མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ངས་སྐད་ཆ་དམར་པོ་རྗེན་པ་ཞིག་བཤད་རྒྱུ་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

ངས་ཡུན་རིང་བོར་སེམས་སུ་དྲིས་པའི་དྲི་བའི་ཁྲོད་ཀྱི་ཟུར་ཞིག འདི་ནས་རིགས་རུས་ཀྱི་ལ་རྒྱ་དང་ཁ་བ་གངས་ཅན་པའི་སྐྱིད་སྡུག་ལ་དོ་ཁུར་དང་བསམ་ཤེས། སྐྱིད་སྡུག་མཉམ་མྱོང་གི་འབོད་ཚིག་བསྒྲགས་པ་དེར་ལག་པར་ལེན་འདོད་ཡོད་མཁན་གྱི་བོད་མི་གཞིས་བྱེས་གཉིས་ཀྱི་གཞོན་རབས་མི་རིགས་གཙོ་བའི་ཁ་བ་གངས་ཅན་པ་ཡོངས་ལ་བཤད།

སྤྱིར་ན་རང་ཉིད་ནི་འཚེ་བ་གཏན་ནས་དགའ་གུས་དང་རྒྱབ་སྐྱོར་ཡོད་མཁན་གྱི་མ…ི་ཞིག་གཏན་ནས་མིན། འོན་ཀྱང་། མི་རིགས་ཤིག་གི་ཆེད་དུ་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་རྫོགས་པ་བློས་གཏོང་ནས་མི་རིགས་ཀྱི་བདེ་སྡུག་ཤུགས་ཀྱིས་ཅེར་ནས་རང་གི་ཚེ་སྲོག་མཆོད་མེ་རྐང་གཅིག་གི་ཚུན་དུ་སྒྲོན་པའི་སྔ་གཞུག་གི་བོད་མི་དེ་དག་གི་མི་ཚེའི་སྐོར་ལ་བསམ་བློ་ཞིག་བཏང་དུས། འགོ་ནས་བརྩིས་པའི་དབའ་བོ་ཐུབ་བསྟན་དངོས་གྲུབ་བཅས་ནས་ཉིན་མ་དེ་རིང་གི་བར་དུ། མི་དྲུག་བྱུང་ཡོད་པ་དེ་དག་ཚང་མ་གྲྭ་བ་རྐྱང་རེད།

ཤུ་རེ་གོ དངོས་ནས་བོད་ཀྱི་སྐྱིད་སྡུག་ལེགས་ཉེས། བོད་ཀྱི་རང་དབང་། བོད་ཀྱི་མ་འོངས། བོད་ཀྱི་འཆི་གསོན། ཚང་མ་གྲྭ་བའི་སྡེ་ལ་མ་གཏོགས་འགན་འཁྲི་མེད་པ་རེད་དམ། གྲྭ་བའི་སྡེ་ནས་མ་གཏོགས་བོད་ཀྱི་སྐྱིད་སྡུག་ལེགས་ཉེས། བོད་ཀྱི་འཆི་གསོན་ཉེན་འཕྲེང་གི་ལམ་ཁ་འདི་མ་རིག་པ་རེད་དམ། དངོས་ནས་བོད་མིའི་སྐྱིད་སྡུག་གི་ཆེད་དུ་རང་ལུས་མེ་རུ་སྒྲོན་དགོས་པ་དེ་ཡང་དོན་སྙིང་ལྡན་པ་ཞིག་བརྩི་བར་ཡོད་ཚེ། དགེ་འདུན་པའི་སྡེ་ནས་བྱུང་བ་ལས་སྐྱ་བོ་དེ་ནས་ད་ལྟའི་བར་དུ་གཅིག་ཀྱང་མི་བྱུང་བའི་གནད་དོན་དེ་གང་ལ་ཐུག་པ་རེད་དམ། སྐྱ་བོ་དག་ལ་ཁ་རྒྱགས་པ་རེ་བཤད་པའི་གོམ་གཤིས་ཡོད་པ་ལས། གཞན་ཕན་སྙིང་རྗེ་ཡི་འདུ་ཤེས་ཟབ་མོ་ཞིག་རྒྱུད་དུ་མེད་པའི་ཡིན་ནམ།

གལ་སྲིད། རང་ལུས་མེ་རུ་སྒྲོན་ནས་མི་རིགས་ཤིག་གཉིད་ལས་སློང་ཐུབ་ཀྱི་ཡོད་པ་ཡིན་ན། དེ་ཡི་ལས་འགན་སྐྱ་སེར་གཉིས་ལ་ཡོད་པ་བཤད་མི་དགོས་ལ། དེ་ཡི་ནང་ནས་འཚེ་བའི་ལས་སམ། ཚེ་སྲོག་གི་སྐད་འབོད་བྱེད་པ་དེ་དག་ནི། གཅིག་རྗེས་གཉིད་མཐུད་དུ་བྱུང་འོས་པ་ཞིག་དུ་ཁས་ལེན་དགོས་པའི་དབང་དུ་བཏང་ན། གང་བྱས་ནས་སྐྱ་བོ་དག་གི་ཁྲོད་ནས་མི་རིགས་ཀྱི་ཆེད་དུ། དབའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་གི་བདེན་དབུང་བྱས་ནས། མི་རིགས་ཤིག་གི་འཆི་གསོན་དོན་དུ་སྐད་འབོད་ཤུགས་ཆེན་པོ་དང་རྒྱ་ཁྱབ་རང་བཞིན་དང་། འཕྲུལ་ལམ་དང་སྐུད་ལམ། བརྙན་གཟིགས་དང་འོད་སྡེར་སོགས་ལ་དངོས་སུ་བལྟ་རྒྱུ་ཡོད་པ་ཞིག་བྱས་ན་མ་ཆོག་པ་ཡིན།

ང་དང་བཅས་པའི་བོད་མི་སྐྱག་གཟན་སྡར་མ་བསྐོར་ཞིག་གིས། ཁ་ཕོ་ཆེན་པོ་གང་ས་ནས་བསྒྲགས། བོད་ལ་ལར་ཞེན་ཆེ་ཚུལ། མི་རིགས་ཀྱི་ཤི་གསོན་ལ་སེམས་འཁུར་ཡོད་རབས་སོགས་བརྒྱ་སྟོང་ཞིག་རང་དབང་ཆེ་ས་དང་ཚེ་སྲོག་ལ་ཉེན་ཁ་མེད་ས་ནས་གླེང་ནས་བསྡད་པའི་ག་ལ་ཕན། ཅི་ཡང་མི་ཕན་ནོ། དངོས་ནས་བོད་མི་རེ་ཟུང་ཞིག་གིས་ཚེ་སྲོག་མེ་རུ་སྒྲོན་མ་ཐག བོད་མི་ཆེས་མི་ཉུང་བ་ཞིག་གིས་མ་ཎི་རེ་བཏོན། བྱང་ཆུབ་སེམས་མཆོག་རེ་སྐྱོར། ཟས་བཅད་ངོ་རྒོལ་ཕྲན་པུ་བྱས། སྐབས་ཐོག་སྐབས་ཐོག་གི་ལས་འགུལ་རེ་སྤེལ་ནས་ཟ་ཉལ་སྐྱིད་ཉལ་ལ་གོམ་པའི་གཤིས་ཀ་འདིས། བོད་མི་རིགས་ཀྱི་མ་འོངས་པའི་གྱོང་རྒུད་ཡོད་ཚད། ད་ལྟ་ནས་འགོ་འབུས་ནས་ཚར་བཞིན་ཡོད་པ་རེད།

བོད་དོན་བྱེད་པ་ལ། འགོ་ཁྲིད་མཁན་གྱི་གཞུང་ཞབས་དང་སྒེར་སྡེ་མི་ཉུང་བ་ཞིག་ཡོད་པ་དེ་དག་གིས་ཀྱང་། ཤ་གཟད་རུས་ཐུག་གི་ལས་འགུལ་རྒྱུད་མཐུད་དགོས་པ་ལས། དེ་རིང་ནི་ལོ་འཁོར་གཅིག་འཁོར་བའི་མྱ་ངན་རེད། དེ་རིང་ནི་ལོ་ངོ་ཅིག་ཅིག་འཁོར་བའི་དུས་དྲན་རེད་ཟེར་བ་སོགས་ཀྱི་མི་རིགས་ཤིག་གི་འཆི་གསོན་གྱི་འགན་གཏན་ནས་མི་འགྲུབ་པ་གདོན་མི་ཟ་བ་ཡིན་ནོ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. kkunsang@yahoo.com says:
    ལོ་ 15 སྔོན།

    རང་གི་ཚེ་སྲོག་འཕང་མེད་དུ་བཏང་བའི་རྒྱ་བཅེས་པ་དེ་དག་གི་སྙིང་སྟོབས་ལ་དཔག་ན་བཙན་འབྱོར་ཁྲོད་ཀྱི་ཁ་བཤད་ལག་སྟོང་དེ་ཚོས་བསམ་བློ་རྣལ་མ་ཞིག་བཏང་རན་རེད་ཡ།

    Reply
  2. drikungpa says:
    ལོ་ 15 སྔོན།

    ཡ་ཡ་དེ་བདེན། བཀའ་ཁྲི་བློ་སེང་གི་ལས་འགུལ་གྱི་སྣེ་འཁྲིད་ནས་གྷན་དྷེ་རྗེ་ནང་བཞིན་བྱེད་དགོས། ངའི་བསམ་ཚུལ་ཁ་སྔོན་ནས་༼ལོངས་ཤོག་བློ་བཟང་སེང་གེ༽་ཞེས་པ་ཞིག་བྲིས་ཡོད། ཡིན་ན་ཡང་དུས་བབ་ནང་གི་ཟིན་བྲིས་པ་རྣམས་ཀྱི་དེའི་ཐོག་ལ་འཇམ་ཅག་གེར་ལས་བསམ་ཚུལ་གང་ཡང་མི་འདུག དངོས་གནས་དུས་བབ་ནང་གི་ཟིན་བྲིས་པ་རྣམས་སོ་སོའི་གྲོགས་པོ་ཕན་མཚུན་ལ་ཁ་བརྡ་དང་དེ་མིན་འདོད་ཆགས་སྐོར་ལ་མཆན་བུ་བཀོད་པ་ལས་བོད་མི་རིགས་ཀྱི་ཆེད་དུ་ཁ་ཡོད་ལག་ཡོད་བཤད་མཁན་ཉུང་ཉུང་རེད་འདུག

    Reply
  3. chok zyl says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་བསམ་ཚུལ་ལ་རྒྱབ་སྐྱོར་དང་གུས་ཞབས་ཡོད། དྲང་བདེན་གྱི་སྐད་ཆ་འདི་སྤྱི་ཚོགས་ནང་དུ་གང་མང་མང་བཤད་ཐུབ་ན་དགེ་མཚན་ཆེ་ནས་ཆེ་རུ་འགྲོ་བ་ཆོས་ཉིད་ལྟ་བུ་ཞིག་རེད།

    Reply
  4. karmasamten says:
    ལོ་ 15 སྔོན།

    བསམ་ཚུལ་ལེགས་པོ་བྲིས་འདུག མུ་འཐུད་ཡོངས་
    འདོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese