མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་མན་ནང་གི་ཟིང་འཁྲུག

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༢ ཉིན་ཡེ་མན་ཧཱ་སཱ་བྷ་རྫོང་ཁོངས་སུ་གཞུང་དམག་དང་གྱེན་ལངས་ཤོག་ཁག་བར་ཟིང་འཁྲུག་བྱུང་སྟེ་མི་ ༡༢ རྐྱེན་ལམ་དུ་བཏང་ཡོད་འདུག

དམག་དཔོན་ཨ་མར་(Ali Mohsen al-Ahmar) གྱིས་སྣེ་ཁྲིད་པའི་གྱེན་ལངས་རྩ་འཛུགས་དམག་ནི་འདི་ལོའི་ཕྱི་ཟླ་ ༢ ནང་གཞུང་དམག་ལས་ཕྱིར་ཐོན་གྱིས་གྱེན་ལངས་མི་མང་ཕྱོགས་སུ་ལངས་པའི་དམག་གི་རྩ་འཛུགས་ཞིག་དང་། ཁོང་ཚོ་མི་མང་གི་ཕྱོགས་སུ་ལངས་ཏེ་ལོ་ ༣༣ རིང་སྲིད་དབང་སྒེར་འཛིན་བྱེད་མཁན་སྲིད་འཛིན་སཱ་ལེཧ་(Ali Abdullah Saleh) སྲིད་སྟེགས་ནས་འབབ་དགོས་ཞེས་ངོ་རྒོལ་དང་། ཁ་སང་ཕྱི་ཚེས་ ༢༡ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྲིད་འཛིན་སཱ་ལེཧ་འཕྲལ་དུ་སྲིད་སྟེགས་ལས་བབས་ཏེ་སྲིད་དབང་སྒྱུར་བཅོས་གཏོང་དགོས་པའི་ཆོད་དོན་དང་བསྒྲགས་གཏམ་སྤེལ་རྗེས། གྱེན་ལངས་རྩ་འཛུགས་དམག་གིས་རྒྱལ་ཚོགས་ཀྱི་ཆོད་དོན་མངོན་འགྱུར་བྱ་དགོས་ཞེས་གཞུང་ལ་ངོ་རྒོལ་བྱས་སྟབས། གཞུང་དམག་དང་ཁོང་ཚོའི་བར་ཟིང་འཁྲུག་བྱུང་ཡོད་འདུག

གྲོང་ཁྱེར་ཕྱི་རོལ་གྱི་མི་མང་གིས་བརྗོད་པ་ལྟར་ན། ཕྱི་ཚེས་ ༢༢ ཉིན་གྲོང་ཁྱེར་ཡོངས་ན་མེ་མདའ་དང་འབར་རྫས་གཏོར་པའི་སྐད་དང་། གྲོང་ཁྱེར་གྱི་མཁའ་དབྱངས་སུ་དུ་བ་དང་འབར་རྫས་འཐོར་པའི་མེ་སོགས་ཀྱིས་ཁེངས་ཡོད་པ་ཙམ་ལས། མི་སུ་ཡང་གྲོང་ཁྱེར་ནང་དུ་འགྲོ་ཐུབ་པ་བྱུང་མི་འདུག

ཡེ་མན་གཞུང་གིས་རྒྱལ་ཚོགས་ཀྱི་ཆོད་དོན་ལྟར་གཞུང་གི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་པ་གཏོང་རྒྱུར་གྲ་སྒྲིག་ཡོད་སྐོར་ཕྱིར་བསྒྲགས་བྱས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. ཕུན་ཚོགས་ཉི་མ། says:
    ལོ་ 14 སྔོན།

    གསར་འགོད་པ་འདི་དག་གིས་གནས་ཚུལ་ལ་ངོས་འཛིན་བྱེད་སྟངས་དང་། ཀློག་པ་པོ་ཚོའི་འདོད་པ་སྐུང་ཐུབ་ཀྱི་མི་འདུག ལེ་སྦེ་ཡ་མགོ་རྟིང་སློག་ཅིང་སྒ་སྒྲ་ཧྥེ་དམར་གསོད་བཏང་རྗེས་འཛམ་གླིང་མི་མང་ཚང་མས་ཡ་མཱེན་ལ་ལྟད་མོར་ལྟ་བསྡད་ཡོད་པ་རེད། གནས་ཚུལ་འདི་ལ་སྔོག་འདོན་མི་བྱེད་པར་ཅོ་ཀ་ཕྱག་ལེན་ལྟ་བུ་ཞིག་བྲིས་ཏེ་བཞག་འདུག
    ད་དུང་། དེ་རིང་གི་རྒྱལ་སྤྱིའི་གསར་ལམ་གྱི་གནས་ཚུལ་ཆེ་ཤོས་འདི་ཡང་མཐོང་ཡོད་ས་མ་རེད། དེ་རིང་ Turkey ཤར་ཕྱོགས་ནང་ས་འགུལ་རིམ་པ་ 7.2 ཅན་ཞིག་བརྒྱབ་སྟེ། མི་ 265 ཙམ་རྐྱེན་ལམ་དུ་སོང་ཡོད་པ་དང་མི་ 1300 ཙམ་ལ་རྨས་སྐྱོན། ཁང་པ་ 1000 ལྷག་ཙམ་ཞིག་རལ་དུ་བཏང་ཡོད་འདུག ཊར་ཀེ་ས་འགུལ་བརྒྱབ་ཡུལ་དུ་བསྐྱོད་དེ་ཕྱི་རྒྱལ་གྱི་རྒྱབ་སྐྱོར་མི་དགོས་པར། ང་ཚོ་རྒྱལ་ཁབ་རང་ངོས་ནས་མི་མང་མྱུར་སྐྱོབ་དང་། དཀའ་ངལ་འཕྲད་ཡོད་པ་དག་ལ་རོགས་སྐྱོར་གྱི་བ་ཆད་ལྷག་མེད་པར་བསྒྲུབ་ཐུབ་ཀྱི་ཡོད་ཅེས་བརྗོད་འདུག

    Reply
  2. མགར་སྲས says:
    ལོ་ 14 སྔོན།

    ཧ་ཧ་་་ཡུལ་ཆེན་པོ་ཞིག་ལ་ཁ་གཏོང་བ་ལས་རང་གིས་བྲིས་པའི་འོག་མཆན་ཐུང་ངུ་དེ་དག་མོ་ཞིག་བྲིས་ཡོད་ན་ཅི་མ་རུང་།

    Reply
  3. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    ང་ཚོར་ཕྱི་ཕྱོགས་དང་ཡང་ན་འཛམ་གླིང་འཕོ་འགྱུར་གྱི་གནས་ཚུལ་མང་ཙམ་ཐོས་དགོས་ཀྱིན་འདུག གྲགས་ཆེ་བའི་དུས་བབ་དང་བང་ཆེན། ཁ་བརྡ་སོགས་ཀྱི་འཛམ་གླིང་སྤྱིའི་གནས་ཚུལ་འབྲི་བ་ཉུང་ཉུང་རེད། ཅི་སྟེ་ཚགས་ཤོག་དེ་དག་གི་རྩོམ་སྒྲིག་པ་དང་གསར་འགོད་པ། ཐ་ན་སློབ་སྟོན་པ་སོགས་ཀྱི་བོད་ཡིག་ཁོ་ན་ལས་མ་ཤེས་སྟབས་འཛམ་གླིང་སྤྱིའི་འགྱུར་འགྲོ་དང་ང་ཚོར་དགོས་པའི་རྒྱལ་སྤྱིའི་གནས་ཚུལ་འགོད་པ་ནི་གནམ་མཁའི་སྐར་མ་ཙམ་རེད་འདུག། དེ་དག་ནི་རྗེས་ལུད་ཀྱི་རྣམ་པ་དང་ཡང་ན་དུས་རབས་རྙིང་པར་མཁོ་བའི་བསམ་བློ་ཤུགས་ཆེན་པོ་ཡོད་པའི་རྟགས་མཚན་ཞིག་ཀྱང་ཡིན་པ་འདོད། ང་ཚོར་འདི་ལྟ་བུའི་ཕྱི་ཕྱོགས་ཀྱི་གནས་ཚུལ་དེ་ཚོ་གོ་དགོས་པ་དང་། གནས་ཚུལ་དེ་ཚོས་ང་ཚོར་སེམས་འགུལ་ཐེབས་ངེས་ཡིན། མི་རིགས་ཀྱི་ལ་རྒྱ་དང་། མི་རིགས་ཆིག་སྒྲིལ། མི་མང་ལོངས་ཤོག་སོགས་ཀྱི་ང་ཚོར་ཁོང་ཚོའི་ལ་རྒྱ་དང་སྙིང་སྟོབས་དེ་དགོས་ཀྱིན། མདོར་ན་བཤད་ཕོད་པ་དང་སྒྲུབ་ཕོད་པའི་སྙིང་སྟོབས་དེ་དགོས་ཀྱིན།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཀྲུང་གོའི་མིདམངས་བཅིངས་འགྲོལ་དམག་གིས་མིང་དོན་གཉིས་མཚུངས་ཀྱི་བཅིངས་འགྲོལ་དམག་མི་ཞིག་བྱེད་ན་ད་ནི་འདི་ལྟར་མི་རིགས་ཁག་དང་མི་དམངས་ཀྱི་ཕྱོགས་ལ་ལངས་རན་རེད།

    Reply
  5. རིག་འཛིན། says:
    ལོ་ 14 སྔོན།

    ང་ལ་མཚོན་ན་བོད་ཡིག་ནང་མཐོང་དཀའ་བ་དང་། བོད་པ་དང་འབྲེལ་བ་མེད་པའི་ཕྱི་རྒྱལ་ཁག་གི་གསར་ཀློག་རྒྱུར་དགའ་བོ་ཡོད་མཁན་ཞིག་ཡིན། འོན་ཀྱང་བོད་པའི་གསར་འགོད་པ་ཚོས་འཛམ་གླིང་རྒྱལ་ཁབ་གཞན་ཁག་གི་གསར་འགྱུར་སྤེལ་བར་འདོད་པ་ཁྱོན་ནས་ཁེངས་མ་སོང་། བནྟེ་སྐྱབས་ཟེར་བ་འདི་གསར་འགོད་པ་ཡིན་པའི་བཟོ་འདྲ་བོ་མཚམས་རེར་མིན་པའི་བཟོ་འདྲ་བོ། ཁོ་རང་གིས་བྲིས་པའི་གསར་འགྱུར་མཐོང་དཀོན་པོ་འདུག་ལ། གསར་འགྱུར་བྲིས་པ་དེ་ཚོ་ཡང་ཁ་པར་ནང་གི་འཕྲིན་ཐུང་འདྲ་བོ་བུ་རྐྱང་རྐྱང་རེད། རྩ་འཛུགས་ཟེར་བ་འདི་ཡང་རྒྱ་ནག་གི་སྐད་ཆ་ཞིག་རེད། ཏིང་གི་རྫ་འཛུགས་ཟེར་བ་ཞིག་ཡོད་པ་རེད། དེ་ལ་ཞུགས་པ་ཡིན་ན་དམ་ཚིག་མང་པོ་ཞིག་སྲུང་དགོས་ཡོད།

    Reply
  6. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    གསར་འགྱུར་འདྲ་པོ་མ་རེད། ཀ་ངོ་ཆོད་ཙམ་གྱི་ཚིག་སྒྲུབ་རང་རེད།

    Reply
  7. མྱི་ནག་ཚང་། says:
    ལོ་ 14 སྔོན།

    རྒྱལ་སྤྱིའི་གསར་འགྱུར་འདིའི་རིགས་ད་དུང་རྒྱས་ཙམ་རེ་དང་དབྱེ་ཞིབ་རང་བཞིན་ཞིག་སྤེལ་ཐུབ་ན་ལེགས་པོར་མཐོང་། གནས་ཚུལ་གསལ་གསལ་ཐིང་ཐིང་ཞིག་སྤེལ་ཐུབ་ན་ཕན་ཐོགས་ཀྱང་དེ་ག་རང་དུ་ཡོང་གི་རེད་འདོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese