མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བློན་འདི་གཉིས་ངར་༧པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་།

བོད་ཀྱི་དུས་བབ།
༢༠༡༡/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཤར་ཕྱོགས་ཁུག་རྟ།

ཕོ་རོག་དཀར་པོ་ཆགས་ན་སྔོན་ཐོན་པ་ཞེས་འཕྱ་སྟངས་ཤིག་གངས་ཅན་སྐྱིད་གཞོངས་ན་དར་ནས་བསྡད་ཡོད་ཁར། ད་ཐེངས་ཁ་བཙུམས་ནས་མ་བསྡད་པ་ཨམ་གཤིས་སུ་བསྒྲགས་ནས་འཕྱ་སྨོད་ཀྱང་བྱེད་སྲིད་མོད། བསམ་བློ་ག་ལེར་བཏང་དུས། དངོས་གནས་ཤ་མཆིན་པའི་སྟེང་འོག་བརྗེས་པ་ཟེར་བའི་སེམས་པ་སྐྱོ་ཕྱོགས་དེ་དབང་མེད་དུ་ཡ་ཆུང་ལ་མ་ཤོང་བར་ཁ་ནས་ཤོར་འགྲོ་བ་ཞིག་ནི་ཆགས་སོང་།

དེ་ཡང་༧པཎ་ཆེན་རིན་པོ་ཆེས་དབུ་ཁྲིད་པའི་གཞིས་ལུས་མི་མང་ལོ་ངོ་ ༥༠ ལྷག་གི་རིང་ལ་མགོན་དཔུང་དབུ་ཁྲིད་གཞུང་དང་བཅས་པ་བྲལ་རྗེས། གཞན་གྱི་གནོན་བཙུར་དྲག་ཤུགས་འོག་སྟབས་བསྟུན་གྱིས་ཉི་མཚན་རྩིས་ན་མི་འགྲོ་བའི་ངང་མི་ཚེ་བསྐྱལ་དགོས་བྱུང་ཡང་། བོད་ཀྱི་རིག་གནས་སྐད་ཡིག་དང་བཅས་པ་མུན་ནག་གི་མཁའ་ལ་སྐར་མ་བཞིན་བྲིས་ནས། བོད་ཀྱི་འཆི་གསོན་ལ་བླ་ན་མེད་པའི་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། ངས་ད་ལྟ་ཡི་གེ་འདི་འབྲི་བཞིན་པའི་སྐབས་སུའང་། བོད་ནང་དུ་སྐུ་གཞོགས་བློ་བཟང་སྐལ་བཟང་དང་བློ་བཟང་དཀོན་མཆོག་གཉིས་ཀྱིས་རང་གི་ཚེ་སྲོག་མེ་ལ་སྲེག་དང་སྲེག་བཞིན་པའི་སྒང་རེད། ཁོང་ཚོའི་ན་ཟུག་དང་གཏོང་ཕོད་ཀྱིས་ངས་ཡང་ཡང་༧པཎ་ཆེན་རིན་པོ་དྲན་ལ། པཎ་ཆེན་རིན་པོ་ཆེས་ཚེ་སྲོག་བློས་བཏང་གི་དཀའ་སྤྱད་ཀྱིས་ཁོང་ཚོ་རྣམས་ཀྱིས་བོད་དང་བོད་ཀྱི་དྲི་མ་དངོས་གནས་དེ་རྟོགས་ཡོད་ལ། བོད་དྲི་ཡོད་པའི་བོད་ཀྱི་མདུན་ལམ་གྱི་ཆེད་དུ་རང་གི་ཚེ་སྲོག་ནི་མེ་སྒྲོན་ཆོག་ཆོག་གི་མར་མེ་ཅིག་དང་གཉིས་མེད་བསྒོམས་བཞིན་ཡོད།

ཡིན་ནའང་། རང་ཅག་བཙན་བྱོལ་བ་རྣམས་ལ་ད་ལོ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དབུ་ཁྲིད་ཁག་ཅིག་བྱུང་སོང་བ་སྟེ། ཕ་སྐད་བོད་ཡིག་ཀློག་འདོན་ཙམ་ཡང་མི་འཁྱོང་མཁན་གཅིག་མིན་གཉིས་སུ་བྱུང་དང་འབྱུང་བཞིན་པ་རེད། ང་ལ་གྲོགས་བོན་རྒྱས་བོད་ནང་སྐུ་གཞོགས་རྣམ་གཉིས་ཀྱིས་རང་སྲོག་བློས་བཏང་བའི་བརྡ་འབྱོར་སྐབས། ངས་བཀའ་ཁྲི་མཆོག་དང་ཕྱི་དྲིལ་བཀའ་བློན་གྱི་ལས་སྡོམ་སྙན་སྒྲོན་ལ་ཉན་བསྡད་ཡོད། ང་སེམས་སྐྱོ་ནས་ཟུག་འདར་ལངས་ནས་སྡོད་པའི་སྐབས་དེ་ཤེད་དུ་སྐུ་གཞོགས་རྣམ་གཉིས་ཀྱིས་ང་ཡང་བསྐྱར་པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་།  ང་ལ་ཞེད་སྣང་དང་དངངས་སྐྲག་ལངས་སོང་། སྐུ་གཞོགས་རྣམ་གཉིས་གཙོ་བོར་གྱུར་བའི་ཁོང་ཚོ་སེམས་བསམ་པའི་དཀྱིལ་ནས་སྙིང་རྗེ་སོང་།

འབྲི་ཀློག་གལ་ཆེན་མ་རེད། དོན་དག་གལ་ཆེན་རེད་ཅེས་ཅིག་ཤེས་མདོག་མདོག་བྱེད་མཁན་དག་གིས་སྨྲ་སྲིད་ཀྱང་། བཙན་བྱོལ་ནས་ལོ་རྒན་ལྔ་བཅུ་ཕར་ལ་གཡུགས་ནས་དྲུག་ཅུའི་ཁའང་བཀང་ལ་ཉེ་ནས་འགྲོ་དུས། བཙན་བྱོལ་སྒྲིག་འཛུགས་ནང་བོད་ཡིག་བོད་སྐད་མི་དགོས་པའི་ཚད་རིམ་ཐ་ན་དབུ་ཁྲིད་རིམ་པའི་སྟེང་དུ་བསླེབས་སོང་། ༧རྒྱལ་མཆོག་ཐམས་ཅད་མཁྱེན་པས་སྲིད་དབང་རྩིས་སྤྲོད་གནང་ཚར་བ་དང་། བོད་ཡིག་འབྲི་ཀློག་ཙམ་ཡང་མི་འཁྱོང་བས་བཀའ་བློན་འདི་གཉིས་ཀྱིས་གྲོས་ཚོགས་སུ་ཀློག་སྟངས་ཆ་མ་ཆག་ཅིག་བཏོན་པ་ན། བཤད་ཡ་གང་ཡང་མེད་པར། ཐོལ་ཐོལ་ལ་སེམས་པ་སྐྱོ་ཞིང་། སྐད་ཡིག་གལ་ཆེན་ཡིན་པའི་རིགས་པའི་གཞུང་ལུགས་དག་གི་གལ་གནད་བསྐྱར་ཟློས་བྱེད་འདོད་ཀྱང་མི་འདུག་ལ། ཞལ་རས་འཛུམ་ཞིང་ལག་གཉིས་ཐལ་མོ་སྦྱོར་བའི་བོད་ཀྱི་སློང་མོ་བ་གྲགས་ཅན་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་གི་རེ་བཞག་ཀྱང་ས་ལ་བསྲེས་བཞིན་པ་ཚོར་ཞིང་། ཞིང་གཤེགས་བཀའ་དྲིན་ཟླ་མེད་༧ཚོང་པ་རྒྱག་པ་གང་དེ་ཉིད་དེ་བས་ཀྱང་དྲན་པས་མནར་འགྲོ་བ་ཞིག་བྱུང་།

ད་ནི་བསམ་བློ་གང་བཏང་དང་བསམ་ཚུལ་གང་ཞུས་ཀྱང་། བོད་སྐད་ཡིག་གི་ཚེ་སྲོག་རྨང་ནས་འགྱེལ་བཞིན་འགྱེལ་བཞིན་འགྲོ་དུས། བོད་ཀྱི་ལས་བྱེད་ནས་དབུ་ཁྲིད་རིམ་པའི་ནང་བོད་ཀྱི་སྐད་ཡིག་མི་དགོས་པའི་གནས་སྟངས་ཇེ་གསལ་ཇེ་གསལ་འགྲོ་བཞིན་པའི་སྐབས་སུ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བསྐྱངས་པའི་བོད་སྐད་ཡིག་གི་ལྗིད་ཚད་ཀྱང་རྒྱ་མར་འཇོག་རིན་ཡང་ཡོད་པ་འདྲ་ཞིག་མཐོང་ལ། གལ་སྲིད་མི་རིགས་འདིའི་སྐད་ཡིག་འདི་ལྟར་ཉམས་སོང་དུས། འདིའི་ནག་ཉེས་རྒྱ་ནག་གཞུང་གཅིག་པུ་ཡེ་ནས་མིན་པའང་གསལ་ཞིང་གསལ་བོར་ཤེས་ཀྱི་འདུག འོན་ཀྱང་བོད་སྐད་ཡིག་གི་སྲོག་རྩ་བཙན་བྱོལ་ལ་ཐུག་ཡོད་མེད་ཀྱང་ད་ལྟ་ཤེས་ཚོད་དཀའ་བ་འདྲ་ཞིག་ཏུ་ཚོར།

༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་ལྟར་མ་སོང་བར། བོད་སྐད་ཡིག་གི་ཆེད་དུ་བོད་མི་ནང་ཁུལ་ལ་ལྟ་ཚུལ་འབྱུང་བཞིན་པའི་སྐབས་སུ། གཅིག་བྱས་ན་བོད་མི་རིགས་ལ་ཞེན་ཁོག་བྱེད་སྟངས་ཀྱི་ཆ་ནས་བོད་ཕྱི་ནང་གཉིས་ཀྱི་བར་ལ་རིང་ཐུང་ངེས་ཅན་ཞིག་ཤོར་སྲིད་ལ། དེས་༧གང་གིས་བྱས་པ་མཐའ་དག་ཀྱང་ནག་བསུབ་མི་གཏོང་བའི་ངེས་པ་མེད་པས་ན། ལར་ནས་བཀའ་བློན་དག་གི་འོས་ཆོས་སུ་བོད་པའི་སྐད་ཡིག་ལ་རང་ཚུགས་ཐུབ་པ་ཟེར་བའི་ཆ་རྐྱེན་ཞིག་བཀོད་ཐུབ་པ་ཡིན་ན་ཉི་མ་དེ་རིང་གི་གནས་ཚུལ་འདི་འདྲ་འབྱུང་མི་སྲིད་པ་རེད་ལ། བོད་ནས་གཅིག་གི་གཅིག་འཕྲོར་རང་སྲོག་མེ་ལ་སྦར་དུས། འདི་ནས་དབུ་ཁྲིད་ཚོས་བོད་ཡིག་ཀློག་མ་ཤེས་པར་བསྡད་ན་དངོས་གནས་པཎ་ཆེན་བླ་མ་ལྟ་བུའི་བོད་སྐད་ཡིག་གི་ཀ་ཆེན་ཚོ་དྲན་པ་ཞིག་རེད་ལ། གཟིམ་ཆུང་སྦུག་ན་ཐམས་ཅད་ལག་མཐིལ་གྱི་རི་མོ་བཞིན་གཟིགས་དང་གཟིགས་བཞིན་པའི་༧གོང་ས་མཆོག་དེའང་། པཎ་ཆེན་རིན་པོ་ཆེ་ལྟར་གངས་སྐྱིད་ལས་ཁུངས་དག་ཏུ་སྐུ་རླུང་ལངས་ནས་རྡུང་གི་མི་ཕེབས་ཀྱང་། ཐུགས་བསམ་ང་ཚོ་བོད་ཡིག་ལ་དགའ་མཁན་ཚོ་ལྟར་སྐྱོ་ནས་བཞུགས་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།

གཞན་ཡང་སྐད་ཆ་འདི་ཙམ་གྱིས་ཁོ་བོ་དེ་ནས་དེ་རུ་སྤྱུགས་ཀྱི་ཡིན་ཞེས་དབང་ཆེན་པོ་ཁྲེད་ཀྱིས་ཚད་རུང་། རྩ་དོན་བརླག་པའི་མི་སྨྲའི་རྟུལ་ཞུགས་དེར་རྟག་ཏུ་འགྲོ་ཐུབ་པ་ཞིག་རེད་མི་འདུག་གོ།

 

གནད་དོན་གཉིས་ཁ་སྦྱར་ནས་ཐོན་པས་ཤར་མར་སྦྱར།

༢༠༡༡། ༩།  ༢༦།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering spoke on Tibet’s environmental significance and its global implications at the College of Mexico (ColMex), and on Tibet’s enduring nonviolent struggle at ITESO University.
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མེག་སི་ཁོའི་གནད་ཡོད་མི་སྣར་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧སྐུའི་གོ་སྟོན་སྲུང་གཙིའི་རིག་གཞུང་དུས་སྟོན་འཚོག་བཞིན་པ། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གཞུང་དུས་སྟོན་འཚོག་བཞིན་པ།

༢༠༢༥/༡༠/༢༤
འདི་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།
Mobile App

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་སྟོན་རྒྱུར་དཀའ་ངལ་འཕྲད་འདུག

༢༠༢༥/༡༠/༢༤
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཉི་ཧོང་གི་སྲིད་བློན་ས་ནའེ་ཊ་ཀའེ་ཆི་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར་སྒྲིག་སྦྱོར་བྱས།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་གནང་།

༢༠༢༥/༡༠/༢༤
བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙི་ཞུས། ༢༠༢༥།༡༠།༢༣ ཐད་གཏོང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་བོད་ཡིག་ནང་སློབ་ཁྲིད་གནང་འཆར་འདུག

༢༠༢༥/༡༠/༢༣
བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་བརྩམས་ཆོས་དང་གཟེངས་རྟགས། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

ནམ་མཁའི་སྔུར་སྒྲ་ཞེས་པའི་ཆེད་སྒྲིག་ལ་ཨོ་གླིང་གི་དེང་རབས་ཆེད་སྒྲིག་ཡག་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༥/༡༠/༢༣

མཆན། 60

  1. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གཞུང་ལུགས་སྨྲ་བའི་ཨ་ཁུ་གསེར་རྟ་བས།།
    སྨྲ་བརྗོད་རང་དབང་ཁྱོན་ནས་འཕྲོག་མི་འདུག།
    བདེན་དོན་གཏམ་ལ་རྒོལ་བའི་ལམ་ལུགས་ཤིག།
    ཁྱེད་ཀྱང་སྨྲ་བ་འདི་གོ་དྲིན་དུ་ཆེ།།

    ཕ་སྐད་ཕ་ཡིག་ཡལ་ནས་འགྲོ་བའི་དུས།།
    ཕ་རྒན་པཎ་ཆེན་དྲན་པ་ངོ་ཚ་ཡང་།།
    གནས་ལུགས་ལེར་ཞེན་ཟུང་གི་མཛེས་མ་ལ།།
    འདི་ལས་མཛེས་ཉམས་སྟོན་རྒྱུ་མ་རྙེད་ཐལ།།

    གངས་ཅན་སྐྱིད་གཞོངས་བོད་སྲོག་སྐྱོབ་ས་ཡིན།།
    ལྷ་མོ་དོན་ཀུན་གྲུབ་པའི་གཡུལ་ས་ཡིན།།
    བོད་དང་བོད་ཀྱི་དེའི་ཕྱིར་གཡུལ་ས་འདིར།།
    སྐྱེ་བ་ཐེངས་གཅིག་བརྗེས་ན་དཔའ་རྒོད་ཡིན།།

    རྒྱ་ཡིས་བསད་ཀྱང་སྐུ་ངོས་ཕུད་ཀྱང་རུང་།།
    ལན་གཅིག་ལུས་ལ་རྟེན་པའི་གར་ཆུང་འདི།།
    དུས་ཀྱི་ཆོས་ཉིད་དབང་དུ་འགྲོ་རག་བར།།
    བོད་རུས་བླངས་པའི་ཟས་རིན་སྤྲོད་ལ་འབུངས།།

    ཡུམ་ཆེན་ཨ་མ་རྒྱ་ཡི་འོག་ཏུ་ཡོད།།
    ལན་གཅིག་འཕྲད་པའི་གོ་སྐབས་བདག་ལ་མེད།།
    མ་ཤི་གསོན་བྲལ་བོད་ཀྱི་དུས་རབས་འདིར།།
    རྡ་ཞོལ་བཙོན་དུ་བཅུགས་ཀྱང་ཨེན་ཙམ་གདའ།།

    ཕ་སྐད་ཕ་ཡིག་མི་དགོས་ཡལ་བའི་དུས།།
    ནག་པོའི་ལམ་གྱི་དབུ་ཁྱུད་བྲིས་འདུག་ལ།།
    བགྲང་བྱ་རེ་འགའི་དབུ་ཁྲིད་འདི་ཚོ་ནི།།
    ཁ་སང་མགྲོན་པོ་དེ་རིང་བུད་ལོས་འགྲོ།

    ལོས་འདེད་འཁེང་ར་ནག་ཉེས་བཀལ་མེད་ཀྱང་།།
    ཡ་ཆུང་སེམས་པ་མེ་ཡིས་བསྲེགས་འགྲོ་བས།།
    ཉམས་ངའི་ངང་ཚུལ་འདི་གའི་དབུ་ཁྲིད་གཟུགས།།
    གཞིས་ལུས་བོད་མིས་གསན་ན་ངོ་རེ་ཚ།།

    ཁ་ཡིག་མཆོག་དང་ཕུལ་ཞེས་སྨྲས་མེད་ལ།།
    གཞན་ཡིག་མི་དགོས་ཞེས་ཀྱང་མ་སྨྲས་མོད།།
    རང་གི་དབུ་ལ་རང་སྐད་མ་འཛོམས་དུས།།
    ཡ་ཆུང་སེམས་འདི་གྲི་ཡིས་བསྣུན་ལས་བཙོག།

    གངས་རིའི་མགོན་པོའི་བཀའ་དྲིན་ཟླ་མེད་དེས།།
    གཟིགས་པ་བསྐྱངས་པ་བྱམས་སེམས་འོ་མའི་མཚོ།།
    མིད་པའི་ཕྲེང་ནས་བྲང་ཁོག་ཉུལ་བའི་དུས།།
    རང་ཁེ་གཉེར་མཁས་ལམ་དེར་ཡི་ག་ལོག།

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 14 སྔོན།

    ༧རྒྱལ་པཎ་རྣམ་གཉིས་དྲན་ན་དྲན་དུ་ཆུགས། །
    བོད་སྐད་གཏན་དུ་ཡལ་ན་ཡལ་དུ་ཆུགས། །
    ཤར་ཕྱོགས་ཁུག་རྟས་བདེན་གཏམ་མང་དྲགས་པས། །
    སྔོན་ནས་སྐུ་ངོ་འགའ་རེའི་ཐུགས་ཁྲོས་ཟིན། །

    ད་ནས་ཁུག་རྟས་སྨྲ་མཚམས་མ་བཞག་ན། །
    ཁུག་རྟའི་མགོ་ལ་རྟ་ཆར་འབབ་ཉེན་ཡོད། །
    ཁུག་རྟ་གངས་སྐྱིད་ཁུལ་ནས་བྱོལ་ཉེན་ཡོད། །
    ཁུག་རྟ་འཇིག་རྟེན་འདི་དང་འབྲལ་ཉེན་ཆེ། །

    རྒྱ་གར་ཉེན་རྟོག་མི་སྣར་སྤྲད་ཉེན་ཡོད། །
    དྷ་ཤོད་རྒྱ་གར་བཙོན་ལ་བཅུག་ཉེན་ཡོད། །
    དེའི་ཕྱིར་ངས་ནི་ལྷག་བསམ་རྣམ་དག་ལས། །
    ཁུག་རྟའི་སྨྲ་བརྗོད་རང་དབང་འཕྲོགས་པ་མིན། །

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    མི་རིགས་ཞིག་དང་རྒྱལ་ཁབ་ཅིག་གི་སྐད་ཡིག་མི་རིགས་དེ་དང་རྒྱལ་ཁབ་དེའི་དབུ་ཁྲིད་རིམ་པའི་ཁྱད་ཡོན་ནང་མ་ཚུད་པ་དང་། མེད་པ། ཟགས་པ་བཅས་བྱུང་བ་ནི་བོད་མིའི་སྒྲིག་འཛུགས་འདི་ཨང་དང་པོ་ཆགས་པ་རེད་ཅེས་པ་འདི་རྩ་དོན་འགག་ཅིག་ཡིན། དེ་ཡིད་ལ་ཟུངས།

    སྐད་ཡིག་ག་ཚོད་ལྡན་མིན་ལ་མ་ལྟོས་པར། རྒྱལ་ཁབ་ཀྱི་དབུ་ཁྲིད་རིམ་པ་རང་གི་མི་རིགས་ཀྱི་ཕ་སྐད་ཕ་ཡིག་ལས་གཏན་དུ་གྱེས་པ་ཡིན་ན། སྐད་ཡིག་རྩ་དོན་ཡིན་པའི་མི་རིགས་ཀྱི་མདུན་ལམ་ནང་ཉེས་པ་དང་ནག་ཐིག་ག་ཚོད་བབས་དང་བཞག་ཡོད་མེད་གསལ་བོ་རེད།

    ཡང་སྒོས་དབུ་མའི་སྒྲུབ་བྱའི་ཐད་ནས་ཞུས་ན་འདྲ། དབུ་མའི་ལམ་གྱི་བློས་གཏོང་དང་མངོན་འདོད་ཀྱི་ཆ་ནས་ཞུས་ནའང་འདྲ། སྐད་ཡིག། ཆོས་དང་རིག་གཞུང་གཙོ་འདོན་བྱེད་ཀྱི་ཡོད་པས། དེའི་རང་དབང་ཆ་ཚང་སྒྲུབ་མཁན་གྱི་དབུ་ཁྲིད་ཅིག་ལ་དེའི་ཐད་ཀྱི་ཤེས་ཡོན་ཚད་ལྡན་དགོས་པ་ནི་གཞི་རིམ་གྱི་འཛོམས་དགོས་པའི་ཆ་རྐྱེན་ཞིག་ཡིན། འདི་དངོས་ཡོད་ཀྱང་ཡིན།

    Reply
  4. ལུང་རྟོགས། says:
    ལོ་ 14 སྔོན།

    ཤེས་རབ་ལགས་ཀྱིས་གསུང་པ་དེ་བདེན་པ་རེད། ང་དང་ཁྱེད་ཚུད་པའི་ང་ཚོ་ཚང་མས་བོད་ཡིག་ཡག་པོ་སྦྱང་དགོས་རྒྱུ་གལ་ཆེན་པོ་རེད་འདུག

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་གས་ལགས།
    རྡ་ས་ནས་རང་དང་ལྟ་བ་མ་མཐུན་ན་ལྟ་ལོག་དང་ལྟས་ངན་རྒྱ་མི་གསང་ཉུལ་བ་ཤུགས་ལྡན་ཚོགས་པ་རེད་ཟེར་བའི་སྐད་ཆ་འདི་ས་ཕྱོགས་འདིའི་ཆབ་སྲིད་པ་ཚོས་མི་མགོ་རྡུང་བའི་ཐོ་བ་ངོ་མ་དེ་རེད།ཁྱེད་ལ་ཡང་འདི་འདྲ་མི་བཤད་པའི་ངེས་པ་མེད།སྐད་ཆ་འདི་ཚོ་ལ་ཞེ་སུན་ནས་ཡོད།
    ཁ་གསལ་པོ་བྱ་ནས་ཤེས་དགོས་བ་ཞིག་ལ་དེ་ིར་ང་གི་བོད་ཡིག་དང་བོད་ཀྱི་རིག་གཞུང་སྐད་ཡིག་གི་ཤེས་ཚད་དམའ་བའི་མགོ་ཁྲིད་རྐྱང་རྐྱང་ཞིག་བསླེབས་པ་འདི་མི་ལོ་ལྔ་བཅུའི་ནང་གི་སློབ་གསོ་འཐུས་ཤོར་ལས་བྱུང་བ་ཡིན་པ་ལས་མི་སྒེར་རེ་རེ་མཛུབ་མོ་འཛུགས་ས་ཁག་པོ་རེད་བཀའ་ཁྲི་དང་བཀའ་བློན་གསོ་སྐྱོངས་བྱ་སའི་ཤེས་ཡོན་ཁོར་ཡུག་མ་འགྲིགས་པའི་རྐྱེན་གྱིས་བྱུང་རེད་རྒྱབ་ལྗོངས་དང་མདུན་རྒྱབ་ཆ་ཚང་ལ་ལྟ་ནས་སྐད་ཆ་བཤད་དགོས་བ་གལ་ཆེ།
    འཐུས་ཤོར་འདིའི་ནང་དུ་བླ་ཆེན་མི་ཆེན་སྐུ་དྲག་དགེ་རྒན་སློབ་སྤྱི་མདོར་ན་འགན་ཁུར་མཁན་ཚོས་འཐུས་ཤོར་བྱུང་བ་ཤེས་དགོས།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    དཀྲོག་གཏམ་ཆུང་ཆུང་ཞིག་སྟེ། ངེད་རང་བཀའ་ཁྲི་མཆོག་ལ་ཀུན་སློང་ནག་པོ་ཡོད་པ་ཞིག་འདི་དང་གན་ན་སྒྲོན་གྱིན་པས། སྤྱིར་ང་འདྲ་བ་ཞིག་གི་ཀུན་སློང་དཀར་ནག་གང་ཡིན་ཡང་བཀའ་ཁྲི་མཆོག་ལ་ཕན་གནོད་ཁབ་རྩེ་ཙམ་ཞིག་མི་འདྲེས་ཀྱང་། མི་ཆེན་པོས་ཚུགས་ཀ་འཛིན་མཁན་ཚོས་རྒྱ་མིའི་སོ་པས་བཤད་ཕྱོགས་འདི་འདྲ་བཀྲམས་ན་དངོས་གནས་སྙིང་རྗེ་བ་ཞིག་རེད།

    Reply
  7. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    ང་འདྲེ་མགོ་མགོ་རྡོ་ཡོང་ནས་བཀླགས་ཟིན། ཁོམ་ལོང་བྱུང་ན་ད་དུང་འདི་འདྲ་རེ་གཏོར་རོགས་ཞུ།

    Reply
  8. ཤེས་རབ། says:
    ལོ་ 14 སྔོན།

    ལུང་རྟོགས། ཁྱེད་ཀྱིས་ཀྱང་བོད་ཡིག་ད་དུང་ཡར་རྒྱས་དང་དོ་སྣང་བྱེད་དགོས་ཀྱི་འདུག དགེར་སྐྱོན། དགེ་བར་སྐྱོན་ཡོད་ན། སྒེར་སྐྱོན་མིན་འགྲོ།

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཁྲི་སྲོང་བཙན་གྱི་ཀླད་ཁམས་དང་གོ་བ་ཆེ་ས་རེད། ཀློག་པ་པོ་ཞིག་གིས་གོ་བ་ཁྲི་ཕྲག་བསྐྱོན་རྒྱུ་ནི་སྤྱིར་ཡར་ལུང་ཡར་རྒྱས་ཅན་གྱི་ཤེས་ལྡན་པ་ཚོའི་འགྲོ་སྟངས་རེད།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཕ་ཡུལ་གཅིག་པ་ལུང་རྟོགས་ཀྱིས། ཀུན་སློང་དཀར་ནག་བཤད་ཡོང་དུས་འདི་མིན་དེ་ཡིན་ཟེར་མཁན་ཡོང་གི་མ་རེད། དེ་བས་ཀུན་སློང་དཀར་ནག་གི་ཚུལ་རྩོམ་ཡིག་ནས་རྩལ་གྱིས་དཔྱུངས་ཏེ་ངའི་གདོང་ལ་རྒྱོབ་དང་དེ་དུས་ལྟ་ཆོག།

    Reply
  11. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བསྟན་འཇམ་ལགས་ཀྱིས་གང་གསུངས་ཀྱི་ཡོད་མེད་བརྡ་འཕྲོད་མ་སོང་།

    Reply
  12. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    རྭ་ལོ་ལགས། སྔོན་མ་ནས་བཤད་པ་ཡིན། ད་དུང་བཤད་རྒྱུ་ཡིན།

    Reply
  13. ལུང་རྟོགས། says:
    ལོ་ 14 སྔོན།

    ལྷག་བསམ་རྣམ་དག་གི་སྐད་ཆ་ཡིན་ན་ཡག་པོ་རེད་དེ། ཤར་ཁུག་འདི་སྔ་ཕྱི་བར་གསུམ་དུ་སྲིད་སྐྱོང་མཆོག་ལ་མི་དགའ་སྡང་ཟུག་བྱེད་མཁན་ཞིག་ཡིན་པས། སྐད་ཆ འདི་ཚོ་སྐབས་འཚོལ་བའི་སྐད་ཆ་ཞིག་ལ་མ་རྩིས་རང་རྩིས་རེད། སྤྱིར་སྲིད་སྐྱོང་མཆོག་དང་ཕྱི་འབྲེལ་བཀའ་བློན་རྣམ་གཉིས་ལ་བོད་ཡིག་ཡག་པོ་མེད་པ་བདེན་ན་ཡང་། དེ་ནི་འདས་པའི་གཞུང་གིས་སློབ་སྦྱོང་སྤྲོད་བཏང་གི་འཐུས་ཤོར་ཞིག་ཡིན་པ་ལས་ཁོང་གཉིས་དགེར་གྱི་སྐྱོན་ལ་བརྩིས་ན་མི་འགྲིག་པར་སེམས། གང་ལག་ཞེ་ན་བཙན་བྱོལ་ནང་འཚར་ལོང་བྱུང་བའི་ཁོང་གཉིས་གྲལ་གྱི་མི་རབས་དེ་ཧ་ལམ་ཡོང་རྫོགས་ཁོང་གཉིས་ལྟ་བུ་ཞིག་རེད། ད་དུང་བཤད་རྒྱུ་ཞྀག་ལ་ཤར་ཁུག་ཁྱེད་ནས་ཀྱང་བོད་ཡིག་ད་དུང་སྦྱང་དགོས་རྒྱུ་གལ་ཆེན་རེད་འདུག

    Reply
  14. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟས་བཤད་འདོད་པ་ནི། གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་དབར་གྲུབ་འབྲས་མཚུངས་བསྡུར་བྱེད་ཁུལ་ཡིན་འདྲ།

    Reply
  15. བསྟན་འཇམ། says:
    ལོ་ 14 སྔོན།

    བོད་ཡིག་བོད་སྐད་ཡག་ཙམ་བྱུང་ན་བོད་ཀྱི་བདེན་མཐའ་སེལ་ལ་ཉེ་སེ་ཡོད་ན། ད་ཡོད་སྤྱིའཐུས་གསར་ཞུགས་འགའ་བོད་ཡིག་གསར་འགོད་ལས་རིགས་ནས་སྤྱི་འཐུས་ཀྱི་གྲལ་ཏུ་ཕེབས་ཡོད། དེ་ཚོ་ཡོད་པས་བོད་སྤྱིའི་བདེ་བ་གསར་བ་ཞིག་བསྐྲུན་པ་དང་སྡུག་བསྔལ་རྙིང་པ་འགའ་རྩ་མེད་བཟོས་ཟིན་པ་གང་ནས་ཤེས་ཡོད།
    སྤྱི་འཐུས་ཁྲོད་བོད་ཡིག་ཡག་ཙམ་ཡོད་པའི་རོང་བོ་བློ་བཟང་སྙན་གྲགས། ལི་ཐང་འཇམ་བཟོད ། གངས་ལྷ་མོ ། རྨོག་རུ་བསྟན་པ། སྒྲོན་དཀར་སྐྱབས་སོགས་ཡོད་པས་སྤྱི་འཐུས་ཀྱི་དཀྱིལ་འཁོར་ལ་དམིགས་གསལ་གྱི་འོད་འདང་འཚེར་བ་དང་ཁྱད་འཕགས་ཀྱི་ནུས་པ་ཅི་ཞིག་འདོན་ཐུབ་ཡོད ། རྩོམ་འཁྱོག་ཐུ་ཆད་རེ་འབྲི་ཤེས་དུས་རང་ཉིད་བླ་མེད་དུ་སྒོམ་པ་ནི་རྒྱ་ཁམས་མ་མཐོང་བའི་ཆེས་ཞ་ར་དང་གླེན་ལྐུག་ངག་མ་འཁྲོལ་པའི་སྐྱེས་བུ་ཞིག་དང་གཉིས་སུ་མ་མཆིས་སོ ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་ཞིག་ཡིན་ཕྱིན་ཆེད་རྩོམ་འགྲན་བསྡུར་བྱེད་སའི་སྟེགས་བུའི་སྟེང་དུ་འཛུག་དགོས་པའི་གོ་བ་ལེན་པ་ནི་བོད་ཀྱི་འཐབ་རྩོད་ཀྱི་ངོ་བོ་ལ་གོ་བ་ཏོག་ཙམ་ཡང་མ་ལོན་པའི་གླེན་རྟགས་ཀྱི་ཤུན་འཚང་གསལ་བོར་བསྟན་པ་རེད །
    བཀའ་ཁྲི་གཙོས་བཀའ་བློན་དང་སྤྱི་འཐུས་ཚོ་བོད་ཡིག་ཀློག་སྤྱོར་མི་ལེགས་པའི་ལྟ་སྟངས་འཛིན་མཁན་ཚོར་བོད་ཡིག་གི་རྒྱུགས་ཚད་ཚད་དང་ལྡན་པ་ཞིག་ལེན་རྒྱུ་ན་ཕལ་ཆེར་རྒྱུགས་ཚད་ལོན་མཁན་ཉུང་ཉུང་ཡིན་པ་ངན་རྟགས་སྔོན་དུ་སོང་ཡོད ། ངན་རྟགས་དེ་དག་ཡོད་པ་ཤེས་བཞིན་དུ་རང་ཉིན་གྱི་འཚང་ཕྱི་རུ་བརྡོལ་གྱིན་པ་ཚོར་མེད་དུ་གནས་པ་འདི་དོན་དངོས་གནས་གཉུག་གཤིས་ཡིན་ནམ་ཐོལ་བྱུང་གི་བསམ་བློ་ཞིག་ཡིན།
    བོད་ཡིག་ཕྲན་ཚེགས་ཡག་ཙམ་ཡོད་པ་དང་ཕྱིའི་སྐད་ཡིག་དུ་འབྲུ་ཙམ་མི་ཤེས་པའི་སྤྱི་འཐུས་ཚོ་ཕྱོགས་གཅིག་ནས་བེད་མེད་ནུས་སྟོང་རེད་ལབས་ན་མ་འགྲིག་པ་ཆེས་ཆེར་མེད། ད་ལྟའི་བོད་ཀྱི་ལས་དོན་གཙོ་ཆེས་ཤོས་ཕྱི་འབྲེལ་ཡིན་པས་རང་སྐད་ལས་ཕྱི་སྐད་གཙོ་ཆེར་དགོས་སྟབས་ད་ལྟའི་སྤྱི་འཐུས་རེ་འགའ་མི་གཞན་ཞིག་སླེབས་དུས་གཞའ་ཅི་ཐབས་བྱེད་པ་ཁྱེད་ཚོས་ཚོར་ཨེ་བྱུང་།

    Reply
  16. རྭ་ལོ། says:
    ལོ་ 14 སྔོན།

    ད་དུང་༼ངེད་ཀྱི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་་ཆེ་་་་་་་༽ ཞེས་ཀྱང་བྲིས་འདུག བོད་པའི་གཏམ་དཔེར། ཕ་རྒོད་པོ་ཤ་གཟན་ཞིག་ལ། བུ་ཁྭ་ཏ་སྐྱག་གཟན་ཅིག་ཅེས་ཀྱང་བཤད་སྲོལ་ཡོད་པ་རེད། སོ་སོ་མཁས་པ་ཡིན་པར་ཁས་འཆེ་སྟངས་ཤིག་མ་རེད་དམ། མགོ་ཤ་ཅུང་དྭངས་མོ་ཞིག་ཡོད་ན་སྐད་ཆ་འདིའི་རིགས་ཁྲོམ་བསྒྲགས་མ་བྱས་ན་ལེགས་པར་སེམས།

    Reply
  17. རྭ་ལོ། says:
    ལོ་ 14 སྔོན།

    ད་ག་རེ་གླེང་གི་ཡོད། ཟླ་བ་འགའ་ཤས་ཀྱི་ཡར་སྔོན་ལ་ག་རེ་བྱས་ནས་གླེང་མེད། ༼བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། འགྱོད་པ་རྗེས་ནས་གླེན་པ་༽ཞེས་པ་མ་རེད་དམ།

    དེ་ལས་ཁོང་གི་སྲིད་བྱུས་ལ་ལྟོས། ལྷག་པར་དུ་ཤེས་ཡོན་སྲིད་བྱུས་གང་འདྲ་རེད། རྒྱལ་སྤྱིའི་འབྲེལ་བ་གང་འདྲ་ཡོང་གི་འདུག འདི་དག་གི་ཕྱོགས་གླེང་རྒྱུ་གལ་ཆེ་གི་རེད་མ་གཏོགས། ཚང་མས་དམ་འབུལ་ཞུས་ཤིང་། གདན་གྲལ་ལ་འཁོད་ཚར་བའི་ཕྱི་ཉིན་དེར་འགྱོད་པའི་མིག་ཆུ་འདྲ་ཕུད་བསྡད་ན་ཕན་ཐོགས་ཡོད་པ་མ་རེད།

    ངའི་བསམ་ཚུལ་ལ། སྲིད་དོན་དཔྱད་བརྗོད་བྱ་སྟངས་འདི་འདྲ་མ་རེད་འདོད། དགོངས་དག

    Reply
  18. ཤེས་རབ། says:
    ལོ་ 14 སྔོན།

    བོད་ཡིག་ཡག་པོར་ཀློག་མ་ཤེས་ན། ཚིག་གི་གཅོད་མཚམས་མ་ཤེས་ན། གོ་ནོར་དང་། དོན་ནོར། བརྡ་ནོར་སོགས་ཡོང་བའི་ཉེན་ཁ་ཡོད་པ་རེད། དེ་ལྟར་བྱུང་ན་གྲོས་ཚོགས་དང་འཛིན་སྐྱོང་བར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཡོང་གི་རེད། གྲོས་ཚོགས་ཀྱི་དུས་ཚོད་འཕར་མ་དགོས་ཀྱི་རེད། དུས་ཚོད་འཕྲོ་བརླག་གཏོང་ངེས་རེད། སྤྱིར་ཡི་གེ་མ་ཤེས་ན། སྒོས་རང་སྐད་ཡིག་མ་ཤེས་ན་ངོ་ཚ་ཡིན་པ་གསལ་པོ་རེད།

    Reply
  19. ཨ་མའི་བུ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟས་དོན་དངོས་དང་ལྡན་པའི་རྩོམ་ཡིག་ཡག་པོ་ཚད་དང་ལྡན་པ་ཞིག་བྲིས་འདུག་ཐུགས་རྗེ། ད་དུང་ང་ཚོས་རྒྱལ་བ་ཡབ་སྲས་གཉིས་ཀྱི་བཀའ་སློབ་འབུམ་ཕྲག་གནང་བ་རྣམས་ལ་བསམ་བློ་ཡག་པོ་མ་གཏང་བར་ཕྲུ་གུ་ཨ་མའི་ཁོག་པ་ནས་མ་སྐྱེས་གོང་ཨིན་ཇི་་སློབ་བསམ་པའི་བསམ་བློ་དང་རང་མི་རིགས་ཀྱི་སྐད་ཡིག་ཡག་པོ་མི་ཤེས་པའི་མགོ་འཁྲིད་མུ་མཐུད་འདེམས་ན་བོད་མི་རིགས་འདི་མེད་པར་འགྱུར་བར་ལོ་ངོ་མང་པོ་འགོར་མི་སྲིད།

    Reply
  20. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བྱས་ཙང་། ༼ མི་དུང་ཕྱུར་མང་པོའི་དཀྱིལ་དུ་རང་གི་སྐད་ཡིག་ད་ལྟའི་གནས་བབས་འདི་འདྲ་ཞིག་ཉར་ཐུབ་པའང་ཧ་ཅང་གི་རླབས་ཆེན་དུ་མཐོང་གིན་འདུག ༽ ན། དེ་བས་ཀྱང་རྒྱ་ནག་པ་དུང་ཕྱུར་མང་པོ་འཆར་གཞི་ལྡན་ལ་ཇུས་དང་ལྡན་པ། གཡོ་སྒྱུ་ལྡན་པའི་ངང་རྦ་རླབས་བཞིན་བོད་མི་ཚོའི་ཐོག་ཏུ་འཕྱུར་ནས་དེད་ནས་ཡོང་ན། དེ་བས་ཀྱང་རླབས་ཆེན་ཞིག་ཏུ་མཐོང་གི་མི་འདུག་གམ། དེ་བས་ཀྱང་སྐད་ཡིག་རིག་གཞུང་གི་ཀ་ཆེན་༧པཎ་ཆེན་རིན་པོ་ཆེ་འདྲ་བ་དག་དྲན་མི་ཡོང་ངམ།

    Reply
  21. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཁུག་རྟ་ལགས། འགོ་བཀའ་ཤག་ཚུད་ལ་བོད་ཡིག་མི་དགོས་ཤག་ཇི་ལྟར་བྱེད་ཀྱིན་འདུག ད་ལྟའི་བར་དུ་བཀའ་ཤག་སྐབས་ཇི་ཙམ་ཕྱིན་པ་དེ་དག་ཀུན་གྱིས་བཀའ་སྤྱི་གང་རུང་ལ་བོད་ཡིག་གཞི་རྩའི་ཆ་རྐྱེན་དུ་མི་འཇོག་པ་གང་ཡིན་ནམ། བཀའ་བློན་ཁོང་རྣམས་ཀུན་གྱིས་ཡག་ངན་ལ་མ་ལྟོས་པའི་བོད་ཡིག་ཤེས་པ་འདིའང་ཡག་པོ་རེད། ལར་གངས་སྐྱིད་ཀྱི་ལས་བྱེད་ཕལ་ཆེ་བས་བོད་ཡིག་རྒྱུགས་འཕྲོད་མི་སྲིད་པ་དངོས་དོན་ཡིན་པ་ལ་བཀའ་བློན་གཅིག་པུར་སྡང་བ་བྱེད་དགོས་མེད། དེ་ནི་ང་ཚོས་ཡར་རྒྱས་གཏོང་དགོས་པ་ཞིག་ལོས་ཡིན་ཏེ། ངོས་ནས་ཁོར་ཡུག་གི་འོག་ནས་གཞན་ཡུལ་གྱི་བོད་མི་ཚོས་སྐད་རིགས་མི་གཅིག་པའི་མི་དུང་ཕྱིར་མང་པོའི་དཀྱིལ་དུ་རང་གི་སྐད་ཡིག་ད་ལྟའི་གནས་བབས་འདི་འདྲ་ཞིག་ཉར་ཐུབ་པའང་ཧ་ཅང་གི་རླབས་ཆེན་དུ་མཐོང་གིན་འདུག

    Reply
  22. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ངེད་ཀྱི་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་བོད་གངས་ཅན་གྱི་རིག་གནས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་དེས། ཁོང་ལ་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་སྐབས་འདི་འདྲ་ཞིག་གསུངས་ཡོད། ཁོང་ལ་དེ་རིང་ངོ་སོ་དང་བསྔགས་བརྗོད་ག་རེ་ཡོད་པ་ཚང་མ་༧རྒྱལ་བ་རིན་པོ་ཆེར་འགྲོ་རྒྱུ་རེད་མ་གཏོགས་ཁོང་སྒེར་ལ་ཅི་ཡང་འཇོན་ནུས་མེད་པའི་བཀའ་ཕེབས་པ་ལྟར། གལ་སྲིད་ནམ་ཞིག་མི་རབས་རྗེས་མ་ཚོས་བཙན་བྱོལ་བོད་མིའི་སྐད་ཡིག་རིག་གཞུང་ལ་ཞིབ་འཇུག་ཞུས་ནས་བློ་ཕམ་དང་ཉེས་འགལ་ཞིག་བྱེད་པ་ཡིན་ནའང་། སྐབས་དེར་སུས་སྒང་དུ་སྐྱེལ་མིན་ཧ་ཅང་གསལ་བོ་རེད། ༧རྒྱལ་མཆོག་ཚང་གི་བཀའ་སློབ་དག་ཏུའང་བོད་སྐད་ཡིག་སྐོར་གྱི་བཀའ་སློབ་རི་རྒྱལ་ལྷུན་པོའི་གཏོས་དང་མཉམ་པ་སྩལ་ཡོད། ༧རྒྱལ་མཆོག་གིས་མཚམས་རེར་ཐུགས་ཚོར་ཆེན་པོས་བོད་མི་ཕྱེད་ཀ་ཞེས་པའི་བཀའ་སློབ་ཀྱང་གནང་གི་ཡོད། དེ་ནི་རིགས་རུས་དང་སྐད་ཡིག་གཉིས་ཀྱིས་དབྱེ་འབྱེད་བྱེད་ཐབས་དེ་རེད། ༧རྒྱལ་མཆོག་གིས་ཅི་ལྟར་དེ་ལྟར་ཚ་ནན་གསུངས་དགོས་པ་རེད་དམ། དེ་ལག་ལེན་ངོ་མའི་ནང་ཚད་ག་འདྲ་ཞིག་ཏུ་གནས་སམ། དེ་ལྟར་བསམས་ཚེ། ༧པཎ་ཆེན་རིན་པོ་ཆེས་ཟ་ཁང་ཆུང་ཆུང་ཞིག་གི་སྒོ་བྱང་ཆེད་དུའང་བཀའ་བཀྱོན་ཕྱག་རྐྱང་ལ་ཁུལ་གནང་བ་དག་བསམས་ཚེ། དངོས་གནས་ཁོང་གི་གཞི་རྩའི་ལམ་སྟོན་འོག་བོད་དྲི་རྣལ་མ་ཡོད་ལ་བོད་དོན་རྟོགས་པ་ཟབ་པའི་སྣེ་ཁྲིད་པ་མ་སླེབས་ཚེ། མགོ་ཡོད་ཀྱང་ལུས་མེད་པ་ཆགས་མི་འགྲོ་བའི་ངེས་པ་མེད་སྟབས། ཉི་མ་རེ་རེ་བཞིན་གནས་སྟངས་ལ་ལྟོས་ཡོང་སྐབས་བརྣག་ཐུམ་བཀབ་ནས་འདུག་རྐྱང་མིན་པ་གསལ་བོ་རེད།

    Reply
  23. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ད་འུ་ཅག་ལུང་པ་མེད་པའི་སྐྱབས་བཅོལ་བ་ཡིན་པའི་ཐོག་ནས་ཞུས་ན། དབུ་མའི་ལམ་གྱི་སྐབས་བབས་ཀྱི་ཛ་དྲག་གི་སྒྲུབ་བྱའི་ཐོག་ནས་ཞུས་ན། རང་གི་མི་རིགས་ཀྱི་ལར་ཞེན་དང་ངོ་བོ་ཉམས་མེད་རྒྱུན་འཛིན་བྱེད་ཐབས་ནས་ཞུས་ན་འདྲ། གང་ལྟར་ད་ལྟ། བཙན་བྱོལ་སྤྱི་ཚོགས་ནང་བོད་ཡིག་མི་དགོས་སློབ་གྲྭ་འགྲིམས་ཀྱི་ཡོད་ལ། དེ་བཞིན་མཐོ་རིམ་སློབ་གྲྭ། དེ་བཞིན་ལས་བྱེད་པ། དེ་བཞིན་འགོ་བཀའ་ཁྲི་ཚུན་ཆད་དུ་ད་ནི་བོད་ཡིག་མི་དགོས་པ་ཁོ་ཐག་འདྲ་བོ་ཆོད་ནས་འགྲོ་བ་འདི། ལོ་རྒྱུས་གསར་བའི་ནང་གི་ཤོག་ལྷེ་ནག་པོ་རེད་མ་གཏོགས་གཞན་གང་ཡང་མ་རེད། འདི་ལྟར་ལྟ་དུས་ཡིག་རྨོངས་མེད་པས་ཀྱང་ཕན་གི་མ་རེད་ལ། བཙན་བྱོལ་སྤྱི་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་ཕྱིན་པས་ཀྱང་ཕན་གི་མ་རེད། དོན་དག་ཛ་དྲག་དེ་རྩ་དོན་ཐོག་ནད་པ་ཆགས་ནས་ཤི་བའི་ལམ་དུ་བསྐྱོད་པ་དེ་རེད།

    དཔེར་ན། ད་ཐེངས་བོད་ཡིག་མི་དགོས་པའི་དབུ་ཁྲིད་རིམ་པ་སླེབས་པ་འདིས་གཞི་རིམ་མི་མང་དང་སློབ་གྲྭའི་སློབ་མ་ཚོའི་ནང་བག་ཆགས་ག་འདྲ་ཞིག་བཞག་ཡོད་པ་རེད་དམ། དོན་དངོས་བྱས་ན། འདི་ལ་ཁྲིམས་དང་ལ་རྒྱ། ལས་རྒྱུ་འབྲས་གང་ཐད་ནས་ནག་ཉེས་གནམ་ལ་མི་ཤོང་བ་ཞིག་འབབ་པ་ནི་ཚད་གྲུབ་རང་རེད།

    Reply
  24. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས།
    གནས་ཚུལ་དེ་ངས་རང་སྣང་གང་ཤར་གྱི་སེམས་ཚོར་རེད།
    རྡ་ས་ལ་ཉམས་ཞིབ་མཐར་ཕྱིན་པ་ཞིག་དང།
    རྒྱུས་ལོན་ཡང་དག་པ་ཞིག་བྱས་ན།
    དོན་ངོ་མའི་གནས་ཚུ་དེ་འདྲ་ཞིག་རེད།
    བསམ་ཚུལ་དེ་ངའི་བསམ་ཚུལ་ཙམ་མ་རེད།

    Reply
  25. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལགས། ཁྱེད་ཀྱིས་རྒྱ་གཞུག་གི་གཏམ་བཤད་ལ་ལན་འདེབས་བྱས་པར་ཐུགས་རྗེ་ཆེ་ཞུ། བོད་ཕྱི་ནང་ཁྱད་པར་ཕྱེ་མི་རུང་། བཙན་བྱོལ་བོད་མི་འབུམ་གཅིག་ཙམ་ནང་སྤོ་ལགས་རྨོ་ལགས་ཕལ་ཆེ་བ་ཡིག་རྨོངས་ཡིན་པ་བོད་ནང་དང་གཅིག་པ་རེད། གཞན་རྣམས་གཞན་ཡུལ་དུ་འཚོ་བ་ཇི་ལྟར་བསྐྱལ་ནས་ཡོང་བ་བསམ་ཤེས་ལོས་དགོས། བོད་ནང་བོད་མི་འབུམ་ཕྲག་ལྔ་བཅུ་དྲུག་ཅུ་ཙམ་ཡོད་པས་གྲངས་འབོར་ལ་དཔགས་པའི་བོད་ཡིག་ཤེས་མཁན་ལོས་ཡོང་། ཡིན་ནའང་༌པཎ་ཆེན་ཐམས་ཅད་མཁྱེན་པ་སོགས་ཀྱི་དཀའ་བརྒྱ་ཕྲག་གིས་བོད་སྐད་ཡིག་སྐྱབས་པར་མཛད་པའི་དྲིན་ཀྱང་ལོས་ཡིན།

    Reply
  26. གཟུ་གནས་བློ་ལྡན། says:
    ལོ་ 14 སྔོན།

    འགོ་བཀའ་བློན་ནས་བོད་ཡིག་ལ་དཀའ་ངལ་ཡོད་པ་ང་ཚོགས་བཙན་བྱོལ་བོད་མི་སྤྱིའི་ཐོག་མ་ནས་ད་བར་གྱི་ཁོར་ཡུག་ལ་འབྲེལ་ནས་བསྡད་ཡོད། ཁོང་གཉིས་བོད་ཡིག་དོན་རྟོགས་བཞིན་ཀློག་གིན་འདུག་པས་དེའང་ཡག་པོ་ཡིན། ཁོང་གཉིས་ཀྱིས་བོད་ཡིག་ཡག་པོ་མི་ཤེས་པར་བལྟས་ནས་ཕྱིན་ཆད་ན་གཞོན་གསར་པའི་དཔུང་ཁག་དེ་ལྟར་མི་ཡོང་བའི་བསླབ་བྱ་ལེན་རྒྱུ་ལས་ཁོང་བཀའ་བློན་གཉིས་བོད་ཡིག་འཛྀན་གྲྭ་ནང་ཕེབས་ཤོག་ཟེར་ན་དུས་ཚོད་ཡོད་རྒྱུ་མ་རེད་ལ། ལོ་ན་ཆེ་ཙམ་རེད་འདུག ཕྱི་འབྲེལ་གྱི་བཀའ་བློན་གྱི་ལས་དོན་ངོ་མའི་ཐོག་འཐུས་ཤོར་མེད་ན་དེ་གས་འགྲིགས། བོད་ཡིག་ཡག་པོ་མ་ཤེས་པ་དེ་བོད་མི་སོ་སོར་ཚང་དགོས་པའི་ཆ རྐྱེན་མ་ཚང་བ་ཞིག་ཏུ་བརྩི་རྒྱུ་རེད།

    Reply
  27. Norbu Tsephel says:
    ལོ་ 14 སྔོན།

    བཀའ་བློན་སུ་གཉིས་གསུང་གི་ཡོད།

    བཀའ་ཁྲི་བློ་སེང་གི་དམ་འབུལ་མཛད་སྒོ་ཉིན་གཏམ་བཤད་སྒྲོགས་སྦྱང་གནང་སྟངས་དེས་ང་རང་ཚུད་པའི་མི་མང་པོ་ཞིག་ལ་སྐྱོ་སྣང་སྦྱིན་འདུག །

    བོད་ཀྱི་ཤེས་རིག་བཀའ་བློན་ལ་བོད་ཀྱི་སྐད་ཡིག་གཞི་ནས་སྦྱང་དགོས་མཁན་བྱུང་བ་ཆེས་ཐན་ལྟས་རེད་སྙམ།

    Reply
  28. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གཉིས་ནས་འུ་ཚོས་ལོ་རབས་བདུན་བཅུ་ནས་རང་བཙན་ཕར་བཞག་ནས་དངོས་ཡོད་ཀྱི་གནས་བབ་ནང་དངོས་ཡོད་ཀྱི་ལམ་ཁ་ཞིག་འདེམས་ནས་དབུ་མའི་ལམ་ཞེས་མིང་གིས་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་གཅེས་ཉར་གཙོ་འདོན་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། ༥༩ ལོའི་མན་ནས་སྐྱེས་པའི་བོད་ཕྱི་ནང་གི་བོད་མི་གཉིས་བསྡུར་བ་ཡིན་ན། ཆོས་དང་རིག་གཞུང་སྐད་ཡིག་ཐོག་བོད་ནང་གི་བོད་མིས་བྱས་རྗེས་བཞག་པ་རླབས་ཆེན་རེད། ལོ་རབས་ ༨༠ རྗེས་ནས་གུ་ཡངས་ཅུང་ཙམ་བྱུང་ནས་ཕ་སྐད་ཕ་ཡིག་རིག་གཞུང་དང་བཅས་པ་བསླབ་སྐལ་བྱུང་བ་དེ་བཙན་བྱོལ་ནང་གི་འབྲས་བུ་དང་བསྡུར་ན་བོད་ཀྱི་སྐད་ཡིག་རིག་གཞུང་གི་སྲོག་རྩ་གང་དུ་འཁེན་ཡོད་མེད་གསལ་བོ་གསལ་རྐྱང་རེད། དེ་བས་དེ་རིང་ཁ་སང་འབྱུང་བཞིན་པའི་གནད་དོན་འདི་ཚོ་རྩ་བ་ཉིད་ནས་ཆུང་ཆུང་མ་རེད། བོད་པ་ཚོར་བཤད་སྲོལ་ཞིག་ཡོད་པ་བཞིན་ལྟས་ངན་ཞིག་ཀྱང་ཡིན་སྲིད་པ་རེད།

    Reply
  29. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གང་ལྟར་ངས་བསམ་བློ་བཏང་བ་ཡིན་ན། ད་བར་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དབུ་ཁྲིད་རིམ་པའི་ནང་རང་གི་ཕ་སྐད་ཕ་ཡིག་མི་དགོས་པའི་ཆ་རྐྱེན་བྱུང་བ་ཕལ་ཆེར་མིའི་རིགས་ཀྱི་ལོ་རྒྱུས་ནང་བོད་བཙན་བྱོལ་བ་ཨང་དང་པོ་ཡིན་རྒྱུ་རེད། དེ་ནི་བསམ་བློ་བཏང་གིན་བཏང་གིན་ཡ་མཚན་ཞིང་ཡིད་མུག་པ་ཞིག་རེད།

    གསལ་བོ་ཞུས་ན། གངས་ཅན་སྐྱིད་གཞོངས་ནས་གད་པ་ལས་བྱེད་ཅིག་ལ་ཨིན་ཡིག་ཆ་རྐྱེན་དུ་མ་བཀོད་པ་ཡོད་པ་མ་རེད་ལ། དེ་བཞིན་འགོ་བཀའ་ཁྲི་སྤྱི་འཐུས་ཚུན་ཆུད་ལ་ཕ་སྐད་ཕ་ཡིག་ཆ་རྐྱེན་དུ་བཀོད་བཞག་པ་ཞིག་ཡོད་པ་མ་རེད།

    བཀའ་ཁྲི་མཆོག་ཕྲན་ལ་བརྩེ་བ་དང་མཐོང་ཆེན་བྱེད་པ། ཕྱི་དྲིལ་བཀའ་བློན་མཆོག་ལ་འདྲིས་པོ་ཡོད་པ་དང་ལུང་ཚན་གཅིག་པ་ཡིན་ཙམ་གྱི་ངོ་སོ་སྲུང་ནས་ང་ལས་གནས་འདི་ནས་ཡར་འཕུར་ནས་སོང་ན། རྩ་དོན་ཕ་སྐད་བརྗེད་སོང་བའི་ལོ་རྒྱུས་ཀྱི་ནག་ཉེས་འདི་ངའི་བུ་རབས་ཚ་བརྒྱུད་ཀྱིས་ང་ལ་བཀལ་ཡོང་གི་རེད། དེ་བས་བརྩི་བཀུར་བརྩི་བཀུར་གྱི་ཁྱབ་ཁོངས་ནས་གནས་རྒྱུ་དང་། རྩ་དོན་རྩ་དོན་གྱི་ཁྱབ་ཁོངས་ནས་གླེང་རྒྱུ་འདི་ངའི་གཤིས་ཀ་ཡིན།

    Reply
  30. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    བཀུར་འོས་སྤྱི་འཐུས་གཙོས་དྲ་གྲོགས་རྣམས་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། རྨོག་རུ་ཚང་གི་བསམ་ཚུལ་དང་པོ་རྒྱབ་སྐྱོར་ཡོད་མོད། བསམ་བློ་ཅིག་བཏང་ནས་བསམ་ཚུལ་གཉིས་པ་ཡ་མཚན་ཞིག་བྲིས་འདུག དེ་གང་ཡིན་ཤེས་མ་སོང་།

    Reply
  31. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གངས་ཅན་ལགས་ཀྱིས་ཟུར་ཟ་དང་འཕྱ་སྨོད་ཁོ་ནའི་ངོ་བོར་བསྒོམས་ན་ཅུང་ཐལ་དྲགས་པ་རེད། ངས་གང་དགག་པའི་ཚབ་ཏུ་གཞན་ཅི་ཞིག་འཇོག་དགོས་མིན་གསལ་བཀོད་བྱས་ཡོད།

    Reply
  32. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    འགྱུར་མེད་བསྟན་འཛིན་ལགས་ཀྱི་བསམ་ཚུལ་རྣམས་ངེས་ཆུབ་བྱུང་སོང་།

    Reply
  33. གནས་ཚང་། says:
    ལོ་ 14 སྔོན།

    གུས་པས་བསམ་བློ་བཏང་ན། བཀའ་བློན་བདུན་གྱི་གྲས་སུ་བོད་ཡིག་ཀློག་འདོན་ལ་བྱང་ཆ་ཡོད་པའི་བཀའ་བློན་ལྔ་ཡོད་ན་འགྲིག་འདུག བཀའ་ཁྲི་དང་ཕྱི་དྲིལ་བཀའ་བློན་གཉིས་ལ་མཚོན་ན། བོད་འདི་འཛམ་གླིང་ལ་ཁྲིད་དགོས་པས། དབྱིན་ཡིག་དེ་ཧ་ཅང་གི་གལ་ཆེན་རེད་ལ། ཁོང་གཉིས་ཀྱིས་བོད་ཡིག་ཀློག་ཤེས་པ་དང་དོན་གོ་ཐུབ་ཀྱི་ཡོད་པའི་མ་འགྲིག་པ་ཞིག་མི་འདུག

    ཤར་ཁུག་འདིས་ཨ་མདོ་ཀླུ་མཁར་བྱམས་ལ་སློབ་སྦྱོང་གནང་འགོ་ཚུགས་སོང་། ཡིན་ནའི། བཀའ་ཁྲི་བློ་སེང་ལགས་བཀའ་ཁྲི་ཟུར་བ་ཟམ་གདོང་མིན་པས། ཁྱོད་ཀྱི་ལྟོ་སྐལ་གཅོད་སྲིད་ཀྱི་མ་རེད། དེ་ལྟར་སྤྱི་འཐུས་ཚོགས་གཙོས་ཀྱང་ཁྱོད་རང་གྲོས་ཚོགས་ཀྱི་བགྲོ་གླེང་ནང་ཁྱེར་ཡོང་ཐུབ་རྒྱུ་མ་རེད།

    གཞན་དེ་པཎ་ཆེན་རིན་པོ་ཆེ་མཆོག་ཁ་ཁྱེར་ཡོང་བཞིན་པ་འདིའང་དགོས་དབང་ཞིག་ལ་ཐུག་འདུག དེ་མ་གཏོགས་ན་ནིང་པཎ་ཆེན་གྲོངས་རྐྱེན་གསལ་བསྒྲགས་གནང་སྐབས། ཤར་ཕྱོགས་ཁུག་རྟ་ལགས་ཁུ་སིམ་མེར་བཞུགས་དོན་ཅི་ཡིན་ནམ། སྐབས་དེར་པཎ་ཆེན་རིན་པོ་ཆེར་བྱས་རྗེས་ཆེ་བ་རྟོགས་མེད་པ་ཡིན་ནམ། ཡང་ན། བདག་པོའི་ཚོད་འཛིན་འོག་ཐེབས་པ་ཡིན་ནམ།

    Reply
  34. བསྟན་འཇམ། says:
    ལོ་ 14 སྔོན།

    ཚང་མས་བོད་ཡིག་ལ་དུང་སྟངས་ཤིག་གླེང་ནས་བཀའ་ཁྲིའི་བོད་ཡིག་མི་ཤེས་པའི་སྐོར་བཤད་ཀྱིན་འདུག བཀའ་ཁྲིའི་དམ་འཇོག་སྐབས་གསུངས་བཤད་སྒྲོག་རྒྱངས་བྱེད་དུས་རེ་འགའ་ངུ་རྒྱུ་ཡོང་ཐལ་ཟེར་ཁུ། རེ་དགའ་ངོ་ཚ་ནས་ལྐོག་ཏུ་ཡིབ་ནས་བསྡད་ཡིན་བཤད་བྱུང་། གང་ལྟར་ཡང་། སྐབས་དེར་ཤར་ཕྱོགས་ཁུག་རྟ་འདྲ་ཞིག་གི་སྒྲོག་རྒྱངས་བྱས་ཚེ་མི་ཚང་མས་ཅི་ཞིག་ཀློག་གིན་ཡོད་མེད་ཀྱང་མགོ་ཚོས་མི་སྲིད་པ་ཞིག་ཡིན་པ་ཚང་མས་ཤེས་གསལ་རེད ། བཀའ་ཁྲིའི་འགན་རིན་མེད་པའི་བོད་རྩོམ་ཡིག་ཆ་རེ་ཁྱབ་སྤེལ་རྒྱུ་དེ་མ་རེད

    Reply
  35. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཙོ་བོས་ཕྱག་རོགས་བཀའ་བློན་རྣམ་པ་བཟང་ཡང་རུང་། ངན་ཡང་རུང་ང་ཚོའི་འགོ་ཁྲིད་ཆགས་ཚར་བ་རེད།
    སྐྱོན་བརྗོད་བྱས་པ་དང་། བསམ་ཚུལ་འདོན་པ་ནི་མང་གཙོའི་སྤྱི་ཚོགས་ཀྱི་ལེགས་བྱང་ཞིག་ཡིན་པས་བཟང་སྤྱོད་དང་འགལ་བའི་ནོར་འཁྲུལ་གང་ཡང་མེད་མོད། དྲ་གྲོགས་ང་ཚོ་ཐུན་མོང་ལ་ལྷག་ཡོད་པའི་འགན་འཁྲི་ནི་རང་མི་ལ་རང་བརྩི་བྱེད་དགོས་པ་དང་། རང་མཐོང་སྤྲོད་དགོས་པ། ཚིག་ཙམ་ལས་མ་ཐུབ་ཀྱང་སྐུལ་འདེད་དང་རྒྱབ་སྐྱོར་བྱེད་དགོས་པ་དེ་ཡིན།
    བཀའ་བློན་རེ་ཟུང་བོད་ཡིག་ཡག་པོ་མེད་པ་སོགས་ཀྱི་ཉེས་ཆ་དེ་དག་ཀྱང་གང་མགྱོགས་ལེགས་བཅོས་དང་། ཡར་རྒྱས་སུ་འགྲོ་བར་ང་ཚོས་ཡིད་ཆེས་བྱེད་ཆོག
    མ་གླེང་ཐབས་མེད་ཀྱི་གནས་ཚུལ་རེ་བྱུང་ན་ང་ཚོས་ངེས་པར་གླེང་དགོས་པ་སྙུག་ཐོགས་པའི་འོས་འགན་ཡིན་མོད། གནད་དོན་ཆུང་ཆུང་ལ་བརྟེན་དེ་དོན་མེད་སྡིགས་ར་སྐུལ་བ་ནི་སེམས་ཤུགས་ལ་དོ་ཕོག་འགྲོ་བའི་རྒྱུ་ལས་མེད་པས་ངེས་པར་ཐུགས་གཟབ་གནང་བའི་ཡིད་ཆེས་ཡོད།
    ངས་ནི་རང་ཉིད་ལ་བསམ་ཚུལ་འདོན་མཁན་གྱི་བསམ་ཚུལ་ལ་བརྩི་བཀུར་དང་སྐུལ་འདེད་དང་ལེན་བྱེད་ངེས་ཡིན།
    མདོར་བསྡུས་ན། བཀའ་བློན་ཁྲི་བའི་ཆིག་བསྒྲིལ་གྱི་རྩ་དོན་ལ་ང་ཚོ་ཚང་མས་ཕྱར་གྲུ་མཉམ་འདེགས་བྱེད།

    Reply
  36. ཁ་བ་སྐམ་པོ། says:
    ལོ་ 14 སྔོན།

    དྲ་ཞུགས་པའི་ངོ་མ་རྟ་རིན་ཡོད་པའི་རྩོམ་ཞིག་བྲིས་འདུག་པས་དགའ་བསུ་ཞུ།

    Reply
  37. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ང་ཚོས་ག་དུས་ཡིན་ཡང་། རྒྱ་མིས་བོད་ནང་ལ་བོད་ཀྱི་སྐད་ཡིག་བཀག་འགོག་བྱེད་ཀྱི་འདུག་ཟེར་ནས་ངོས་རྒོལ་བྱེད་ཀྱི་ཡོད་ལ། བཙན་བྱོལ་ནང་ལ་བོད་ཀྱི་སྐད་ཡིག་སློབ་སྤྱོང་ཡག་པོ་ཡོད་པ་དང་བོད་ནང་ལ་དགེ་རྒན་གཏོང་ཆོག་ན་འདི་ནས་གཏང་གི་ཡིན་ཞེས་ཧམ་པ་ཆེན་པོས་བཤད་གི་ཡོད་།
    འོན་ཀྱང་ང་ཚོའི་བཀའ་བློན་ནང་ལ་ཅིག་ལྟོས་དང་། བོད་ཀྱི་སྐད་ཡིག་ལ་སློབ་སྤྱོང་ག་འདྲ་བྱུང་འདུག་མདོག་སྔོན་པོ་གསལ་པོར་བསྟན་སོང་། ཞབས་འདྲེན་བླ་ན་མེད་པ་རེད་། བོད་པའི་གོམ་གཤིས་དང་བོད་སྐད་དང་བོད་ཡིག་ལ་གོམ་འདྲིས་མིེད་མཁན་མི་ཞིག་བོད་ཀྱི་བཀའ་བློན་ལ་ཆགས་པ་འདི་ལྟས་ངན་ལས་གཞན་གང་

    Reply
  38. བློ་བཟང་ཉི་མ། says:
    ལོ་ 14 སྔོན།

    བཀའ་ཤག་འདི་བོད་ཀྱི་སྐད་ཡིག་དང་ཁ་གྱེས་མགོ་ཚུགས་སྟངས་འདིར། ཤེས་ཡོན་པ་ཚོས་བློ་ཕམ་བྱེད་མགོ་ཚུགས་སོང་། མང་ཚོགས་ཀྱིས་བློ་ཕམ་བྱེད་མགོ་ཚུགས་སོང་། ད་ནི་བོད་མི་མང་སྤྱི་འཐུས་ཚོས་ཀྱང་བློ་ཕམ་བྱེད་མགོ་ཚུགས་སོང་། བློ་ཕམ་གྱི་ངང་ནས་ལོ་ལྔ་ཕར་ལ་བསྐྱལ་དགོས་པ་ཐག་ཆོད་པ་རེད། ད་ནི་ཚང་མས་བཀའ་ཤག་གི་ཁ་དང་ལག་པ་ཚང་མ་བོད་ཀྱི་སྐད་ཡིག་གི་ཕྱོགས་ལ་འཐེན་ཐབས་གང་ཡོད་ལ་དགོངས་པ་བཞེས་རོགས། དེ་མིན་ཅང་བྱེད་རྒྱུ་ལྷག་མེད།

    Reply
  39. བློ་བཟང་ཉི་མ། says:
    ལོ་ 14 སྔོན།

    པ་པ་པ་ཅིགཅིགཅིག་གི་ཉིན་མོ་དེར། བཀའ་ཁྲི་བློ་སེང་གིས་༼ཞི་བའི་སྒོ་ནས་རང་གི་བསམ་ཚུལ་བརྗོད་པ་ཙམ་ལའང་ཉེས་རྡུང་ཚབས་ཆེ་གཏོང་བ་ཤེས་རྟོགས་ཡོད་པའི་ཆ་ནས་བོད་ནང་ངོ་རྒོལ་སྐད་འབོད་བྱེད་རྒྱུར་ང་ཚོས་སྐུལ་སློང་བྱེད་ཀྱི་མེད། འོན་ཀྱང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བདེན་རྒྱབ་བྱ་རྒྱུ་དང༌། བདེ་སྡུག་ཤོད་དབང་མེད་པ་ཚོའི་མགྲིན་ཚབ་པ་བྱེད་རྒྱུ་ནི་ང་ཚོའི་རྩ་ཆེའི་ལས་འགན་ཞིག་ཡིན་པས། མུ་མཐུད་ཁོང་ཚོའི་བདེ་སྡུག་བརྒྱུད་བསྒྲགས་བྱ་རྒྱུ་ཡིན།༽ཞེས་པའི་ཚིག་དུམ་འདི་ཡང་ཚིག་གི་གཅོད་མཚམས་ཧ་ཅང་མི་བདེ་བ་བྱས་ནས་ཀློག་སོང་།

    དེ་རིང་གཞོན་སྐྱེས་གཉིས་ཀྱིས་ལུས་སྲོག་མེ་ལ་སྦར་བ་རེད། དེར་བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ནི་དབྱིན་ཡིག་ནང་ལ་རེད། ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཡིག་ཚན་པས་དེ་བོད་སྒྱུར་བྱས་ཡོད་པའི་དོན་བསྡུས་ཤིག་དང་དེ་མཐར་སོགས་སྒྲ་ཅན་དེ་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཡིག་དྲ་ངོས་ན་འདུག བོད་སྒྱུར་དེའི་གཤམ་ན། ༼ གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་ཡོད་པ་ནས་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་དབྱིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།༽ཞེས་བྲིས་འདུག དེ་རིང་ནས་ང་ཚོས་དབྱིན་ཡིག་ལ་རྩ་འཛིན་ཞུ་དགོས་པའི་གསལ་བསྒྲགས་ཀྱང་ཡིན་ས་རེད།

    ད་ནི་ཕྱི་དྲིལ་བོད་ཡིག་ཚན་པ་དེར། བཀའ་ཤག་དང་བཀའ་བློན་ཚོའི་དབྱིན་ཡིག་ཡིག་ཆ་དེ་ཚོ་བོད་སྒྱུར་གྱི་ལས་ཀ་ཐོལ་བ་ཞིག་མགོ་བཙུགས་ཡོད། འདི་ནི་བཀའ་ཤག་གསར་པའི་གསར་བཏོད་སྲིད་བྱུས་ཀྱི་ཆ་ཤས་ཤིག་ཡིན་རྒྱུ་རེད།

    བཀའ་ཤག་གསར་པའི་བོད་སྐད་ཆ་མ་ཆག།
    བཀའ་ཤག་བོད་ཡིག་ཀློག་སྟངས་ཆ་མ་ཆོལ།།
    པཎ་ཆེན་བཅུ་པ་ཞིང་ལ་གཤེགས་པ་བཟང་།།
    འདི་འདྲ་གསན་ན་ཐུགས་ཕམ་བཟོད་པ་དཀའ།།

    Reply
  40. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    སྐུ་ངོ་རྨོག་རུ་བསྟན་པ་ལགས་ཉིད་ཀྱི་བཀའ་མོས་དེ་དེ་སྔ་ནས་གྲོས་ཚོགས་ནང་གསུང་དགོས་པ་ཞིག་ཡིན་ཀྱང་དེར་གསུང་མ་ཐུབ་པ་སུས་ཁ་བཀག་བྱུང། ད་ལྟ་དེ་འདྲ་ཞིག་གསུང་པ་ཡིན་ན་སྤྱི་འཐུས་ཞིག་གི་བཟང་སྤྱོད་དང་མཐུན་གྱི་ཡོད་དམ།
    སྤྱི་ན་ཉིད་ཀྱི་བཀའ་མོས་དེ་བོང་བུ་སྔོན་ལ་བཏང་ནས་ས་ཐལ་རྗེས་ལ་ཟེར་བའི་བོད་ཀྱི་གཏམ་དཔེ་དེ། དེ་འདྲ་ཞིག་ལ་ཤོད་ཀྱིས་ཡོད་པ་མཁྱེན་པ་གནང་རོགས།

    Reply
  41. བདེ་དོན་འཚོལ་བ། says:
    ལོ་ 14 སྔོན།

    ཨོ་ཧོ་ཧོ་ད་ཡིན་ན་ངོ་ཡང་ཚ་གི་འདུག་ལ་སེམས་སྐྱོ་ཡི་འདུག དེ་རིང་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་ལས་བསྡོམས་སྙན་ཐོ་མདོར་བསྡུས་འདོན་སྐབས། དྲི་བསྒྲགས་དང་ཕྱི་དྲིལ་བཀའ་བློན་གྱིས་བོད་ཡིག་ཀློག་སྟངས་དེ་དབྱིན་ཇིའི་བོད་ཡིག་ཀློག་པ་ལས་སྡུག་ས་རེད། ཀློག་སྟངས་ལ་བལྟ་དུས་ཉན་མཁན་ཡང་དཀའ་ལས་ཁ་ཡོང་གི་འདུག གོ་འཛུགས་དུས་ནས་བོད་མིའི་སྒྲིག་འཛུགས་ཞེས་པའི་ཚབ་ཏུ་བོད་གཞུང་ཅེས་ཀློག་སོང་དེ་ག་རང་ནས་ཆབ་སྲིད་དང་བོད་མིའི་གནས་སྟངས་གོ་རྟོགས་དང་དོ་སྣང་མེད་པ་གསལ་པོ་བསྟན་སོང། བོད་ཀྱི་སྐད་ཡིག་དང། རྒྱལ་རབས་ལོ་རྒྱུས། རིག་གཞུང། ད་ལྟའི་གནས་བབས་སོགས་ལ་རྒྱུས་མངའ་མེད་པའི་བཀའ་བློན་ཞིག་གིས་དགྲོ་བོར་རྒྱ་དམར་ལ་ཁ་གཏད་ཀྱིས་རྒོལ་ལན་དང། རྒྱལ་སྤྱིའི་ཐོག་བོད་ཀྱི་དངོས་ཡོད་དྲང་གཏམ་གང་འདྲ་བཤད་ཐུབ་ཡོང་བསམ་ནས་བློ་འཚབ་ཡོང་གི་འདུག

    Reply
  42. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ང་ཚོས་བཀའ་བློན་ནང་ལ་བོད་ཡིག་ཀློག་མ་ཤེས་པ་འདི་ནི་ཧ་ཅང་གི་ལྟས་ངན་པ་དང་ངོ་ཚ་དགོས་པའི་གནས་སྟོངས་རེད་། ༧གོང་ས་མཆོག་གིས་དུས་ནམ་ཡིན་ལ་བོད་སྐད་དང་བོད་ཡིག་སྦྱོང་དགོས་པར་གསུང་པ་དེ་ལ་བཀའ་བློན་འདི་ཚོས་ཁ་གཏད་ལྕོག་བཞིན་འདུག་།

    Reply
  43. ཁ་བའི་འོད་མདངས། says:
    ལོ་ 14 སྔོན།

    བོད་ཀྱི་ཆོས་དང་རིག་གཞུང་དང་། མཐའ་ན་བོད་ཡིག་དང་བོད་སྐད་ཀྱང་ཡག་པོ་མི་ཤེས་པའི་བཙན་བྱོལ་བོད་མིའི་བཀའ་ཤག ཡོད་ཚད་དབྱིང་ཡིག་གིས་ཡིད་དབང་འཕྲོག་པའི་བཙན་བྱོལ་བོད་མིའི་བཀའ་ཤག བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་གང་གི་ཆེད་དུ་རེད། དཔལ་འབྱོར་དང་དམག་ཤུགས་ཀྱི་ཆེད་དུ་ཡིན་ན་ད་སྐབས་རྒྱ་ནག་གི་ལྷག་དུ་མེད། རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་ལགས་ན་རང་གཞུང་གི་དབུ་ཁྲིད་དུ་མས་རྡ་སའི་གསང་ལམ་ནས་བག་ལེབ་འཚོང་མཁན་གྱི་མདུན་ནས་བོད་ཀྱི་ཆོས་དང་སྐད་ཡིག་ཡག་པོ་སྦྱོང་རོགས། སྐུ་མཁྱེན། །

    Reply
  44. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟ་ལ་ཁག་མེད། དངོས་གནས་བོད་ཀྱི་དབུ་ཁྲིད་ཚོས་བོད་ཡིག་མ་ཤེས་ན་ཐབས་སྐྱོ་སེ་འདུག
    ཆོས་རིག་བཀའ་བློན་ལ་དགེ་འདུན་པ་བཞག་མེད་པ་དེ་དགེ་འདུན་པའི་གྲས་སུ་དེང་དུས་ཀྱི་ཤེས་ཡོན་ཤེས་མཁན་དཀོན་པོ་ཡིན་པས་རྒྱུ་མཚན་བགྲང་ཡོད་མོད། དེང་དུས་ཀྱི་ཤེས་ཡོན་ཞེས་པའི་དབྱིན་ཅིའི་སྐད་ཡིག་གལ་ཆེར་བརྩིས་པའི་བཀའ་ཤག་གི་སྲིད་བྱུས་དེ་ཡང་ཧ་ཅང་གི་འཚམ་པོ་ཞིག་མི་འདུག
    བཙན་བྱོལ་ནང་གི་མི་འབོར་གྱི་གྲངས་ཀ་ལ་དཔོག་པའི་བཀའ་བློན་ལས་རོགས་འདེམས་སྟངས་དེ་ཡང་བསམ་ཚུལ་དང་ཚོར་བ་ཅན་གྱི་བྱེད་སྟངས་ཤིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ཀྱི་གྲུབ་ཆ་དང་། ངོ་ཚབ་འདིའི་བོད་ཕྱི་ནང་གཉིས་ཀྱི་རྒྱ་ཆེའི་མི་མང་གི་ངོ་ཚབ་མཚོན་དགོས་པའི་གནས་བབ་འདི་ཚང་མས་ཤེས་ན་ལེགས་པར་བསམ།

    Reply
  45. སོག་ཚ། says:
    ལོ་ 14 སྔོན།

    རྫ་ཆུའི་ཁ་བ་སྐུ་མཁྱེན། ཞབས་འདྲེན་ཡང་ཡང་ཞུ་གི་མ་འདུག ཁ་བྱང་ནང་དུ་ཡིག་ནོར་གཅིག་ཀྱང་མི་འདུག རྩོམ་ཡིག་གི་གཞུང་ངོས་ན་ཡིག་ནོར་ཡོད་མེད་ཀློག་རྒྱུ་མ་བྱུང་། རྩོམ་བྱང་དེ་ལྷུག་པར་གྲོལ་ན། ༼ བཀའ་བློན་འདི་གཉིས་ཀྱིས་ང་ལ་༧པཎ་ཆེན་རིན་པོ་ཆེ་དྲན་དུ་བཅུག་སོང་། ༽ ཟེར་བ་འདི་རེད།
    ( ཀྱིས ) ཞེས་པ་དེ་མེད་པས་ཡིག་ནོར་དུ་བགྲང་ན་ནོར་བ་རེད། རྩོམ་བྱང་དཀར་ཆག་བཅད་པ་དག་ལ་ཚིག་སྡུད་གཅེས། ། ཞེས་བསྟན་ཡོད།
    གོང་གི་རྩོམ་བྱང་ནང་གི་ཀྱིས་དེ་རྣམ་དབྱེ་གསུམ་པ་རེད། རྩོམ་བྱང་ལ་འབབ་ཐོབ་ལྟར་ཀྱིས་ཞེས་པའི་རྣམ་དབྱེ་གསུམ་པ་བསྡུས་ཡོད།
    ( ལ ) ཞེས་པ་མེད་པས་ཡིག་ནོར་དུ་བགྲང་ན་དེ་ཡང་ནོར།
    ས་སུ་ག་བ་ད་དྲག་ཏུ།།
    ང་ད་ན་མ་ར་ལ་དུ།།
    འ་དང་མཐའ་རྟེན་མེད་མཐར་རུ།། ཞེས་བསྟན་ཡོད།
    མཐའ་མེད་མིང་གཞི་( ང )ཡིག་ལ་འབབ་ཐོབ་ལྟར་ལ་དོན་གྱི་ཕྲད་( རུ )བསྡུས་པའི་ར་ཡིག་སྦྱར་འདུག ན་ལ་གཉིས་ཕྲད་རང་དབང་ཅན་རེད།
    ཐོས་བྱུང་ངམ་་་་་་་་ཚེ་རིང་བཀྲ་ཤིས་་་་་་་་་

    Reply
  46. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    བོད་མི་བཙན་བྱོལ་རྣམས་པས།
    སྐྱབས་བཅོལ་གཉིས་པ་ཞིག་ལ།
    ནུབ་ཀྱི་ཡུལ་ལ་འཐད་ཀྱང་།
    གཞི་ལུས་བོད་མིའི་སྙིང་སྟོབས།
    ནམ་ཡང་གསོན་པོར་གནས་ཡོད།

    བོད་གཞུང་དགའ་ལྡན་ཕོ་བྲང་།
    འདི་ལོ་རྒན་ཡོལ་བཏང་ནས།
    མང་གཙོའི་སྲིད་གཞུང་གསར་པས།
    དབྱིན་སྐད་སྐྱོན་བཞིན་ཕེབས་བྱུང་།
    པཎ་ཆེན་སྣང་བ་མཐའ་ཡས།
    ཨོ་ལོས་ཡིད་ལ་དྲན་བྱུང་།

    Reply
  47. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 14 སྔོན།

    དེའི་ཁར་རྩོམ་འདིའི་ཁ་བྱང་གིས་ང་ལ་སྐུ་ཞབས་དོལ་ཤེར་ལགས་དྲན་བཅུགས་སོང་། ཨ་ལ་རྩེད་མོ་ཡིན། ཡིག་ནོར་ཡིན་པ་འདྲ། གང་ལྟར་ཅིག་འགྲིག་མི་འདུག
    ཤར་ཕྱོགས་ཁུག་རྟ་ནི་རྒྱུན་དུ་མཐོང་དུ་ཡོད་པའི་ཅུང་ཚད་ལྡན་གྱི་རྩོམ་ཡིག་སྤེལ་མཁན་ཞིག་ཡིན་པའི་གུས་བརྩི་ཡོད།

    Reply
  48. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བཙན་བྱོལ་ནང་གི་ལས་འགུལ་ཟེར་བ་དེས་མགོ་ན་བཅུགས་སོང་་་་་་་་་ཁྱེད་རང་ལས་མང་བ་ང་་ལས་འགུལ་ནང་དུ་འཛུལ་ཚར་བ་ཡིན་རྒྱུ་རེད་་་་་་་་བྱང་ཆུབ་སེམས་མཆོག་རེ་སྐྱོར་ཡང་ལ་རེ་སྤར་མིག་ལོག་ནས་རྡ་ཤོད་བར་དུ་གོམ་པ་རེ་བརྒྱབ་དེ་ནས་ཚར་བ་རེད་་་་་་གསོ་སྒར་གྱི་སློབ་ཕྲུག་མི་ཉུང་བ་ཞིག་སེམས་ཤུགས་དང་ལ་རྒྱས་ཀུན་ནས་བསླངས་དེ་ལས་འགུལ་དུ་འཛུལ་གྱི་འདུག་་་་ཆབ་སྲིད་པ་ཚོ་ཁེ་བསང་དང་ངོ་སྲུང་གི་ཆེད་དུ་ལས་འགུལ་དུ་འཛུལ་གྱི་འདུག་དོན་ངོ་མར་གནས་ཚུལ་དེ་ཚོས་ཞེ་སུན་རུ་བཅུགས་སོང་མགོ་ན་རུ་བཅུགས་སོང་་་་་་་་་་སེམས་ནང་ནས་རྒྱལ་གཅེས་དཔའ་བོ་དེ་ཚོའི་སེམས་ཤུགས་ལ་བསྔགས་བརྗོད་ཡོད་་་་་་་་་མར་མེ་ཁྲོམ་སྐོར་དང་སྐད་འབོད་ཀྱིས་ཞེ་སུན་བྱུང་ད་གང་ལ་ཡང་འགྲོ་རྒྱུ་མིན།

    Reply
  49. གངས་ཅན། says:
    ལོ་ 14 སྔོན།

    ད་ལྟའི་དུས་ཚོད་འདིར་བོད་ཡིག་ཀློག་ཤེས་ཀྱི་མི་འདུག་ཅེས་འཕྱ་བ་དང་ཕན་ཚུན་ལ་ཟུར་ཟ་བྱེད་པའི་དུས་ཚོད་མིན་པར་གཞུག་ཕྱོགས་རྒྱལ་གཅེས་དཔའ་བོ་འདི་དག་གི་ཆེད་དུ་ལས་འགུལ་སྤེལ་ཕྱོགས་དང། ལས་རིམ་སྒྲིག་ཕྱོགས་ལ་ཁ་ནང་དུ་འཁོར་ནས་གྲོས་བསྡུས་བྱེད་པའི་དུས་སྐབས་རེད་འདུག་བསམ།

    Reply
  50. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་གངས་ལྗོངས་ནས་མི་རིགས་རིག་གཞུང་དང་སྐད་ཡིག་ཆོས་ལུས་ཀྱི་ཆེད་དུ་རང་ལུས་མེར་ལ་བསྲེགས་སོང་།
    རྡ་ས་ནས་བོད་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས་མི་ཤེས་པའི་དབུ་ཁྲིད་རྐྱང་རྐྱང་གདམ་སོང་།
    བློ་ཕམ་ཡོད་་་་་་་་ད་དངོས་གནས་བྱེད་སྟང་འདིས་ཤ་གསེང་རུས་པའི་དཀྱིལ་ནས་ན་ཟུར་འབར་སོང་་་འབར་སོང་་་་་དངོས་གནས་འབར་་་སོང་་་་་་་་་བྱ་ཐབས་དང་ནུས་པ་གང་མི་འདུག་་་་་་་་
    རྡ་ས་ནས་ཆབ་སྲིད་རྫུན་མའི་གདོང་འབག་དེས་གཡོ་སྒྱུའི་འོག་ནས་བོད་ནས་འདི་འདྲའི་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོག་བརླགས་བཏང་སོང།ཨ་ཁ་ཁ་ཨ་ཁ་ཁ་ཨ་ཁ་ཁ་
    རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་རྒྱུ་རེད་་་་་་དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་གསལ་་གྱི་རེད་་་་་་་་་བོད་གཞིས་བེྱས་འཛོན་གྱི་རེད་་་་་་་་་རང་སྲིང་རང་སྐྱོངས་ཐོབ་ཀྱི་རེད་་་་་་་སྐད་ཆ་འདི་ཚོས་ཞེ་སུན་བཅུགས་སོང་་་ཞེ་སུན་བཅུགས་སོང་་་་་་སྐད་ཆ་འདི་ཚོས་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོ་བརླགས་བཏང་སོང་ཨ་ཁ་ཁ་་་་་་ཨ་ཁ་་ཁ་ཨ་ཁ་ཁ་་་་་་་ཨ་ཁ་ཁ་་་་ཨ་ཁ་ཁ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨ་ཁ་ཁ་་་་་་་་་་་་་་་་་ད་དུང་སྐད་ཆ་འདི་ཚོས་མི་ལུས་རིན་ཆེན་དུ་མ་ཞིག་འཕྲོ་བརླགས་གཏོང་གི་རེད་་་་་་་ཨ་ཁ་ཁ་་་་་་་་་ཨ་ཁ་ཁ་་་་་་་་

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese