མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ང་ཚོས་ཕྱིར་བསྡུ་བྱེད་དགོས་པ་དེ་གང་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོན་རྒྱ་བསྟན་འཛིན་རབ་རྒྱས།

མ་འགྲིག་ངོ་མ་ནི། ད་ལོར་འུ་ཚོས་བཅའ་ཁྲིམས་ནང་གི་ཕྱིར་བསྡུ་བྱེད་དགོས་ཤིང་དུས་ལས་ཡོལ་བ་ཆོས་བརྒྱུད་སྤྱི་འཐུས་ཕྱིར་བསྡུ་མ་བྱས་པར། ཕྱིར་བསྡུ་བྱེད་མི་དགོས་པ་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་བྱས་པ་དེ་མ་འགྲིག་པ་རེད་ལ། དེས་སླར་ཡང་ཉོག་དྲ་ཟ་ཟི་རེ་ཡི་རྒྱུན་ཆད་ཐུབ་ཀྱི་མེད་པ་དེ་རེད། ད་ལོར་བློ་སེང་ལགས་བཀའ་ཁྲིར་ཕེབས་ཤིང་སྤེན་པ་ལགས་ཚོགས་གཙོར་ཕེབས་ཏེ་བོད་ཀྱི་ཕོ་གསར་སྟག་འདྲ་བ་གཉིས་ཀྱིས་གཞུང་བཟུང་བ་དེ་ནི་ཧ་ཅང་ཉམས་དགའ་བ་ཞིག་རེད། བོད་ལ་མགོ་ཡོད་ཀྱང་རྔ་མ་མེད་ཟེར་བ་དེ་ཁ་གསབ་བྱས་པའི་སྣང་བའང་ཤར། དེ་ལྟར་ཕོ་སར་ཁོང་གཉིས་མང་གཙོའི་ཀ་ཆེན་གཉིས་ཀྱི་ཆེས་མཐོའི་དཔོན་ཁྲིེར་ཕེབས་པ་དེས་བདག་ལ་རེ་བ་ཞིག་གི་མེ་རྟ་གསོས་ཀྱང་།  ༸གོང་ས་མཆོག་གི་སྐུ་དབང་མ་བཞེས་པ་དེས་བདག་ལ་སླར་ཡང་ “ ཨ་རོ་བོན་རྒྱ་བ། སྔོན་གྱི་དམར་ཡག་སྟག་མཆོངས་ནས་མཆོངས་མ་ཐུབ་ས་ཞིག་ལ། དེང་གི་གྲ་ཡག་ཝ་མཆོངས་ནས་མཆོངས་ཐུབ་བམ?” ཞེས་དྲི་བ་ཞིག་ལྡོག་འདྲི་བྱས་སོང་།

ཁ་སང་གྲོས་འཚོགས་ནང་གི་ཆབ་སྲིད་པ་ཡག་ཤོས་ཀརྨ་ཆོས་འཕེལ་གྱིས་བཀའ་ཁྲི་ལགས་སུ་གནད་འགག་ཅན་གྱི་དྲི་བ་ཚ་བོ་གཉིས་ཕུལ་ཞིང་གཅིག་ནི།  བོད་རྒྱའི་འབྲེལ་མོལ་སྐོར་དང་། གཉིས་ནི།  ཆོས་ལུགས་ཀྱི་སྐོར་རེད། ཁོང་གི་དྲི་བ་གཉིས་ཀ་ངོ་གདོང་ནས་གནད་འགག་ཆེ་བ་རེད་དེ། དེ་བཞིན་དགག་སྒྲུབ་ཀྱི་ཕྱོགས་ངོས་བརྒྱུད་ནའང་ཉིན་སྲིབ་ཧ་ཅང་མང་ཚོད་རེད། དཔེར་ན། དྲི་བ་དང་པོ་དེས་ཟམ་གདོང་ཚང་། རྒྱ་རི་ཚང་། ༸གོང་ས་མཆོག་དང་བཅས་པ་གྲོས་ཚོགས་ནང་བསྐྱར་གླེང་གིས་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ལ་ཁབ་དང་འབིག་གུས་གཙག་ཏེ། གནའ་སྔོན་མའི་གྲོས་ཚོགས་སྐབས་བཅུ་གསུམ་པའི་སྐབས་ཀྱི་ཉོག་དྲ་ཆེན་པོ་དེ་སླར་གསོ་བྱ་འདོད་དང་། དྲི་བ་གཉིས་པ་དེས་བཀའ་ཁྲིར་ཆོས་ལུགས་རྒྱུན་ཤེས་ཀྱིོ་ཡིག་ཚད་ཆུང་ཆུང་ཞིག་ལེན་བསམ་པ་དང་། ཆོས་བརྒྱུད་སྤྱི་འཐུས་དགོས་མིན་དང་ཇོ་ནང་སྤྱི་འཐུས་འགྲིག་མིན་སོགས་ཀྱི་བསམ་ཚུལ་སྣ་ཚོགས་ཀྱི་སྒོ་ཆེན་དབྱེ་ནས་སྤྱི་ཚོགས་འུར་ལ་སྐུར་བསམ་པ་མ་ཟད་ཞོར་ནས་ཁོ་བ་ཆོས་བརྒྱུད་སྤྱི་འཐུས་སུ་མི་འོས་པར་ཤུགས་ཆེན་གླེང་མཁན་ཚོར་ཡ་ལན་ཚ་བོ་སྤྲད་འདོད་ལོས་ཡིན། ཁ་སང་དེ་ལས་ཀྱང་ཁ་གསལ་དུ་“ བར་སྐབས་ཤིག་ནས་གྲྭ་བ་ཚོར་འོས་ཤོག་གཉིས་ཀྱི་ཐོབ་ཐང་ཡོད་པ་དང་། ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་སྐད་ཆ་ཡོང་གི་ཡོད་པ་དེ་འབུར་འཇོམས་བྱ་མ་ཐུབ་ཚེ་ཆིག་སྒྲིལ་ལ་གཏོར་བཤིག་གཏོང་བའི་ནང་ཁུལ་གྱི་གནད་དོན་ཞིག་ཆགས་ཉེན་ཡོད ” ཅེས་མི་མང་གི་བསམ་ཚུལ་ལ་འབུར་འཇོམས་དགོས་པའི་སྐད་ཆ་གཞུང་ལ་ཤ་ཞེན་ཆེ་མདོག་གིས་བཀའ་ཁྲིར་བརྒྱུད་སྐུལ་བྱས་འདུག འདི་དག་ནི་ཁོ་ད་ལོར་ཆོས་བརྒྱུད་ཁ་ཤས་ནང་དུ་འོས་གཞིར་ཐོན་པ་ལ་དྲ་ཐོག་གི་བདག་མེད་མཁས་པ་ཚོས་གནད་ལ་འཁེལ་བའི་ཡ་ལན་དང་མཚང་འབྱིན་མང་དུ་བྱས་པར་དགྲ་ཤ་ལེན་བསམ་པའང་ཡིན་རྒྱུ་རེད། ཡིན་ནའང་། སྐབས་འདིར་བཀའ་ཁྲི་མཆོག་གིས་ཀྱང་དྲི་བ་གཉིས་ཀར་ལན་ཚ་བོ་དང་གནད་ལ་འཁེལ་བ་གནང་སོང་ལ། ང་ཚོས་ཀྱང་ཇི་ལྟར་འབུར་འཇོམས་བྱ་མིན་ལ་ལྟ་ན་འདོད་པ་ཞིག་རེད་ཨང་།

 

ད་དུང་ཁ་སང་གྲོས་ཚོགས་ནང་དུ་ཐོབ་ཐང་འདྲ་མཉམ་ལ་ཆོས་ལུགས་རིས་མེད་ཀྱི་ཚུལ་གསུམ་འགོད་མཁན་ཡང་མང་དུ་བྱུང་ཚོད་རེད། ཡིན་ནའང་། ཆོས་ལུགས་རིས་མེད་ཅེས་པ་ནི་ཆོས་ལུགས་ཀྱི་སྤུ་རིས་དབྱེ་ནས་མི་མང་ལ་དགག་སྒྲུབ་ཀྱི་བསླབ་བྱ་བརྒྱུད་སྤྲོད་དང་མི་མང་གི་དད་མོས་རྡོག་རོལ་གཏོང་བ་སོགས་ལ་བརྗོད་པ་ལས་ཐོབ་ཐང་ཞིག་གིས་ཆོས་ལུགས་རིས་མེད་ལ་འགྲེལ་བཤད་རྒྱག་ས་མེད། ཆོས་ལུགས་རིས་མེད་ཅེས་པ་འདི་༸གོང་ས་ལྔ་བ་ཆེན་པོས་བོད་ཀྱི་སྲིད་དབང་བཟུང་བ་ནས་བཟུང་བར་མ་ཆད་ཡོད་ཡོད་པའི་དགའ་ལྡན་ཕོ་བྲང་བའི་བཟང་སྤྱོད་ཅིག་རེད། དེའི་ཕྱིར་ཆོས་ལུགས་རིས་མེད་ཀྱིས་ཐོབ་ཐང་འདྲ་མཉམ་ཞིག་གཏན་ནས་དཔོག་མི་ཐུབ། བཀའ་ཁྲི་མཆོག་གིས་གསུངས་པ་བཞིན་ད་ལྟའི་བཙན་བྱོལ་གཞུང་གི་བཅའ་ཁྲིམས་ཀྱི་མངའ་འོག་ན་འཚོ་བའི་ཆོས་ལུགས་ཡོད་ཚད་རིས་མེད་ཡིན་པ་ནི་སྨྲ་མ་དགོས་པ་ཞིག་རེད་དེ། ཆོས་ལུགས་པ་ཚང་མ་ཐོབ་ཐང་འདྲ་མཉམ་ནི་གཏན་ནས་མིན་ནོ། །དཔེར་ན། ཇོ་ནང་དང་བུ་སྟོན་པ། ཁ་ཆེ་བ། ཡུ་ཤི་བ་བཅས་ཀྱི་ཆོས་ལུགས་པ་ཚོ་དང་། ཡང་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་མཚན་ཉིད་གྲྭ་ཚང་དང་སྒྲོལ་མ་གླིང་ལྟ་བུའི་གྲྭ་བཙུན་ཚོར་ཡང་འོས་ཤོག་གཉིས་ཀྱི་ཐོབ་ཐང་མེད། ཆོས་བརྒྱུད་ཆེན་མོ་བཞི་སོ་སོར་སྒེར་ཁོངས་སུ་ཐོ་འགོད་བྱས་པ་རྣམས་དང་མ་ཆོས་གཡུང་དྲུང་བོན་པོ་བ་རྣམས་ལ་འོས་གཉིས་ཀྱི་ཐོབ་ཐང་ཡོད་པ་རེད། མང་གཙོའི་གཞི་སྒྲོམ་ནི་མི་གཅིག་ལ་འོས་གཅིག་རེད། འདི་འཐོར་སོིང་བའི་རྗེས་ལ་ད་མང་གཙོ་ཞིག་བཤད་ས་ཡོད་དམ། ད་ང་ཚོས་ངེས་པར་ཕྱིར་བསྡུ་བྱ་དགོས་པ་དེ་གང་རེད། རྒྱལ་བའི་སྐུ་དབང་རེད་དམ།

བོན་རྒྱ་བས་དུས་བབ་དྲ་ཚིགས་ཀྱི་གསར་འགྱུར་སྔ་ཕྱི་གསུམ་མཐོང་འཕྲལ་འཕྲད་མར་ཡིག་གེར་ཕབ་པའོ། །

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 10

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    ཅོ་རི་ལགས་སུ་གསལ་བཤད།
    ཁྱོད་ཀྱིས་བཤད་པ་བདེན་པ་རེད་དེ་ལ་མ་ཞིག་ཆད་འདུག ཡིན་ནའང་། མ་ཞིག་ཆད་སོང་ན་སྨྱོ་དགོས་ན་ཡིག་ནོར་བཞི་ལྔ་བྲིས་ནའང་སྨྱོ་དགོས་ཚོད་ཡིན་པས་དྲ་གྲོགས་ཅོ་རི་ཉི་མའང་སྨྱོས་པར་ཐལ་བའི་ཉེས་པ་ལྡོག་ཏུ་མེད་ཚོད་རེད་དེ། ་ཚིག་གི་རྩོད་པ་ཐ་ཐོར་དེ་འདྲར་སྙིང་པོ་ཆེར་མེད་པས་རེ་ཞིག་གཡུགས་ཞོག

    ཡང་སྐུ་ཉིད་ཀྱིས་ཕྱི་རྒྱལ་གྱི་བཙན་བྱོལ་བ་ཚོར་འོས་ཤོག་བཅུའི་ཐོབ་ཐང་མེད་པར་བཤད་པ་དེ་བདེན་པ་རེད། དེ་ཡག་པོ་མི་འདུག དེ་ལུགས་ན་ནིང་དགུ་བཅུ་གསུམ་གྱི་བཀོད་སྒྲིག་འོག་ང་དང་དོན་འགྲུབ་ལྷ་དར་བསྟན་འཛིན་བརྩོན་འགྲུས་གསུམ་གྱིས་འོས་འདེམས་སྐོར་ལ་སྐད་ཆ་ཞིག་བཤད་པའི་སྐབས་དེར་བདག་གིས་དོན་ཚན་གཅིག་ལ་བགོས་ནས་བཤད་ཡོད།
    ངའི་བསམ་པར་བྱང་ཨ་རི་དང་ཡུ་རོབ་ཀྱི་བོད་པ་ཚོའང་ཆོལ་ཁའི་འོས་འཕེན་པའི་ཐོབ་ཐང་དང་འོས་མིར་ལངས་པའི་ཐོབ་ཐང་དགོས་ཀྱི་འདུག དེ་མིན་གྱི་དེ་ཚོའི་དམིགས་བསལ་སྤྱི་འཐུས་རེ་ཟུང་ཡོད་པ་དེ་ཚོ་ཕྱིར་བསྡུ་བྱེད་དགོས་ཀྱི་འདུག་ཅེས་བཤད་ཡོད། དེ་ལ་རྒྱུ་མཚན་ཡང་མང་པོ་ཡོད། དཔེར་ན། སྤྱི་འཐུས་ནང་མི་ཤེས་འཇོན་ཅན་མ་རེག་པའི་དཀའ་ངལ་ཡང་བོད་པ་ཤེས་འཇོན་ཅན་ལ་གོ་སྐབས་མ་རེག་པའི་དཀའ་ངལ་ཚོགས་ཡོད་པར་འདོད་ཡོད། དེ་དག་སྐད་ཆ་དེའི་རྒྱབ་ལྗོངས་ཡིན།

    Reply
  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    དྲ་གྲོགས་ཚེ་རིང་ལགས་སུ་གསལ་བཤད།

    དེ་རིང་གི་ངའི་རྩོམ་ཡིག་འདི་རུ་ཀརྨ་ཆོས་འཕེལ་ལ་བཟང་ངན་གྱི་དབྱེ་བ་དང་ཐག་གཅོད་ཅི་ཡང་བྱས་མེད། དེ་ནི་ང་ལ་བབ་མེད་པའི་འགན་འཁྲི་ཞིག་ཀྱང་རེད། དྲ་པ་ཨ་ལ་ལ་ཟེར་བ་ཞིག་གིས་བཤད་པ་བཞིན་ང་ཀརྨ་ཆོས་འཕེལ་ལ་ཆ་རྒྱུས་ཅི་ཡང་མེད། ངས་རྩོམ་འདི་རུ་དུས་བབ་དྲ་བར་ཐོན་པའི་གསར་འགྱུར་གསུམ་དང་དེར་གསལ་བའི་ཀརྨ་ཆོས་འཕེལ་ལགས་ཀྱི་སྐད་ཆར་བསམ་དཔྱད་ཙམ་བྱས་པ་དེ་ཡིན།

    “ཆོས་ལུགས་རིས་མེད་ཅེས་པ་འདི་༸གོང་ས་ལྔ་བ་ཆེན་པོས་བོད་ཀྱི་སྲིད་དབང་བཟུང་བ་ནས་བཟུང་བར་མ་ཆད་ཡོད་ཡོད་པའི་དགའ་ལྡན་ཕོ་བྲང་བའི་བཟང་སྤྱོད་ཅིག་རེད་”ཅེས་པའི་ཚིག་འདི་ནི་དེ་སྔོན་གྱི་བོད་ཀྱི་སྲིད་དབང་སིལ་བུར་འཐོར་བའི་སྐབས་སོགས་བསྡུར་དཔྱད་ཀྱིས་བཤད་པ་ཞིག་དང་། ༸གོང་ས་ལྔ་བ་ཆེན་པོས་བོད་ཀྱི་སྲིད་དབང་བཞེས་པའི་དམིགས་ཡུལ་སོགས་ལ་གཞི་བཅོལ་ནས་བཞད་པ་ཡིན། ༸གོང་ས་ལྔ་བ་ཆེན་པོས་བོད་ཀྱིས་སྲིད་དབང་བཟུང་བ་དེའང་ཆོས་ལུགས་རིས་མེད་ཡོངས་ཐབས་དེ་དམིགས་ཡུལ་གྱི་གཙོ་བོ་ཞིག་རེད། དེ་ཡང་གོང་ས་ལྔ་བ་ཆེན་པོས་”བོད་འདིར་མགོ་འཆིང་ཞིག་ཡོད་ན་དུས་ཀྱང་བདེ་ཞིང་། ས་བཀའ་རྙིང་གསུམ་སོགས་གྲུབ་མཐའ་གཞན་རྣམས་དམིགས་པ་མེད་པའི་དབྱིངས་སུ་རྒྱས་མི་འདེབས་པར་ཕན་ནམ་སྙམ་པ་བྱུང་”ཞེས་དང་། བསྟན་དོན་ལ་རྒྱར་མི་གཏུབ་པ་དང་། ཚུར་རྒོལ་ཞབས་འདྲེན་མ་བྱུང་ཕྱིན། གྲུབ་མཐའ་མཐའ་དག་རང་འཇགས་སུ་བཞག་ན་རང་གཞན་ཚང་མར་གཏན་བདེ་འོང་བར་བཀའ་བསྩལ་བ་སོགས་ལས་དཔོག་ཐུབ་ལ། ཁོང་གིས་རང་གི་ཆོས་བརྒྱུད་དམ་ཆོས་ལུགས་དེ་དར་ཐབས་སུ་ཆོས་ལུགས་གཞན་ལ་གནོད་ཅི་ཡང་བསྐྱལ་མེད་པ་མ་ཟད། དེ་ལྟར་གནོད་སྐྱེལ་མཁན་གྱི་འདྲེ་སྲིན་ཚུན་ཆད་ལ་གདོང་ལེན་མཛད་པ་ནི་དོལ་རྒྱལ་དམ་བསྒྲགས་གནང་བ་སོགས་ལས་ཀྱང་དཔོག་ཐུབ་པ་ཞིག་རེད།
    དེའི་ཕྱིར་གོང་ས་ལྔ་བ་ཆེན་པོ་མཆོག་ནས་ཆོས་ལུགས་རིས་མེད་ཡོང་བར་སྐུ་ངལ་ཤུགས་ཆེན་གནང་ཡོད་པ་དེ་གསལ་བོ་རེད། ཡིན་ནའང་། ཆོས་བརྒྱུད་ནང་འཁྲུག་རེ་ཟུང་བྱུང་ཡོད་པ་ཙམ་གྱིས་ཆོས་ལུགས་རིས་མེད་མེད་པ་སྒྲུབ་ཐུབ་ཀི་མ་རེད།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ལྔ་པོ་ལ་འོས་བསྡུ་ཉེས་རྩིག་ཡོད་པའི་ཞྭ་མོ་ཞིག་ཀོན་བསྡད་ཀྱི་ཡོད་པ་འདི་ལ་ཞིབ་ཏུ་བསམ་ན་་་་བཙན་བྱོལ་བོད་གཞུང་གི་འགྲོ་ལུགས་ཤིག་དང་དགོས་དབང་ཞིག་རེད་མ་གཏོགས་འོས་བསྡུ་དྲང་བདེན་མེད་པ་དང་མང་གཙོ་ཡང་དག་མིན་པ་དེ་འདྲ་རྩ་ནས་མ་རེད།

    རང་བཙན་ལག་དེབ་ཡོད་མཁན་ཚང་མ་བཙན་བྱོལ་བོད་གཞུང་གི་མི་སེར་ཡིན་པར་འདྲ་འདྲ་རེད། ཡིན་ནའང་འོས་གྲངས་མང་ཉུང་གི་ཐོབ་ཐང་ཡོད་སྟངས་གཅིག་པ་ཆགས་མེད།
    རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མི་རེ་ལ་ཆོལ་ཁའི་འོས་བཅུ་རེ་འདུག ཆོས་རྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ལྔ་པོའི་ཁུངས་གཏོགས་ཀྱི་མི་རེ་ལ་འོས་གྲངས་བཅུ་གཉིས་འདུག དཔེ་ན་ང་ལྟ་བུའི་ཡུང་རོལ་རྒྱལ་ཁབ་ཅོ་བརྒྱད་ནང་གི་བཙན་བྱོལ་བོད་མི་རེ་ལ་འོས་གྲངས་གཉིས་འདུག་ག

    ད་ག་རེ་རེད། འདི་འདྲ་ཆ་མ་མཚུངས་བ་་་ཆོས་རྒྱུད་ཁག་གི་མི་རེའི་སྤྱི་འཐུས་ཅུ་གཉིས་འོས་བླུགས་ཀྱི་ཡོད་རེད། ང་ལྟ་བུའི་བཙན་བྱོལ་བོད་མི་ཚོ་ལ་སྤྱི་འཐུས་གཉིས་འོས་བླུགས་ཆོག་པའི་ཐོབ་ཐང་འདུག་་་་དྲང་པོ་རེད་་་མ་རེད་་་བོན་རྒྱལ་ལགས་་་་ཧཧཧཧ་་་བཅའ་ཁྲལ་མང་ཤོས་སྤྲད་མཁན་ཚོ་ལ་སྤྱི་འཐུས་ཉུང་ཤོས་གདམ་བཅུག་གི་ཡོད་པ་དངོས་ཡོད་རེད་དོ།།།
    ད་ལན་་་དེ་ཙམ་ཡིན་ལགས་་་་མུ་མཐུད་ནས་

    Reply
  4. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་གྲོས་ཚོགས་ར་བ་འདིའི་ནང་ནས་སྤོབས་པ་དང་བཅས་ཏེ་གནད་ལ་འཁེལ་བའི་དྲི་བ་དང་བསམས་ཚུལ་མི་ཉུང་བ་བརྗོད་སྟངས་ལ་་བཞིགས་ན་ཁར་སྔོན་གསར་འགྱུར་རྒྱུད་ལམ་ཁ་ཤས་དང་ཚོགས་པ་ཁ་ཤས་ནས་ཆེས་ཐལ་ཆ་ཆེ་བའི་སྐྱོན་བརྗོད་དེ་དག་གཞི་མེད་པའི་སྐྱོན་བརྗོད་ཡིན་པའི་ཚོར་སྣང་བྱུང་། གལ་སྲིད་ཁོང་ལ་དེ་འདྲའི་སྐྱོན་ཆ་ཡོད་ན་གདེང་སྤོབས་འདི་ཙམ་ཡོང་རྒྱུ་དཀའ་ལ་གྲོས་ཚོགས་ནས་ཁོང་སོས་དལ་དུ་ག་ལ་བཞག

    Reply
  5. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    བོན་རྒྱལ་ལགས་ཀྱིས།
    ༼༼ཆོས་ལུགས་རིས་མེད་ཅེས་པ་ནི་ཆོས་ལུགས་ཀྱི་སྤུ་རིས་དབྱེ་ནས་མི་མང་ལ་དགག་སྒྲུབ་ཀྱི་བསླབ་བྱ་བརྒྱུད་སྤྲོད་དང་མི་མང་གི་དད་མོས་རྡོག་རོལ་གཏོང་བ་སོགས་ལ་བརྗོད་པ་ལས་ཐོབ་ཐང་ཞིག་གིས་ཆོས་ལུགས་རིས་མེད་ལ་འགྲེལ་བཤད་རྒྱག་ས་མེད།༽༽ཞེས་གསུངས་འདུག་་་་་་ཧཧཧཧཧཧཧཧ

    ཆོས་ལུགས་རིས་མེད་ཡིན་ན་མི་མང་གི་དད་མོས་རྡོག་རོལ་གཏོང་དགོས་པར་ཐལ། འདོད་ན།

    བཙན་བྱོལ་སྒྲིག་འཛུགས་ཆོས་ཅན། ཆོས་ལུགས་རིས་མེད་མ་ཡིན་པ་ཐལ། ཆོས་ལུགས་ཀྱི་སྤུ་རིས་དབྱེ་ནས་མི་མང་ལ་དགག་སྒྲུབ་ཀྱི་བསླབ་བྱ་བརྒྱུད་སྤྲོད་དང་མི་མང་གི་དད་མོས་རྡོག་རོལ་མི་གཏོང་པས་ཕྱིར།།ཞེས་བཀོད་ན་་་་ཅི་ཞིག་ལན་རྒྱབ་ཀྱི་ཡོད་དམ།

    ངོ་མ་་་་་བོན་རྒྱལ་སྨྱོན་འདུག་་་་་ཆོས་ལུགས་རིས་མེད་ཅེས་པ་འདིའི་དོན་དག་འགྲེལ་བཤད་བརྒྱབས་སྟངས་འདི་་་བཟི་གཏམ་རང་རེད།

    Reply
  6. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ད་ཡིན་ན་ཧམ་པ་སུ་ཚ་འགྲན་བསྡུར་བྱེད་པའི་དུས་ཡིན་པ་འདྲ། དགའ་ལྡན་ཕོ་བྲང་གིས་སྲིད་སྐྱོང་འགོ་ཚུགས་པ་དང་ཆོས་བརྒྱུད་བར་གྱི་དམག་འཁྲུག་ཤུགས་ཆེ་རུ་སོང་བ་ལས་ཆུང་དུ་སོང་མེད་པ་སྔོན་གྱི་ལོ་རྒྱུས་གང་དུ་གསལ་ཡོད་ཅི་ཤོད་དཱ། ཁྱི་ཡི་ཁ ནས་མུ་ཏིག་ཡོང་ཨེ་སྲིད་གཅིག་བལྟ་སྙིང་འདོད་དོ། །དགའ་ལྡན་ཕོ་བྲང་པའི་གཞཱུང་མ་བཙུགས་པའི་སྐབས་དེར་གཙང་པ་སྡེ་པས་དགའ་ལྡན་དགོན་པར་ཅི་བྱས་པ་རེད། བཀྲ་ཤིས་ལྷུན་པོའི་དགོན་པར་ཅི་བྱས་པ་རེད། ལྷ་སའི་སྨོན་ལམ་ཆེན་མོ་ལོ་ཇི་ཙམ་བཀག་འགོག་བྱས་པ་རེད་ཨེ་ཤེས། མི་དབང་ཕཽ ལྷ་བའི་རྣམ་ཐར་དེ་གཅིག་ཀློགས་དང་ཤེས་ཡོང་། ཇོ་ནང་པར་དྲག་གནོན་བྱས་པར་ཧམ་བཤད་དེ་༸གོང་ས་ལྔ་པ་ཆེན་པོས་ཇོ་ནང་པར་བརྩི་བཀུར་ཇི་ཙམ་ཞུས་པ་དུ་ཀུ་ལའི་གོས་བཟང་ལས་ཤེས་ནུས། བཀའ་བརྒྱུད་པར་རློམ་པའི་ཆབ་སྲིད་པ་དགེ་ལྡན་པར་སྡང་ཟུག་ཆེ་བ་འགའ་ཤས་སོག་དམག་གིས་གཏོར་ཕམ་གཏོང་བ་ནི་སྤྱི་ཚོགས་ཀྱི་འགྱུར་འགྲོས་ཤིག་ཡིན་པ་ལས་༸གོང་ས་ལྔ་པ་ཆེན་པོས་རྒྱ་ནག་གོང་མ་དང་རང་གི་ཕྱག་མཛོད་སོགས་ལ་ཆོས་བརྒྱུད་སྒྱུར་བ་དང་མི་མཚམས་པ་བྱེད་མི་རུང་བའི་བཀའ་སློབ་ཇི་ཙམ་གནང་བ་ལོ་རྒྱུས་ཁག་ལ་ལྟོས་ཤིག །དེ་ནས་སྐད་ཆ་བཤད་སར་ཤོག

    Reply
  7. ཨ་ལ་ལ says:
    ལོ་ 14 སྔོན།

    བོན་རྒྱ་ལགས། ཁྱེད་ཀྱིས་ཡིག་ཚོགས་མང་དུ་བཏང་བ་ལ་དགོས་པ་གང་ཡང་མེད། ཁྱེད་རང་ཀརྨ་ཆོས་འཕེལ་ལ་རྒྱུས་མངའ་ཅི་ཡང་མི་འདུག ཀརྨས་བློ་སེང་ལ་དྲི་བ་ཚ་བོ་བཏང་བ་ཞིག་གང་ནས་ཡིན། དྲི་མ་ཚོ་བོ་ཆང་དྲི་འཐུལ་ལེ་བ་ཞིག་དང་། བཟི་གཏམ་རྡ་རུ་རྡི་རེ་ཞིག་ལས་གང་ཡང་མི་འདུག ཁྱེད་རང་སྦེད་དེ་མགོ་འཐོན་འདུག ཆུ་གྲང་གིས་གདོང་བཤལ་ཅིག་ཐོངས།

    Reply
  8. ཚེ་རིང། says:
    ལོ་ 14 སྔོན།

    བོན་རྒྱ་བས་བསམ་ཚུལ་ཁག་ཅིག་ཡག་པོ་སྤེལ་འདུག་ལ། གསལ་པོ་མེད་པ་ཞིག་ལ་ཀརྨ་ཆོས་འཕེལ་བཟང་རབ་བཤད་ཀྱི་ཡོད་དང་ངན་རབ་བཤད་ཀྱི་ཡོད་ཁ་གསལ་བཟོ་ཐུབ་མི་འདུག

    དེ་ནས་མོས་མཐུད་བྱེད་མ་ཐུབ་ས་ཞིག་ལ། “ཆོས་ལུགས་རིས་མེད་ཅེས་པ་འདི་༸གོང་ས་ལྔ་བ་ཆེན་པོས་བོད་ཀྱི་སྲིད་དབང་བཟུང་བ་ནས་བཟུང་བར་མ་ཆད་ཡོད་ཡོད་པའི་དགའ་ལྡན་ཕོ་བྲང་བའི་བཟང་སྤྱོད་ཅིག་རེད་”ཅེས་བརྗོད་པ་འདི་རེད།
    དགའ་ལྡན་ཕོ་བྲང་གིས་སྲིད་སྐྱོང་འགོ་ཚུགས་པ་དང་ཆོས་བརྒྱུད་བར་གྱི་དམག་འཁྲུག་ཤུགས་ཆེ་རུ་སོང་བ་ལས་ཆུང་དུ་སོང་མེད་པ་སྔོན་གྱི་ལོ་རྒྱུས་ཁག་ཏུ་གསལ་པོ་རེད་ལ། ས་ཆ་ཁག་ཅིག་དང་ཆོས་བརྒྱུད་ཁག་ཅིག་ཏུ་བལྟས་ན་ཡང་གསལ་པོ་ཤེས། དགའ་ལྡན་ཕོ་བྲང་གཞུང་གིས་(འདི་ལ་སྐབས་དེར་དགེ་སོག་གཞུང་ཡང་ཟེར། མིང་དེ་མི་མང་གིས་ངོས་ལེན་མེད་པའི་རྣམ་འགྱུར་རེད།) སྒོས་སུ་ཇོ་ནང་པ་དང་། བཀའ་བརྒྱུད་པར་དྲག་གནོན་བྱས་ཏེ་རྩ་མེད་བཏང་བ་མ་ཟད། ས་གནས་ཁག་ཏུ་དགོན་རྙིང་དགེ་ལུགས་པར་བསྒྱུར་པ་དང་། དགོན་གསར་རྒྱག་པ་སོགས་སོག་དམག་རྒྱབ་རྩར་བླངས་ནས། རི་བོ་དགེ་ལྡན་པ་བསྟན་པ་དར་སྤེལ་ཤུགས་ཆེན་བྱུང་ཡོད། དགེ་ལྡན་པའི་བསྟན་པ་དར་བ་ནོར་འཁྲུལ་མིན་ཀྱང། གཞན་པ་ཚོར་བཙན་གནོན་བྱས་པ་ནི་ནོར་འཁྲུལ་ལོས་ཡིན།

    ༧གོང་ས་སྐུ་ཕྲེང་བཅུ་བཞི་པའི་སྐབས་འདིར་ཆོས་བརྒྱུད་ཚོ་སྔར་དང་མི་འདྲ་བའི་འཆམ་མཐུན་བྱུང་ཡོད། ཁོང་གིས་བོད་ལ་བཞག་པའི་མཛད་རྗེས་ཆེ་ཤོས་ཀྱང་དེ་ཡིན་གྱི་རེད་བསམ་སོང་།

    Reply
  9. གནས་ཚང་། says:
    ལོ་ 14 སྔོན།

    ཨ་རོགས་ཨ་ཁུ་བོན་རྒྱལ་ལགས། འདི་གོང་ས་མཆོག་གིས་སྐུ་དབང་འབངས་ལ་སྤྲད་པ་མ་འགྲིག་པ་མ་ཡིན་པར་ཆོས་རྒྱུད་ཁག་གིས་གོང་ས་མཆོག་ལ་གཞོགས་འདེགས་གནང་གི་མེད་པས། ད་དུང་སྤྱི་འཐུས་ཀྱི་གོ་ས་དང་འོས་ཤོག་གི་ཐོབ་ཐང་གཉིས་ལ་ཤི་འཆང་རོ་འཆང་གནང་བཞིན་པ་མ་ཡིན་ནམ། ཐ་ན་དགེ་ལུགས་པའི་སྤྱི་འཐུས་གཉིས་ཀྱིས་ཀྱང་གཞོགས་འདེགས་གནང་གི་མེད་པས། དོན་ངོ་མ་གོང་ས་མཆོག་ཅེས་མ་ཎི་བགྲང་བགྲང་བྱེད་མཁན་དེ་དག་ལ་ག་རེ་འགྲིག་གི་མེད་པ་རེད་དམ།

    Reply
  10. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    ང་ཚོ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འགན་དགོན་པ་དང་བླ་གྲྭ་ཚོར་འགེལ་དགོས་ན་འུ་ཐུག་ཡིན་མ་རེད་པས་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese