མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གི་གསལ་བཤད་རབ་རིབ་ཅིག་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་པའི་གྲོས་ཚོགས་ནང་སྐབས་བཅུ་བཞི་བའི་བཀའ་ཤག་གི་མ་འོངས་བྱེད་འཆར་དང་། སྲིད་བྱུས་ལངས་ཕྱོགས་སྐོར་ལ་ཤོག་ངོས་ ༣ ཅན་གྱི་གསལ་བཤད་ཅིག་གནང་པའི་ནང་། གནས་ཚུལ་མང་པོ་ཞིག་གི་སྣེ་ཙམ་རེ་གླེང་ཡོད་ཀྱང་། ཞིབ་ཚགས་དང་ལམ་སྟོན་མི་འདུག་ལ། ཆིག་སྒྲིལ་དང་གསར་གཏོད། རང་མགོ་རང་ཐོན་སོགས་ཀྱང་བསྟན་མི་འདུག་ཟེར།   

ཁ་སང་ཕྱི་ཚེས་ ༢༡ ཉིན་གྱི་ཉིན་རྒྱབ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། ཉེ་ཆར་ཚོགས་འདུ་དབུ་འཛུགས་སྟེང་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་སྐབས་བཅུ་བཞི་བའི་སྲིད་བྱུས་ལངས་ཕྱོགས་དང་། མ་འོངས་བྱེད་འཆར་སྐོར་གྲོས་ཚོགས་ནང་གསལ་བཤད་ཅིག་གནང་ཡོད་པའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་སོང་།

བགྲོ་གླེང་སྐབས་སྤྱི་འཐུས་ ༢༠ ཙམ་གྱིས་ཆ་ཤས་བླངས་ཏེ་བཀའ་ཁྲིའི་གསལ་བཤད་ཐོག་དགོངས་འཆཪ་དང་དོགས་འདྲི་གནང་ཡོད་ལ། དགོངས་འཆར་གསུང་མཁན་མང་ཆེ་བར་ཐུན་མོང་གི་ལྟ་ཚུལ་ཞིག་བྱུང་ཡོད་པ་ནི། ཐེངས་འདིའི་བཀའ་ཤག་གི་གསལ་བཤད་ནང་གནས་ཚུལ་མང་པོ་ཞིག་གི་ཕྱོགས་མགོ་ཙམ་རེ་བཀོད་ཡོད་ཀྱང་། དེ་དག་ཁ་གསལ་ཞིབ་ཚགས་མིན་པ་དང་། སྲིད་བྱུས་མང་པོ་ཞིག་ལག་བསྟར་བྱེད་ཕྱོགས་ཀྱི་ཐབས་བྱུས་དང་ལམ་སྟོན་མེད་པ། དེ་བཞིན། དེ་སྔ་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་སུ་གསར་གཏོད་དང་རང་མགོ་རང་ཐོན། ཆིག་སྒྲིལ་བཅས་ཀྱི་ཐོག་ཁས་ལེན་གནང་ཡོད་པ་དེ་དག་ཀྱང་། འདི་དང་དེ་ཡིན་གྱི་གསལ་ཁ་གང་ཡང་མེད་པ་སོགས་རེད།

གཞན་སྤྱི་འཐུས་ཚོས་བཀའ་ཤག་ལ་རེ་སྐུལ་ཞུས་པ་དག་ལས། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་དེང་སྐབས་ཕྱི་རྒྱལ་དུ་འགྲོ་མཁན་མང་བ་དང་། དེ་དག་སྐྱ་བོ་དང་སེར་མོ། ལས་བྱེད། བོད་ནས་ཕེབས་པ་གང་ཡིན་ལ་ཞིབ་འཇུག་བྱས་ཏེ། དེ་དག་གི་དཀའ་ངལ་སེལ་ཐབས་དང་། མ་འོངས་པར་གཞིས་ཆགས་སྲ་བརྟན་གྱི་ཐབས་ལམ་འཚོལ་དགོས་སྐོར་བརྗོད་སོང་།  

སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བཀའ་ཁྲི་མཆོག་གིས་དེ་སྔ་ཉམས་ཞིབ་སྡེ་ཚན་ཞིག་ཟུར་འཛུགས་གནང་རྒྱུ་ཡིན་སྐོར་གསུངས་པ་དེར་བསྔགས་བརྗོད་དང་འབྲེལ། དེང་སྐབས་རྒྱ་གཞུང་གིས་ཕྱི་ཕྱོགས་ལ་བོད་དོན་འཁྱོག་བཤད་བྱེད་པའི་ཆེད་དུ་བོད་རིག་པའི་ཞིབ་འཇུག་སྡེ་ཚན་ཁག་ཏུ་ཤུགས་རྒྱག་གི་ཡོད་པ་བཞིན། ང་ཚོས་ཀྱང་གཞུང་འབྲེལ་ཐོག་བོད་རིག་པ་ཞིབ་འཇུག་དང་ཉམས་ཞིབ་སྡེ་ཚན་ཐོག་ཤུགས་བརྒྱབ་སྟེ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གཙོས་པའི་བྱེད་སྒོ་དེ་རིགས་ལ་ཆ་ཤས་ལེན་ཐབས་བྱ་དགོས་པ་དང་། གཞན། ངྷ་རམ་ས་ལ་དང་ལྡི་ལི་སོགས་སུ་གསར་འབྱོར་བ་མང་པོར་དཀའ་ངལ་འཕྲད་བཞིན་ཡོད་པ་དག་ལ། དེ་སྔ་གཞུང་ངོས་ནས་གཞིས་ཆགས་ཁག་ཏུ་བཏང་ན་འགྲོ་འདོད་བྱེད་ཀྱི་མི་འདུག་ཟེར་ནས་སྣང་མེད་དུ་བཞག་ཡོད་པ་དེ་འགྲིག་གི་མེད་ཚུལ། ཁོང་ཅག་གི་དཀའ་ངལ་གཞན་སེལ་ཐབས་མེད་ཀྱང་ཁང་པ་ཆེན་པོ་བརྒྱབ་སྟེ་སྡོད་གནས་ཀྱི་དཀའ་ངལ་སེལ་ཐབས་བྱ་དགོས་ཚུལ་གསུངས་སོང་ལ། ལྡི་ལི་གཅིག་པུར་བོད་རིགས་མཐོ་རིམ་སློབ་མ་ཆིག་སྟོང་བརྒལ་བ་ཡོད་པ་དེ་དག་ཆེད་ཁང་པ་བརྒྱབ་སྟེ། མཐོ་རིམ་སློབ་མ་དེ་དག་མཉམ་དུ་སྡོད་ཐུབ་པ་ཡིན་ན་བོད་སྐད་ཡིག་རིག་གཞུང་དང་། བོད་དོན་ལས་འགུལ་སོགས་ལ་ནུས་པ་ཐོན་སྐོར་བརྗོད་སོང་།

དེ་བཞིན་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཀྱིས་བཀའ་ཤག་གི་གསལ་བཤད་ནང་། ལས་དོན་མང་པོ་ཞིག་རོབ་ཙམ་རེ་བསྟན་ཡོད་ཀྱང་། དཔལ་འབྱོར་འདུ་འགོད་སྐོར་ལ་གང་ཡང་གསུངས་མེད་སྟབས། བཀའ་ཤག་སྐབས་བཅུ་བཞི་བའི་ལས་རྒྱུན་རིང་གི་དཔལ་འབྱོར་འདུ་འགོད་སྐོར་གྲོས་ཚོགས་ནང་ཁ་གསལ་བཟོ་དགོས་སྐོར། གཞིས་ཆགས་ཁག་ནང་གི་ཞང་ལས་གཙོའི་པའི་འཕྲུལ་རིགས་ལག་རྩལ་པ་རྒན་པ་མང་པོ་ཞིག་རྫོགས་འགྲོ་བཞིན་ཡོད་སྟབས། ལས་དོན་དེ་རིགས་རྒྱུན་འཛིན་བྱེད་མཁན་གྱི་མི་རབས་གསར་པ་སྐྱེད་སྲིང་གང་འདྲ་བྱ་འཆར་ཡོད་མེད་སོགས་ལ་དྲི་བ་བཏང་སོང་།

སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཀའ་ཤག་གི་གསལ་བཤད་ནང་། བོད་དོན་བདེན་མཐའ་སེལ་ཐབས་སུ་དབུ་མའི་ལམ་རྒྱུན་འཛིན་གནང་རྒྱུ་ཡིན་པ་གསུངས་ཡོད་ཀྱང་། ཆབ་སྲིད་ཀྱི་འཕོ་འགྱུར་གྱི་དབང་གིས་བཀའ་ཤག་གསར་བ་དང་སྤྱི་འཐུས་གསར་བ་ཆགས་ཡོད་སྟབས། རྒྱལ་ཁབ་དང་མི་རིགས་ཀྱི་གལ་ཆེ་བའི་སྲིད་བྱུས་ཀྱི་ཐད་ནས་བཀའ་ཤག་གསར་པས་སྤྱི་འཐུས་གསར་པ་ཚོར་འགྲོ་སྟངས་ཀྱི་ཐོག་ནས་བཀའ་ལུང་གསར་བ་ཞིག་གནང་དགོས་སྐོར་བརྗོད་བྱུང་ལ། ཆིག་སྒྲིལ་གྱི་ཐོག་ནས། བར་སྐབས་ཤིག་ནས་གྲྭ་བ་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དང་། ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་སྐད་ཆ་ཡོང་གི་ཡོད་པ་དེ་འབུར་འཇོམས་བྱ་མ་ཐུབ་ཚེ་ཆིག་སྒྲིལ་ལ་གཏོར་བཤིག་གཏོང་བའི་ནང་ཁུལ་གྱི་གནད་དོན་ཞིག་ཆགས་ཉེན་ཡོད་སྐོར་གསོགས་བརྗོད་བྱུང་།

ཀརྨ་ཆོས་འཕེལ་མཆོག་གིས་མུ་མཐུད་དུ་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་གལ་ཆེན་དུ་བརྩིས་ཏེ་ཐེངས་མང་གསུངས་པ་ལེགས་ཀྱང་རྩལ་དུ་བཏོན་ཏེ་བཤད་ན་མཇུག་འབྲས་གང་འདྲ་འབྱུང་མིན། བཅའ་ཁྲིམས་ནང་བཀའ་བློན་ཁྲི་པས་བོད་དོན་བདེན་མཐའ་སེལ་ཐབས་ཨང་དང་པོ་འཇོག་དགོས་ཀྱི་ཡོད་སྟབས། བཀའ་ཁྲི་མཆོག་གིས་ཤེས་རིག་བཀའ་བློན་གཞན་ཞིག་བསྐོས་ན་ལས་དོན་འཐུས་ཤོར་ལ་མི་འགྲོ་སྐོར་སོགས་བརྗོད་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 17

  1. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལ་ཞུ་རྒྱུ།
    རྒྱལ་བ་ཀརྨ་པ་མཆོག་ལ་སྐྱབས་བྱོལ་གྱི་ཕྱག་འཁྱེར་དང་རྒྱལ་ཁབ་ཁག་མང་པོ་ལ་
    ཕེབས་ཆོག་པའི་ཆོག་མཆན་ཆ་ཚང་ཡོད་ན་ཡང་ཕེབས་མི་ཐུབ་པའི་གནས་ཚུལ་ཞིག་ཡོད་པ་ནི་མངོན་བདེན་རེད།ཕེབས་བསྐྱོད་རང་དབང་ཆ་ཚང་མེད་པ་ཡང་བདེན་པ་རེད།
    གནས་ཚུལ་དེ་འདྲ་ཞིག་འཕྲད་དགོས་པའི་རྒྱུ་མཚན་དངོས་མ་དེ་ཁྱོད་ལ་ཤེས་
    འདོད་ཡོད་ན་རྒྱ་གར་གཞུང་གི་ནང་སྲིད་དང་བདེ་སྲུང་གསང་བའི་ལས་ཁུངས་
    གསུམ་ལ་སྐད་ཆ་དྲི་ན་ཁྱོད་ཀྱི་དོགས་འཆར་དེ་སེལ་ཐུབ་པའི་ཡིད་ཆས་ཡོད་ཅེས་ཞུ་རྒྱུ་ཡིན།བོད་བཙན་བྱོལ་སྒྲིག་འཛུགས་དང་སྐུ་སྒེར་ཡིག་ཚང་སོགས་ལ་ཞྭ་མོ་ནག་པོ་གཡོག་ཐབས་མ་བྱས་ན་ལེགས་ཞུ་རྒྱུ་དང་གལ་སྲིད་ཁྱོད་ལ་རྒྱ་དམར་གཞུང་གིས་དེ་འདྲའི་ལས་དོན་སྒྲུབ་དགོས་པའི་བསྐུལ་མ་དང་སྒོར་དམར་པོ་ལེན་ཟིན་པ་ཡིན་ན་ཁྱོད་ལ་ཐུག་ཁག་མེད། སྙིང་རེ་རྗེ།

    Reply
  2. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    མི་ཉག་བཙན་ལ་ཞུ་རྒྱུ།ང་ཚོ་རྒྱ་ནག་ལ་ངོ་ལོག་རྒྱབ་བསྟན་ནས་ཡོང་དགོས་དོན་ནི་ཆོས་ལུགས་རང་དབང་དང་སྨྲ་བརྗོད་རང་དབང་འགྲོ་འདུག་རང་དབང་དགོས་ཞེས་ཡོང་བ་རེད།རྒྱལ་དབང་ཀརྨ་པ་མཆོག་ཀྱང་ཐོབ་ཐང་ཡོད་ཚད་གཡུགས་ཤིང་ཚེ་སྲོག་གཏའ་མ་བཞགས་ནས་རྒྱ་གར་དུ་ཕེབས་ཤིང་རྒྱ་གར་གྱི་སྐྱབས་བཅོལ་ལག་དེབ་དང་ཕྱི་རྒྱལ་ནས་ཐོངས་ཆེན་ཡིག་ཆ་ཆ་ཚང་ཡོད་ཀྱང་ད་དུང་འགྲོ་འདུག་རང་དབང་མེད་པའི་གནས་ཚུལ་འདི་་ཐབས་སྐྱོ་བོ་ཞིག་རེད།གནས་ཚུལ་འདི་མུ་མཐུད་ནད་བགྲོ་གླེང་བྱ་འདོད་ཡོད་ད་ལྟ་དུས་ཚོད་མི་ཁོམ་ཀི

    Reply
  3. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    བཀའ་ཁྲི་ཁོང་དང་པོ་བཀའ་ཁྲིའི་འོས་དམིགས་སུ་བཞེངས་སྐབས་རྒྱབ་སྐྱོར་བ་མང་པོ་ཞིག་ལ་བཤད་པ་ཡིན། ཁོང་ལ་བཀའ་ཁྲི་ཐོབ་ན་ཉམས་མྱོང་གིས་འདང་གི་མ་རེད། གྲོས་ཚོགས་སྐབས་མི་ངན་ཀར་ཆོས་སོགས་ཀྱིས་རྟུག་དྲི་ཤོར་ཤོར་བཟོས་ཀྱི་རེད་ཟེར་ལབ་པ་ཡིན། ད་དངོས་ནས་ཅི་དྲག ད་ཁོང་རང་ཉིད་ཀྱིས་བཏོན་པའི་ “སྒྲུབ་དོན་གསུམ་” ཙམ་ལ་ཡང་རྒྱུ་མ་ཕུག་འདེད་བཏང་དུས་གོ་རིམ་ལྡན་པའི་ལན་གསལ་ཞིག་མེད་ན་་་་་འོ་་་ད་ཚར་སོང་བ་རེད། ཟམ་གདོང་རིན་པོ་ཆེ་ཁོང་གི་གཟི་བརྗིད་དང་ཆོས་སྲིད་ཟུང་གི་མཁྱེན་ཡོན་གཞལ་ཟླ་བྲལ་བ་དེ་སླར་ཡང་དྲན་ཏེ་ཡིད་སྨོན་ཞིག་ངང་གིས་སྐྱེས་སོང་། ད་དུང་བྱ་འདུར་ཟེར་བ་དེ་མེད་པ་བཀའ་ཁྲི་ཁོང་གི་སྐུ་བསོད་རེད།

    Reply
  4. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བསེ་རུས་གཞན་ལ་ཞུ་དག་བྱེད་ཀྱིན་འདུགཧེ་ཧེ

    Reply
  5. རྩོམ་སྒྲིག་པ། says:
    ལོ་ 14 སྔོན།

    བསེ་རུས་གསུངས་པ་དེ་ག་རང་རེད། ནོར་བཅོས་བཏང་ཡོད།

    Reply
  6. བསེ་རུ། says:
    ལོ་ 14 སྔོན།

    <བཀའ་ཤག་གི་གསལ་བཤད་རབ་རུབ་ཅིག་རེད། >
    ཅེས་པའི་ཁ་བྱང་འདི་དགོངས་ཚུལ་གསུང་མཁན་ཚང་མས་ཐུགས་སྣང་བྱུང་མེད་ཚོད་རེད།
    དོན་དམ་དུ། རབ་རུབ་མ་ཡིན་པར། རབ་རིབ་ཅེས་འབྲི་དགོས་པས་དེ་དོན་ཐུགས་འཇགས་ཡོད་པ་ཞུ། དེ་སྔོན་ནས་ཞུས་པ་བཞིན། དབྱངས་ཨི་དང་ཨུའི་དཀའ་ངལ་འདི་རིགས་ལ་ད་དུང་ཐུགས་སྣང་ཆེར་བསྐྱེད་དགོས་འདུག་ཅེས་ཞུ་བར་ཐལ་ལོ།།
    ཡང་བཀའ་ཤག་གིས་གསལ་བཤད་གནང་དོན་ལྟར། “དེ་སྔ་འོས་བསྡུའི་ལས་རིམ་སྐབས་གསར་གཏོད་དང་རང་མགོ་རང་ཐོན། ཆིག་སྒྲིལ་བཅས་ཀྱི་ཐོག་ཁས་ལེན་གནང་ཡོད་པ་དེ་དག་ཀྱང་། འདི་དང་དེ་ཡིན་གྱི་གསལ་ཁ་མེད་པ་སོགས་རེད།”
    ཅེས་བཀོད་པ་ལྟར། བཀུར་འོས་སྤྱི་འཐུས་མང་པོ་ཞིག་ལ་དེའི་ཐོག་ཐུགས་འཚབ་དང་དགོངས་ཚུལ་ཤུགས་ཆེ་བྱུང་ཡོད་པ་ལྟར། མི་མང་སྤྱི་ལ་ཡང་དེ་དོན་སེམས་ཁྲལ་དང་། དོགས་གཞི་སྣ་ཚོགས་ཡོང་ངེས་ལ་བརྟེན། འབྱུང་འགྱུར་བཀའ་ཤག་གི་ལྟ་གྲུབ་དེ་ཚོའི་ཐོག་ཐབས་ལམ་དང་འཆར་འགོད་སོགས་ཁ་གསལ་གྲོས་ཚོགས་སུ་ངེས་པར་གསལ་འདེབས་གནང་དགོས་པ་ནི་གནད་ཀྱི་དམ་པའོ།།

    Reply
  7. གངས་ཅན། says:
    ལོ་ 14 སྔོན།

    བཀུར་འོས་སྤྱི་འཐུས་ཞིག་གིས་མཐོ་སློབ་ཀྱི་སློབ་མ་རྣམས་མཉམ་དུ་སྡོད་པའི་སྡོད་ཁང་རྒྱག་དགོས་ཚུལ་གསུང་པ་ཤིན་ཏུ་ལེགས་ཀྱང། དེ་ལ་འཛིན་སྐྱོང་ཚགས་ཚུད་ཅིག་མེད་ན་འཁྲབ་ནས་སྡོད་ཀྱི་ཡོད་པ་བོད་ཁྱིམ་གྱི་མཐོ་སློབ་སློབ་མའི་སྡོད་ཁང་དག་ལ་ཞིབ་འཇུག་ཅིག་བྱས་ན་ལེགས་སམ་སྙམ། གོ་ཐོས་ལ་སྣང་བ་གང་སྐྱིད་བྱེད་པ་ལས་སློབ་སྦྱོང་ལ་དོ་སྣང་མེད་པ་དང། ད་དུང་སྦྲིད་སྨན་དང་དུ་ནག་འཐེན་གྱི་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག་ལ། དེ་ལ་སློབ་ཡོན་སྤྲོད་ཕྱོགས་ཀྱི་ཆ་ནས་ཞིབ་འཇུག་ངེས་པར་དུ་བྱེད་དགོས་པར་འདུག སློབ་སྦྱོང་བྱེད་འདོད་ཡོད་ཀྱང་ཆ་རྐྱེན་ཕྲན་ཚེགས་ཀྱི་མ་འདང་བར་སློབ་ཡོན་མ་རག་པ་དང། ཁ་ཤས་མཐོ་སློབ་ཏུ་སོང་ནས་དགོས་ངེས་བརྒྱ་ཆ་ལོངས་ཙམ་བྱས་ནས་སློབ་ཡོན་གཞུང་ནས་ཞུ་བ་དང། ནང་ནས་ཕ་མ་སྤུན་མཆེད་དང་སྦྱིན་བདག་དེ་འདྲའི་ལག་མགོ་སྐོར་གྱི་སྒོར་མོ་བླངས་ཏེ་སྣང་བ་གང་སྐྱིད་ཀྱིས་མཐོ་སློབ་ཀྱི་རྩ་ཆེན་དུས་ཚོད་དེ་འཕྲོ་བརླག་ཏུ་གཏོང་གི་ཡོད་གནས་ཚུལ་གོ་རྒྱུ་འདུག་པས་ཞིབ་འཇུག་བྱེད་དགོས་པར་མཐོང། དེ་ནི་མ་འོངས་པའི་ཆེད་ལས་པའི་ཁྲི་ཡི་རྨང་གཞི་ཞིག་ཡིན་པར་སེམས། དེ་བཞིན་སློབ་གྲྭ་ཁག་གི་དགེ་རྒན་དང་། དེ་དག་གི་སློབ་སྦྱོང་གི་ཆུ་ཚད་དང་སློབ་མ་ལ་སློབ་སྦྱོང་སྤྲོད་ཐུབ་པའི་ནུས་པ་རྣམས་ཞིབ་འཇུག་བྱེད་དགོས་པ་སེམས། དེ་ནི་སློབ་གྲྭ་ཁག་ན་དགེ་རྒན་ཁག་ཅིག་གི་གླ་ཆ་ལེན་ཐུབ་ཙམ་བྱས་ཏེ་ཉི་མ་ཕུད་ཐབས་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་ལ། སྔོན་མ་ཡིན་ན་རྒྱ་གར་གྱི་དགེ་རྒན་གྱིས་སློབ་ཕྲུག་ལ་སློབ་སྦྱོང་སྤྲོད་པར་དོ་སྣང་བྱེད་མི་འདུག་ཟེར་ཀྱི་ཡོད། དེང་སང་བོད་པའི་དགེ་རྒན་གྱི་དེ་ལྟར་བྱས་ན་ཉེན་ཁ་ཞིག་རེད། ནམ་རྒྱུན་སློབ་གྲྭ་ཁག་གི་དུས་དེབ་དང་དེ་འདྲའི་སྟེང་ལ་ལྟོས་ན་འདྲ་ཆགས་པོ་གང་འདྲ་མི་འདུག དོན་དངོས་དེ་འདྲ་ཞིག་མིན་པ་ནི་བོད་ཞེན་ཅན་ཚོས་སྐད་རྒྱག་གི་ཡོད་པ་ལ་བལྟས་ན་ཤེས་ཐུབ

    Reply
  8. ཨ་ལ་ལ says:
    ལོ་ 14 སྔོན།

    ཆོས་རྒྱུད་སྤྱི་འཐུས་སླེབས་པ་ནས་བཟུང་སྤྱི་ཚོགས་ནང་གླེང་རྙོག་མང་པོ་འདུག དོན་མེད་དུ་ངག་འཁྱལ་དང་ཚིག་རྩུབ་མང་པོ་ཡོང་གིན་འདུག དཔེར་ན་ཇོ་ནང་པས་རྟག་པར་ཁྲོམ་བསྒྲགས་བྱེད་བཞིན་པ་དེ་ཡང་སྤྱི་འཐུས་དང་རྐུབ་སྟེགས་ཤིག་གི་ཆེད་དང་། དེ་བཞིན་དཔེར་བོན་པོ་བཀོད་དེ་ནང་ཁུལ་དམ་ཚིག་ལ་སུན་ཕྱུངས་ཀྱིན་འདུག ཇོ་ནང་གི་ས་མིག་དེ་དོན་དངོས་སུ་ཁལ་ཁ་རིན་པོ་ཆེ་ལ་དགོས་ལབ་ཀྱི་ཡོད་དམ། ཡང་ན་སྐབས་འཚོལ་བ་ཁ་ཤས་ཆེད་དང་། དེ་བཞིན་ཀརྨ་ཆོས་འཕེལ་བཀའ་བརྒྱུད་སྤྱི་འཐུས་རེག་པ་ལྟ་བུ། མདོར་ན་དེ་དག་ཚང་མ་མི་དགོས་པ་ཤ་སྟག་ཡིན་པས་ཆོས་རྒྱུད་སྤྱི་འཐུས་ཟེར་བ་དེ་ད་ནས་བཟུང་མེད་པར་བཟོས་ན་རེད། དེ་ཡིས་ཆོས་ལུགས་ལ་ལེགས་རྗེས་དང་ཕན་ཐོགས་གང་ཡང་མེད་པའི་ཁར་ད་དུང་མཐོང་ཚུལ་ངན་པ་བཟོ་གིན་འདུག དཔེར་ན། ཀརྨ་ཆོས་འཕེལ་དང་། ཐུབ་བསྟན་འཕེལ་རྒྱས། གཡུང་དྲུང་རྒྱལ་མཚན། ཨོ་རྒྱན་སྟོབས་རྒྱལ། ལ་སོགས་པའི་ཆོས་རྒྱུད་མིང་འཁུར་མཁན་དེ་དག་གིས་ཞབས་འདྲེན་རྐྱང་རྐྱང་ལས་བྱས་རྗེས་ཅི་ཞིག་བཞག་ཡོད་མིན་ཀུན་ལ་གསལ་པོ་རེད། མདོར་ན་༸གོང་ས་མཆོག་གིས་ཀྱང་ཆབ་སྲིད་ཐུགས་འགན་བཞག་ནས་ཆོས་པ་རྐྱང་མ་ཞིག་གནང་བ་ལ་མིག་དཔེར་བལྟས་ནས་དགེ་འདུན་པ་རྣམས་ཀྱིས་ཆབ་སྲིད་ཀྱི་དུག་ངན་དེ་ལ་ཐུགས་རེ་མ་གནང་བ་དང་། དེ་བཞིན་མི་སྐྱ་དེ་ཚོ་ཡང་རང་ཚོད་ཟིན་ནས་ཆོས་ལུགས་པའི་གོ་ས་ལ་འཛེགས་ཐབས་དང་ཧམ་འདོད་མི་བྱེད་པར་ཉ་དང་ཉུང་མ་སོ་སོར་བཟོ་རོགས་གནང་། ད་ལྟ་བཞིན་སྐྱ་མིན་སེར་མིན་མཛུབ་མོ་འཛུགས་ས་མེད་མཁན་ཞིག་ཆགས་ན་སྙིང་པོ་ཅི་ཡང་མི་འདུག་ལ་ཕན་ཐོགས་ཀྱང་ཅི་ཡང་ཡོང་གི་མི་འདུག

    Reply
  9. སངྒེ ། says:
    ལོ་ 14 སྔོན།

    རིགས་གཞུང་དང་ལྟ་གྲུབ་ཀྱིས་འཕོངས་པའི་མི་ལ་འཕྲད་དུས། སེམས་ཀྱིས་དྲན་ཡོང་བ་ནི་ཟམ་གདོང་བླ་མ་ཁོ་ནའོ།།

    Reply
  10. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དགོངས་འཆར་གསུང་མཁན་ཕལ་ཆེ་བ་སྤྱི་འཐུས་རྒན་གྲས་རྐྱང་རྐྱང་ཡིན་པ་མ་ཟད། ཉམས་མྱོང་དང་ཤེས་ཡོན་སོགས་གང་ཅིའི་ཐོག་ནས་ཕུན་སུམ་ཚོགས་པོ་ཡོད་སྟབས། དོན་སྙིང་ལྡན་ལ་དགོས་མཁོ་ཡོད་པའི་དགོངས་ཚུལ་ཤ་སྟག་གསུངས་འདུག དེར་བརྟེན་སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པ་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན།
    མཇུག་ཏུ་གསར་འགོད་པར་གསལ་འདེབས་ཞུ་རྒྱུར།
    ༼གཞིས་ཆགས་ཁག་ནང་གི་ཞང་ལས་གཙོའི་པའི་འཕྲུལ་རིགས་ལག་རྩལ་པ་༽ཞེས་པ། གཞིས་ཆགས་ཁག་ནང་གི་ཞིང་ལས་གཙོས་པའི་འཕྲུལ་རིགས་ལག་རྩལ་པ། ཞེས་པར་བཟོ་བཅོས་མ་གནང་ཚེ་འདི་ཡི་གོ་དོན་་་་ ཧ་ཧ། ཀུ་རེ་ཡིན།།

    Reply
  11. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    སྤྱི་འཐུས་ཀྱི་ངོས་ནས་བཀའ་ཤག་ལ་སྐྱོན་འདོགས་དང་ཟུར་ཟ་བྱེད་ས་རེག་ཐབས་ལས་མི་དམངས་ཀྱི་བདེ་སྡུག་དངོས་ལ་ཞིབ་འཇུག་བྱེད་ཅིང་དངོས་ཡོད་ལ་ཁྲིམས་ཀྱིས་རྒྱབ་སྐྱོར་བྱེད་རན་རེད། དཔེར་ན་ཇོ་ནང་གི་གནས་སྟངས་ལྟ་བུར་ཁྲིམས་ཐོག་གི་རྒྱབ་སྐྱོར་མི་བྱེད་ན་བྱེད་མི་འོས་པའི་རྒྱ་མཚན་ཙམ་མི་གླིང་བར་གཞིག་ན་དེའི་རྒྱབ་ལྗོངས་ན་འཐེན་འཁྱེར་གྱི་ལྐོག་གཡོ་ཞིག་ཨེ་ཡོད་སྙམ་པའི་དོགས་པ་འདུག ཅི་སྟེ་ཇོ་ནང་གི་ལྷ་སྡེ་བོད་མི་དམངས་ཀྱི་བདེ་སྡུག་གྲལ་དུ་རྩི་མི་རུང་ན་གནས་ཚུལ་ལོག་ཁ་རེད་མ་གཏོགས། འདས་ལོ་དུ་མའི་རིང་ལ་ཇོ་ནང་བའི་ངོས་ན་དཀའ་ངལ་གང་ཡོད་སོགས་ཀྱི་སྙན་ཞུ་རབ་དང་རིམ་པ་མང་པོ་ཕུལ་ཡོད་པར་སྣང་མེད་དུ་འཇོག་དགོས་པའི་རྒྱུ་མཚན་དེར་འདྲི་བ་ཞིག་འདོན་བཞིན་ཡོད།

    Reply
  12. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    གྲོས་ཚོགས་སྐབས་སྤྱི་འཐུས་རྣམས་ནས་དྲི་བ་དང་བརྟག་ཞིབ་གནང་སྒོ་ཁག་ནི་ཁ་ཚ་དགོས་གཏུགས་ཀྱི་བོད་གཞིས་བྱེས་མཉམ་མཛོམས་ཡོང་ཐབས་དང་བོད་རྒྱ་བར་དཀའ་རྙོག་སེལ་ཐབས། བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་རྩོད་ལེན་ཀྱི་
    ལངས་ཕྱོགས་གསར་པ་གང་ཡོད་སྐོར་དྲི་བ་དང་བགྲོ་གླེང་བྱས་དགོས་པ་
    ལས་སྤྱི་འཐུས་རྣམས་ནས་ཕན་ཚུན་ཐོབ་ཐང་རྩོད་ལེན་གྱི་དུས་ཚོད་མིན་པ་
    མི་ཤེས་པར་ཆོས་ལུགས་ཀྱི་ཐོ་ཐང་རྩོད་ལེན་བྱས་པ་ནི་མི་དམངས་རྣམས་བློ་ཕམ་དགོས་པའི་གནས་སུ་གྱུར།
    སྤྱི་མཐུས་སྐར་མ་ཆོས་འཕེལ་དང་ཟླ་བ་ཕུལ་སྐྱིད་གཉིས་སྤྱི་འཐུས་གསར་པ་མིན་ན་ཡང་ད་དུང་ཁྲིམས་ལུགས་ཐོག་ཆོས་ལུགས་ཁག་ལ་ཐོབ་ཐང་གང་
    སྤྲོད་དགོས་མིན་ཐད་བཀའ་ཤག་གི་སྡེ་ཚན་ལ་ཐག་གཅོད་ཀྱི་དབང་ཆ་མེད་པ་མི་ཤེས་པ་ནི་ཞབས་འདྲེན་རེད།
    སྤྱི་འཐུས་གྲོས་ཚོགས་ར་བའི་ནང་བཀའ་ཁྲིའི་གསུང་བཤད་རྣམས་ཀྱི་ཚིག་སྣ་རེ་ལ་རྐྱོན་བརྗོད་དང་རྩོད་པ་རྒྱབ་པ་ནི་སྤྱི་འཐུས་གྲོས་ཚོགས་ཀྱི་རྣམ་པ་ལྟ་བུ་གཏན་ནས་ཆགས་མེད། གདན་ས་ཁག་གི་ཆོས་རའི་རྣམ་པ་ཞིག་རེད། དོན་དངོས་མ་དང་བོད་ཀྱིོ་རྩ་དོན་གྱི་གནད་ལ་བགྲོ་གླེང་རེ་བྱས་ཡོན་ན་མི་
    དམངས་ཀྱི་དངོས་ཚབ་ཀྱི་ལས་འགན་སྒྲུབ་ཐུབ་པ་རེད་། དེ་མིན་ ཚིག་རེ་ལ་རྟགས་གསལ་རེ་བཏང་ནས་གྲོས་ཚོགས་གྲོལ་དགོས་བྱུང་ན་
    གཞུང་ལ་འགྲོ་སོང་ཙམ་རེད།
    བཀའ་ཁྲི་དང་བཀའ་ཤག་གིས་ཕྱག་ལས་གནང་ནས་དུས་ཡུན་ཐུང་ཙམ་ལས་ཕྱིན་མེད་པས་དེ་འྟ་བུའི་སྐྱོན་བརྗོད་དང་ལས་འཆར་གང་ཡོད་གསལ་པོ་བཟོ་ཐུབ་དགོས་པའི་དུསལ་བསླེབས་མེད། མ་ཟད་སྤྱི་འཐུས་རྣམ་པས་མཁྱེན་དགོས་པ་ཞིག་ནི་སྔར་བཀའ་ཤག་གིས་ཕྱག་ལས་གནང་ཟིན་པ་རྣམས་ལ་བསྐྱར་ཞིབ་དང་ལས་འཆར་གསར་པ་གསར་འཚོལ་གྱི་དུས་ཚོད་འདང་ངེས་སྤྲོདདགོས་པ་ལས།
    དུས་ཚོད་ཐུང་ཐུང་ཞིག་ནང་ཚང་མ་གཏན་འཁེལ་བྱས་ན་ཡག་པོ་ཡོང་ཁག་པོ་རེད།་དེ་གད་ངེས་པར་དུ་ཤེས་དགོས་པ་རེད།

    Reply
  13. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    ཆུ་ཐིགས་སྔོན་མོ་མིང་ཅན་པོ། ཁྱོད་ལ་དགོས་པ་དེ་རྒྱ་ནག་གི་གསར་འགྱུར་ལྟར། ཡར་རྒྱས་སོང་རབ་དང་རྒྱལ་ཁ་བླངས་རབ། བྱས་རྗེས་བཞག་རབ་དང་མཐུན་སྒྲིལ་ཆེ་རབ་རྐྱང་རྐྱང་བཤད་དགོས་པ་འདྲ།
    དམངས་གཙོ་ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་སྤྱི་ཚོགས་གང་ཞིག་ཡིན་རུང་། ཡར་རྒྱས་དང་བཟང་ཕྱོགས་དེ་འབུར་དུ་ཐོན་པ་གཟེངས་སུ་ཐོན་པ་ཞིག་མིན་ལ་གསར་ལམ་དུ་སྤེལ་སྲོལ་ཡོད་པ་མ་རེད། དེ་སྤེལ་ཡང་རིན་ཐང་ཡོད་པ་མ་རེད་ཆོས་ཉིད་དང་ལམ་ཕྱོགས་ཀྱི་འགྲོས་ཙམ་རེད། མ་འགྲིག་པ་དང་ནོར་འཁྲུལ་ཤོར་བ། ཞན་ཆ་སོགས་ཕྲན་བུ་ཙམ་བྱུང་ཡང་རྒྱ་ཁྱབ་ཏུ་བསྒྲགས་ཀྱི་ཡོད། དེ་ནི་ཡར་རྒྱས་དང་ལེགས་བཅོས་གསར་བརྗེ་བཅས་ཀྱི་ལམ་སྟོན་ཆགས་ཀྱི་ཡོད་པ་རེད།
    བཀའ་ཤག་གི་གསལ་གཤད་ཐོག་ལ་གྲོས་ཚོགས་ནང་བགྲོ་གླེང་གནང་གི་ཡོད་པ་དེར་བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱིས་བརྒྱུད་གཏོང་བྱེད་བཞིན་པའི་དྲ་བརྙན་བརྒྱུད་དེ་མཐོང་སོང་ལ། སྤྱི་འཐུས་ཚང་མའི་གཏམ་བཤད་ལ་ཞིབ་ཉན་བྱས་པ་ཡིན། ང་རང་གི་ཐོས་གསལ་ལའང་སྤྱི་འཐུས་ཚོས་ཐོག་མར་བཀའ་ཤག་གི་གསལ་བཤད་དེར་ཐུགས་རྗེ་ཆེ་རེ་ཞུས་རྗེས། སྐྱོན་བརྗོད་རྐྱང་རྐྱང་བྱས་སོང་། ལྷག་པར་དུ་སྤྱི་འཐུས་འགའ་རེ་ཡིས་ཐེངས་འདིའི་བཀའ་ཤག་གི་གསལ་བཤད་དེ་སྤྱིར་བཏང་གི་འཕྲིན་ཡིག་ཙམ་གྱི་ནང་དོན་ལས་མེད་པའི་ཟུར་ཟ་ཡང་བྱས་སོང་།

    Reply
  14. ཤག་སྒང་པ། says:
    ལོ་ 14 སྔོན།

    གྲྭ་པར་འོས་གཉིས་ཐོབ་བསྡད་པ་དང་། ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་སྐད་ཆ་ད་ལྟ་ནས་འབུར་འཇོམས་བྱ་མ་ཐུབ་ན། ཟེར་དུས་ཡང་ཀརྨ་ཆོས་འཕེལ་ལ་མ་འོངས་ལོ་ལྔའི་སེམས་ཁྲེལ་ལངས་ཚར་པ་འདྲ། ཆབ་སྲིད་པ་ནི་སྒེར་དོན་རྐྱང་རེད་གསུངས་པ་དེའང་དོན་དངོས་སུ་བདེན་པར་མཐོང་།

    གནས་དོན་འདི་གཉིས་ནི་བཙན་བྱོལ་བོད་མིའི་མང་གཙོའི་ཐོབ་ཐང་སྤྱི་མཚུངས་ཡིན་མིན་ཐད་མང་ཚོགས་དང་ལྷག་པར་ཤེས་ཡོན་པའི་ནང་གླེང་ཀློང་ཆེ་ཤོས་དེ་ཆགས་ནས་ཡོད། ཧ་ཅང་མངོན་གསལ་དོད་པའི་ལྟེ་མོ་མང་པོ་མཐོང་གིན་འདུག ཆོས་རྒྱུད་ཀྱི་སྤྱི་འཐུའི་ས་མིག་དང་ཀརྨ་ཆོས་འཕེལ་ལགས་ཀྱི་ཕོར་བ་་་་་་

    Reply
  15. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    གསར་འགོད་པ་གཙོ་བོར་བཞག་ནས་བོད་པ་ཚོས་མིག་གཅིག་གིས་ལྟ་བ་ལས་མིག་གཉིས་ཀྱིས་བལྟ་གི་མེད། ནམ་ཡིན་ཡང་སྐྱོན་ཁོ་ནའི་ཕྱོགས་མ་གཏོགས་ལེགས་ཆའི་ཕྱོགས་ཤིག་ཅི་ཡང་མཐོང་གི་མི་འདུག་་་་་་འདི་ནི་ང་ཚོའི་སྤྱི་ཚོགས་སུ་འཇགས་པའི་གོམས་གཤིས་སྡུག་ཤོས་ཤིག་ཡིན།

    Reply
  16. འཁྲུངས་སྐར། says:
    ལོ་ 14 སྔོན།

    གྲོས་འཆར་ད་ཡིས་ནང་ནས་ཡག་ཤོས་དེ་འབའ་པ་དེ་ཡིས་གསུང་འདུག་

    Reply
  17. འཁྲུངས་སྐར། says:
    ལོ་ 14 སྔོན།

    གྲོས་ཚོགས་དོན་རྙིང་ལྡན་པ་འགྲོ་བཞིན་ཡོད་ས་འདུག་པའི་སྙིང་ནས་དགའ་བ་ཆེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese