རྒྱ་ནག་གཞུང་གིས་ཁམས་འཇོ་མདའ་རྫོང་ཁོངས་ནས་ཡིན་པའི་ན་གཞོན་གླུ་བ་ཆོས་མགོན་ལགས་འཛིན་བཟུང་བཀག་ཉར་བྱས་འདུག
ཁ་སང་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གཞུང་གིས་ཁམས་འཇོ་མདའ་རྫོངས་ཁོངས་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༡༩ ཡིན་པའི་གཞོན་སྐྱེས་གླུ་བ་ཆོས་མགོན་ལགས་སུ་ཆབ་སྲིད་དོགས་གཞིའི་འོག་རྒྱ་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
དེ་ནི་ས་གནས་མང་ཚོགས་ཀྱི་ཁོང་གི་བཏང་བའི་གཞས་ལ་དགའ་མོས་བྱས་ཏེ། ཁོང་ལ་ཀུན་དགའ་ཆུང་བ་ཞེས་འབོད་སྲོལ་ཡོད་སྟབས། ནམ་རྒྱུན་ནས་ས་གནས་འབྲེལ་ཡོད་ཚན་པས་ཁོང་ལ་དོགས་ཟོན་བྱེད་ཀྱིན་ཡོད་པ་དང་། ཉེ་ཆར་ཁོང་ལྷ་སའི་གླུ་གཞས་འགྲན་ཚོགས་ཤིག་སྟེང་མགྲོན་འབོད་བྱས་པ་ལྟར། ལྷ་སར་འབྱོར་སྐབས་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག་ལ། ད་ལྟའི་ནང་མི་གཉེན་འབྲེལ་ཚོས་ཁོང་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་རྒྱུ་མཚན་ཅི་ཡིན་གསལ་ཁ་མེད་པར་ལྷག་ཡོད་འདུག
གསར་འགོད་པ། དོན་གོ
ད་དབྱུག་པ་ལེབ་འདུར་མི་བྱེད་པའི་རེ་བ་ཡོད། འགྱེལ་བའི་ཐོག་ལ་རྡོག་རྫིས་ཡིན་སོང་ན། འགྱོད་པས་མི་ཟིན་པའིི་ཁར། གཟིགས་མོ་བ་དང་། ཁོང་ལ་ཕོགས་ཐུག་ཤོར་འགྲོ
ད་བཙོན་ཁང་ལ་ཚོད་མྱོང་ཡོད་ཚད་ཆབ་སྲིད་བཙོན་པ་མི་ཆགས་པའི་རེ་བ་ཡོད།
རྡ་སའི་གཡས་གཡོན་ལ་དེ་འདྲ་མང་པོ་ཡོད་པས་ང་རང་ཡིད་ཆེས་བརླགས་སོང།