མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་བོད་ཀྱི་ས་སྤྱི་རྒྱ་ཁྲི་གཉིས་དབོར་ཏེ་ཕ་ཡུལ་དྲན་གསོ་བྱས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ངྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་ཨ་རིར་གནས་སྡོད་བོད་རིགས་ན་གཞོན་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་ས་སྤྱི་རྒྱ་ཁྲི་གཉིས་དབོར་ཏེ་འགྲེམ་སྟོན་བྱས་ཡོད་པ་བཀའ་ཁྲི་མཆོག་གིས་དབུ་འབྱེད་གསུང་བཤད་གནང་སོང་།

ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལག་རྩེད་སྤོ་ལོ་རྩེད་ཐང་དུ། ཨ་རིར་གནས་བཞུགས་བོད་རིགས་ན་གཞོན་སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་སྐྱེལ་འདྲེན་བྱས་པའི་ས་སྤྱི་རྒྱ་ཉིས་ཁྲི་ཙམ་གྱིས་༼ ང་ཚོའི་ས་ཆ། ང་ཚོའི་མི་མང ༽ཞེས་པའི་བོད་ཀྱི་ས་ཡི་སྟེགས་བུ་ཞིག་བསྐྲུན་ཡོད་པ། དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུ་འབྱེད་གནང་སོང་།

སྐབས་དེར་བོད་ཁྱིམ་སློབ་ཕྲུག་ཁག་ཅིག་གིས་ “ང་ཚོ་ཕ་ཡུལ་བོད་ལ་ལོག་འགྲོ ” ཞེས་མཉམ་གཞས་ཤིག་བཏང་རྗེས་མི་མང་སྡིངས་ཆའི་སྟེང་བུད་དེ། རྐང་རྗེས་འཇོག་པ་དང་། སའི་སྟེང་དུ་ཉལ་པ། སྨོན་ལམ་རྒྱག་པ། བོད་ཀྱི་རྒྱལ་དར་འཛུགས་པ། དེ་བཞིན་མི་མང་གིས་སོ་སོའི་མྱོང་ཚོར་དང་རེ་འབོད། དམ་བཅའ་སོགས་བརྗོད་ཡོད།  

དབུ་འབྱེད་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་བོད་ཁྱིམ་སློབ་ཟུར་བསྟན་འཛིན་རིག་གྲོལ་ལགས་ཀྱིས། བོད་ཡུལ་གྱི་ས་ཕོན་ཆེན་པོ་ཞིག་བཞུགས་སྒར་ངྷ་རམ་ས་ལར་ཁྱེར་ཡོད་པའི་དམིགས་ཡུལ་ནི། ཁོང་གི་ཕ་དམ་པ་ལགས་ཀྱིས་རང་ཉིད་མ་ཤི་སྔོན་ལ་བོད་ཐེངས་གཅིག་མཐོང་རྒྱུར་རེ་བ་བྱས་ཡོད་པ་དེ། བཙན་བྱོལ་བོད་མི་སྤྱིའི་རེ་བ་དང་འདོད་པ། འབད་བརྩོན་ཞིག་ཆགས་ཡོད། བོད་རང་དབང་བསྐྱར་གསོ་དང་༧གོང་ས་མཆོག་བོད་ཀྱི་རྒྱལ་ས་ལྷ་སར་གདན་འདྲེན་ཐོག གཞིས་བྱེས་བོད་མི་ཚང་མ་ཉིན་གཅིག་བོད་ནས་མཇལ་འཛོམས་ཐུབ་པའི་ཉིན་མོ་ཞིག་འཆར་རྒྱུ་དེ་བོད་མི་སྤྱི་ཡོངས་ཀྱི་རེ་བ་དང་འབད་བརྩོན་བྱ་ཡུལ་དེ་ཡིན་པ་དང་། ཁོང་གི་ཕ་ལགས་སྔོན་མ་བོད་དུ་ཕེབས་མྱོང་ཡོད་ཀྱང་། མ་ཤི་གོང་བསྐྱར་དུ་བོད་ལ་ཐེངས་གཅིག་ལོག་སྟེ་སྤུན་མཆེད་ལྷན་འཛོམས་ཡོང་ཐུབ་ན་ཞེས་ཐེངས་མང་གསུངས་མྱོང་ཡང་ ༢༠༠༤ ལོར་ཁོང་གྲོངས་ཕྱིན་ཡོད་ཚུལ་བརྗོད་བྱུང་།

དེ་བཞིན་ ༡༩༥༩ ལོ་ནས་བོད་ནང་ཛ་དྲག་བྱུང་ཡོད་པ། ལྷག་པར་དུ་ ༢༠༠༨ ལོ་ནས་ཛ་དྲག་ཆེ་རུ་ཕྱིན་ཡོད་ཅིང་། ཉེ་ཆར་གྱི་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་མཚོན་པས་བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་གིས་གཞིས་བྱིས་མཉམ་འཛོམས་ལ་འབད་བརྩོན་དང་རེ་སྒུག་བྱེད་ཀྱི་ཡོད་པ་དེ་དག་གིས། མདོར་ན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རེ་བ་ནི་བོད་ཀྱི་ས་ཐོག་ཏུ་གཞིས་བྱེས་ལྷན་འཛོགས་ཡོང་རྒྱུ་དེ་ཡིན་སྐོར་སོགས་གསུངས་བྱུང་ལ། བཀའ་སྤྱི་གཉིས་ཀྱིས་དཀའ་ལས་རྒྱག་གི་ཡོད་པ་དེ་ཚང་མ་བོད་དུ་ལོག་ཆེད་ཡིན་པ་དང་། དེ་རིང་འདིར་ཡོང་སྟེ་བོད་ཀྱི་སའི་སྟེང་གོམ་པ་རྒྱག་རྒྱུ་བྱུང་པ་དང་ལག་པ་འཆིང་ཐུབ་པ་འདི་རྟེན་འབྲེལ་བཟང་པོ་བྱུང་། མ་འོངས་པར་མགྱོགས་པོར་བོད་ཀྱི་ས་ཆར་ལོག་ཐུབ་རྒྱུ་དང་རང་དབང་བསྐྱར་གསོ་བྱ་རྒྱུ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོ་ཁྱིམ་ཚང་གཅིག་གི་ནང་མི་མཉམ་འཛོམས་ཡོང་པའི་ཉིན་མོ་ཞིག་ལ་སྨོན་ལམ་དང་རེ་འདུན། དཀའ་ལས་རྒྱག་གི་ཡིན་པའི་དམ་བཅའ་བཞག་སོང་།

མི་མང་གིས་སོ་སོའི་མྱོང་ཚོར་བརྗོད་པའི་ཐོག་མར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། རང་ཉིད་བསོད་ནམས་དམན་པས་བཙན་བྱོལ་དུ་སྐྱེས་ཡོད་པ་དང་། འདས་པའི་རང་ལོ་ ༤༠ ལྷག་རིང་སོ་སོའི་ལུང་པ་མིག་གིས་མཐོང་མ་ཐུབ་པ་དང་། སོ་སོའི་ཕ་ཡུལ་གྱི་ཆུ་ཁམ་གང་འཐུང་པའི་གོ་སྐབས་མེད་པ། སོ་སོའི་ལུང་པའི་སའི་སྟེང་གོམ་པ་རྒྱག་ཐུབ་པ་དང་ལག་པ་འཆིང་ཐུབ་པ་མི་ཚེའི་ནང་ཐེངས་དང་པོ་ཆགས་ཡོད་སྐོར་དང་། དེ་བཞིན་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་པའི་བོད་རིགས་རྣམས་ངོ་བོ་དང་གནས་སྟངས་གང་འདྲ་ཞིག་གི་འོག་གནས་ཡོད་ཀྱང་། སོ་སོ་གནས་ས་དེ་རང་ཉིད་སོ་སོའི་ཕ་ཡུལ་གྱི་ས་ཆ་མིན་པ་དྲན་དགོས་པ་དང་། བོད་མི་ཚང་མས་བོད་རང་བཙན་གྱི་དོན་དུ་དཀའ་ལས་བརྒྱབ་སྟེ་མི་ཚེ་གང་པོར་བཙན་བྱོལ་དུ་སྡོད་མ་དགོས་པར་སོ་སོའི་ལུང་པར་ལོག་ཐུབ་པ་བྱ་དགོས་པའི་འབོད་སྐུལ་གནང་རྗེས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཀླུ་མཁར་བྱམས་ལགས་ཀྱིས། བོད་མི་རིགས་ཀྱི་འཐབ་རྩོད་ལ་དཔའ་འབྱོར་དང་ཚོང་ལས། དམག་དོན་དང་ཆབ་སྲིད་བཅས་ཀྱི་སྟོབས་ཤུགས་ལ་ཚད་ཡོད་པ་ཞིག་ཏུ་གྱུར་ཡོད་ཀྱང་། མི་སོ་སོའི་རྣམ་དཔྱོད་དང་སྒྱུ་རྩལ་ནི་ཚད་མེད་པ་ཞིག་ཡིན་པས། མ་འོངས་པར་བོད་ཀྱི་འཐབ་རྩོད་ལ་སྒྱུ་རྩལ་གྱིས་ནུས་པ་ཆེན་པོ་འདོན་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད་པ་དང་། བོད་མི་ཚང་མས་སོ་སོ་ལ་ཡོད་པའི་རྣམ་དཔྱོད་དང་སྒྱུ་རྩལ་གྱི་ནུས་པ་དེ་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བཏོན་པ་ཡིན་ན་བོད་ལ་སྐྱིད་པའི་ཉི་མ་འཆར་རྒྱུར་ཐག་རིང་པོ་མིན་པར་བརྗོད་བྱུང་།

དབུ་འབྱེད་མཛད་སྒོ་གྲུབ་རྗེས་སྒྱུ་རྩལ་ལས་གཞིའི་འགན་ཁུར་པ་བསྟན་འཛིན་རིག་གྲོལ་ལགས་དང་ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་དང་བློ་བཟང་ཡེ་ཤེས་བཅས་ལྷན་བཞུགས་ཐོག་གསར་འགོད་གསར་བསྒྲགས་ཤིག་བསྐྱངས་ཡོད་ལ། སྐབས་དེར་སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས། སྒྱུ་རྩལ་ལས་གཞི་འདིའི་བསམ་བློ་འབྱུང་རྐྱེན་ནི་འདས་གྲོགས་སུ་གྱུར་པའི་ཕ་དམ་པ་ནོར་བུ་ལགས་ཀྱི་རེ་འདུན་ལས་བྱུང་པ་ཞིག་དང་། ལས་གཞི་འདི་མགོ་བརྩམས་པ་ནས་ལེགས་འགྲུབ་མ་བྱུང་པར་ཟླ་ ༡༧ ཙམ་གྱི་རིང་འགྲོ་གྲོན་ཨ་སྒོར་འབུམ་གཅིག་ ༡༠༠༠༠༠ ཙམ་ཕྱིན་ཡོད་པ། ལས་གཞི་དང་དམིགས་བསལ་བོད་ནས་ས་དབོར་འདྲེན་བྱས་པར་གློག་བརྙན་ཐུང་ངུ་ཞིག་བཟོས་ཡོད་པ་མི་འགྱངས་པར་སྤྱི་ཚོགས་སྟེང་འགྲེམས་སྤེལ་བྱ་འཆར་ཡོད་པ། དེ་བཞིན། ལས་གཞི་འགྲེམས་སྟོན་ཉིན་གསུམ་པར་བོད་ནས་ཁྱེར་ཡོང་པའི་ས་འདི་མི་མང་སོ་སོའི་དྲན་རྟེན་དུ་འཁྱེར་འཇུག་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་སོང་ལ། ཀིརྟི་དགོན་པའི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་ཀྱིས་ད་ལྟའི་བོད་ནང་གི་གནས་བབ་སྤྱི་དང་བྱེ་བྲག་ཏུ་འདི་ལོའི་ཕྱི་ཟླ་གསུམ་པ་ནས་བོད་ནང་རང་ལུས་མེར་བསྲེགས་གཏོང་པའི་གནས་ཚུལ་བྱུང་དང་འབྱུང་བཞིན་པའི་སྐོར་ངོ་སྤྲོད་གནང་སོང་།

བསྟན་འཛིན་རིག་གྲོལ་ལགས་ནི་ཕྱི་ལོ་ ༡༩༨༢ ལོར་བལ་ཡུལ་དུ་སྐྱེས་ཤིང་བོད་ཁྱིམ་ནས་སློབ་མཐར་ཕྱིན་རྗེས་། ད་ལྟ་ནེའུ་ཡོག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཁོང་ནི་ཚོན་བྲིས་དང་འཇིམ་བཟོ། བརྙན་ཕབ་བཅས་ཀྱི་ལག་ཤེས་སྣ་མང་ལ་མཁས་པའི་དེང་རབས་བོད་ཀྱི་སྒྱུ་རྩལ་པ་ཞིག་དང་། སྙན་ངག་པ་ཞིག་ཀྱང་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 19

  1. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ད་ང་ཚོ་ལ་བོད་ཀྱི་ས་རག་འདུག བོད་ཀྱི་ཆུ་འཐུང་འདོད་འདུག་གམ བོད་ཀྱི་ཆུ་འཐུང་འདོད་ཡོད་ན་སང་ཉིན་རྒྱ་གར་གྱི་ཆུ་མོ་གང་གྰའི་ཁར་ཤོག་དང་དེ་ང་ཚོ་བོད་ཀྱི་ཆུ་རེད། ཚང་མས་མཉམ་དུ་རྒྱག་ཚད་ཅིག་འཐུང་ཆོག

    Reply
  2. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    བོད་ཀྱི་ས་སྐམ་པོ་ཞིག་གིས་ཅི་བྱེད་དམ། ང་ནི་ས་དེ་ནས་སྐྱེས་པའི་མི་ཞིག་ཡིན། ཕྱག་འཚལ་མཁན་ཡོད་ན་ང་ལ་འཚལ་དུ་ཤོག་དང།

    Reply
  3. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཧཧཧ བོད་ལ་འགྲོ་ཡ་མ་རག་པར་བོད་ས་བརྐུས་ནས་ཚུར་ཡོང་། ད་ག་རེ་ཡིན་ཟེར་གི་ཡོད་རེད། བོད་ས་ཚུར་བོར་ཚད་ཡོད་མ་རེད། དེ་ལས་ང་ཚོ་ཚང་མ་བོད་ལ་ཕར་ལོག་འགྲོ ང་ཚོར་རང་ས་རང་ཡུལ་ནས་བདག་དགོས་པ་ལས་རང་ས་མི་ཡུལ་ལ་སྐྱེལ་དགོས་པ་མ་རེད། ས་འབོག་རས་ཁ་ཤས་རྒྱ་གར་ལ་འབྱོར་བ་དེར་བཀའ་འཁྲི་བློ་སེང་ཡང་ཕེབས་ནས་ཞབས་ཀྱིས་བཅག་འདུག ད་ཡག་པོ་རེད། ཁྱེད་བཀའ་ཁྲིར་བསྡད་ནས་བོད་ཀྱི་ས་ཞིག་རག་པ་རེད། དེ་སྲུང་ནས་སྡོད་ལོ། ཧཧཧ ཨོ་ས་བརྐུས་ནས་དཀའ་ལས་རྒྱག་མཁན་གྱི་ལྷག་བསམ་ལ་རྗེས་སུ་ཡི་རང་ཡོད།

    Reply
  4. རང་དབང་རྒྱལ། says:
    ལོ་ 14 སྔོན།

    མ་གཞི་ལས་ཀ་འདིའི་རིགས་དེ་མ་བརྩམས་པ་ལ་ལྟོས་ཏེ་བཤད་ན་བརྩམས་པ་ཡག་པོ་ཡིན་པ་ངོས་འཛིན་ཡོད་མོད། འོན་ཀྱང་། འདིའི་འགྲོ་སོང་གི་ཆེད་པ་གཅིག་སྐྱེད་སྲིང་བྱེད་སྤྱད་ཀྱི་མཐུན་རྐྱེན་དུ་སྤྱར་ཡོད་ན། འཕྲལ་མཁོ་ཕུགས་ཕན་གྱི་ལས་ཀ་རླབས་ཆེན་ཞིག་ཡིན་པ་ལས། ལས་ཀ་འདིའི་རིགས་ནི། འཕྲལ་དུ་ཁྱབ་བསྒྲགས་ཙམ་ཞིག་འགྲོ་རུང་། མ་འོངས་པར་གང་ཡང་ཐོབ་བྱ་མེད་པ་ཞིག་ཏུ་གྱུར་ཡོད་པ་མ་རེད་དམ།

    དེའི་ཕྱིར་ན། མ་འོངས་པ་ཡིན་ན། སུ་ཞིག་གི་ངོས་ནས་ལས་རིགས་གང་ཞིག་རྩོམ་སྐབས་སུ། གཙོ་བོ་ཕུགས་ཕན་གྱི་ཕྱོགས་སུ་འགྲོ་གི་ཡོད་མེད་ལ་བལྟ་རྒྱུ་གལ་ཆེན་ཞིག་མ་གཏོགས། འདིའི་རིགས་ཀྱི་ལས་འགུལ་རིགས་ནི། རྩོམ་མཁན་དེ་སྙན་གྲགས་ཀྱི་ངོ་སོ་ཙམ་ཞིག་རག་གི་ཡོད་ན་ཐང་མོད། ཏག་ཏག་བཤད་སོང་ན། ད་ལྟའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་མ་འོངས་པའི་མདུན་ལྗོངས་ལ་ཤུགས་རྐྱེན་ཐེབས་ཀི་ཡོད་མེད་སོམ་ཉི་ཞིག་རེད།

    སྤྱིར་ན། ཐེངས་འདིའི་ལས་འགུལ་རྒྱབ་རྟེན་དང་བཙན་བྱོལ་གཞུང་དང་ཚོགས་པ་ཁག ལྷག་པར་དུ། སློབ་ཕྲུག་ཚོགས་པའི་ཚོགས་གཙོ་དང་ལྷ་སྒྲོན། ད་རུང་བསྟན་འཛིན་བརྩོན་འགྲུས་སོགས་ཀྱིས་རམ་འདེགས་བྱེད་སྟངས་ལ་བལྟས་ཡོང་ན། འདིའི་རིགས་ཀྱི་ལས་འགུལ་ལ་འབབ་ས་ཞིག་ཡོད་ཡོད་འདྲ་ཡང་། ངའི་བསམ་ཚུལ་དང་མཐོང་ཕྱོགས་ནོར་མེད་ན། ཁྱབ་བསྒྲགས་ཙམ་མ་གཏོགས་པའི་གང་ཡང་འབབ་རྒྱུ་རག་མ་སོང་བསམ་སོང་།

    གལ་སྲིད། ཐེངས་འདིའི་ལས་འགུལ་གྱི་འགྲོ་སོང་དེ། རིགས་གཅིག་རྐང་འཛིན་པ་གཅིག་སྐྱེད་སྲིང་བྱེད་སྤྱད་ཀྱི་མཐུན་ཞིག་སྤྱར་ཡོད་རྒྱུ་ན། མཐུན་མཐུན་སྤྱོར་མཁན་ཁོ་རང་ལ་སྐད་གྲགས་དེ་ཙམ་ཡོད་པ་མ་རེད་དེ། ཏག་ཏག་གྲུབ་འབྲས་ཀྱི་ཕྱོགས་ནས་དེ་ཆེ་བ་མངོན་སུམ་ཚད་མ་རེད།

    Reply
  5. སངྒེ ། says:
    ལོ་ 14 སྔོན།

    ས་འདི་དག་མི་མང་ལ་སྤྲད་པ་ལས་ངེས་པར་དུ་བཞུགས་སྒར་གྱི་ཉེ་ས་ཞིག་ནས་བོད་དྲན་གསོ་གཏོང་སའི་སྐྱེད་ཚལ་ཆུང་ཆུང་ཞིག་བཟོས་ན་ལེགས། དེ་ནི་རྒྱུན་རིང་ཙམ་གནས་ངེས་ལ་གཞན་མི་མང་ལ་སྤྲད་པ་ཡིན་ཉིན་ཤས་སམ་ཟླ་ཤས་ནས་བརྗེད་འགྲོ་ངེས།

    Reply
  6. Dawai Shonu says:
    ལོ་ 14 སྔོན།

    སྤྱིར་བཏང་ཡག་པོ་རེད། ག་རེ་བྱས་ནའང་ཡག་པོ་རེ། སྐྱོན་བཏོན་ན་དགའ་ཡི་མ་རེད། ང་ནི་ལས་ཀ་དེ་ལྐུགས་རྟགས་ཤིག་མཐོང། ཁྱེད་ཀྱི་དངུལ་ག་ཚོད་འགྲོ་སོང་བཏང་ཡོད་རེད། ཕོན་ཆེན་པོ་བཏང་ཡོད་རེད། ཨ་རྩི། འཇིག་རྟེན་ན་ཟ་རྒྱུ་འཐུང་རྒྱུ་འགྱོན་རྒྱུ་མེད་པའི་སྐྱེ་བོ་ག་ཚོད་ཡོད་དམ། དེ་ཚོ་ལ་བསམ་བློ་ཞིག་བཏང་ན། རང་རིགས་བོད་མི་ཉམས་ཐག་ནད་པ་འགྲོ་སོང་གཏོང་མ་ཐུབ་མཁན་ག་ཚོད་ཡོད་དམ། དེ་ཚོ་ལ་གཅིག་བསམ་བློ་བཏང་ན། ཨ་ནི་དངོས་གནས་གཅིག་བྱས་པ་རེད། ས་འཁྱེར་ནས་ག་རེ་བྱེད་དགོས་རེད། མིང་ཙམ་གྱི་དོན་དུ་དེ་འདྲའི་ལས་ཀ་ལྐུགས་རྟགས་ཤིག།།།།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བུད་མེད་གཅེར་བུའི་རི་མོ་འབྲི་ཤེས་ཙམ་དང་། ཆགས་སེམས་ཀྱི་འདོད་གླུ་གཏོང་ཤེས་པ་ཙམ་གྱིས་མི་ཆོག་པ་ན་གཞོན་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་ས་སྤྱི་རྒྱ་ཁྲི་གཉིས་དབོར་ཏེ་འགྲེམ་སྟོན་བྱས་པ་ལྟ་བུའི་བོད་རིགས་སྒྱུ་རྩལ་པ་མང་ཙམ་དགོས་འདུག

    Reply
  8. འབའ་སྲས། says:
    ལོ་ 14 སྔོན།

    འོ།འདི་སུས་ཀྱང་ཕུལ་མ་མྱོང་བའི་མཇལ་དར་གསར་བ་ཞིག་རེད།

    Reply
  9. ཁྱུང་དཀར says:
    ལོ་ 14 སྔོན།

    དངུལ་ལོ་ཕོན་ཆེ་བཏང་ནས་རང་ས་ཕྱི་འདྲེན་བྱས་པ་འདིས་བཙན་བྱོལ་དུ་སྐྱེས་པའི་བོད་ཕྲུག་ཚོགས་ལ་སེམས་གཤིས་རེ་བསྐྲུན་ན་མ་གཏོགས་དམིགས་གསལ་གྱི་དགེ་མཚན་འདྲ་མཐོང་མ་སོང་། བོད་ཀྱི་སའི་སྟེགས་བུའི་སྒོ་འབྱེད་ཀྱི་རྣམ་པ་འདི་རྒྱ་གུང་ཁྲན་ཚང་གིས་མཐོང་ཀི་ཡོད་ན། ག་རེ་བསམ་ས་རེད། ཧ་ཧ་ཧ། ང་ཡིན་ན་གད་མོ་འཆོར་ས་རེད།

    Reply
  10. ཐུབ་བསྟན says:
    ལོ་ 14 སྔོན།

    འདི་ནི་སུས་ཀྱང་བསམ་བློར་ཤར་དཀའ་བའི་ལས་གཞི་ཞིག་ཡིན་སྟབས་ཁྱེད་ནི་མི་བུ་ཧ་ཅང་རིག་ཡག་ཅིག་ཡིན་པ་གསལ་བོར་ཤེས་ཐུབ། དེའི་ཕྱིར་སྐུ་ཉིད་ཀྱི་སྒྱུ་རྩལ་གྱི་ཆེད་ལས་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ

    Reply
  11. ཨ་མའི་བུ། says:
    ལོ་ 14 སྔོན།

    ལས་ཀ་ཚང་མ་ནོར་འདུག བོད་ནས་སྲོག་མེད་ས་ཕྲན་བུ་འཁྱེར་བ་ཡོང་བར་ཧོན་འཐོར་དགོས་དོན་མི་འདུག བོད་དུ་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིན་པོ་ཆེ་མང་པོ་ཞིག་༸གོང་ས་མཆོག་གི་ཞལ་མཇལ་དང། རང་རྒྱལ་ཁབ། མི་རིགས་ཀྱི་རིག་གཞུང་སྦྱང་ཆེད་དུ་སླེབས་པ་རྣམས་ལ་གསར་འབྱོར་ཞེས་དམའ་འབེབས་ག་ཚོད་བྱེད་ཀྱི་མི་འདུག་གམ། སྙིང་རྗེ། ཨ་རིར་གནས་བསྡོད་བསྟན་འཛིན་རིག་གྲོལ་གྱི་འཁྱེར་ཡོང་བའི་ས་གསར་འབྱོར་དེ་གས་ལ་བོད་སྐད་ཡག་པོ་མི་ཤེས་པའི་མི་དེ་ཚོས་མཐོང་ཆུང་ཚད་མེད་གཏང་གི་རེད།

    Reply
  12. ཨ་མའི་བུ། says:
    ལོ་ 14 སྔོན།

    ས་དེ་ཚང་མ་བོད་ནས་འཁྱེར་ཡོང་བ་སུས་ཤེས། ཅིག་བྱས་ན་བལ་ཡུལ་ནས་འཁྱེར་ཡོད་འགྲོ

    Reply
  13. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    འདི་ནི་ངོ་མ་བསྟོད་ན་བསྟོད་རིན་ཆོག་པའི་བྱས་རྗེས་ཞིག་ཏུ་ངོས་འཛིན་གྱི་ཡོད། བསྟན་འཛིན་རིག་གྲོལ་ཁྱེད་རང་སྐྱེས་ས་ཕྱི་ཡུལ་ན་སྐྱེས་ཀྱང་སེམས་འཁྲེང་ས་དང་ཞེ་ཆགས་ས་རང་ཡུལ་ཁོ་ན་ཡིན་པ་ནི་ཁྱེད་ཀྱིས་དཀའ་ཚེགས་ཅན་གྱི་ལས་འགུལ་འདིས་གསལ་པོ་མཚོན་ཐུབ་ཀྱི་འདུག རྗེས་སུ་ཡི་རངས་ཡོད། ལས་འགུལ་གྱི་རྣམ་པ་གསར་པ་དེ་ལྟ་བུ་རིགས་མང་ཙམ་སྤེལ་རོགས།

    Reply
  14. མྱི་ནག་ཚང་། says:
    ལོ་ 14 སྔོན།

    འོ་ཙི་རེད། ངའི་གྲོགས་མོ་ཞིག་བོད་ལ་གཉེན་འཕྲད་ཕྱིན། ཕྱིར་ཡོང་དུས་སྐམ་ཤ་༼གཡག་ཤ་༽སྐམ་པོ་འགའ་ཁྱེར་ཡོང་། དེ་བཙན་བྱོལ་དུ་སྐྱེས་པའི་ངའི་གྲོགས་པོ་ཞིག་གིས་ཟས། ཁོ་ལ་ང་རྒྱལ་དང་སྤོབས་པ་འདྲ་བོ་ཞིག་སྐྱེས། བོད་པ་ཞིག་ཡིན་པའི་རྒྱུ་མཚན་ཡང་རྙེད། གཡག་ཤ་ཟས་པ་ཡིན་ཅེས་པ་འདི་རེད།

    ཤ་ཁ་ནང་ལ་མ་ཡོང་བའི་དཀའ་ངལ་གྱིས་སྐབས་དེར་དགའ་བ་ནི་མ་རེད། བོད་ཀྱི་གཡག་ཤ་དང་། ས་དང་ཆུ། དེ་ལས་གཞན་པའི་མཚོན་བྱེད་དུ་རུང་བ་གང་ཡོད་ན་དེས་སོ་སོའི་ཕ་ཡུལ་མཐོང་མ་མྱོང་མཁན་དང་། མཐོང་འདོད་མཁན་ཚོར་ལང་ཚོའི་རྦབ་ཆུ་ནང་བཞིན་གྱི་སྤོབས་པ་ཞིག་སྐྱེད་ཀྱི་ཡོད་པ་འདྲ།

    Reply
  15. བརྩོན་རྒྱམ། says:
    ལོ་ 14 སྔོན།

    རང་ས་ཕྱི་ཡུལ་དུ་ཁྱེར་ནས་ཡོངས་པ་འདི་སྒྱུ་རྩལ་ཞིག་ཡིན་ན་རེད་མ་གཏོང་དེ་ནི་དགའ་འོས་པའི་བྱ་བ་ཞིག་ཡིན་པ་ཚོར་མ་སོང་།  དེས་ན་བོད་ཀྱི་ཤིང་ནགས་དང་གཏེར་དངོས་རིགས་རྒྱ་ནག་དམར་གཞུང་གིས་རྒྱ་ནང་དུ་ཁྱེར་གྱི་ཡོད་པ་རེད་དེ་ཡང་དགའ་འོས་པ་ཞིག་ཡིན་གྱི་རེད།   གང་ལྟར་ལྷག་གསམ་མཚོན་གྱི་ཡོད་པ་ཡིན་དུས་ཡག་པོ་རེད།

    Reply
  16. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ང་ཚོ་བོད་གངས་ཅན་པའི་ཕ་ས་ཚུར་རྒྱ་གར་རུ་ཁྱེར་ནས་མི་ཡི་ལུང་པར་བཞག་པ་དེ་ཏོག་ཙམ་རྟེན་འབྲེལ་གྱི་ཆ་ནས་ཡག་པོ་ཞིག་ཨེ་ཡིན་ན། དེ་ལས་བཙན་བྱོལ་དུ་ཡོད་པའི་བོད་པའི་མི་དང་དངོས་པོ་རྣམས་བོད་དུ་ཁྱེར་ནས་འཇོག་ཐུབ་ན་བཟང་བ་མིན་འགྲོ། གང་ལྟར་ཡང་སྙིང་ལས་དོན་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  17. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་འགྲོ་སོང་ཕོན་ཆེ་བཏང་ནས་ཕ་ས་དངོས་ལ་རེག་རྒྱུ་ཡོད་པའི་དྲན་གསོའམ་ཚོར་སྣང་གསར་བ་སྦྱིན་པའི་འགྲེམས་སྟོན་འདིར་ཡི་རང་བསྔགས་བརྗོད་དང་ཆབས་ཅིག་བོད་མི་ཚོར་ས་སྤར་བ་གང་རེ་དྲན་རྟེན་ལ་འབུལ་རྒྱུ་ཡང་བཟང་གི་ད་དུང་ལྷག་མ་ཞིག་ཉར་ཚགས་ཀྱིས་བོད་ཀྱི་ས་ཁྲ་ཆེན་པོ་ཞིག་བཞེངས་ནས་རྟག་པར་དྲན་གསོའི་རྟེན་ཞིག་བཞེངས་ཐུབ་ན་ཧ་ཅང་བཟང་གི་སྙམ།

    Reply
  18. རྨ་ཆུའི་སྐལ་བཟང་། says:
    ལོ་ 14 སྔོན།

    ལས་འགུལ་འམ་སྒྱུ་རྩལ་འགྲེམ་སྟོན་དེ་ཧ་ཅང་དཔེ་གསར་དང་མི་སེམས་འགུག་བྱེད་ཡག་པོ་ཞིག་རེད་བཀོད་སྒྲིག་པ་ཁོང་ལ་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཁོང་དམིགས་ཡུལ་དང་བསམ་དོན་ཚང་འགྲུབ་ཐུབ་པའི་སྨོན་ལམ་ཡོད།
    མཐར་རེ་བ་གཅིག་ཞུ་ཡ་ཡོད་ངའི་གོ་ཚོད་ལ་སང་ཉིན་ནས་བོད་ས་དེ་མི་མང་ལ་དྲན་རྟེན་དུ་ཕུལ་རྒྱུའི་དགོངས་ཚུལ་ཡོད་ས་རེད་ངའི་ཚོར་ཤུགས་དང་རེ་བ་ཆེན་པོའི་ཐོག་ནས་ཞུ་རྒྱུར་བོད་ས་ཚང་མ་མ་ཕུལ་བར་དོག་ཙམ་དྲན་རྟེན་དུ་ད་ལྟའི་ས་ཆ་རང་ནས་བཞག་ནས་མ་འོངས་བར་བུ་ཕྲུག་སུ་འདྲ་ཞིག་སློབ་གྲྭ་དེར་ཕེབས་སྐབས་འཇལ་རྒྱུ་ཡོད་པ་དང་དྲན་གསོ་བྱུང་བ་ཞིག་བྱེད་དགོས་རེད་ཐུགས་ལ་འཇགས་རོགས་ཞུ་སླར་ཡང་ཐུགས་རྗེ་ཆེ་ཞུ།།

    Reply
  19. མིག་གསུམ་པ། says:
    ལོ་ 14 སྔོན།

    བོད་ཀྱི་ས་ཁྱེར་བ་ཡོང་བ་དེའང་ཧ་ཅང་གི་ཡག་པོ་རེད་མོད། དེ་ལས་ཤིང་ནགས་དེ་ཚོ་ཁྱེར་ཡོང་ཏེ་འདིར་བཙུགས་པ་ཡིན་ན་ཁོར་ཡུག་ལ་ཧ་ཅང་གི་ཕན་ཐོགས་ཆེན་པོ་ཡོད་ཀྱི་རེད་འདོད་ཀི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese