ཁྲི་ཟུར་ཞིག་གིས་རྒྱ་ནག་གི་ལམ་སྟོན་ལག་བསྟར་གྱིས་པན་ཆེན་བརྫུན་མར་ཐུགས་པ་མ་ཟད། དོལ་རྒྱལ་རྗེས་འབྲངས་པ་ཚོ་དང་ལྷན་དུ་མཉམ་ཟ་མཉམ་བསྡོད་བྱས་པར་ངོས་འཛིན་ག་འདྲ་གནང་རྒྱུ་ཡིན་ནམ། ཡང་མིན་ན་མཐོང་ཡང་མ་མཐོང་བའི་ཚུལ་དུ་ངན་པ་རྒྱ་ཡངས་སུ་གཏོང་རྒྱུ་རེད།
ཇོ་ནང་སྐོར་དང་དགེ་སློང་མའི་སྡོམ་རྒྱུན་སྐོར་འདི་ལོ་དུ་མིན་ཞིག་གི་སྔོན་ནས་ཚོགས་ཐོག་ཏུ་ཁྱེར་ཡོང་གིན་ཡོད་ཀྱང་གཏན་འབེབས་འདི་བྱུང་ཟེར་བ་ཞིག་ནམ་ཡང་གོ་རྒྱུ་མི་འདུག་པས་ད་རེས་ཀྱི་ཚོགས་ཐོག་ནས་ཀྱང་ཐག་མ་ཆོག་ཚེ་ད་དུང་ཅི་ཙམ་བར་དུ་སྒུག་དགོས་མིན་སུས་ཤེས། སྐབས་རེ་བསམ་བློ་བཏང་ན་གྲུབ་འབྲས་མཐོང་རྒྱུ་མེད་པའི་ཆོས་ལུགས་ཚོགས་ཆེན་འདི་གཞུང་གི་དངུལ་གྲོན་རོགས་མིན་འགྲོའང་སྙམ་མོ།
བོད་ཀྱི་རིགས་གཞུང་ཡར་རྒྱས་གཏོང་ཕྱོགས་ཐད་བསམ་ཚུལ། ངེས་པར་བསྒྲུབ་དགོས་པའི་རེ་བ། མཁྱེན་བརྩེ་ནུས་གསུམ་གྱི་རབ་ཏུ་ཕྱུགས་པས་འཛམ་གླིང་གོ་ལ་ཧྲིར་པོར་ཞི་བདེ་ཐུགས་བཅང་སློད་མེད་ཀྱི་མཆོག་དུ་བཀུར་འོས་པའི་སྐྱེ་ཆེན་དམ་པའི་དབུ་ཁྲིད་དང་ལམ་བསྟོན་འོག་འཚོལ་བའི་ཆོས་རོགས་དབུ་ལས་ཡོངས་དང་ཆོས་ལུགས་ཚོགས་ཆེན་ཀྱི་ཚོགས་མི་རྣམས་ཀྱི་དྲུང་དུ།
གུས་སེར་བྱེས་གྲྭ་ཚང་གི་གྲྭ་ག་གེ་མོ་ཞིག་ནས་ཆེད་ཞུ།
བཙན་བྱོན་བོད་གཞུང་གི་ཁྱབ་ཁུང་ན་གནས་པའི་བོད་རིགས་སྤུན་ཟླ་ཡོངས་དང་འགྲོ་བ་སྤྱི་ལ་བསམ་ཤེས་བྱས་ཏེ་མཐར་ཕྱིན་སློབ་མ་རྣམས་གནས་གཅིག་དུ་འདུ་བསྐོང་གྱིས་ཆེ་ལས་སློབ་གྲྭ་འཛུགས་རྒྱུ་དང་ལྷག་པར་
བོད་ཀྱི་ཡིག་རིགས་གཙོ་པོར་ཐོག་འཁོར་ཡིག་བསྐྲུན་རྒྱུ་དང་མཐར་ཕྱིན་སྐབས་ཕྱི་ཕྱོགས་སུ་ཆེ་ལས་སློབ་གྲྭ་
ཁག་ལ་གཏོང་ཐུབ་བྱེད་རྒྱུ།
སེར་མོའི་བའི་ནང་དགེ་ལུགས་པ་ལ་མཚོན་ན་དགེ་ལུགས་མ་དགོན་རྒྱ་བསྐྱེད་བྱས་ཏེ་དགེ་ལུགས་ནང་བསྟན་མཐོ་རིམ་སློབ་གྲྭ་ཆེན་མོ་བཙུགས་ཏེ་འཁོར་ཡིག་བསྐྲུན་རྒྱུ་དང་སློབ་མ་གདན་ས་ཁག་ནས་ལོ་ལྟར་དགེ་ལུགས་རྒྱུགས་སྤྲོད་པ་རྣམས་སློབ་གྲྭ་དུས་སློབ་མ་བྱེད་རྒྱུ་དང་། ལོ་ངོ་དྲུག་ལ་འཛིན་རིམ་དྲུག་བྱས་ནས་གཞུང་བཀའ་བོད་ལྔ་དང་སྔགས་བོད་ཀྱི་རིགས་གནས་རྩིས་དང་རྒྱ་རབ་ལོ་རྒྱས་དབྱིན་ཡིག་ཚན་རིགས་བཅས་སློབ་ཚན་འཛུགས་རྒྱུ་དང་གསར་ཞུགས་རྣམས་ལོ་རེ་ལྟར་གདན་ས་ཁག་ནས་བཏང་བའི་དགེ་ལུགས་རྒྱུགས་སྤྲོད་པ་རྣམས་བྱས་ནས་བཞུགས་ས་དང་ཁ་ལག་ཡང་སློབ་གྲྭ་དུས་ནང་གོ་སྒྲིགས་བྱེད་ཐུབ་ཞིག་ཡོང་བའི་རེ་བ་དང་།
མཐར་ཕྱིན་སློབ་ཐོན་པ་རྣམས་ཕྱི་ཕྱོགས་ཁག་ལ་ཆེ་ལས་སློབ་སྤྱོང་ལ་གཏོང་ཐུབ་བྱེད་རྒྱུ་ཞིག་བྱུང་ན་མའོང་
འཛམ་གླིང་ཞི་བདེ་བསྐྲུན་ཐུབ་ལ་ཕན་པ་གལ་ཆེན་པོར་མཐོང་ཡོད།
ཆོས་སྡེ་ཁག་གཞན་ལ་ཡང་གཅིག་མཚུངས་བྱས་ཏེེ་འཁོར་ཡིག་བསྐྲུན་རྒྱུ་གལ།
དེ་ལྟར་བསམ་ལོ་འཁོར་གཏོང་དགོས་པའི་རྒྱུ་མཚན་ཡང་།
བོད་ནི་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་པ་དང་ཆོས་དེ་ཡང་འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་ཡིན་པས་གལ་ཆེ་བའི་རིག་གཞུང་ཞིག་ཆགས་ཡོད་གང་ཡིན་ཟེར་ན་ད་ལྟ་འཛམ་གླིང་ནང་ཚན་རིགས་གི་འགྲོ་བས་རེ་བ་བསྐོང་པ་ཞིག་སྣང་གི་ཡོད་དེ་ཡང་ཕྱིའི་དཀའ་ངལ་སེལ་བ་ལྟ་བུ་ཞིག་ཆགས་ཡོད་ཀྱང་ནང་གི་དཀའ་ངལ་ད་དུང་ཆེ་རུ་སོང་ཡོད་པས་དེ་སེལ་ཐུབ་ལ་ང་ཚོའི་ཆོས་དེ་གལ་ཆེན་པོར་ཆགས་ཡོད།ཚན་རིགས་པས་དོན་སྣང་བྱེད་བཞིན་པའི་སྐབས་དང་བསྟུན་ང་ཚོའི་ངོས་ནས་ཀྱང་འཛུགས་བསྐྲུན་བྱེད་དགོས་པར་མཐོང་།
དེ་བསྒྲུབ་པ་ལ་འོས་འགན་དེ་སེར་མོ་བ་ཡོད་པ་དང་བསྒྲུབ་ཐུབ་པ་དང་བསྒྲུབ་དགོས་པ་ཞིག་ཡིན་པར་འདུག་ལགས་ན
གུང་གི་རེ་འབྲས་རྣམས་དེ་བཞིན་དུ་འགྲུབ་པས་རེ་བ་དང་བཅས།
སྤྱིལོ ༢༠༡༡ཟླ༩ཚེས༡༦ ལ
ཟླ་ཤས་སྔོན་༸གོང་ས་མཆོག་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་ལ་ཁོང་གི་ཡང་སྲིད་ཀྱི་སྐོར་ལ་རིང་མིན་དྷ་སར་ཆོས་བརྒྱུད་ཁག་ལྷན་འཛོམས་ཀྱིས་ཚོགས་འདུ་ཞིག་སྐོང་གི་ཡོད་པ་དེའི་ནང་དུ་བགྲོ་གླེང་ཡོང་གི་རེད་གསུངས་བྱུང་། ཕལ་ཆེར་ཚོགས་ཆེན་འདིའི་ནང་དུ་ཡིན་གྱི་རེད། ཁོ་བོའི་བསམ་འཆར་ནི། བླ་སྤྲུལ་གྱི་ཡང་སྲིད་ཀྱི་སྐོར་དེ་གནའ་སྔ་མོའི་ལམ་ལུགས་གཞིར་བཟུང་ནས་འགྲོ་ཐུབ་ན་ལེགས་པ་ལས། ཡེ་ཤུའི་ཆོས་ལུགས་ཀྱི་བླ་ཆེན་བསྐོ་སྟངས་ལྟར་འགྲོ་དགོས་ན་བོད་ཀྱི་ནང་ཆོས་ཀྱི་སྤྲུལ་སྐུའི་ལམ་ལུགས་སམ་སྐེྱ་བ་ཕྱི་མའི་རྣམ་གཞག་གི་གཞིར་སྟོར་བར་གྱུར་རོ། །བྱས་ཙང་། བོད་ཀྱི་ནང་ཆོས་སྐོར་ལ་ཤེས་རྟོགས་མེད་མཁན་རྣམས་ཀྱིས་ཡང་སྲིད་དེ་ཡེ་ཤུའི་བླ་ཆེན་བསྐོ་སྟངས་ལྟར་འགྲོ་དགོས་ཟེར་བ་ནི་མགོ་མ་ཚོས་པའི་གཏམ་དུ་འཁུམས་སོ། །
༨༽ ལ་རྒྱའི་བདག་པོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༤ གི་ཆུ་ཚོད་ ༡༦ སྐར་མ་ ༢༤
ཀྱེ་མ་གསོན་དང་དྲ་གྲོགས་བློ་ལྡན་ཚོ།།
ཡང་གཅིག་གསོན་དང་རང་དབང་ལྷ་མོ་ལགས།།
བསམ་ཞིབ་མཛོད་དང་ཕྱག་རོགས་བཀའ་བློན་ཐད།།
གང་བསྐོ་སུ་འདེམས་མངོན་ཤེས་ཤོད་རན་འདུག།
མངོན་ཤེས་མེད་ན་རིགས་པས་བསྒྲུབ་རན་འདུག།
དྲུག་གསུམ་བཅོ་བརྒྱད་བསམ་བློ་ཅི་བཏང་ཡང་།།
བཀའ་ཡི་བློན་པོ་ག་བཏང་གོ་ཆོད་དུ།།
༡༽འབྲོང་ཆུང་དངོས་གྲུབ་རང་ཚུགས་བརྟན་པ་ཡིས།།(དབུས་གཙང་།)
བདེ་སྲུང་བཀའ་བློན་རང་འཇགས་གནས་ངེས་ཡིན།།
༢༽ཚེ་རིང་དོན་གྲུབ་འཛིན་སྐྱོང་དོ་ནན་པས།།(དབུས་གཙང་)
ནང་སྲིད་བཀའ་བློན་བསྐོས་ན་ནང་དོན་བསྒྲུབ།།
༣༽ཀརྨ་དགེ་ལེགས་ཤེས་རིག་མྱོང་ཆེ་བས།།(མདོ་སྟོད་)
ཤེས་རིག་བཀའ་བློན་བསྐོ་རྒྱུར་འོས་ཤིང་འཚམས།།
༤༽དཀོན་མཆོག་བརྩོན་འགྲུས་འཆར་འགོད་ཆེེད་ལས་པས།།(མདོ་སྟོད་)
དཔལ་འབྱོར་བཀའ་བློན་བསྐོས་ན་དེ་དོན་བསྒྲུབ།།་
༥༽རོང་པོ་བློ་སྙན་ནང་བསྟན་དར་སྤེལ་སླད།།(མདོ་སྨད་)
ཆོས་རིག་བཀའ་བློན་བསྐོ་རྒྱུའི་རེ་བ་ཆེ།།
༦༽འཕེལ་རྒྱས་སྒྲོལ་མཚོ་སྤྱི་ཚོགས་ཞབས་ཞུ་མང་།།(མདོ་སྨད་)
འཕྲོས་བསྟེན་བཀའ་བློན་བསྐོས་ན་དམངས་ལ་ཕན།།
༧༽ཚེ་བརྟན་དབང་ཕྱུག་རྒྱ་རི་སྒྲོལ་མ་དང་།
དབུ་དཀར་གཡུ་སྒྲོན་སུ་རུང་ཕྱི་དྲིལ་འོས།།
སྨོན་ལམ་མཐར་ཕྱིན་བཀའ་བློན་འོས་བསམས་ཀྱང་།།
རང་ཚུགས་མེད་པར་འགྱུར་ཁ་རྐྱེན་པོས་བསླུས།།
པད་མ་ཆོས་འབྱོར་བཀའ་བློན་རེ་ཆེ་ཡང་།།
སྐུ་ཕྱྭའི་སྐོར་ལ་རྙོག་གླེང་བྱུང་བ་མང་།།
མདོ་སྨད་ཕྱོགས་ཀྱི་བཀའ་བློན་ཉག་ཕྲ་བས།།
ཧོར་གཙང་འཇིགས་མེད་བསྐོ་ཡང་མི་དམན་ཙམ།།
ལྔ་པ་ཚེ་རྒྱམ་ཨཀྱཱ་བླ་མ་ཡིས།།
ཡང་ཡང་དགོངས་ཞུ་བྱས་ཞེས་གཞན་གྱིས་གླེང་།།
ཡང་སྒོས་གསོན་དང་རང་དབང་ལྷ་མོ་ལགས།།
ཁྱེད་ཀྱིས་བཀའ་བློན་བསྐོ་ཕྱོགས་རྩ་དོན་འགའ།།
སྣང་མེད་དོ་གལ་མེད་པ་ཤིན་ཏུ་ཕངས།།
ཟམ་གདོང་བླ་མ་ཆོས་སྲིད་བཀའ་བློན་དུ།།
བཅའ་ཁྲིམས་བཙན་པོས་ཁས་ལེན་བྱེད་མི་སྲིད།།
ཨ་ཀྱཱ་བླ་མས་དགོངས་ཞུ་བྱས་པར་གྲགས།།
བཀས་མཐོང་ཤེས་འཇོན་མྱོང་གསུམ་ལྡན་པ་དེས།།
བཀའ་ཁྲིའི་ནུས་པ་ལས་ཀྱང་ཆེས་བརྒལ་བས།།
ཕྱག་རོགས་བཀའ་བློན་བསྐོས་ན་གླེན་རྟགས་རེད།།
བཀའ་ཁྲིས་བཀའ་བློན་བསྐོ་ཕྱོགས་ལྟ་གྲུབ་མང་།།
བཀའ་ཁྲིས་བཀའ་བློན་ཕྱུག་མེད་འདེམས་པར་སྨོན།།
བཀའ་ཁྲིའི་བཀའ་བློན་གྲྭ་སྒྲིག་འཐུས་ཚང་ལ།།
གྲོས་ཚོགས་རྭ་བའི་ནང་ནས་མཐར་བར་སྨོན།།།།
ཆོས་ལུགས་ཀྱི་ཚགས་ཆེན་འདི་འདྲར་དབུ་ཁྲིད་རྣམ་པ་ཕེབས་མི་ཐུབ་ཟེར་ན་ཡ་མཚར་རེད་ཡ། འདོད་པ་མེད་ན་མེད་ཅེས་རྒྱུ་མཚན་ཞུ་དགོས་པ་རེད།
མ་གཞི་ནས་སྒྲིག་གཞི་ཞིག་གཏན་འབེབས་གནང་དགོས་པ་རེད།
ངས་བལྟས་ན་ཆོས་བརྒྱུད་ཁག་ལ་ལའི་ནང་ལ་ཉོག་གྲ་འདུག རེ་དོགས་འདུག ཚང་མ་ཆོས་དོན་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཆོས་བརྒྱུད་རེ་རེ་ནས་སྐུ་ཚབ་ཁ་ཤས་རེ་བཅར་ཆག་པ་བཟོས་ནས་གནད་དོན་ཚང་མ་ཐག་གཅོད་བྱེད་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེ་སྙམ།
ཞར་དུ། ནང་དོན་རིག་པ་དང་ཚན་རིག་ཟུང་སྦྲེལ་གནང་དགོས་པ་འདི་༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ཞིག་ཡིན། འདི་རྫས་འཕྲུལ་འགའ་གསར་སྐྲུན་གྱི་ཆེད་དུ་མིན། རྟེན་འབྱུང་གིི་གནས་ལུགས་གསལ་རྟོགས་ལ་དགོས་ཕན་ཆེ་བས་འདི་ལ་གལ་འགངས་ཆེ་བར་དགོངས་བཞེས་གནང་འཚལ་ཞེས་ཞུ་འདོད་བྱུང།
ཡང་བོད་གཞུང་གིས་ཇོ་ནང་ཚང་ལ་བརྙས་བཅོས་འདྲ་བོ་བྱས་འདུག དེ་སྔོན་བོད་གཞུང་མང་ཚོགས་ཆེན་སྐབས་སུ་ཡང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་ཇོ་ནང་བོད་ཀྱི་ཆོས་བརྒྱུད་ཀྱི་ནང་ནས་བཀར་ཡོད་པས། ཇོ་ནང་པའི་སེམས་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད།
དེ་རིང་ཡང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་གྱི་སྐུ་ཚབ་བཅས་ཞེས་བསམ་བཞིན་ཇོ་ནང་པར་ཆོས་བརྒྱུད་ཀྱི་ཐོབ་ཐང་མེད་པས་གོ་སྐབས་མང་པོ་ཞིག་ཤོར་གྱིན་ཡོད་པ་ཤེས་སུ་བཅུག་འདུག་པས། སླར་ཡང་ཇོ་ནང་གཞི་བྱེས་གཉིས་ལ་བློ་ཕམ་ཆེན་པོ་བྱུང་ཡོད་པ་སྨྲོས་མ་དགོས་པ་རེད།
གལ་ཏེ་ཁྱེད་ཚོས་ཇོ་ནང་ཚང་ལ་ཆོས་བརྒྱུད་ཀྱི་ཐོབ་ཐང་སྤྲོད་འདོད་མེད་ན་ཡང་། འདི་འདྲའི་བརྙས་བཅོས་ཀྱི་ཟོ་འདྲ་བོ་མ་གནང་ན་མི་ཆོག་གམ། ཇོ་ནང་ཚང་ཡང་འགྲོ་བ་མིའི་གྲས་ཤིག་ཡིན་པས་བདེ་སྡུག་མྱོང་བྱེད་ཀྱི་ཚོར་བ་ཡོད་ནི་རེད།
ང་ཚོས་འདི་ལྟར་རྐྱང་བྱས་ནས་བསྡད་ན་གཞིས་ལུས་བོད་མི་ཚོས་ག་རེ་བསམ་གྱི་རེད། ཕར་ཕྱོགས་རྒྱ་མིའི་འོག་ན་བོད་ལ་ཐོབ་ཐང་མེད། ཆོས་དད་རང་དབང་མེད། རྒྱ་བོད་མི་རིགས་ལ་ཐོབ་ཐང་འདྲ་མཉམ་མེད་ཟེར་གྱིན་ཡོད་རེད།
འོ་ན་ང་ཚོ་བཙན་བྱོལ་ཁྲོད་ནས་ཇོ་ནང་ཚང་ལ་ཐོབ་ཐང་སྤྲད་ཡོད་དམ། ཆོས་དད་རང་དབང་གི་གནས་བབ་གཅིག་མཚུངས་སུ་སྤྲད་ཡོད་དམ། སྐྱག་པ་ར་དུང་འདྲ་ཞིག་ཨོང་འོག་ཏུ་མནན་ནས་ང་གཙང་མ་ཡིན་ཟེར་ཕོད་དམ། གནད་དོན་འདིའི་ཐོག་བཀའ་ཁྲི་བློ་སེང་གིས་ཐག་གཅོད་ཡག་པོ་ཞིག་གནང་རྒྱུ་གལ་ཆེ་སྙམ། ངས་གོ་ཐོས་ལྟར་ན་གནད་དོན་འདི་གསར་བ་ཞིག་མ་རེད། ཇོ་ནང་ཚང་ལ་༧གོང་ས་མཆོག་གིས་བསྟན་གཞི་དགོན་པ་གནང་བ་ནས་བཟུང་ཁོང་ཚོས་གཞུང་ལ་ཐོབ་ཐང་འདྲ་མཉམ་ཡོང་ཆེད་ཞུ་སྐུལ་མང་པོ་ཞུས་ཡོད་པ་འདྲ།
ད་དུང་༧གོང་ས་མཆོག་གིས་ཇོ་ནང་ཚང་དུས་འཁོར་གྱི་བཀའ་བབ་རེད། གལ་ཆེན་པོ་རེད་ཅེས་ཇོ་ནང་བསྟན་འབར་མ་ཡང་གསུངས་ཡོད་ལ། དུས་དབང་ནམ་གསུང་སྐབས་ཇོ་ནང་ཚང་ལ་བསྔགས་བརྗོད་གསུངས་དང་གསུང་བཞིན་ཡོད་མོད། བོད་གཞུང་གིས་ཇོ་ནང་ཚང་བྱ་འུག་པ་ཉིན་དུས་སུ་རྒྱུ་བ་ལྟར་བྱས་ན། གཞི་བྱེས་བོད་མིའི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་ཡོང་རྒྱུ་ཡིན་པ་མ་ཟད། ཇོ་ནང་པ་ཡོངས་ཀྱི་སེམས་ནས་བོད་གཞུང་ལ་བློ་ཐག་ཆད་མི་སྲིད་པ་མིན་པས། ད་ཐེངས་ཚོགས་ཆེན་འདིའི་ཐོག་གནད་དོན་འདི་ཐག་གཅོད་ཡག་པོ་ཞིག་གནང་ཐུབ་ན་དགེ་མཚན་ཆེ་བར་འདོད།
གལ་ཏེ་ཇོ་ནང་ཚང་ལ་ཆོས་རྒྱུད་ཀྱི་ཐོབ་ཐང་སྤྲད་ན། བོད་ཀྱི་རྩ་དོན་ལ་གནོད་པ་འདྲ་ཡོད་པ་ཡིན་ན། དེ་ལུགས་ཇོ་ནང་ཚང་ལ་གསལ་བཤད་བྱས་ན་ཁོང་ཚོས་ཀྱང་ཉན་འཇོག་བྱེད་ནི་རེད། དཔེར་ན་བོད་མདོ་སྨད་ཁུལ་ནས་དགོན་སྡེ་ཁག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་སྐབས། ཇོ་ནང་ཚང་གི་དགོན་སྡེ་ཁག་གིས་ཀྱང་གཅིག་མཚུངས་བྱེད་བཞིན་འདུག དེར་བརྟེན་ལོ་ལྟར་འཚོགས་བཞིན་པའི་གཞན་སྟོང་བགྲོ་གླེང་ཆེན་མོ་ཟེར་བ་དེ་ཡང་རྒྱ་གཞུང་གིས་རྔ་ཡུལ་དུ་འཚོགས་མ་བཅུག་པས། མགོ་ལོག་གཙང་སྐོར་ཞོལ་མའི་དགོན་པ་བཀྲ་ཤིས་ཆོས་གླིང་ཟེར་བར་འཚོགས་རྒྱུ་ཡིན་པའི་གནས་ཚུལ་ཡང་གོ་ཐོས་འདུག
གང་ལྟར་གནད་དོན་འདི་བོད་མིའི་རྩ་དོན་ལ་བསམ་བློ་བཏང་ན་གལ་ཆུང་ཞིག་མིན་ལ། འགྲོ་བ་མིའི་སེམས་ཁམས་ལ་དཔག་ན་དེ་བས་ཀྱང་སྣང་ཆུང་བྱེད་མི་རུང་བ་ཞིག་ཡིན་པས། ད་ཐེངས་ཚོགས་ཆེན་ཐོག་ཐག་གཅོད་ཡག་པོ་ཞིག་ངེས་པར་དུ་གནང་རྒྱུའི་རེ་བ་ཡོད།
ངས་ཀྱང་བསམ་ཚུལ་ཐུང་ངུ་ཞིག་བཤད་འདུན་བྱུང་།
གལ་ཏེ་འདི་བཞིན་མུ་མཐུད་དུ་བོད་ཀྱི་བསྐབས་བཅུ་གཅིག་པའི་ཆོས་ལུགས་ཚོགས་ཆེན་དེ་ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྐུ་ཚབ་མཉམ་ཞུགས་ཐོག་བཞུགས་སྒར་དུ་ཚོགས་རྒྱུ་ཡིན་ན། འོ་ན་ཇོ་ནང་ཆོས་རྒྱུད་དེར་ཅི་ཞིག་བྱུང་སོང་བ་རེད། ད་དུང་གྲག་འགུལ་ཙམ་ཡང་མེད་པ་དེ་ཅི་ཞིག་རེད། གལ་ཏེ་ཇོ་ནང་བོད་ཀྱི་ནང་པའི་ཆོས་ལུགས་དག་གི་ཁུངས་སུ་མ་འདུས་པ་ཡིན་ན། འོ་ན་བོན་པོ་ཅིས་ཕྱིར་འདིར་སྐད་གཏོང་དགོས་པ་རེད། དེ་མིན་ཇོ་ནང་ཆོས་རྒྱུད་འདི་ས་སྐྱའི་ཁུངས་སུ་འདུ་རབས་བཤད་པ་ཡིན་ན། འོ་ན་དགེ་ལུགས་ཀྱང་དེའི་ཁུངས་ནས་བྱུང་བའི་ཆོས་རྒྱུད་ཅིག་ཡིན་སྟབས། འདི་ལ་ཅི་ལྟར་ལན་རྒྱག་བརྩིས་ཡོད། ཡང་མིན་ན་ཁྱེད་ཅག་གིས་ནང་པའི་ཆོས་རྒྱུད་ཆེ་ཁག་དེ་དག་ལ་ཆོས་རྒྱུད་ཀྱི་གོ་མིང་སྤྲད་པ་ཡིན་སྲིད་ཀྱང་། འོ་ན་བོན་པོ་རྣམས་ཅི་ཞིག་གི་ཁུངས་འདུ། གལ་ཏེ་བོན་པོ་དག་ལ་སྤྱི་འཐུས་ཤིག་དགོས་པ་ཡིན་ན། ཇོ་ནང་ལ་ཅིས་ཕྱིར་ཆོས་རྒྱུད་སྤྱི་འཐུས་མི་དགོས་པ་རེད། གལ་ཏེ་བོན་པོ་ལ་ཡང་ཆོས་རྒྱུད་སྤྱི་འཐུས་ཤིག་དགོས་པ་ཡིན་ན། འོ་ན་བོད་པ་ཁ་ཆེ་དང་ཡེ་ཤུས་སོགས་ལ་ཅིས་ཕྱིར་སྤྱི་འཐུས་མི་དགོས་པ་རེད།
མཚམས་འདི་ནས་ངས་རྩོད་པ་ཞིག་བརྩོད།
བོན་པོ་ཆོས་ཅན་སྟོན་པ་ཤཀྱྰ་ཐུབ་པའི་བསྟན་པའི་རྗེས་འཇུག་པ་ཡིན་པར་ཐལ། དེ་མ་ཡིན་ན་དེ་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་ཤིག་མི་དགོས་པར་ཐལ། གལ་ཏེ་སྟོན་པ་ཤཀྱྰ་ཐུབ་པའི་བསྟན་པའི་རྗེས་འཇུག་མིན་པའི་རྒྱུ་མཚན་གྱིས་བོན་པོ་ལ་སྤྱི་འཐུས་དགོས་པ་ཡིན་ན། འོ་ན། བོད་པ་ཁ་ཆེ་དག་ལ་ཡང་སྤྱི་འཐུས་དགོས་པར་ཐལ། དེ་བཞིན་བོད་པ་ཡེ་ཤུ་མི་ཀ་པ་དག་ལ་ཡང་སྤྱི་འཐུས་དགོས་པས་ཕྱིར། གང་ཞེ་ན། ཆོས་རྒྱུད་རེ་རེར་སྟོན་པ་རེ་རེ་ཡོད་པ་དང་སྟོན་པ་རེ་རེར་བསྟན་པ་རེ་རེ་དང་རྗེས་འཇུག་པ་ཡང་མི་འདྲ་བ་ཡོད་པས་ཕྱིར།
དེ་མིན་ཇོ་ནང་ལ་ཆོས་རྒྱུད་སྤྱི་འཐུས་ཞེས་པ་དེ་ཁས་མ་བླངས་ཏེ་བསྟན་པ་རང་རྐྱ་འཕེར་བ་ཞིག་མེད་པས་རེད་ཟེར་ན། འོ་ན་ཆོས་རྒྱུད་གཞན་དག་ཆོས་ཅན། དེ་དག་ལ་ཡང་ཇོ་ནང་ཆོས་རྒྱུད་ལས་གཞན་པའི་དམིགས་བསལ་བ་ཞིག་མེད་པས་ཕྱིར།
མདོར་ན། ད་ཐེངས་ཇོ་ནང་ཆོས་རྒྱུད་ལ་སྤྱི་འཐུས་འདེམས་རྒྱུའི་གོ་སྐབས་མ་སྤྲད་པ་ཡིན་ན། ཕྱི་དགྲ་རྒྱ་དམར་ལས་ནང་དགྲ་ཆོས་དཔོན་དག་གི་སྙིང་ནད་ཆེ་བ་མ་ཟད། མུ་མཐུད་དེ་ཞི་དྲག་གཉིད་ཐད་ནས་འཐབ་རྩོད་བྱེད་རྒྱུ་ཡིན། འདི་ནི་ང་རང་གི་ཁེ་ཕན་ཙམ་མ་ཡིན་པར་ངེད་ཇོ་ནང་ཚང་གི་བསྟན་པའི་ཆེད་དུ་ཡིན། ཁྱོད་བོད་གཞུང་ཚང་གིས་འདི་སྐོར་ལ་གཟབ་གཟབ་བྱོས།
བསྟན་འཛིན་ལྷ་སྒྲོན་ལགས་ཀྱིས་དྲྭ་ངོས་འདིར་གཟིགས་ན་གནས་ཚུལ་གསལ་པོ་མཁྱེན་ངེས་པར་སྙམ། འདི་ནི་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་དྲྭ་ངོས་ཡིན།http://www.sherig.org/tb/
ཚོགས་ཆེན་འདིར་སུ་དང་སུ་ཕེབས་ཀྱི་རེད་སོམས་དང། མིང་རྫིག་པོ་ཅན་གྱི་རྒས་ཁོག་ཁ་ཤས་ཤིག་དང། ཁྲབ་སྟོན་བྱེད་མཁས་པའི་སྤྲུལ་མིང་ཅན་ཁ་ཤས་ཤིག་ལས་དོན་ངོ་མར་མི་རིགས་དང་ཆོས་ལུགས་ཀྱི་གནད་དོན་བགྲོ་གླེང་བྱེད་ཤེས་མཁན་གཅིག་ཀྱང་ཡོང་མི་སྲིད་དོ།།
གྲྭ་རྒོད་ཀྱི་གསུང་ལ་གོ་རྒྱུ་དེ་འདུག་པས། །
གྲྭ་རྒོད་ཀྱི་གསུང་དེ་གྲྭ་དམངས་ཀྱི་གསུང་ཡིན་པས། །
གྲྭ་རྐྱང་ཚོའི་ཆེད་དུ་གྲྭ་རྒོད་ཁོའི་རྒྱབ་ཏུ། །
ང་རང་ནི་ལུས་སྟབས་རྟེན་པོས་ཐོག་ལངས་ཡོད། །
རྐང་འཁོར་དང་རྩྭ་བཀྲག་་་ཙམ་ཡང་བཟོ་མི་ཐུབ་པའི་ཚན་རིག་པ་གསོ་སྐྱོང་བྱེད་ནས་བོད་མི་རིགས་ཀྱི་ཡར་རྒྱས་སུ་ཕན་ཐོགས་ཅང་ཡོང་གི་མ་རེད་འདོད།
ཆོས་རིགས་ཀྱིས་བཀོད་སྒྲིག་འོག་ཚོགས་འདུ་ཚོགས་འཆར་ལ་བསམ་ཚུལ་ཅུང་ཙམ་ཡོད་སྤྱིར་ཆོས་ལུགས་ཚོགས་ཆེན་ཐེངས་༡༡་པ་ཡིན་ན་སྔོན་མཆོས་ལུགས་ཐེངས་༡༠ པ་སོགས་ལ་ཆོས་ལུགས་ཁག་གིས་བླ་ཆེན་ཚང་མར་མགྲོན་བརྡ་གཏོང་གི་ཡོད་པ་དང་་གལ་སྲིད་བླ་ཆེན་ཁག་ཕེབས་མ་ཐུབ་པ་ཡིན་ན་སྐུ་ཚབ་ཕེབས་ཀྱི་ཡོད་ཀྱང་ད་ལོ་ནས་བླ་ཆེན་ཕེབས་མ་ཐུབ་ཚེ་སྐུ་ཚབ་འགྲོ་མི་ཆོག་པ་དང་གཅིག མགྲོན་བརྡ་ཡང་གསལ་བོ་མེད་པ། གཞན་གལ་ཆེན་ཞིག་ཞུ་ཡ་ལ་་་་ཆོས་དོན་ལྷན་ཚོགས་ཟེར་བ་དེ་ཡིན། དེ་ནི་དྲུང་ཆེའི་ཟེར་ན་ཆོས་ལུགས་ཁག་རང་གི་དོན་བྱ་ཡིན་རབས་བཤད་སོང་ཀྱང་དེ་ཙམ་མིན། དེ་ལ་ཆོས་ལུགས་ཀྱི་དབུ་ཁྲིད་ཟེར་ཡ་ཞིག་ཡོད། བཀའ་བརྒྱུད་ཚང་གི་གྲུབ་ཆ་མ་ཚང་བར་བརྟེན་ཆོས་དོན་གྱི་གྲུབ་ཆ་ཚང་མེད་ཟེར་བ་ལྟར་དེ་རིགས་གཏན་ནས་དགོས་མེད་ཞིག་རེད། བཀའ་བརྒྱུད་པ་ལ་བསམ་ན་འབྲུག་ཆེན་གྱིས་ཞལ་བཞེས་མ་གནང་བ་ལྟར་གཞན་གང་གིས་ཀྱང་ཞལ་བཞེས་གནང་མི་སྲིད། འབྲུག་ཆེན་གྱིས་ཞལ་ནས་བཀའ་བརྒྱུད་དང་རྙིང་མ་གཉིས་ལ་དབུ་འཛིན་ཟེར་ཡ་ཞིག་དགོས་དོན་མེད་རང་རང་སོ་སོའི་ས་ནས་དབུ་འཛིན་རེ་ཡོད་རེད། བཀའ་བརྒྱུད་སོ་སོའི་བརྒྱུད་པ་རེ་ལ་དབུ་འཛིན་རེད་ཡོད་དེ་གཞན་གྱིས་མངའ་འོག་སུ་འགྲོ་དགོས་མེད་ལ། སོ་སོའོ་བརྒྱུད་པ་རང་གིས་འཛིན་རྒྱུ་གལ་ཆེ། དེ་བཞིན་རྙིང་མ་ལ་བསམ་ན་གདན་ས་དྲུག་རེ་རེ་ལ་དབུ་འཛིན་རེ་ཡོད་པ་ལྟར་སོ་སོའི་ལྟ་གྲུབ་སྐྱོང་རྒྱུ་གལ་ཆེ། ས་སྐྱ་དང་དགེ་ལུགས་ཡིན་ན་སྤྱི་ཁྱབ་ཀྱིས་དབུ་འཛིན་ཡོད་རེད་དགེ་ལུགས་ལ་མཚོན་ན་དགའ་ལྡན་ཁྲི་བ་སྲོལ་རྒྱུན་གྱིས་དགེ་ལུགས་སྤྱི་ལ་དབང་གི་རེད། ས་སྐྱ་ཡང་དེ་བཞིན་རེད། བཀའ་རྙིང་གཉིས་ལ་སྲོལ་རྒྱུན་སྒང་ནས་ཀྱང་མེད་ལ་ད་དུང་འདི་རིགས་ཀྱིས་ཕྱོགས་ནས་ཆོས་ལུགས་གཅིག་གི་ནང་ཚུན་རྙོག་གྲ་སློང་བྱེད་ཉིད་དུ་འང་འགྱུར་སྲིད་སོགས་གསུང་བ་ལྟར་དོན་ལ་གནས་བསམ། དཔེར་ན་རྙིང་མ་ལ་བསམ་བློ་བཏང་ན་སྔོན་མ་དབུ་འཛིན་སྐབས་བཞིའི་རིང་ལ་སྐྱེས་ཆེན་ཚོར་དབུ་འཛིན་ཉིད་དུ་བསྐོ་བཞག་བྱེད་ཀྱང་རྙོག་གླེང་བྱུང་མེད། སྐབས་ལྔ་པ་ནས་འགའ་ཞིག་གིས་བསམ་ཚུལ་ལས་རྙིང་མ་སྤྱི་ཁྱབ་ཀྱིས་བསམ་ཚུལ་ལྟར་བསྐོ་བཞག་བྱེད་ཐུབ་མེད་པ་དང་། ད་རྗེས་ནས་རྙིང་མའི་དབུ་འཛིན་སྐབས་ལྔ་པ་བསྐོ་བཞག་བྱེད་དགོས་བྱུང་ན་རྙོག་གླེང་བྱུང་སྲིད་ལ་རྙིང་མ་ནང་ཁུལ་ལ་དོག་མི་བདེ་བའི་ལས་རིགས་བྱུང་ན་འགན་ཁུར་མཁན་སུ་ཡིན་་་་ཆོས་རིགས་ལས་ཁུངས་ཡིན་དང་སུ་ཡིན། གཞན་ཚོགས་འདུ་འདིའི་སྒང་ནས་གལ་ཆེན་ཞིག་བགྲོ་གླེང་བྱེད་དགོས་པ་ནི་་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་རེད། དེ་ནི་བླ་ཆེན་ཁག་གི་འགན་ཁུར་དགོས་པ་དང་ཁྱད་པར་སྐྱབས་མགོན་རིན་པོ་ཆེ་ནས་ཀྱང་སྤྲུལ་སྐུའི་ལམ་ལུགས་སྐོར་ལ་དེ་བས་ཀྱང་གསུང་བཤད་གལ་ཆེན་ཕེབས་དགོས། སྤྲུལ་སྐུ་གཅིག་སྔར་ནས་ངོས་འཛིན་དང་བླ་སར་ཕེབས་ཚར་རྗེས་ཡང་བསྐྱར་ཆོས་རིགས་ལས་ཁུངས་དང་སྐུ་སྒེར་ཡིག་ཚང་ནས་རྟགས་དཔྱད་མེད་པར་གཞན་ཞིག་ལ་རྒྱབ་ནོན་ཡིག་གེ་རེ་སྤྲད་ནས་ཆོས་ལུགས་མཐུན་སྒྲིལ་ལ་གཏོར་བཞིགས་ཚབ་ཆེན་ཕོག་གི་ཡོད། དེ་ལུགས་ཚང་མས་བསམས་གཞིག་གནང་གལ།
ཆོས་རིག་གོ་སྒྲིག་དབུ་ལས་ལྷན་རྒྱས་མཆོག་ལ་ཆེད་ཞུ། གུས་པས་ཞུ་གསོལ། འདི་ག་གདན་ས་ཁག་གི་ནང་ངེས་པར་བསྒྱུར་དགོས་པའི་སློབ་གཉེར་བྱེད་ཕྱོགས་ནི་འདི་ལྟར། མཚན་ཉིད་རང་སྤྱོང་བསྒྱུར་ནས་དགེ་རྒན་གཏན་ཁེལ་བྱེད་དགོས་པ། ཚན་རིག་སློབ་ཚན་སྒྲིག་གཞི་མེད་པ་མ་ཟད་ཁྱབ་ཁོངས་མེད་པ་དེ་གྲྭ་ཚང་རང་གི་འཛིན་སྐྱོང་ནང་དུ་བཅུག་དགོས་པ། རིགས་གཅིག་རྐུང་འཛིན་གྱི་སློབ་མ་གདན་ས་སོ་སོའི་ནང་དུ་བསྡུས་ནས་གྲྭ་ཚང་རང་གི་འཛིན་སྐྱོང་བྱེད་དགོས་པ། དུས་ལྟར་མ་མཐའ་ཡང་ཉིན་རེ་ལ་འཛིན་གྲྭ་གཅིག་ལ་མཚན་ཉིད་སློབ་ཁྲིད་གཅིག་དང་རིགས་གནས་སློབ་ཁྲིད་གཅིག་ཡོད་དགོས་པ། དེ་ཡང་སྒྲིག་ལམ་དམ་པོའི་ཞིག་གི་ལམ་ནས་གསོ་སྐྱོང་བྱེད་དགོས་པ། གདན་ས་གསུམ་གྱི་རྩོད་གཞུང་གཅིག་གྱུར་བྱེད་དགོས་པ། གདན་ས་སོ་སོའི་ཡིག་ཆ་ཟུར་ལྟ་ཚུལ་དུ་བྱེད་རྒྱུ། བསློབ་ཡུན་གཅིག་གྱུར་བྱེད་དགོས་པ་དེ་ཡང་ལོ་ངོ་བཅུ་གསུམ་ནས་སློབ་ཐོན་ཡོང་བ་བྱེད་རྒྱུ་དང་། བསམ་ཚུལ་འདི་ནི་གྲྭ་སྟོང་ཕྲག་མང་པོའི་བསམ་ཚུལ་ཡིན་པའི་དགོངས་པ་བཞེས་རོགས།
༅༅།། དུས་བབ་ཀྱི་ལས་བྱེད་རྣམ་པ་ཚོ་ལ་ཞུ་དོན་ཞིག
དེ་ཡང་ང་ནི་སློབ་མ་ཞིག་ཡིན་པས་ངས་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་ཚང་མའི་ཚབ་ཞུས་ནས་རེ་བ་ཞིག་ཡོད། དེ་ཡང་ཁྱེད་རྣམ་པས་རེ་བ་དེ་ལག་ལེན་དུ་འཁེལ་བའི་རེ་བ་ཡང་ཡོད། ངའི་རེ་བ་དེ་ནི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་མང་པོ་ཞིག་ལ་སློབ་ཡོན་དང་མཐོ་སློབ་ཀྱི་སྐོར་གོ་རྟོགས་དེ་ཙམ་མེད་པས་ཁྱེད་རྣམ་པས་དེ་དག་བོད་པའི་དྲ་ཐོག་ནས་གནས་ཚུལ་འདྲ་སྤེལ་ཐུབ་པ་ན་ཤིན་ཏུ་ཡག་པོ་ཡོང་བ་འདུག ང་ནི་ཚན་རིག་སློབ་ཚན་ཐོག་སློབ་སྦྱོང་མཁན་གྱི་སློབ་མ་ཞིག་གི་ཨ་ཅེ་ཡིན། ངས་ངའི་ནུ་བོའི་ཆེད་དུ་དྲ་རྒྱ་གང་སར་བསྔོགས་ཀྱང་འདོད་བློ་ཁེངས་པའི་གནས་ཚུལ་ནི་མ་ཐོབ། དེར་བརྟེན་ཁྱེད་རྣམས་ནས་ངེས་པར་དུ་ངེད་ལ་ཤེས་རིག་གི་སློབ་ཡོན་གྱི་དགོངས་ཤོག་དང་དེ་མིན་གྱི་སློབ་ཡོན་ཅི་འདྲ་ཞིག་ཡོད་ཀྱང་དེ་དག་སྤེལ་རོགས་གནང།་གལ་ཏེ་ཁྱེད་ཀྱིས་དེ་འདྲ་གནང་བ་ན་ངེད་ལ་ཕན་རླབས་ཆེན་པོ་འདུག ཐུགས་རྗེ་གཟིགས་དུས་ནམ་ཡང་སྣང་མེད་དུ་མ་གཏོང་བར་ངེད་ལ་རོགས་ཞིག་གནང་བར་ཞུ། འདི་ནི་ངེད་ཀྱི་སེམས་གདིང་གི་རེ་བ་ཡིན། ཡིག་ལན་ཞིག་ཡོད་པའི་རེ་བ་ཡོད་དོ། བཅས་ཐུགས་རྗེ་ཆེ་གནང།།