དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྟེང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཕྱག་རོགས་བཀའ་བློན་ ༦ གསར་དུ་བསྐོ་བཞག་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ དང་སྐར་མ་ ༤༠ ཐོག་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ལ། ཉིན་དང་པོའི་ཚོགས་འདུ་དབུ་འཛུགས་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་གཙོའི་གཏམ་བཤད་གནང་གྲུབ་རྗེས་ཀྱི་ཆུ་ཚོད་ ༡༡ སྟེང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཙན་བྱོལ་བོད་མི་བཅའ་ཁྲིམས་གཞིར་བཟུང་ཕྱག་རོགས་བཀའ་བློན་དྲུག་མིང་འདོན་གནང་སོང་། ཐེངས་འདིར་བཀའ་ཁྲི་མཆོག་གིས་མིང་འདོན་གནང་བའི་བཀའ་བློན་དག་ནི། དེ་སྔའི་བདེ་སྲུང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་། དེ་སྔའི་དཔལ་འབྱོར་བཀའ་ཟུར་ཚེ་རིང་དོན་འགྲུབ་མཆོག བཀའ་ཟུར་པདྨ་ཆོས་འབྱོར་མཆོག དེ་སྔའི་སྤྱི་འཐུས་ཚོགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ་མཆོག སྐབས་བཅོ་ལྔ་པའི་བྱང་ཨ་རིའི་སྤྱི་འཐུས་བདེ་སྐྱིད་ཆོས་དབྱངས་ལགས། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ཕྱི་ལུགས་སྨན་པ་ཚེ་རིང་དབང་ཕྱུག་ལགས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་རྒྱབ་སྐྱོར་གནང་སོང་།
ཐེངས་འདིར་བཀའ་ཁྲི་མཆོག་གིས་གསལ་བསྒྲགས་གནང་བའི་བཀའ་བློན་གྱི་འོས་མིའི་ལོ་རྒྱུས་ནང་བཀོད་པ་ལྟར་ན།
བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ཕྱི་ལོ་ ༡༩༥༦ ལོར་སྐུ་འཁྲུངས་ཤིང་། མཐོ་སློབ་(B.A)ཐོན་རྗེས་ ༡༩༧༧ ནས་གཞུང་ཞབས་ཞུས་ཏེ་ ༡༩༩༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ཕྱག་ལས་གནང་མུས་ཐོག ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད།
བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཕྱི་ལོ་ ༡༩༦༠ ལོར་སྐུ་འཁྲུངས་ཤིང་། སློབ་སྦྱོང་ (M Com)ཐོན་རྗེས་ ༡༩༨༤ ནས་གཞུང་ཞབས་ཞུས་ཏེ་ ༢༠༠༠ ནས་དྲུང་ཆེའི་གནས་རིམ་ཐོག་ཤེས་རིག་དང་ནང་སྲིད་དྲུང་ཆེ་གནང་། ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་དཔལ་འབྱོར་བཀའ་བློན་གྱི་མཛད་འགན་བཞེས་ཡོད།
བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༡༩༤༥ ལོར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཕེབས་རྗེས། ༡༩༦༤ ནས་ ༡༩༨༤ བར་ཅན་དྷི་གྷར་པན་ཇབ་གཙུག་ལག་སློབ་གཉེར་ཁང་གི་ཨེ་ཤ་ཡའི་རིག་གནས་སྡེ་ཚན་ནང་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་ཀྱི་སློབ་ཁྲིད་གནང་། ༡༩༧༢ ལོར་ཅན་དྷི་གྷར་ས་གནས་གཞོན་ནུ་གསར་འཛུགས་ཀྱིས་སྐབས་བཞི་རིང་ས་གནས་གཙོ་དང་། ༡༩༧༤ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས། ༡༩༩༢ དང་ ༡༩༩༦ ལོར་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན། ༡༩༩༧ ནས་ ༢༠༠༡ བར་སྐབས་བཅུ་གཅིག་པའི་བཀའ་ཤག་ཏུ་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཅས་བཞེས་ཡོད།
བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཕྱི་ལོ་ ༡༩༦༤ ལོར་སྐུ་འཁྲུངས་ཤིང་། ༡༩༨༤ ལོར་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ཉི་ཤུ་རྩ་ལྔ་འཁོར་བའི་སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བུད་མེད་སྡེ་ཙན་གྱི་འགན་འཁུར་བ་བསྐོ་བཞག་དང་། ༡༩༨༦ ལོར་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་པར་འོས་འདེམས་ཐོག་རིག་གཞུང་འགན་འཛིན། ༡༩༨༩ ལོར་བསྐྱར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་འོས་འདེམས་ཀྱིས་དྲིལ་བསྒྲགས་འགན་འཛིན་དང་དེའི་རྗེས་སུ་ཟུང་འབྲེལ་དྲུང་ཆེའི་མཚན་གནས་བཞེས། ཕྱི་ལོ་ ༡༩༩༡ ༡༩༩༦ ༢༠༠༡ ༢༠༠༦ བཅས་བསྟུད་མར་སྐབས་བཞིའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་འདེམས་ཐོན་གྱིས་ཐེངས་ ༣ རིང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོན་གྱི་མཛད་འགན་བཅས་བཞེས་ཡོད།
བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཕྱི་ལོ་ ༡༩༦༦ ལོར་སྐུ་འཁྲུངས་ཤིང་། ༡༩༧༡ ལོར་རྒྱ་གར་ནས་ཁེ་ན་ཌར་གཞིས་སྤོས་གནང་། དེར་དབུས་ཨེ་ཤ་ཡ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་རིག་གནས་ཐོག་ (M.A)ཐོན་རྗེས། ༡༩༩༠ ལོར་བོད་མི་ཨ་རིར་(Connecticut, USA) གཞིས་སྤོས་ཀྱི་ལས་གཞིར་ཞབས་ཞུ་གནང་། ༡༩༩༩ ནས་ ༢༠༠༣ བར་ཨ་རི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལས་འཆར་འོག་བོད་ནང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་གཞིའི་འགན་འཁུར་བ་དང་། (Pepperidge Farm Inc.) དང་(Canada World Youth)་ཞེས་པའི་སྒྲིག་འཛུགས་ཁག་ནང་མི་མང་འབྲེལ་མཐུད་པ། ད་ལྟའི་ཆར་མོན་ཀྲེ་ཡོལ་མཐོ་རིམ་སློབ་གྲྭ་ཆེན་མོའི་ཁེ་སྒོར་ས་ཡ་ ༢༠༠༠ ལྷག་གི་སྨན་ཁང་གསར་རྒྱག་གི་ལས་གཞི་རྒྱ་ཆེ་ཞིག་འགྲོ་བཞིན་ཡོད་པ་དེའི་འབྲེལ་མཐུད་པའི་མཚན་གནས་བཅས་བཞེས་མུས་ཡིན།
བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་ཕྱི་ལོ་ ༡༩༧༤ ལོར་སྐུ་འཁྲུངས་ཤིང་། ༡༩༩༣ ལོར་གཞི་རིམ་སློབ་ཐོན་རྗེས་ ༡༩༩༤ ལོར་ཤེས་རིག་ལས་ཁུངས་ཀྱི་སྨན་སློབ་ཁོངས་སུ་འདེམས་ཐོན་བྱུང་སྟེ་པོ་ལེན་ཊའི་རྒྱལ་ས་ཝར་སོར་དམིགས་བསལ་སྨན་གྱི་མཐོ་སློབ་ཁང་དུ་སྨན་པའི་སློབ་སྦྱོང་དང་། ཟབ་སྦྱོང་། ཉམས་མྱོང་བཅས་མཐར་ཕྱིན་ནས་ ༢༠༠༣ ལོར་ཆེ་བསྟོད་ལག་འཁྱེར་ཐོབ། སློབ་སྦྱོང་མཐར་སོན་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཀྱིས་ ༢༠༠༣ ནས་༢༠༠༨ བར་འཕྲོད་བསྟེན་ཁྱབ་ཁོངས་ཨོ་རི་ས་ཕུན་ཚོགས་གླིང་སྨན་བླ་སྨན་ཁང་གི་སྨན་པ་དང་། ༢༠༠༨ ནས་ ༢༠༠༩ བར་རྡོ་རྗེ་གླིང་སྐྱབས་བཅོལ་བོད་མིའི་རང་སྐྱོབས་སྨན་ཁང་གི་འགན་འཛིན་དང་སྨན་པ་གཅིག་ལྕོགས། ༢༠༠༩ ནས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པའི་ལས་འགན་བཅས་ཞུ་མུས་ཡིན། ཅེས་བཀོད་འདུག
བཀའ་བློན་རྣམས་པ་ལ་བཀྲ་ཤིས་བདེ་ལགས་ཞུ་
བཀའ་བློན་རྣམ་པར་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་བཀའ་ཁྲི་མཆོག་གི་ཁྲི་འདོན་མཛད་སྒོའི་ཉིན་མོ་གཏམ་བཤད་ནང་ལྟར་བོད་པ་ཚང་མི་རེ་ངོ་རེ་ནས་ཁོང་ལ་རྒྱབ་སྐྱོར་གནང་གལ་ཆེ་ཞིང་། ད་ལན་གྱི་ཕྱག་རོགས་བཀའ་བློན་རྣམ་པ་དང་ལྷག་པར་དུ་སྤྱི་འཐུས་རྣམ་པས་ལྷག་དཀར་གྱི་རྒྱབ་མདུན་མངོན་ལྐོག་མེད་པར་ཁོང་ལ་རྒྱབ་སྐྱོར་ཆ་ཚང་གནང་བའི་རེ་བ་དང་ཡིད་ཆེས་ཡོད། ང་ཚོས་གཞིས་ལུས་བོད་རིགས་སྤུན་ཟླ་རྣམ་པ་བློ་ཕམ་དུ་མི་ཡོང་བ་གནང་དགོས།
བྱིས་ཕྲུག་བསོད་འོད་ལགས་ངོ་མ་ཁྱེད་ཀྱི་རྣམ་ཤེས་རྐུབ་ཀྱི་ནང་ལ་འཛུལ་ཡོད་ས་མ་རེད་དམ། གསར་འབྱོར་ཡིན་ན་སྐྲ་རིང་ཡིན་དགོས་ཞེས་སུས་བརྗོད་སོང་སམ།
དེ་རིང་ངས་འདིར་བཤད་འདོད་པའི་སྐད་ཆ་ཞིག་ཡོད། མི་ཁག་གཅིག་ནས་བཀའ་བློན་ནང་དུ་གསར་འབྱོར་བ་གཅིག་ཀྱང་མེད་པ་དེར་བློ་སེང་གི་དམ་བཅའ་དང་པོ་དེ་ཤོར་སོང་ཟེར།
འདི་ལ་ལེན་འདི་ཡོད་དེ། བདེ་སྐྱིད་ཆོས་དབྱངས་ལགས་བཀའ་བློན་དུ་འདེམས་ཐུབ་པ་དེ་གསར་འབྱོར་བ་ཞིག་བཀའ་བློན་དུ་འདེམས་ཐུབ་པ་དང་ཁྱད་པ་གང་ཡང་མེད། རྒྱུ་མཚན་ནི། བདེ་སྐྱིད་ཆོས་དབྱངས་ལགས་ལོ་ངོ་བཅུའི་རིང་རྒྱ་ནག་དང་ལྷག་པར་དུ་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་གང་སར་ཕྱིན་ནས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་གསལ་བོ་ཞིག་མཁྱེན་རྟོགས་ཡོད་པ་མ་ཟད་དངོས་ཤུགས་བརྒྱུད་གསུམ་གྱིས་བོད་དོན་གྱི་ལས་ཀ་ཡང་གཏིང་ཟབ་བྱས་ཡོད། རྒྱུ་མཚན་དེ་ལ་རྟེན་ནས་སྤྱི་འཐུས་ཀྱིས་འོས་ཤོག་ཨང་རིམ་དང་པོའི་རྒྱལ་ཁ་ཐོབ་པ་རེད། ཕྱིན་ཙང་། རྡ་སའི་སྐྲ་རིང་ཞིག་ངེས་པར་དུ་བཀའ་བློན་དུ་སྐོས་དགོས་པའི་ངེས་པ་མི་འདུག་དྲན།
རྒྱལ་བའི་བཀའ་དགོངས་སྒྲུབ་མཁས། །
རྒྱ་རི་སྒྲོལ་མ་རྒྱལ་ལོ། །
རྒྱལ་ཞེན་ལྷག་བསམ་ཆེ་བའི། །
རྒྱ་རི་སྒྲོལ་མ་རྒྱལ་ལོ། །
ཤེས་འཇོན་ལྷག་བསམ་ཟླ་མེད། །
རྒྱ་རི་སྒྲོལ་མ་རྒྱལ་ལོ། །
ཉམ་ཆུང་འབངས་ལ་བྱམས་པའི། །
རྒྱ་རི་སྒྲོལ་མ་རྒྱལ་ལོ། །
དྲང་བདེན་གནས་ལ་སྐྱོད་མཁས། །
རྒྱ་རི་སྒྲོལ་མ་རྒྱལ་ལོ། །
ཆོལ་ཞེན་ཕྱོགས་རིས་ཆུང་བའི། །
རྒྱ་རི་སྒྲོལ་མ་རྒྱལ་ལོ། །
ངས་དང་པོ་བཀའ་བློན་གསར་པ་ཚོར་བཅོས་མིན་གྱི་འཚམས་འདྲི་དང་སྦྲགས།
བཀའ་ཁྲི་མཆོག་གི་དགོངས་བཞེས་དང་མཐུན་པར་ཕྱག་ལས་ཡག་པོ་གནང་བའི་རེ་བ་ཞུ་གིན་ཡོད།
བཀའ་བློན་ཁྲི་པ་མཆོག་གི་ཕྱག་རོགས་རྣམ་པ་ཕེབས་ཚར་སོང་བོད་དོན་སྔར་ཡག་དར་མཛེས་ཡོང་བའི་རེ་ཡོད་ལ་མཛད་འཕྲིན་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
ད་ནི་བཀའ་བློན་ཚོ་སླེབས་ཚར་སོང་ལ་ཡིན་ད་ཐེངས་བཀའ་བློན་ནང་བོད་ཡིག་གནས་ཚད་ཡག་པོ་ཡོད་མཁན་མི་འདུག་པས་བཀའ་ཤག་གི་གལ་ཆེའི་ཡིག་ཆ་རིགས་བཟོ་དུས་དཀའ་ངལ་མི་ཡོང་ངམ་བསམ་གྱི།་ད་ཁོང་ལས་དོན་བྱེ་སྟངས་བལྟ་རྒྱུ་ལས་ཅི་ཡང་ལྷག་མ་སོང་བྱ་ལམ་འགྲོ་དང་ལས་དོན་ཚགས་ཚུད་གནང་བའི་རེ་བ་ཆེ།
རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་མཆོག་གིས་ཧ་ཅང་གནད་དུ་འཁེལ་བའི་ཚོད་དཔག་ཅིག་བྱས་འདུག་སྙམ།
༼ བདམས་ཐོན་བཀའ་བློན་རྣམ་པ་ལྷན་ཁང་ཁག་ཏུ་བཀོད་སྒྲིག་ཞུ་ཕྱོགས་ཐད། ངས་འདི་ལྟར་ཚོད་དཔག་བྱ་རྒྱུ་ཡིན།
བཀའ་ཁྲི་བློ་བཟང་སེང་གེ ( ཤེས་རིག )
འབྲུང་ཆུང་དངོས་གྲུབ། ( བདེ་སྲུང་། )
ཚེ་རིང་དོན་གྲུབ། ( དཔལ་འབྱོར། ) །
པདྨ་མ་ཆོས་འབྱོར། ( ཆོས་རིག )
རྒྱ་རི་སྒྲོལ་མ། ( ནང་སྲིད། )
བདེ་སྐྱིད་ཆོས་དབྱངས། ( ཕྱི་དྲིལ། )
ཚེ་རིང་དབང་ཕྱག ( འཕྲོད་བསྟེན ) ༽
བོད་བསྟན་པ་ཆབ་སྲིད་ཀྱི་བཀའ་བློན་ཆེན་མོ་ལྕམ་ཡུམ་རྒྱ་རི་སྒྲོལ་མ་མཆོག་ཕྱི་དྲིལ་བཀའ་བློན་མཛད་ན། རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་ཆབ་སྲིད་དང་། འགྲོ་བ་མི་ཡི་ཐོབ་ཐང་། ཁོར་ཡུག་གི་གནས་སྟངས་དང་། དེ་བཞིན་བཙན་བྱོལ་བོད་གཞུང་དང་། རྒྱལ་སྤྱིའི་གསར་འགྱུར་འདྲ་མིན་ལས་རིགས་ཁག །དེ་བཞིན་བོད་དོན་རྒྱལ་སྐྱོར་ཚོགས་པ་ཁག་འབྲེལ་མཐུད་མཚམས་སྦྱོར་ཁྱབ་བསྒྲགས་སོགས་ཤེས་རྟོགས་རྒྱུས་མངའ་ཆེ་བས་མཛངས་མ་ཁོང་ལས་ལྷག་པ་སུ་མེད།
སྐབས་གསུམ་པའི་བཀའ་ཁྲི་མཁས་དབང་བློ་བཟང་སེངྒེ་མཆོག་གི་ཕྱག་རོགས་བཀའ་བློན་བདམསཐོན་གནང་པ་སྤྱི་མོས་བྱུང་བ་ཧ་ཀྱང་དགའ་བོ་བྱུང་རྣམ་པ་ཚང་མ་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་སླད་མར་བྱ་བ་གང་སྒྲུབ་ལམ་འགྲོ་ཡོངས་བའི་རེ་བ་ཡོད།
རྒྱ་རི་སྒྲོལ་མའི་ཤེས་ཡོན་གནས་ཚད་དང་སློབ་སྦྱོང་གང་བྱས་སོགས་གཅིག་ཀྱང་བཀོད་མི་འདུག་པས་དེའི་རྒྱུ་མཚན་ག་རེ་ཡིན་ནམ། འོས་མིའི་ལོ་རྒྱུས་བཀོད་སྟངས་འདི་ལྟར་བྱས་ན་དྲང་བདེན་རེད་མི་འདུག
མཐོ་བོའི་རིགས་ལ་འཁྲུངས་ཀྱང་། །
དམའ་མོའི་འབངས་ལ་བྱམས་པའི། །
དོན་དམ་བོད་ཀྱི་འཛངས་མ། །
བཀའ་ཡི་བློན་པོར་བདམས་ཐལ། །
ལྕམ་སྐུ་རྒྱ་རི་སྒྲོལ་མ། །
སྒྲོལ་མ་དཀར་མོས་སྲུངས་ཤིག །
མ་འོངས་ལོ་ལྔའི་བྱ་བཞག །
ཀག་མེད་འགྲུབ་པར་ཤོག་ཅིག །
མཐོ་བོའི་རིགས་ལ་འཁྲུངས་ཀྱང་། །
དམའ་མོའི་འབངས་ལ་བྱམས་པའི། །
དོན་དམ་བོད་ཀྱི་འཛངས་མ། །
བཀའ་ཡི་བློན་པོར་བདམས་ཐལ། །
ལྕམ་སྐུ་རྒྱ་རི་སྒྲོལ་མ། །
སྒྲོལ་མ་དཀར་མོས་སྲུངས་ཤིག །
མ་འོངས་ལོ་ལྔའི་བྱ་བཞག །
ཀག་མེད་འགྲུབ་པར་ཤོག་ཅིག །
༥༡༽ ཚ་ཕྲུག་རྒྱལ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༦ གི་ཆུ་ཚོད་ ༡༨ སྐར་མ་ ༠༤
སྲིད་སྐྱོང་གིས་ཕྱག་སྦྲེལ་བློན་ཆེན་དྲུག་གི་མཚན་གཞུང་བོད་ཀྱི་གྲོས་ཚོགས་སུ་ཕུལ་བས་ཀླན་ཀ་མེད་པར་གྲོས་ཚོགས་འཐུས་མི་ངོ་ཡོད་ལྷན་གྱིས་སྤྱི་མོས་ཐོབ་པར་ཁམས་བཟང་བདེ་ལེགས་ཞུ། དེ་ཡང་སྲིད་སྐྱོང་གིས་བྱ་བ་ལས་ཀྱི་ཐོག་མ་དེ་ལེགས་གྲུབས་བྱུང་བས་ཐོག་མ་བཟང་།
སྐབས་འདིར་བློན་ཆེན་ཡོངས་ཁོངས་ཡང་བཀའ་ཟུར་དང་བུད་མེད། ལོ་ན་རྒན་པ་དང་གཞོན་པ། ཆོལ་ཁག་གསུམ་པོ་སོགས་སྔར་གྱི་ཁས་ལེན་ལྟར་བྱུང་འདུག་པས་དམ་བཅའ་དང་པོ་དེ་གྲུབས་སོང་།
དྲ་འབུ་ཁག་ཤས་ཀྱིས་སྐབས་འདིར་བོད་མིའི་གྲོས་ཚོགས་སུ་ཀླན་ཀ་མེད་པས་དེ་དག་ལ་རྒྱབ་སྐྱོར་གནང་བར་ངན་རྟགས་ཡིན་ཚུལ་དང་། དེ་སྔོན་མི་མང་གིས་ཐད་འདེམས་བཀའ་ཤག་སྐབས་གཉིས་པའི་སྐབ་སུ་ཕྱག་སྦྲེལ་བཀའ་བློན་བདམས་སྐབས་གྲོས་ཚོགས་སུ་དཀའ་སྐོར་ཞུས་པ་དེ་ཚོ་བཟང་རྟགས་ཡིན་ཚུལ་བཤད་པ་ནི་རང་ཉིད་ཀྱིས་ལེགས་ཉེས་ཕྱེ་བའི་རྣམ་དཔྱད་མེད་པའམ་ཕྱོགས་ཞེན་གྱིས་འཆལ་གཏམ་བསྒྲོགས་པར་བྱང་ཆུབ་པ་དང་། སྤྱི་ཚོགས་སུ་འགན་ཁུར་མེད་པས་ཀླན་ཀ་རིགས་ལ་ཞེན་ཆགས་ཆེ་བ་ཞིག་ལས་མ་འདས། རང་ཞེན་གྱིས་སྤྱི་ཚོགས་སུ་ཀླན་ཀ་ཇི་ཙམ་མང་བ་དེ་ཙམ་གྱིས་སྤྱི་ཚོགས་འཆམ་མཐུན་གྱི་ནུས་པར་གཏོར་བཤིག་བཏང་བ་ལས་བཟང་རྟགས་ཞིག་རྩ་བ་ནས་མིན།
རེད་ཡ། དེ་སྔོན་བཀའ་བློན་གསར་བདམས་སྐབས་སུ་ཀླན་ཀ་སློང་མཁན་མི་སྣ་དེ་དག་གིས་མི་ལོ་བཅུ་ཕྲག་རིང་དུ་གྲོས་ཚོགས་སུ་གླེང་རྩོད་ཇི་བྱས་དང་། རང་མི་རིགས་འདིར་ཕན་པའི་བྱ་བཞག་ཇི་མཛད་ལོང་བས་ལྟས་ཀྱང་རྒྱལ་ཁམས་མཐོང་ཞེས་པ་ལྟར་གསལ་ནི་ཡོད།
དེ་བཞིན་དུ་ཆོས་རིགས་བློན་ཆེན་ཆོས་གཟུགས་དགོས་ཚུལ་ཡང་། རྒྱུ་མཚན་མེད་པས་ཀླན་ཀ་རེད། ཆོས་རིགས་བློན་ཆེན་ནི། གཞུང་ངམ་སྒྲིག་འཛུགས་འདིར་ཆོས་ལུགས་ཀྱི་ཆ་ཤས་ཡོད་པས་མཚན་རྟགས་དང་ཆོས་སྡེ་ཁག་ཏུ་མཐུན་སྦྱོར་འབྲེལ་མཐུད་ཞུ་མཁན་བློན་ཆེན་ཞིག་ཡིན་པ་ལས་ཆོས་ལུགས་མི་སྣ་དང་ཆོས་སྡེ་སོ་སོར་བཀོད་འདོམས་པའམ་ཆོས་ཀྱི་རྗེ་དཔོན་ཞིག་ནི་སུ་ཡིས་མི་འདོད། ཆོས་ཕྱོགས་ཀྱི་སྐོར་མཛད་འགན་ཡོངས་རྫོགས་དགོན་སྡེ་སོ་སོའི་ཆོས་རྗེ་རྣམ་པ་དང་མཁན་སློབ་དགོན་བདག་རྣམས་ཀྱིས་གཙོ་བོས་སྐྱོངས་དགོས་པ་ལས་སྲིད་ཀྱི་ལས་སུ་བཀོལ་པའི་མི་སྣ་ཞིག་ནི་མི་འོས། ཡིན་ཡང་སྤྱི་ཚོགས་ཀྱིས་ཆོས་ཕྱོགས་སུ་ཞབས་ཏོག་དང་འབྲེལ་བས་ཆོས་ཕྱོགས་དང་ཆོས་སྡེའི་སྐོར་རྒྱུས་མངའ་གང་མཚམས་ཡོད་པ་ཞིག་ནི་ལོས་དགོས།
དེ་མིན་གསར་འབྱོར་དང་རྙིང་འབྱོར། ཆོལ་ཁ་དང་ཆོས་ལུགས་སོགས་ལ་ཤོག་ཞེན་གྱིས་ཐེན་བའི་མི་ངན་ལ་སྐད་ངན་ཆོལ་ཁ་དང་ཆོས་ལུགས་སོགས་ཕྱོགས་ཞེན་གྱི་སྐད་ཆ་ཞིག་མ་ཏོགས་བཤད་ཡ་མེད་པས་དེ་དག་ནི་དུས་ལས་ཡོལ་བས་དོར་བྱ་ཉིད་ཡིན་ནོ།
ད་ནས་སྲིད་སྐྱོང་དང་བློན་ཆེན་སོགས་ལས་ཀྱི་སྣེ་མོར་གནས་པའི་མི་སྣས་ཅི་བཤད་ཞལ་ལ་མ་ལྟོས། ཅི་བྱེད་ལུས་ལ་ལྟོས་ནས་སྐབས་མཚམས་སུ་མི་རིགས་འདི་དང་སྤྱི་ཚོགས་འདིར་ཕན་པའི་ལེགས་སྤེལ་ཉེས་འགོགས་ཀྱི་སྤྱི་ཚོགས་ཀྱི་མདུན་དུ་ཐོན་དགོས་པ་ལས་གཟུགས་མེད་ཀྱི་འཆལ་གཏམ་རིགས་ལ་རིན་མཐོང་གཏན་ནས་མེད་དོ
མཁས་དབང་བློ་བཟང་སེང་གེ་མཆོག་གི་མིང་འདོན་གནང་པའི་དབུ་ཁྲིད་ལྷན་རྒྱས་མཆོག་ལ་གུས་འདུད་ཆེན་པོས་འཚམའདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།
ཐོག་མར་བོད་ཀྱི་བཀའ་བློན་གསར་དུ་བསྐོ་བཞག་བྱུང་བ་ཡོངས་ལ་མཚམས་འདྲི་ཞུ།
བོད་ཀྱི་དུས་བབ་དང་ཁ་བརྡ་དྲ་རྒྱ་ཡི་ནང་དུ་མཆན་འདེབས་མཁན་མང་ཆེ་བ་ནི་གསར་འབྱོར་བ་ཡིན་པར་སོང་། ལམ་སེང་ང་ཚོ་དང་ཁོང་ཚོ་ཟེར་ནས་རྩོད་རྐྱང་རྒྱག་བཞིན་པ་མངོན་གསལ་རང་ཡིན། སྤྱིར་གནས་སྟངས་འདི་གསར་འབྱོར་བ་སྤྱི་ཡོངས་ལ་རིགས་འགྲེ་རྒྱུ་ཞིག་མིན་ཀྱང་། དེ་འདྲ་རིགས་མང་པོ་ཡོད། གལ་སྲིད་གསར་འབྱོར་བ་ཨ་མདོ་ཞིག་བསྐོས་པ་ཡིན་ན་ཕྱོགས་གཞན་གྱིས་ཁོང་མི་འགྲིག་པ་ཤ་སྟག་བརྗོད་པ་དང་། གལ་སྲིད་གསར་འབྱོར་བ་ཁམས་པ་ཞིག་བསྐོས་པ་ཡིན་ན། གལ་སྲིད་དབུས་གཙང་བ་ཞིག་བསྐོས་པ་ཡིན་ན། ཞེས་སོགས་རིགས་འགྲེ། བྱས་ཙང་། རྒྱ་ཆེ་ས་ནས་བསམ་མནོ་གཏོང་དགོས་པ་ལས་རང་དགའ་ཕྱོགས་ལྷུང་གི་སྐད་ཆ་རྐྱང་རྐྱང་བཤད་ནས་ཕན་ཐོགས་མེད། ཁོ་བོས་བལྟས་ན་གསར་འབྱོར་བ་ཞིག་དངོས་སུ་མ་བསྐོས་ན་ཡང་རྒྱ་རི་སྒྲོལ་མ་བསྐོས་པ་དེས་མཚོན་ཐུབ་སྙམ། གང་ཡིན་ཟེར་ན། ཁོང་གིས་བཀའ་ཁྲི་འོས་བསྡུ་སྐབས་འབོད་སྒྲ་ཡང་སེ་སྒྲོག་བཞིན་པ་ནི་གསར་འབྱོར་བ་ཞེས་པའི་ཐ་སྙད་དེ་ཡང་སེ་བེད་སྤྱོད་བཏང་ནས་འོས་རག་ཐབས་བྱེད་བཞིན་འདུག དེ་མང་ཆེ་བས་གསན་ཡོད་རེད།
དཔལ་ལྡན་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེ་མཆོག་དང་། བཀའ་ཤག་ལྷན་རྒྱས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ཁྱེད་རྣམས་ཀྱི་བྱ་བ་ལེགས་འགྲུབ་ཡོང་བར་སྨོན།
ཁྱེད་ཅག་གི་ལས་ཡུན་རིང་གཤམ་གསལ་ཨོ་རྒྱན་རིག་འཛིན་གྱི་རྩོམ་ཡིག་འདིའི་ནང་དོན་བདེན་མིན་ཐད་ཞིབ་འཇུག་དང་། བདེན་པ་ཡིན་ཚེ་ཉེན་ཚབས་ཅན་གྱི་བོད་ནང་གི་གནས་ཚུལ་འདི་དག་ལ་ཐུགས་སྣང་ཆེན་པོས་གདོང་ལེན་གནང་རོགས།
མཆན་འདི་ཁ་བརྡ་དྲ་ཐོག་ནས་ཕབ་བཤུས་ཞུས།
༦༽ ཨོ་རྒྱན་རིག་འཛིན་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༨ གི་ཆུ་ཚོད་ ༨ སྐར་མ་ ༢༩
མཁས་དབང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
བོད་དོན་བདེན་མཐའ་མྱུར་དུ་གསལ་བར་ཤོག །རྒྱ་དམར་སྲིད་གཞུང་མགོ་སྟེང་སློག་པར་ཤོག །
བོད་ཡུལ་བླུན་པོའི་རྨོངས་དད་སེལ་བར་ཤོག །བོད་འཇོམས་བླ་སྤྲུལ་མིང་མེད་བྱེད་པར་ཤོག །
ལྷག་པར་བོད་ནང་གི་བྱ་སྤྱོད་ཐལ་དྲགས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ལ་གནད་ལ་ཁེལ་བའི་བསླབས་བྱ་རེ་མཁས་དབང་ཁོང་གིས་གནང་ཐུབ་པར་ཤོག
ཚུལ་ཁྲིམས་བློ་གྲོས་ཟེར་བ་སོགས་ཀྱི་ཆོས་སྲིད་མཉམ་བསྲེས་ཀྱི་ཐལ་ཆ་ནི་ཧ་ལས་དགོས་པ་རང་རེད།
ང་དེ་སྔོན་ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་དགའ་པོ་ཡོད། དེ་ནི་ངས་ཚུལ་ཁྲིམས་བློ་གྲོས་ཀྱི་བཟང་ཕྱོགས་གཅིག་པུ་སྟེ། ཁོང་ནི་བོད་ཀྱི་སྐད་ཡིག་སོགས་ལ་ལྷག་བསམ་ཡོད་མཁན་ཞིག་ཡིན་པ་མཐོང་པས་རེད། འོན་ཀྱང་དེ་གཅིག་པུར་བསམ་ན་མི་འགྲིག་པར་དེའི་རྗེས་ནས་ང་ཚོས་ཁོང་གི་སྐྱོན་ཆ་ཚབས་ཆེན་གང་མང་ཞིག་མཐོང་བྱུང། ངོ་མ་ཚུལ་ཁྲིམས་བློ་གྲོས་ནི་དགྲ་དགའ་གཉེན་སྡུག་གི་ལས་ཀ་ཚབས་ཆེན་གང་མང་བསྒྲུབས་དང་སྒྲུབ་བཞིན་ཡོད་མཁན་ཞིག་རེད།
༡ བོད་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་གསེར་རྟ་བླ་རུང་ནས་གྲྭ་བཙུན་གཅིག་ཀྱང་ཡར་ལང་བྱེད་མི་ཆོག ཡར་ལང་བྱེད་མི་བྱུང་ན་བླ་རུང་སྒར་ནས་ཕྱིར་ཕུད་གཏང་ངེས་ཡིན། བཤད་ཡོད།
༢ ས་བྱི་ཞི་རྒོལ་སྐབས་ཁམས་ཏྲེ་ཧོར་བྲག་མགོ་ས་ཁུལ་དུ་ཡོང་ནས་ཚུལ་ཁྲིམས་བློ་གྲོས་གྱིས་མི་མང་ལ་ཡར་ལང་མ་བྱེད། བོད་གངས་ཅན་ལ་བདེ་སྐྱིད་ཀྱི་ཉི་མ་ཞིག་ཤར་ཡོང་ན་ཁྱོད་ཡར་ལང་མི་དགོས་པར་རང་གི་སྐལ་བ་རག་ཡོང་གི་རེད། ཁྱོད་ཡར་ལངས་མ་བྱས་པར་བརྟེན་སྐབས་དེར་ཁྱོད་ཀྱི་སྐལ་བ་ཆད་འགྲོ་གི་མ་རེད། ཅེས་སོགས་བཤད་ཡོད།
༣ ཡང་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་ད་ཐེངས་ཀྱི་ཡར་ལངས་ངོ་རྒོལ་འདི་ནི་སྟོད་ཀྱི་གདན་ས་སེ་འབྲས་དགའ་གསུམ་གྱི་མགོ་བཙུགས་ནས་མདོ་དབུས་ཁམས་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཁག་གཙོ་བོ་རེད། དེ་ནི་དགེ་ལུགས་པ་ཁོང་ཚོའི་ལག་ཏུ་ད་ལྟ་བོད་ཀྱི་སྲིད་དབང་ཡོད་པར་བརྟེན་ད་དང་མུ་མཐུད་ཁོང་ཚོའི་ལག་གི་སྲིད་དབང་དེ་སྲ་བརྟན་དང་། རྒྱུན་འཁྱུངས་ཡོང་ཆེད་རེད། ང་ཚོ་རྙིང་མ་པ་ཚོ་དེའི་རྗེས་སུ་རྒྱུགས་དགོས་དོན་མི་འདུག་ཅེས་སོགས་བཤད་ཡོད།
༤ ཡང་སྤྱི་ལོ་༢༠༠༩ལོར་ཚུལ་ཁྲིམས་བློ་གྲོས་ཀྱིས་ས་བྱི་ཞི་རྒོལ་ཆེན་མོ་དེ་མང་ཚོགས་ཀྱིས་ནོར་འཁྲུལ་ཚབས་ཆེན་ཤོར་བ་ཡིན་པ་རྒྱལ་བ་རིན་པོ་ཆེས་གསུངས་ཡོད་པ་རེད། ཅེས་སོགས་མི་མང་ནང་ཁྱབ་བསྒྲགས་བྱས་ཡོད།
༥ དེང་སྐབས་ཚུལ་ཁྲིམས་བློ་གྲོས་ཀྱིས་དགེ་བཅུའི་ཁྲིམས་ཟེར་བ་ཞིག་མང་ཚོགས་ནང་བཞག་ནས་འབྲོག་ཕྱོགས་མང་ཚོགས་ཚོས་ནོར་ལུག་གཞན་ལ་བཙོང་མི་ཆོག་པ་དང་། རང་གིས་བཤའ་མི་ཆོག་པ། ཤ་ཟ་མི་ཆོག་པ་སོགས་མདོ་སྟོད་སྨད་ཀྱི་ས་ཁུལ་གང་མང་ཞིག་ཏུ་ཁྲིམས་བཞག་པ་དེ་ལ་རྙིང་མའི་བླ་ཆེན་དང་དགོན་པ་གང་མང་གིས་རྒྱབ་སྐྱོར་བྱས་ཏེ། ད་ལྟ་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་ལ་མགོ་འགྱོགས་ས་མེད་པ་ཆགས་ཡོད་པར་བརྟེན། འབྲོག་ཕྱོགས་མང་ཚོགས་ཕལ་ཆེར་ཞིག་གིས་ད་ནི་སྒོ་ཕྱུགས་ལ་བེད་སྤྱོད་མི་འདུག་ཅེས་ནོར་ལུག་བཞག་ནས་གྲོང་དུ་འབབ་བཞིན་ཡོད་པ་རེད། གནས་ཚུལ་འདིའི་རིགས་ནི་རྒྱ་གཞུང་གིས་འབྲོག་ཕྱོགས་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་སྲིད་ཅུས་ལ་བོད་མི་རང་ཉིད་ཀྱིས་རྒྱབ་སྐྱོར་མཐུན་འགྱུར་ཆགས་ཡོད་པ་རེད། ད་བར་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་ནང་བོད་ཁྱིམ་རེར་ཕྲུ་གུ་གཉིས་རེ་ལས་སྐྱེས་མི་ཆོག་པ་བཟོས་ཡོད་ལྟར་དེང་སྐབས་གྲོང་ཁྱེར་ནང་གི་བོད་ཁྱིམ་རེར་ཕྲུ་གུ་གཉིས་ལས་སྐྱེས་ཐུབ་རྒྱུ་མེད་ཀྱང། འབྲོག་ཕྱོགས་མི་ཚང་རེར་བུ་ཕྲུག་མང་པོ་ཡོད་པ་དེས་བོད་མིའི་མི་འབོར་ལ་ཕན་ཐོགས་ངེས་ཅན་འབྱུང་བཞིན་ཡོད་ཀྱང། གལ་ཏེ་འབྲོག་ཕྱོགས་ཉམས་ཉེས་འདི་ལྟར་ཕྱིན་པ་ཡིན་ན་སྒོ་ཕྱུག་མེད་པའི་སྤྲང་པོ་ཆགས་པར་མ་ཟད། མི་རིང་པར་བོད་ས་འདི་བོད་མིས་སྟོང་རྒྱུ་ཉག་གཅིག་རེད།
༦ ང་ཚོས་ཚུལ་ཁྲིམས་བློ་གྲོས་ནི་མཁན་ཆེན་འཇིགས་མེད་ཕུན་ཚོགས་ལྟ་བུའི་ཆོས་ལུགས་རས་མེད་ཅིག་ཡིན་བསམ་མི་རུང་། ཚུལ་ཁྲིམས་བློ་གྲོས་ལ་ཧ་ཅང་ཆོས་ལུགས་ཕྱོགས་རས་ཆེན་པོ་ཡོད། ཚུལ་ཁྲིམས་བློ་གྲོས་ཀྱིས་རྗེས་རིན་པོ་ཆེའི་ལམ་རིམ་ཆུང་པ་དེ་རྙིང་མ་པ་དང་མཐུན་པོ་ཡོད། དེ་ཁྲིད་ན་ཡག་པོ་རེད། གཞན་ལམ་རིམ་ཆེན་མོ་དང་། ལམ་རིམ་འབྲིང་པོ་གཉིས་རྙིང་མའི་ལྟ་བ་དང་མི་མཐུན་པས་འདི་རྗེས་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། ཅེས་དང། ཡང་རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་སྐོར་གསུངས་པ་དེ་དག་ཀྱང་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་མ་རེད། དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་ཀླུ་སྒྲུབ་དགོངས་རྒྱན་དེ་རྗེ་རིན་པོ་ཆེའི་དགོངས་པ་མཐར་ཐུག་རེད། ཅེས་སོགས་ཤོད་བཞིན་ཡོད་པ་རེད། ད་དུང་གནས་ཚུལ་གང་མང་ཡོད་ཀྱང་དེ་རིང་དུས་ཚོད་འདང་མིན་བྱུང་བས། རྗེས་ནས་རིམ་བཞིན་འགོད་ངེས་ཡིན། ངས་བཤད་པ་འདི་དག་དངོས་གནས་ཡིན་མིན་བཀུར་འོས་དྲ་གྲོགས་ཚོས་ཞིབ་འཇུག་གནང་རོགས་ཞུ།
དྲ་གྲོགས་སམ་དྲ་འབུ་ཚོས་ག་དུས་ཡིན་ཡང་མིག་རྒྱང་ཐུང་བ་དང་། ཕྱོགས་ཞེན་ཆེ་བ། སྦུ་སུག་དོག་པའི་བསམ་འཆར་རྐྱང་རྐྱང་མ་གཏོགས་གནད་ལ་ཁེལ་བ་གཅིག་ཀྱང་གླེང་ཐུབ་ཀྱི་མི་འདུག
གསར་འབྱོར་བཀའ་བློན་ལ་སླེབས་མ་སོང་ཟེར་ནས་སྐད་རྒྱག་པ་དེ་ཚོ་བྱབ་ཆུང་གི་སྐད་ཆ་རང་རེད། དེ་སྔོན་གཅིག་གཅིག་བཤད་སོང་། དེ་ལག་ལེན་བསྟར་མ་སོང་། རྫུན་རྐུབ་བརྡོལ་སོང་ཞེས་བཤད་མཁན་དེ་ཚོར་རང་བློ་ནང་ལ་བསྡུས་ནས་བལྟས་ན་ངོ་ཚ་དགོས་པའི་སྐད་ཆ་རེད།
བཀའ་བློན་རྣམས་བཀའ་བློན་ཁྲི་པའི་འཆར་གཞི་གཞིར་བཟུང་ལག་ལེན་བསྟར་བར་མཉམ་རུབ་དང་། བསམ་ཚུལ་མ་མཐུན་པར་ནུས་པ་སྤུངས་མ་ཐུབ་པ་དེ་འདྲ་མིན་པ་ཞིག་གི་ཐོག་ནས་བཀའ་ཤག་གི་ལས་ཀ་ཤར་མར་འགྲོ་ཐུབ་པ་ཞིག་དགོས་རྒྱུ་དེ་གནད་འགག་རེད། གཞན་ཆོས་ལུགས་དང་ཆོལ་ཁ་གཅིག་གཅིག་མིག་མིག་དེ་ཚོ་བྱབ་ཆུང་གི་སྐད་ཆ་རེད། མ་གཞི་ཆོལ་ཁ་ཆ་ཚང་འདུག
གང་ལྟར་ལོ་ལྔའི་རིང་བཀའ་ཁྲི་ལ་སྲིད་བྱུས་ཡོད་པ་བཞིན་ལག་ལེན་ཐོགས་པ་མེད་པར་འགྲོ་ཐུབ་པ་དགོས་རྒྱུ་དང་། དེ་དང་མཐུན་པའི་བཀའ་བློན་ལས་རོགས་དགོས་པ་དེ་རེད། དེ་ལྟར་ཡོང་མིན་ང་ཚོས་ལྟ་ཆོག་གི་རེད། གཞན་ཁྱི་ཟུག་ཟུག་བྱས་ཀྱང་ཕན་ཐོགས་ག་རེ་ཡོད།
བདེ་སྐྱེད་ཆོས་དབྱངས་དང་ཚེ་རིང་དབང་ཕྱུག་གཉིས་མ་གཏོགས་ལོ་མང་གཞུང་གི་ལས་ཀ་གནང་བ་ཤར་ཅིག་རེད་འདུག་། གསར་པ་གཉིས་རེད་ཟེར་ན་འགྲིག་།
གང་ལྟར་བྱེད་སྟང་ཡག་པོ་མཐོང་སོང་། བོད་རྒན་རི་འདྲ་བ་གཅིག་ཡོད་པ་དེ་ལེན་པོ་བྱུང་།དེ་ནི་པད་མ་ཆོས་འགྱུར་རེད་། ཁོང་ནི་བཀའ་ཟུར་ནང་ནས་ནུས་པ་གང་ཡོད་འདོན་མཁན་ཅིག་རེད་། གཉིས་ནི་ཕོ་གསར་དུམ་བུ་ཅིག་འཚོགས་ས་ལ་མི་རྒན་ཉམས་ཅན་ཁ་ཤས་ངེས་པར་དགོས་ཡོད་ འདི་བོད་མིའི་གོམ་ཤིས་ཡག་ག་དེ་རེད་
འཇང་གཡུ་ལྷ་ཐོག་འགྱུར་ལགས་་་་་ཁྱེད་ཀྱིས་གསུངས་པར་བདེན། ཞུ་པ་ཡིན་་་ངས་དེང་སང་ཆུ་ཚོད་གཉིས་ལས་མང་བ་བོད་ཡིག་དྲ་རྒྱ་ཁག་ཏུ་བོད་སྤྱི་པའི་གནད་དོན་འབྲི་ཡི་ཡོད་ལགས། ང་རང་སྒེར་གྱིས་ངོས་ནས་འགན་ཁུར་བྱེད་བཞིན་ཡོད་བསམ་པའི་སྤོབས་ཆེན་པོ་ཡོད། ང་རང་སྒེར་གྱི་ཁེ་ཕན་ཟེར་བ་སྤུ་ཙམ་ཡང་མེད་པ་་་་མ་ཟད་བོད་སྤྱི་པའི་གནད་དོན་ཐོག་ཏུ་མི་གཞན་ལ་ཁ་དགྲ་དང་སྣ་དགྲ་མང་ཙམ་ཆགས་ཀྱི་ཡོད། ལས་ཀྱིས་གང་བསྐོས་མ་གཏོགས་་་་སྣང་བ་གང་སྐྱིད་བྱས་ནས་བསྡད་མེད།
བཀའ་བློན་རྣམ་པར་འཚམས་འདྲི་དང་འབྲེལ། དྲ་གྲོགས་ཚོར་ཞུ་འདོད་པ་ཞིག་ལ། ད་ནི་བདམས་ཚར་སོང་བའི་ཆ་ནས་འདས་པ་སྔོག་པ་ལས་ཀྱང་ད་ལྟ་ཅི་བྱེད་ལ་སོ་ཉན་གཟབ་མོ་བྱ་རྒྱུ་གལ་ཆེན་རེད། ང་ལ་མཚོན་ན། བོད་ཀྱི་བླ་ན་མེད་པའི་ཆོས་དང་རིག་གནས་ལ་མཁས་ཚད་བཞེས་པ་ཞིག་དང་། དོན་དངོས་སུ་གཞིས་ལུས་རྒྱ་ཆེ་མི་མང་དང་ལྷན་དུ་སྐྱིད་སྡུག་གི་འཚོ་བ་རོལ་མྱོང་མཁན་ཞིག་ཐོན་མེད་པ་དེ་ནི་སྟོང་ཆ་ཞིག་རེད་འདོད་ཡོད། ཡིན་ནའང་། ད་དུང་གཅིག་གདམ་ཆོག་པས། སྤྱི་ཟླ་གསུམ་པའི་གྲོས་ཚོགས་སྐབས་བཀའ་བློན་ཐོག་ལྟ་བུ་ཞིག་གདམ་པའི་རེ་བ་ཡོད།
སྔར་ལོ་ཡི་ཤུལ་ཁུལ་དུ་ས་ཡོམ་རྒྱབ་དུས་ནས་བཟུང་ཅོ་རི་ཉི་མ་ཟེར་མཁན་དེའི་དྲ་ཐོགས་ཁས་བླང་ནས་ ད་ནས་བཟུང་ཉིན་རེ་ལ་ཆུ་ཚོད་གཉིས་རེ་བོད་མི་རིག་གི་ཆད་དུ་ལས་ཀ་བྱེད་གི་ཡིན་གསུངས་པ་རེད། ང་ཚོའི་ཚོད་དཔག་བྱེད་ན་ཁོང་གིས་ཉིན་རེ་ལ་ཕྱགས་ལས་ཆུ་ཚོད་གཉིས་རེ་བྱེད་པའི་ཡོང་སྒོ་དེ་དེངས་སང་བོད་གཞུང་བཀའ་ཤག་གསར་པ་ལ་ཕུལ་རྩིས་ཡོད་རྒྱུ་རེད་ད།
ད་ཁ་ཚུམས་དྲ་འབུ་ཚོ། དེ་ལས་སྐབས་འདིར་བཀའ་བློན་ཕྱག་རོགས་གཉིས་ནི་རྙིང་པ་རང་འཇགས་རེད། གསར་པ་དྲུག་སླེབས་ཡོད། དེའི་ནང་ནས་པདྨ་ཆོས་འབྱོར་ལགས་ནི་དེ་སྔོན་ནས་ངོམ་རྒྱུ་ཡོད་ཚད་ངོམ་ཚར་ནས། དུས་དང་འཚམས་པར་ཉི་མ་གསོ་གིན་ཡོད། འོན་ཀྱང་སྐབས་འདིར་ཆུ་དཀྲོགས་ནས་མར་གྱི་རེ་བ་ཙམ་རེད།
ཞིབ་བསྡུར་བྱེད་ན། སྟག་ལྷ་སྐལ་གཡང་དང་ཚེ་རིང་ཕུན་ཚོགས། ཐུབ་བསྟན་ལུང་རིགས་དང་འབྱོར་དཔལ་ཚེ་རིང་། ཁོང་བཞི་དང་སྐབས་འདིར་གསར་ཐོན་པ་བཞིའི་རྒྱབ་ལྗོངས་དང་འཇོན་ནུས་ལ་ལྟོས་ཤིག
དེ་མིན་བཀའ་ཁྲི་མཆོག་གིས། ཁོང་རང་གི་འགྲན་ཡ་གཉིས་ནས་གཅིག་སྐབས་འདིར་འདེམས་དགོས་ངེས་ཀྱང་། མ་བདམས་པ་དེ་ཅི་ཡིན།
ད་དུང་སྐབས་འདིར་བཀའ་བློན་བདུན་ནང་ནས་བོད་མི་རིགས་ཀྱི་སྐད་ཡིག་དང་ཆོས་རིག ལོ་རྒྱུས་ལ་རྔོ་ཐོགས་པ་མི་གཅིག་ཀྱང་མེད་པ་འདི་ཅུང་ཙམ་ཞན་པ་རེད།
སྐུ་ཞབས་བློ་བཟང་སེང་གེ་ལགས་དང་ཁོང་གིས་བདམས་ཐོན་གནང་བའི་བཀའ་བློན་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་དང་འབྱུང་འགྱུར་ལོ་ངོ་ལྔ་ཡིི་ནང་ལ་ཁྱེད་རྣམ་པའི་བྱ་བ་ཐ་དག་ལེགས་གྲུབ་ཡོང་བའི་སྨོན་ལམ་དང་ཡིད་ཆེས་ཡོད།
ཡིན་ནའང་སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་འོས་བསྡུ་སྔོན་འགྲོ་སྐབས་ལ་༼གལ་སྲིད་ང་འོས་ཐོབ་པ་ཡིན་ན། ངས་གཅིག་སྒྲིལ་གྱི་བཀའ་ཤག་དང་མི་མང་གིས་བཀའ་ཤག་ཞིག་བཙུགས་ཀྱི་ཡིན་དེའི་ ནང་ལ་རྒན་པ་གསུམ་དང་གཞོན་པ་བཞི་ཡོད་པ་ཞིག་དང་རྒན་པའི་ནང་ལ་ཆོས་རིག་གཞུང་དང་སྐད་ཡིག་སྐོར་ལ་དོ་སྣང་གནང་དང་གཞོན་པའི་ནང་ན་དེང་དུས་ཀྱི་ཤེས་ཡོན་པ་། བོད་ནས་གསར་དུ་ཕེབས་མཁན་མང་པོ་ཡོད་ཙང་ཁོང་ཚོའི་སྐུ་ཚབ་ཡོད་པ། ཆོས་དོན་ལྷན་ཁང་ལ་ཆོས་ལུགས་ཀྱི་འཐུ་མི་དགེ་འདུན་པ་གཅིག་བཅས་ཡོད་པའི་བཀའ་ཤག་ཞིག་བཙུགས་ཀྱི་ཡིན་༽ཞེས་བརྗོད་སོང་ད་ལྟ་ལག་ལེན་བསྟར་དུས་ཆོས་དོན་ལྷན་ཁང་ནང་དུ་དགེ་འདུན་པ་མེད་པ་མ་ཟད་གསར་འབྱོར་གྱི་སྐུ་ཚབ་ཡང་་བདམས་མི་འདུག་པས་ཁ་བཤད་དང་ལག་བསྟར་ཅུང་མཐུན་མ་སོང་བའི་བློ་ཕམ་ཏོག་ཙམ་སྐྱེ་བྱུང་།
སྲིད་སྐྱོང་བློ་སེང་མཆོག་གི་ཁ་བཤད་དོན་ལ་མ་གནས་པ་དེ་མི་མང་ལྐུགས་པར་བརྩིས་ནས་མགོ་སྐོར་ཐེངས་གཅིག་བཏང་བར་ངོས་འཛིན་བྱེད། རྗེས་མ་མུ་མཐུད་རྒྱབ་སྐྱོར་བྱེད་རིན་ཡོད་མེད་སྤྱི་བའི་ལས་དོན་སྒྲུབ་སྟངས་ལ་ལྟ། བཀའ་ཤག་གསར་བའི་ལས་དོན་རྣམས་ལམ་ལྷོངས་ཡོང་བར་སྨོན། བོད་རྒྱལ་ལོ།