མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་སྤྱི་གཉིས་ཀྱིས་སྣེ་ཁྲིད་པའི་སང་ཉིན་གྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp


སང་ཉིན་ནས་བཟུང་རྒྱ་གར་རྒྱལ་ས་ལྡི་ལིར་བཀའ་སྤྱི་གཉིས་ཀྱིས་སྣེ་འཁྲིད་པའི་མི་མང་ལས་འགུལ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་པ་དང༌། ཐེངས་འདིའི་ལས་འགུལ་སྐབས་མི་མང་གི་སྲུང་བྱ་དང་འབོད་ཚིག ཞལ་འདོན་སོགས་གཅིག་གྱུར་གཏན་འབེབས་གནང་ཡོད་པ་མ་ཟད། སྤྱི་འཐུས་ཡོངས་ཚོགས་ཆུང་ ༧ ལ་བགོས་ཏེ་མི་མང་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་འདུག

 

ཟླ་འདིའི་ཕྱི་ཚེས་ ༡༠ དང་ ༡༡ ཉིན་གཉིས་རིང་བཀའ་བློན་ཁྲི་པའི་དབུས་བའི་བཀའ་བློན་རྣམ་པ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་གངས་སྐྱིད་སྤྱི་འཐུས་ཚོགས་དྲུང་དཔེ་མཛོད་ཁང་དུ་ཚོགས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་བསྡུར་གྱིས་བཀའ་སྤྱི་ཐུན་མོང་ཐོག་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་གནང་ཡོད་ལ། བཀའ་ཤག་གིས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་བརྒྱུད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་དང༌། སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་བལ་གཉིས་གཙོས་པའི་བཙན་བྱོལ་མི་མང་སྣེ་འཁྲིད་དེ་ལས་འགུལ་སྤེལ་རྒྱུ་བྱས་ཡོད།

 

ཐེངས་འདིའི་ལས་འགུལ་གྱི་མཛད་རིམ་ལྟར་ན། ཕྱི་ཚེས་ ༡༢ ཉིན་ནས་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་སྣེ་འཁྲིད་དེ་སྤྱི་འཐུས་རྣམ་པ་ལྡི་ལིར་ཕེབས་ཏེ། ཕྱི་རྒྱལ་གཞུང་ཚབ་ཁག་དང་རྒྱ་གར་གནད་ཡོད་མི་སྣར་ཐུག་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་རྒྱུ་དང༌། ཕྱི་ཚེས་ ༡༨ ཉིན་ནས་མི་མང་ ༣༠༠༠ ལྷག་ལྡི་ལིར་འདུ་འཛོམས་ཀྱིས་ལས་འགུལ་དངོས་སུ་མགོ་འཛུགས་བྱ་རྒྱུ། ཉིན་དེར་གསར་འགོད་གསལ་བསྒྲགས་དང་མཉམ་དུ་སྤྱི་འཐུས་ཡོངས་ཀྱིས་ལྡི་ལི་ཇཱན་ཏར་མཱན་ཏར་དུ་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ། ཚེས་ ༡༩ ཉིན་བཞུགས་སྒར་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་དང༌། འཛམ་གླིང་ཡུལ་གྲུ་ཁག་གི་བོད་མི་གནས་ཡུལ་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་སྨོན་ལམ་གསུང་རྒྱུ། ལྡི་ལིར་སེར་མོ་བས་རུ་སྣེ་དྲངས་ཏེ་ར་ཇི་གྷ་ཊི་ནས་ཇཱན་ཏར་མཱན་ཏར་བར་གོམ་བགྲོད་གནང་རྒྱུ་རེད། དེ་བཞིན། ཕྱི་ཚེས་ ༢༠ ཉིན་བུད་མེད་ཀྱིས་རུ་སྣ་དྲངས་ཏེ་ལྡི་ལི་ར་ཇི་གྷ་ཊི་ནས་ཇཱན་ཏར་མཱན་ཏར་བར་གོམ་བགྲོད་གནང་རྒྱུ་དང༌། ཚེས་ ༢༡ ཉིན་གཞོན་སྐྱེས་ཚོས་རུ་སྣ་དྲངས་ཏེ་ར་ཇི་གྷ་ཊི་ནས་ཇཱན་ཏར་མཱན་ཏར་་བར་གོམ་བགྲོད་གནང་རྒྱུ། ཉིན་ལྟར་སྔ་དྲོའི་ཆུ་ཚོད་ ༡༠ ནས་ ༡༢ བར་རྒྱ་གར་གྱི་གནད་ཡོད་མི་སྣའི་གཏམ་བཤད་བཅས་གྲ་སྒྲིག་ཞུས་ཡོད་འདུག

 

སྤྱི་འཐུས་རྣམས་ཚོགས་ཆུང་ ༧ ལ་བགོས་ཏེ་ལས་ཀ་ཆ་བགོས་བྱས་ཡོད་པ་དག་ནི། དང་པོ། ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱིས་སྣེ་ཁྲིད་པའི་གཞུང་ཚབ་དང་རྒྱ་གར་དཔོན་རིགས་ཁག་ལ་མཇལ་འཕྲད་གནང་རྒྱུ་དང༌། གཉིས་པ། རྒྱ་གར་དཔོན་རིགས་ཁག་ལ་མཇལ་བཅར་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། གསུམ་པ། ལས་འགུལ་སྤེལ་ཡུལ་དང་འབྲེལ་བའི་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས། བཞི་བ། མི་མང་ལས་འགུལ་སྐབས་དངུལ་རྩིས་བདག་གཉེར་དང༌། བཞུགས་གནས་དང་ཞལ་ལག་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས། ལྔ་པ། གསར་འགོད་འབྲེལ་མཐུད་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། དྲུག་པ། གནས་ཚུལ་མཁོ་སྒྲུབ་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས། བདུན་པ། ཡིག་ཆ་དང་འཕྲེད་དར་གོ་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་སྤྱི་འཐུས་པདྨ་འབྱུང་གནས་ལགས་བཅས་རེད།

 

ཐེངས་འདིའ་ལས་འགུལ་སྐབས། མི་མང་ཚོས་འགྲོ་སོང་འགན་རང་འཁུར་ཞུ་དགོས་པ་དང༌། སྒེར་ངོས་ནས་འགྲོ་སོང་གཏོང་དཀའ་བའི་རིགས་ལ་ཟ་མ་དང་སྡོད་གནས་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་གནང་རྒྱུ། ལས་འགུལ་བའི་སྲུང་བྱའི་ཐད། ལས་འགུལ་ཡོངས་འཚེ་མེད་ཞུ་བ་དང་ཡུལ་ཁྲིམས་ལ་བརྩི་བཀུར། གསར་འགོད་པ་དང་ཡུལ་མི་ལ་ཞི་འཇམ། ལས་འགུལ་སྣེ་ཁྲིད་པ་དག་གིས་གཞུང་འབྲེལ་བཀོད་སྒྲིག་ལ་ཐུགས་སྣང༌། ལས་འགུལ་སྐབས་མཉམ་གནས་མཉམ་སྡོད་དང་དོགས་གཞི་ཅན་ལ་ཡིད་གཟབ། བོད་པའི་རྒྱལ་དར་དང་འཕྲེད་དར་སོགས་ལ་བདག་གཅེས། ཟས་བཅད་སྐབས་གཟུགས་པོའི་དཀའ་ངལ་བྱུང་ཡང་ཉེ་འཁོར་དུ་ཟས་རིགས་ཟ་མི་ཆོག་པ་དང༌། གློ་བུར་བའི་དཀའ་ངལ་རིགས་བྱུང་ཚེ་སྤྱི་འཐུས་སུ་རུང་ལ་འབྲེལ་གཏུགས་གནང་དགོས་པ་བཅས་རེད།

 

མཆོད་འབུལ་སྨོན་ལམ་དག་ལ་ཆེད་དུ་ཞལ་འདོན་ཕྱོགས་བསྒྲིགས་བྱས་ཡོད་པ་ནི། རྒྱུན་ཆགས་གསུམ་པ་དང༌། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། དཔལ་ནཱ་ལེན་དྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་དད་པའི་མེ་ཏོག འཕགས་པར་བསྟོད་ཅིང་གསོལ་བ་འདེབས་པ། སྒྲོལ་མ་ཉེར་གཅིག་གི་བསྟོད་པ། མི་འཁྲུགས་པའི་བསྟོད་པ་དང་གཟུངས་སྔགས། སྨན་བླའི་བསྟོད་པ་དང་གཟུངས་སྔགས། གུ་རུའི་ཚིག་བདུན་གསོལ་འདེབས། གུ་རུའི་ཐུགས་དམ་གནད་བསྐུལ། བཟང་སྤྱོད་སྨོན་ལམ། བོད་སྐྱོང་ལྷ་སྲུང་གི་འཕྲིན་བསྐུལ་དམ་ལྡན་མྱུར་བསྐུལ་མ། བདེན་ཚིག་སྨོན་ལམ་བཅས་རེད།

 

ཐེངས་འདིའི་ལས་འགུལ་ཀྱི་འབོད་ཚིག་དང་འཕྲེད་དར་ཚིག་གཞི་ ༡༩ ཙམ་བོད་རྒྱ་དབྱིན་གསུམ་ཐོག་གཏན་འབེབས་བྱས་ཡོད་པ་དག་ནི། “ བོད་རྒྱ་འབྲེལ་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས” “ བོད་ནང་འགྲོ་བ་མི་ཡི་ཐོབ་ཐང་རྡོག་རོལ་གཏོང་མཚམས་འཇོག་དགོས” “ བོད་ནང་ཆབ་སྲིད་ཀྱི་བཙན་གནོན་མཚམས་འཇོག་བྱེད་དགོས” “ བོད་ནང་དཔལ་འབྱོར་གྱི་བཤུ་གཞོག་མཚམས་འཇོག་བྱེད་དགོས” “ བོད་ནང་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་མཚམས་འཇོག་དགོས” “ བོད་ནང་ཁོར་ཡུག་གཏོར་བཤིག་གཏོང་མཚམས་འཇོག་དགོས” “ བོད་ནང་མི་སེར་སྤེལ་ཡུལ་མཚམས་འཇོག་བྱེད་དགོས” “ ཉེས་མེད་བོད་མི་བཙོན་འཇུག་མཚམས་འཇོག་བྱེད་དགོས” “ བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས” “ བོད་ནང་དངོས་ཡོད་གནས་སྟངས་ཤེས་རྟོགས་ཆེད་རྟོག་ཞིབ་ཚོགས་ཆུང་གཏོང་དགོས” “ བོད་ཀྱི་དཀའ་ངལ་སེལ་ཐབས་ཆེད་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུགས་འགན་བཞེས་རོགས” “ བོད་མིའི་ཚེ་སྲོག་སྐྱོབ་རོགས” “ བོད་ལ་རང་དབང་དགོས” “ ཀིརྟི་དགོན་པས་གཙོས་དགེ་འདུན་པར་སློབ་གཉེར་གྱི་རང་དབང་སྤྲོད་དགོས” “ བོད་མིའི་སྐྱིད་སྡུག་མཉམ་མྱོང” “ ྋརྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས” “ བོད་ནང་ཆོས་དད་རང་མོས་ཀྱི་རང་དབང་སྤྲོད་དགོས” “ བོད་ནང་བོད་མིར་སྨྲ་བརྗོད་ཀྱི་རང་དབང་སྤྲོད་དགོས” “ རྒྱ་གཞུང་གིས་ྋརྒྱལ་བ་རིན་པོ་ཆེར་གཞི་མེད་བསྙོན་འཛུགས་མཚམས་འཇོག་བྱེད་དགོས” བཅས་རེད།

 

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 10

  1. ཆོས་སྒྲོན། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ནས་སྣེ་འཁྲིད་འོག་གི་སང་ཉིན་གྱི་ལས་འགུལ་ནང་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ།. བཙན་བྱོལ་གཞུང་གི་བཀའ་བློན་དང་མཛད་གཙོ་རྣམ་པ། སློབ་གྲ་ཁག་དང་དགོན་པ་ཁག. རྡ་སའི་མི་མང་། དམིགས་བསལ་འབྲེལ་ཡོད་བཀའ་ཟུར་ཨ་མདོ་རྔ་པ་ཀིརྟིའི་དགོན་བདག་ཀིརྟི་རིན་པོ་ཆེ་བཅས་འཕགས་ཡུལ་རྡ་རམ་ས་ཐེག་ཆེན་གཙུགས་ལག་ཁང་ནས་མཆོད་འབུལ་དང་འབྲེལ་བའི་ཟས་བཅད་ངོ་རྒོལ་གྱིས་ལས་འགུལ་སྤེལ་གནང་གི་ཡོད་པ་ལྟར་འཛམ་གླིང་རྒྱལ་ཁབ་ཚང་མང་མས་དུས་གཅིག་ཏུ་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཆ་ཤས་ལེན་རོགས་ཞུ།

    Reply
  2. གྲགས་བསོད་ says:
    ལོ་ 14 སྔོན།

    སང་ཉིན་ནས་འགོ་བཙུགས་ཏེ་ལས་འགུལ་འདི་རྒྱུན་མ་ཆད་པ་རང་བཙན་ཐོབ་པ་བྱེད་དགོས་

    Reply
  3. ཤེས་རབ says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་པའི་ལས་འགུལ་དེ་ལ་རྗེས་སུ་ཡི་རང་ཞུ།
    གོང་དུ་དམ་སྲི་འབྱུང་པོའི་གསུང་ཡ་ལ་གྲྭ་ཚང་ག་གེ་མི་ཞིག་གི་ལྟོ་ཡི་ཆེད་དུ་ཞབས་བརྟན་ཚོགས་ནས་ལས་འགུལ་ཆེན་མོ་འདི་རྩིས་མེད་བཏང་སོང་ཟེར་བའི་གྲྭ་ཚང་དེ་གང་རེད་གསལ་བོ་ཞིག་གསུངས་རོགས་གནང་།

    Reply
  4. ཐོག་སྒྲ། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱི་ལས་འགུལ་སྤེལ་བ་རྗེས་སུ་ཡིད་རང་བསྔགས་བརྗོད་བྱ་རྒྱུ་ཡིན་ཐུགས་རྗེ་ཆེ། ཡིན་ནའང་ང་ཚོའི་འབོད་ཚིག་དག་དོན་དངོས་དང་མཐུན་པ་ཞིག་ཡིན་དགོས་པ་ལས་འཆར་སྣང་ཙམ་གྱི་རྗེས་སུ་འགྲོ་མི་ཉན། འབོད་ཚིག་འདི་“བོད་ནང་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་མཚམས་འཇོག་དགོས”དེ་ནི་དོན་དངོས་དང་མཐུན་པ་ཞིག་མ་རེད། ད་ལྟ་བཙན་བྱོལ་ནང་ལ་བོད་ཡིག་གི་ཐོག་ལ་ཕྱག་ལས་གནང་མཁན་ཕལ་ཆེ་བོད་སྤྱི་ལོ་ ༡༩༨༠ རྗེས་སུ་འབྱོར་བ་ཤ་སྟག་མ་རེད་དམ།
    སྤྲེའུ་ཡི་དཔེ་ལྟར་རང་གི་ལུས་ཡོངས་རྫོགས་མི་གཙང་བས་བསྟུམ་ཀྱང་གཞན་གྱི་རྔ་རྩེར་མི་གཙང་བ་འདུག་ཞེས་མ་བརྗོད་རོགས་གནང་། མཛུབ་མོ་གཅིག་ཕར་བསྟན་ཡང་མཛུབ་མོ་བཞི་ནང་དུ་གུག་ཡོད་པ་མ་བརྗེད་རོགས་གནང་།

    Reply
  5. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    བོད་གཞི་བྱེས་མཉམ་འཛོམ་དགོས་ཟེར་བ་དེ་མི་རིགས་འདིའི་རེ་བ་ངོ་མ་དེ་རེད་་་་་་་

    Reply
  6. ལྷ་དབང་ says:
    ལོ་ 14 སྔོན།

    འོ་ན་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་གློད་གྲོལ་དགོས་མ་ལབ་པ་ག་རེ་ཡིན་ནམ

    Reply
  7. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དགོས་འདུན་ལྔ།
    བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས།
    བོད་ཆོལ་ཁ་གསུམ་པོ་རང་སྐྱོང་གཅིག་ལ་སྒྲིལ་དགོས།
    མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དགོས།
    མི་རིགས་རང་སྐྱོང་གི་ཐོབ་ཐང་དགོས།
    ཀྲུང་གོར་དོན་དངོས་ཀྱི་དམངས་གཙོ་དགོས།

    Reply
  8. འཇམ་དབྱངས། says:
    ལོ་ 14 སྔོན།

    ང་ཚོའི་སེམས་ངོགས་ན། ནམ་ཡང་དམར་ལབ་ལབ་ཏུ་འབར་བའི་ཚེ་སྲོག་སྐོར་ཞིག ད་དུང་མ་འོངས་པར་ཡང་ཅི་འདྲའི་མང་པོ་ཞིག་ཡོང་ཨང་། ང་ཚོས་དེ་དག་གི་ཡིད་ཆེས་དང་བློས་གཏོང་སྒོམ་བཞིན། ཆེས་བཀུར་བར་འོས་པའི་བཀའ་སྤྱི་གཉིས་ཀྱི་རྗེས་སུ་འབྲངས་ཏེ། མུ་མཐུད་མེ་དཔུང་དམར་པོ་དེ་དག་གི་རྗེས་རྙེག་དགོས། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

    Reply
  9. དམ་སྲི་འབྱུང་པོ། says:
    ལོ་ 14 སྔོན།

    མི་རིགས་གཅིག་གི་ཆེད་དུ་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ཚེས་བཅོ་བརྒྱད་ནས་ཉེ་གཅིག་བར་དུ་ལས་འགུལ་སྤེལ་བ་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད། གནས་དོན་ངན་པ་ཞིག་ལ་གྲྭ་ཚང་ག་གེ་མོ་ཞིག་གིས་ལྟོ་ཟས་ཀྱི་ཆེད་དུ་ཞབས་བརྟན་ཚོགས་ནས་བཀའ་སྤྱི་གཉིས་ཀྱི་གསུང་རྩི་མེད་དུ་བཏང་རྒྱུ་རེད་འདུག

    Reply
  10. ཀུན་དགའ། says:
    ལོ་ 14 སྔོན།

    རྗེས་སུ་ཡི་རང་ཞུ།
    ཚེས་ ༡༩ ཉིན་གྱི་ལས་འགུལ་ནང་གནས་སྡོད་ས་གནས་ནས་ང་རང་ནང་མི་ཚང་མ་མཉམ་ཞུགས་བྱེད་ངེས་ཡིན།
    འོ་་་་་ལས་འགུལ་དེའི་རྗེས་ནས་མུ་མཐུད་བཀའ་སྤྱི་གཉིས་ལ་དམིགས་བསལ་གོ་སྒྲིག་གཞན་ཡོད་ན་་་་་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese