མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་ཆེན་སྲོག་གི་འབོད་པ་རིན་ཐང་ཆེ།

བོད་ཀྱི་དུས་བབ།
༢༠༡༡/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

སེར་བྱེས་བྱ་བྲལ་བློ་བཟང་དཔལ་ལྡན།

གངས་ལྗོངས་མི་རིགས་ཀྱི་སླད་དུ་སྐྱེ་བོ་གྲངས་ལས་འདས་པ་ཞིག་གིས་ཚེ་སྲོག་བཏང་བ་དང་། ཉམས་ང་འཇིག་ཉེན་གྱི་གནས་སྐབས་འདི་འདྲ་ལ་མ་འོངས་པར་གྲངས་ལས་འདས་པའི་ཚེ་སྲོག་ལ་ཉམས་ཉེས་འབྱུང་ངེས་ཀྱི་ཚོད་དཔག་ཐུབ་པ་ཞིག་རེད། སྤྱིར་བཏང་ནས་བཙན་པོའི་རྒྱལ་རབས་ཀྱིས་མདོ་དབུས་མཐོ་སྒང་གཅིག་གྱུར་བྱས་པའི་ཐོག་མའི་དུས་རིམ་ནས་ད་ལྟའི་བར་བོད་མི་རིགས་སམ་ཡང་ན་བོད་རྒྱལ་ཁབ་ཀྱི་སླད་དུ་བཏང་བའི་ཚེ་སྲོག་གི་གྲངས་ཀ་དེ་དཔག་དཀའ་བའི་ཚོད་དུ་ཡོད་ལ། དེ་དག་རེ་རེ་ཡི་ཚེ་སྲོག་གི་རིན་ཐང་གཅིག་མཚུངས་དང་འདྲ་མཉམ་དུ་གནས་པ་རེད། ལོ་རྒྱུས་ཀྱི་དཀྱོགས་མཚམས་གཅིག་ཁོ་ན་སྟེ་སྤྱི་ལོ་ ༡༩༥༠ ཡས་མས་ནས་ད་ལྟའི་བར་ལ་ཡང་གཡུལ་ས་དང་བཙོན་ཁང་། མུ་གེ རང་ཤི་བརྒྱབ་པ་སོགས་མདོར་ན་མི་རིགས་འདིའི་ལོ་རྒྱུས་ཀྱི་འགན་དབང་དང་། བདེ་སྡུག་མངའ་ཐང་གི་ཆེད་དུ་ཐོས་ན་སྐྱི་གཡའ་ཞིང་། བསམ་ན་སྙིང་འདར་བའི་སྐྱོ་གར་ཅི་འདྲའི་མང་པོ་ཞིག་བྱུང་བ་རེད་ཨང་། དུས་རབས་ཉེར་གཅིག་པ་མགོ་ཚེས་མ་ཐག་པའི་ལོ་གྲངས་བཅུ་ལྷག་འདིའི་རིང་ལ་ཡང་རྒྱ་ནག་དམར་གཞུང་གིས་ལྐོག་ནས་སྡིག་ལག་བསྲིངས་ཏེ་བོད་རིགས་སྤུན་ཟླ་ཆེས་མང་པོ་ཞིག་གི་དམར་ཆུང་ཚེ་སྲོག་རྩེད་མོར་སྤྱད་ཡོད་པ་དང་།  ཡོངས་སུ་གྲགས་པའི་བཤད་རྒྱུན་ལ་༸ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཆོག་གི་གཞལ་དཀའ་བའི་སྐུ་སྲོག་གསེར་གྱི་བ་གམ་ལ་ཡང་རྒྱ་ནག་དམར་གཞུང་གིས་གཤེད་མའི་སྡིག་ལག་བསྲིངས་ཡོད་པ་རེད།

མདོར་ན་བོད་མི་རིགས་ཀྱི་ལས་འགན་ཕྲག་ཏུ་ལེན་པའི་སྐྱེ་བོ་ཞིག་བྱུང་ཕྱིན་མངོན་ལྐོག་ཅི་རིགས་ན་སྲོག་ལ་རྒོལ་བའི་སྤུ་གྲི་རྣོ་ཟིང་ངེ་བ་རེ་ཡོད་པ་ནི་རྒྱ་གཞུང་གི་ལས་འགན་ལྟ་བུར་གྱུར་ཡོད།  རང་ཉིད་ཀྱི་ཚེ་སྲོག་དམར་པོ་མེ་ལ་མཆོད་ནས་མི་རིགས་ཀྱི་བདེན་པ་རྩོད་པ་དང་། རྒྱ་གཞུང་ལ་རྒོལ་ལན་སྤྲོད་པ། རང་རིགས་ལ་འབོད་སྐུལ་གཏོང་མཁན་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་། རྔ་བ་ཀིརྟི་དགོན་པའི་བཀྲ་བྷེ། རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས། གཞོན་ནུའི་ཚོགས་མི་ལྷག་པ་ཚེ་རིང་། རྟའུ་ཉིན་མཚོ་དགོན་པའི་གྲྭ་ཚེ་དབང་ནོར་བུ་བཅས་མི་ལྔ་ཏག་ཏག་བྱུང་བའི་ཁྲོད་གསུམ་སྐུ་སྲོག་ཤོར་བ་དང་། གཉིས་ད་ལྟ་འཚོ་བཞུགས་ཀྱི་སྐལ་བ་ལྡན་ཡོད། དེ་མིན་སྙིང་སྟོབས་དང་ལྷག་བསམ་གྱིས་རང་ལུས་མེ་ལ་བསྒྲོན་པ་དང་། ཆུ་ལ་མཆོངས་པ། བཙོན་དུ་སྐྱེལ་བ་སོགས་ལ་ཅི་སྙམ་པའི་ལྷག་བསམ་རྩལ་དུ་ཐོན་ཡང་བསམ་འདུན་ལྟར་ལམ་དུ་མ་ལྷོང་པའང་མང་པོ་ཞིག་ཡོད་ཀྱང་། ལོ་སྔ་ཕྱི་འདི་དག་ལ། ལི་ཐང་བ་བློ་བཟང་དོན་གྲུབ་སོགས་མང་པོ་ཞིག་གི་རིན་ཆེན་ཚེ་སྲོག་གི་དབང་པོ་རྒྱ་ནག་དམར་གཞུང་གི་མེ་མདའི་སོ་ཁར་ལྷུང་སོང་ལ། རྭ་རྒྱ་བཀྲ་ཤིས་བཟང་པོ་སྔོན་མོ་ཆུ་ལ་བསྟིམས་སོང་།

དཔེ་མཚོན་དུ་གྱུར་པའི་དཔའ་བོ་འདི་དག་ལང་ཚོ་དར་ལ། རྣམ་རིག་རྒྱས་ཤིང་། མ་འོངས་པའི་མི་ཚེའི་བདེ་སྐྱིད་ལ་རེ་ལྟོས་ཀྱིས་ཁེངས་པ་ཤ་སྟག་རེད་མོད། ཁོང་ཚོ་དང་ཁོང་ཚོ་ལྟ་བུ་ཆེས་མང་པོ་ཞིག་བོད་གངས་ཅན་པའི་མ་འོངས་པའི་འཚོ་གནས་ཀྱི་ཆེད་དང་། བོད་གངས་ཅན་པའི་བདེ་སྐྱིད་ཀྱི་ཆེད་དུ། ཤིན་ཏུ་ཕངས་པའི་མི་ཡུལ་གྱི་བདེ་སྐྱིད་དང་། གཅེས་ཤིང་བྱམས་པའི་ནང་མི་སྤུན་ཟླ་ཚོ་དང་ཁ་བྲལ་ཏེ་ཕྱི་མར་བཞུད་སོང་མོད། རང་རེའི་རིགས་སུ་སྐྱེས་པ་ཆེས་མང་པོ་ཞིག་གིས་སྟོང་སྐད་རྒྱགས་གཏམ་གྱིས་གནམ་ས་འགེངས་ལ་ཁད་པ་རེ་བྱས་རྗེས། ཐ་ན་ཉིན་གཅིག་གི་ཚ་གྲང་གི་དཀའ་སྡུག་ཙམ་བཟོད་པར་ནུས་པའི་དཔའ་སེམས་ཀྱང་མེད།  ཆུ་ཚོད་གཅིག་གཉིས་རིང་གི་སྐད་འབོད་ཁྲོམ་སྐོར་ལ་ཡང་དགོས་པ་མེད་མདོག་གི་རྣམ་འགྱུར་གྱིས་གཡོལ་གང་ཐུབ་བྱེད་ཀྱི་ཡོད། མིང་གནས་རྗེས་འབྲེལ་ལ་ཐོབ་ཐང་ཞིག་དང་སྙན་གྲགས་ཞིག་ཡོད་དུ་གྱུར་ན་སྔ་བའི་སྔུན་མ་དང་། མགྱོགས་པའི་རྟིང་མ་སུས་ལོན་ལ་འགྲན་བསྡུར་གྱི་ཡོ་ལང་ཅི་བས་ཆེ།  ད་དུང་རང་རིགས་གསར་འགོད་བརྒྱུད་ལམ་དང་། ལོ་རྒྱུས་ཡིག་ཚགས། མི་སྒེར་གྱི་བརྩམས་ཆོས་གང་ནས་ཀྱང་བཞུད་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་བྱས་རྗེས་དྲང་པོར་སྨྲ་བ་དང་། སྙིང་སྟོབས་གསལ་བོར་སྒྲོག་པ། ཆོད་སེམས་རིས་མེད་དུ་སྟོན་དགོས་པ་ལས། དམངས་ཕལ་བའི་དཔའ་བོ་དག་ལོ་རྒྱུས་ཀྱི་ཤོག་ངོས་ནས་ཡལ་འགྲོ་བའམ། ཕྱོགས་གང་རུང་གི་ཚེ་སྲོག་ལ་སྣང་མེད་བྱེད་པ་བཅས་གཏན་ནས་འབྱུང་མི་རུང་། 

རང་རེའི་བཙན་བྱོལ་གྱི་སྣང་ཚུལ་རེ་འགའ་ནི་མི་རིགས་ལ་འགན་མི་ཁུར་བ་དང་། ལོ་རྒྱུས་ལ་འགན་མི་ཁུར་བ། ཐ་ན་རང་ཉིད་ལ་ཡང་འགན་མི་ཁུར་བའི་བྱེད་སྟངས་མང་དུ་འབྱུང་བཞིན་འདུག་སྟེ། ཁ་སྔོན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱི་སྐུ་སྲོག་ཞུགས་ལ་ཕུལ་རྗེས་མདོ་སྨད་རྔ་བའི་ཡུལ་དུ་ཛ་དྲག་གི་གནས་སྟངས་ཧ་ཅང་ཆེ་བའི་སྐབས།  ༸གོང་ས་ཐམས་ཅད་མཁྱེན་པས་ཛ་དྲག་གི་གསལ་བསྒྲགས་སྤེལ་གནང་ཞིང་། དེ་བཞིན་བཀའ་ཤག་དང་། བོད་མི་དམངས་སྤྱི་འཐུས་སོགས་ཀྱིས་ཀྱང་རྒྱལ་སྤྱིའི་ཐོག་ཛ་དྲག་གི་སྙན་ཞུ་ཕུལ་ཡོད། དེ་བཞིན་ཨ་རི་སོགས་ཀྱིས་རྒྱབ་སྐྱོར་དང་འབྲེལ་རྒྱ་ནག་དམར་གཞུང་ལ་སྐུལ་འདེད་ཀྱི་བསྒྲགས་གཏམ་སྤེལ་བ་སོགས་ཀྱི་དོན་དག་བྱུང་སྐབས། གཞིས་ཆགས་ཆེན་པོ་དག་ཏུ་གོ་མེད་ཚོར་མེད་ཀྱི་ངང་དུ་གནས་པ་མ་ཟད་། ཚོགས་སྡེ་འགས་སྣེ་ཁྲིད་ཀྱིས་གསལ་བསྒྲགས་སྔོན་སོང་གི་མར་མེ་ཁྲོམ་སྐོར་ཙམ་ལ་ཡང་མི་དམངས་འདུ་འཛོམས་བྱུང་ཐུབ་ཀྱི་མེད།

ཉེ་ཆར་རྒྱལ་གཅེས་དཔའ་བོ་ཁམས་རྟའུ་ཉིན་འཚོའི་གྲྭ་ཚེ་དབང་ནོར་བུ་མཆོག་གིས་བོད་མི་རིགས་བསྟན་སྲིད་ཀྱི་ཆེད་དུ་གཅེས་པའི་རང་ལུས་མེ་རུ་བསྲེགས་ཏེ་རྐྱེན་འདས་སུ་སོང་སྐབས་ཀྱང་ང་ཚོའི་སྤྱི་ཚོགས་ནང་གྲགས་འགུལ་ཅི་ཙམ་འདུག ལས་འགུལ་ཅི་འདྲ་སྤེལ། དེ་ཙམ་གྱིས་ག་ལ་ཚད་དྲ་ལམ་ཁ་ཤས་ན་མིང་རྫུན་འོག་ནས་ཆོལ་ཁའི་ཕྱོགས་ཞེན་གླེང་བཞིན་པ་དང་མི་རེ་ཟུང་གིས་རྒྱབ་སྐྱོར་བྱེད་ཁུལ་དང་རྫུན་མའི་དྲིལ་བསྒྲགས་གྱིས་འཁྲབ་སྟོན་སྐྱུག་བྲོ་བ་རེ་ཡང་བྱེད་ཀྱིན་མི་འདུག་གམ། དེ་ཙམ་མ་ཟད་རང་རེའི་རྩོམ་པ་པོར་གྲགས་པའི་ང་རྒྱལ་ཅན་ཚོས་སྨྱུག་ཁ་ན་རང་རེའི་མགོ་ཁྲིད་ཚོས་མ་འཇོན་ཚུལ་དང་མ་འཐུས་ཚུལ་གྱིས་གནས་ཚུལ་མ་གཏོགས་དཔའ་བོ་འདི་དག་གི་བདེ་སྡུག་བོར་སོང་བ་ལྟ་བུའི་སྣང་ཚུལ་འབྱུང་བཞིན་པ་ནི་བསམ་ཞིང་བསམ་ན་ཅི་འདྲའི་བློ་ཕམ་དགོས་པ་ཞིག་རེད་ཨང་།

རྒྱལ་གཅེས་དཔའ་བོ་ཁོང་ཅག་གི་བློས་གཏོང་འདི་ལྟ་བུའི་སྐབས་གཉའ་གནོན་བྱེད་མཁན་གང་མང་ཞིག་དང་མཉམ་དུ་རང་སྲོག་འགྲོ་ཐུབ་པ་སྨོས་མི་དགོས་པར་མ་ཟད། སྐྱེ་བོ་འབུམ་ཕྲག་མང་པོར་སྐྱི་གཡའ་བའི་འཇིགས་སྣང་བསྐུལ་ཐུབ་པ་ཤེས་བཞིན་དུ། འདི་ལྟར་སྐྱེ་འགྲོ་གཞན་ནམ། ཡང་ན་གཉའ་གནོན་པ་གཅིག་ལ་ཡང་འཇིགས་སྣང་མ་བསྐུལ་བར་མེ་རིའི་ཀློང་ནས་རེ་འདུན་གྱིས་ཞུ་འབོད་བྱེད་བཞིན་བཞུད་སོང་བ་ནི་འཚེ་བ་མེད་པའི་སྙིང་སྟོབས་དང་། དཔེ་མཚོན་བྲལ་བའི་བློས་གཏོང་ཞིག་ཡིན་ལ། བློས་གཏོང་འདིར་ད་ལྟའི་འཛམ་གླིང་ཁྲོད་ཀྱི་ཆབ་སྲིད་འཐབ་རྩོད་ནང་དོ་ཟླ་བྲལ་བའི་ཚོད་དུ་ཡོད། གང་ལྟར་ཡང་། ཤུལ་དུ་ལུས་པའི་རང་ཅག་གི་ཕྲག་ཏུ་བབས་ཡོད་པ་ནི། ཁོང་ཚོས་བློས་གཏོང་དེས་གང་ཞིག་འབོད་ཀྱིན་ཡོད་མེད་དེ་ཤེས་དགོས་པ་དང་། དེ་དོན་ང་ཚོས་བསྒྲུབ་དགོས་པ་དེ་ཧ་ཅང་གལ་ཆེན་དུ་གྱུར་ཡོད།  ཁོང་ཚོར་ཚེ་སྲོག་མ་མཁོ་བ་མིན་ལ། ཁོ་ཚོར་སྡུག་བསྔལ་གྱི་ཚོར་བ་མེད་པའང་ག་ལ་ཡིན། ཁོ་ཚོར་མི་ཚེ་འདིའི་བདེ་སྐྱིད་དང་། དཀར་ངོགས་ཀྱི་ཉམས་སྣང་མ་དགོས་པ་དེ་བས་ཀྱང་ག་ལ་ཡིན། འོ་ན་ཅིའི་ཕྱིར་ཁོ་ཚོའི་ལང་ཚོ་དར་ཞིང་རྣམ་རིག་རྒྱས་པའི་སྐབས་དེར་བསམ་བཞིན་དུ་འཆི་ལམ་བདམས་པ་རེད། ཁོ་ཚོས་རང་ཉིད་ཀྱི་ནང་མི་ཕ་མ་སོགས་ལ་ཐེག་དཀའ་བའི་སྡུག་བསྔལ་འཇོག་དགོས་དོན་གང་ཡིན་ནམ། འདི་དང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་དང་། ཤེས་ཏེ་འགན་འཁུར་དགོས་པ་ཞིག་མ་ཡིན་ནམ།།

མཐའ་དོན་བརྗོད་འདོད་པ་ནི།

དཔའ་བོའི་བློ་སྟོབས་གངས་ཀྱི་རི་ལས་མཐོ། །

དཔའ་བོའི་བློས་གཏོང་བྱང་ཆུབ་སེམས་ལ་འགྲན། །

དཔའ་བོའི་ལྷག་སེམས་དུང་གི་མདངས་ལ་འཁུ། །

དཔའ་བོའི་རྣམ་ཤེས་བདེ་ནས་བདེ་བར་ཤོག །

ཕྱི་ལོ་ ༢༠༡༡ཟླ་ ༨ ཚེས་ ༢༡ ཉིན།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 1

  1. སྨར་ཀླུང་དཔའ་ལ། says:
    ལོ་ 14 སྔོན།

    དེ་རེད་ངོ་མ་སེར་བྱེས་བྱ་བྲལ་བློ་བཟང་དཔལ་ལྡན་ལགས་ཁྱེད་ཀྱི་གནད་དུ་ཁེལ་བའི་རྒྱུད་བསྒྲག་ཡག་པོ་ཞིག་བཏང་འདུག ཁྱོང་ཚོས་ཁ་ཟས་དང་མེ་སྣུམ་བརྗེ། གསོན་པ་དང་ཤི་བ་བརྗེ། གཅེས་པའི་སྒྱུ་ལུས་དང་གནག་པའི་མེ་ལྕེ་བརྗེ། དར་ལ་བབ་པའི་ལང་ཚོ་དེ་ཡ་ང་ལ་འཇིགས་ཞུམ་པའི་གདོང་དུམ་དུ་འགྱུར་སོང་ཀྱང་། ལག་ཐལ་མོ་སྦྱར་ནས་མི་རིགས་ཀྱི་བདེ་སྡུག་གླེང་བ་འདི། ཁོང་ཚོ་ལ་ཤི་བ་གདམ་དགོས་པའི་སྡུག་བསྔལ་ཆེ་སོང་བ་ཞིག་གཏན་ནས་མིན་ལ། གཞིས་ལུས་བོད་མི་རྣམས་ལ་སྡུག་བསྔལ་ཆུང་སོང་བ་ཞིག་གཏན་ནས་མིན། སེམས་རྣལ་དུ་ཕོབ་ནས་བསམ་གཞིག་ནན་པོ་ཞིག་ཙམ་གཟན་བ་རྣམས་ཀྱིས་བཏང་དགོས་པའི་བསྐུལ་མ་དང་ལམ་སྟོན་ཡིན། ཕ་ས་དྲོན་མོ་བཙན་གྱིས་འཕྲོག ཕ་ནོར་གཅེས་དགུ་གཏོར་བཅོམ་བྱས། ཕ་མེས་དགུ་བརྒྱུད་རྩད་ནས་གཅོད་པ་པོའི། ཤ་པ་ལག་དམར་དེ་ངོ་ཤེས་དགོས་ལ། དུས་ནམ་ཡང་བརྗེད་རྒྱུ་མེད། ད་དུང་ཕ་བསད་པས་མི་ཚད་བུ་ལ་བརྡུང་བརྡེག་བཏང་སྟང་ལ་གཞིག་དུས། བྱ་བ་ག་འདྲ་ཞིག་དགོས་ཀྱི་འདུག བློ་སྟོབས་ག་འདྲ་ཞིག་འཆང་དགོས་ཀྱི་འདུག དེང་གི་དུས་སུ་མིག་ཡོད་པའི་མི་བཤར་རྐྱང་ལས་ལོང་བ་ཞར་རྒོག་སུ་ཅིག་ཀྱང་ལུས་མེད། དར་བ་ནི་སུ་ལ་ཡོད་ཀྱང་རྒུད་པ་ཡང་དེ་དང་ཆ་མཚུངས་ཡིན། བཟང་པོ་ནི་སུ་གི་ཡང་ཤེས་ལ། ངན་ལན་ཡང་སུ་གི་སྤྲོད་ཐུབ། ངོ་མ་སེམས་པ་གཏིང་ནས་སྡུག་གི་འདུག་ལ། སྐྱོ་གི་འདུག རྒྱལ་གཅེས་དཔའ་བོ་ཚོ་ཁྱེད་རྣམ་པ་ཤི་བའི་གོ་ཆོད་སོང་ལ། སྙིང་གཏིང་ནས་གུས་འདུད་ཡོད། ཁས་བཤད་རྐམ་པོའི་ཡམ་མིན་ལ་སྡུག་ཡུས་ལྕི་བའི་ན་ཟུག་ངོ་མ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese