མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ངུ་དགོས་སམ། རྒྱུགས་དགོས། ང་རང་ཡང་བོད་པ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

སྐད་ཆ་ནི་མེ་འབར་བ་བཞིན། རང་ལུས་མེ་བསྲེག་གཏོང་མཁན་གྱི་རྒྱལ་གཅེས་པ་དེ་དག་གི་སྐད་འབོད་དང་སྙིང་སྟོབས་དང་འགྲོགས་ནས་འཛམ་གླིང་ཧྲིལ་བོར་ཁྱབ་ནས་འོང་གི་འདུག ཁོང་ཚོ་ནི་གདོང་དམར་བོད་ཀྱི་རྒྱུད་པ་ཤ་སྟག་རེད། ཁོང་ཚོས་བློས་གཏོང་ཡོད་ཚད་ནི་བོད་མི་རིགས་ཀྱི་འཆི་གསོན་གྱི་གནད་འགག་ལ་རྩོད་ལེན་བྱེད་པའི་ཐབས་ལམ་ཆེས་འུ་ཐུག་པའི་བྱེད་སྟབས་རང་ཡིན། མི་ཞིག་གིས་རང་ཉིད་ཀྱི་ལུས་པོ་འདོམ་བཀང་ལས་རྩ་ཆེ་བ་གང་ཡང་མེད་ལ། དེ་ཡི་ཆེད་དུ་ཤར་ལྷོ་ནུབ་བྱང་གང་དུ་ཡང་རང་ཉིད་ཀྱི་འཚོ་གོས་འཚོལ་དུ་ཤར་རྒྱུགས་བྱེད་ཀྱི་ཡོད།

ཁོང་ཚོ་སྟེ། ཁ་སང་དེ་རིང་གི་ཁོང་ཚོ་སྟེ། བོད་ནང་གི་རྒྱལ་གཅེས་པ་ཁོང་ཚོ། རང་ཉིད་ཀྱི་སྐུ་གཟུགས་མེ་ཕུང་གི་ཁ་ཟས་སུ་བཏང་ནས། ཚེ་འབར་ཞིག་གི་ཚུལ་དུ་སྒྲོན་ནས། མི་རིགས་ཤིག་གི་མྱ་ངན་གླེང་བཞིན་ཡོད། མི་རིགས་ཤིག་བདེན་པ་སྒྲོག་བཞིན་ཡོད། མི་རིགས་ཤིག་གི་སྙིང་སྟོབས་གླེང་བཞིན་ཡོད། མི་རིགས་ཤིག་གསོན་དགོས་པའི་བརྡ་སྐུལ་གཏོང་བཞིན་ཡོད། ས་ཐོག་བོད་མི་ཡོངས་ལ་ཞུ་བ་བྱེད་ཀྱི་ཡོད། ང་ཚོ་བླངས་ནས་རང་གི་ཚེ་སྲོག་གི་བདེན་དཔུང་བྱས་ཡོད། ཁྱེད་ཅག་གིས་ང་ཚོས་རེ་འབོད་འདི་ལ་འཇུགས་ནས་ལོངས་ཤིག་གསུངས་བཞིན་ཕེབས་ཀྱི་ཡོད།

ང་དངོས་ནས་དགོད་དགོས་སམ། ངུ་དགོས། ས་མཐའ་སྡེ་མཐའ་འདི་འདྲ་ཞིག་ནས། བོད་མིང་ཙམ་ཡང་གོ་མྱོང་ཡོད་མེད་ཀྱི་མི་རིགས་འདིའི་ཁྲོད་ནས། ངས་རང་ཉིད་བོད་མི་ཡིན་པ་དང་བོད་མི་ཞིག་གི་འགག་འཁུར་བྱེད་དགོས་པའི་བརྡ་སྐུལ་ཇི་ལྟར་བཏང་ན་འོས་ཤིང་འཚམ་པ་ཡོད། ཉིན་གཅིག་ལ་གཞུང་ཚབ་ཁང་གི་མདུན་དུ་སོང་ནས་སྐད་ཅིག་བརྒྱབས། བདུན་ཕྲག་གཅིག་ཟས་བཅད་ནས་ངོ་རྒོལ་བྱས། དེ་ཙམ་གྱིས་དབའ་བོ་ཁོང་ཅག་གི་ང་ལ་ཀུ་ཡངས་དང་བསམ་ཤེས་བྱེད་སྲིད་དམ། དངོས་ནས་རང་ཉིད་བོད་མི་ཞིག་བྱེད་པའི་འགན་ཡོད་དམ། ཡོད་ན་རང་ཉིད་ཀྱི་ཤ་རྐང་རུས་རྐང་ཟུག་པའི་ན་ཟུག་འདི། འཛམ་གླིང་ལ་བདེན་པར་ཕྱོགས་པའི་མི་དག་ལ་བཤད་ན། ཁོང་ཚོས་བོད་མི་ཞེས་པའི་ཉམ་ཐག་པའི་མི་རིགས་འདི། ཧམ་ཞེན་དང་རང་རྒྱལ་གཞན་ཕམ་ཁོ་ནར་བརྩོན་པའི་སྲིད་གཞུང་ངན་དེ་ཡིས་འགི་བརྟིང་ལོག་སྲིད་དམ།

བོད་མི་ཚོ། ང་ཚོ་ངུས་ནས་བསྡད་ན་འགྲིག་གམ། ང་ཚོ་སྐྱོ་ནས་བསྡད་པ་དེ་ཡིས་ཕན་ནམ། ང་ཚོས་སྐད་འབོད་ཅིག་རང་དབང་ཡོད་ས་དང་དོ་སྣང་བྱེད་ཡུལ་མེད་པའི་གཞུང་ཚབ་ཁང་ཁག་གི་སྒོ་འགྲམ་དུ་ལུས་པོ་ཉི་མར་ལྡེ་ན་ཕན་སྲིད་དམ། དོན་དངོས་སུ་ང་ཚོས་རང་དོན་རང་གིས་བྱེད་པ་ལ་ཆིག་སྒྲིལ་གྱིས་ནུས་པ་ཡོད་པའི་གཞུང་སྒེར་ཚོགས་སྐྱིད་གང་རུང་གིས་འགོ་ཁྲིད་ནས། བོད་མི་དག་བོད་རང་ལ་ཁ་ཕྱོགས་ནས་ལམ་ལ་ཆས་ན་མ་རེད་དམ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist