མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་ལྕེ་འདི་དང་འདིའི་མཇུག་འབྲས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་བ་སྐམ་པོ།

བརྗེད་དཀའ་བའི་ཉིས་སྟོང་བཅུ་གཅིག་ལོ་འདི་ནི་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་ཨམ་གཙིགས་སྡོམ་གྱིན་པའི་ལོ་ཞིག་ཡིན་སོང་ལ། ལྷག་པར་བོད་ནང་གི་རྒྱལ་གཅེས་བ་ཚོས་རང་ལུས་མཆོད་མེ་རུ་ཕུལ་དང་འབུལ་བཞིན་པ་དང་། ད་དུང་འབུལ་འགྱུར་ཡིན་པ་གསལ་བོ་གསལ་རྐྱང་རང་རེད།  འདི་ནི་བོད་མི་ཚོ་ཧ་ཅང་སྡུག་ཐུག་སོང་བ་དང་ཐབས་མེད་སོང་བ་ཡིན་ཏེ། རྒྱ་ནག་གི་བཙན་དབང་འོག་བཟོད་བསྲན་བྲལ་བས་འཚེ་མེད་མཐར་ཐུག་པའི་ལས་འགུལ་འདི་བརྩམ་དང་རྩོམ་གྱིན་པ་རེད།  འདི་ནི་བསྐལ་བ་ལྔ་བཅུ་ང་དགུ་ལོར་བོད་ས་ཡོངས་རྫོགས་རྒྱ་ནག་གིས་བཙན་བཟུང་བྱས་ནས་རིམ་པའི་སྙིང་དང་འདྲ་བའི་བླ་ཆེན་དང་སྐྱེས་ཆེན་ཚོ་དངོས་ཤུགས་བརྒྱུད་གསུམ་ནས་གསོད་གཏུབ་འཛིན་གསུམ་བྱས་ནས་ང་ཚོར་བཞག་བའི་སོས་མེད་ཀྱི་རྨ་ཁ་ཞིག་ཡིན་སོང་བ་དེ་རེད།

 

ཉེ་ལམ་གྱི་ཆ་ནས་བཤད་ན་བརྒྱད་ཅུའི་ནང་བོད་པ་ཚོར་ཨ་ཡོད་ནང་གི་དེ་ཡོད་ཁོག་པའི་སྙིང་ལྟ་བུ་༸པཎ་ཆེན་རིན་པོ་ཆེ་བཀྲོངས་སོང་བར་སྨྲ་ལ།  དེ་ནས་བཟུང་ཁྲི་གུང་ཐང་བསྟན་པའི་དབང་ཕྱུག་དང་༸མཁན་ཆེན་འཇིགས་མེད་ཕུན་ཚོགས་སོགས་མི་རིགས་འདིའི་བླ་རྐང་བསྐྲུན་མཁན་ཚོ་ཚར་གཅོད་ཀྱི་ལས་ཀ་ལག་ཏུ་བསྟར་ཡོད་པར་མ་ཟད། རང་ཅག་གི་ཤི་གསོན་གཉིས་ཀྱིས་ཡོད་ཚད་གཏོད་ས་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ལ་གཞི་མེད་ཉེས་འཛུགས་དང་མཚན་སྨད་བློ་ཡིད་ལས་འདས་བ་བྱས་དང་བྱེད་བཞིན་པ་འདི་དང་། བོད་མི་རིགས་འདིས་ཆེས་གོང་བཀུར་ཞུ་ཡུལ་ས་སྐྱ་བདག་ཁྲི་དང་རྒྱལ་བ་ཀརྨ་པ་ཀིརྟི་རིན་པོ་ཆེ་ཤིང་བཟའ་རིན་པོ་ཆེ་སོགས་བླ་སྤྲུལ་མཁས་ཆེན་རྣམས་རང་ཡུལ་དུ་ལོག་པའི་ལམ་ཁ་མི་སྟེར་བ། དེ་ལྟར་གཞོན་སྐྱེས་ཚོའི་སྤོ་བོ་དང་རྨོ་མོ་རྣམས་མཆི་ཁར་ཡང་༸རྒྱལ་བ་རིན་པོ་ཆེར་གསོལ་བ་འདེབས་བཞིན་མིག་ཆུ་འཐོར་བཞིན་གཟིམས་འགྲོ་བ་འདི་སུས་ཀྱང་བཟོད་དུ་མེད་པ་ཞིག་ལོས་ཡིན། 

 

དེ་ལྟར་ཡིན་ན་ཡང་རྒྱ་ནག་གིས་ནམ་ཞར་དུ་བོད་ཡར་རྒྱས་བཏང་ཡོད་རབས་རྐྱང་རྐྱང་བསྒྲགས་ནས་གཞན་དང་གཞན་ལ་མགོ་གཡོགས་ཐབས་བྱ་གི་འདུག་མོད། སེམས་པའི་འཇིངས་སུ་སོས་མེད་ཀྱི་རྨ་ཁར་ཁྲག་འཛག་བཞིན་པའི་སྐབས་འདིར་དེ་དག་ལ་མགོ་འཁོར་མཁན་ནི་སྒོར་དགའ་རེ་གཉིས་ལས་སུ་ཡོང་ཨང་། རྒྱ་ནག་གིས་རྡུང་གསོད་འཛིན་བཟུང་བྱེད་བཞིན་པའི་མེ་མཆོད་ལས་འགུལ་འདི་ནི་མུ་མཐུད་ནས་འགྲོ་རྒྱུ་ཡིན་པར་མ་ཟད།  ངོ་བོ་འདི་ད་སྐབས་ཀྱི་མཆོད་མེ་མ་འོངས་བའི་འགད་རྫས་སུ་འགྱུར་རྒྱུ་དང་། ད་སྐབས་ཀྱི་འཚེ་མེད་མ་འོངས་བའི་འཚེ་བ་རུ་འགྱུར་རྒྱུའང་འཕེལ་རིམ་ཞིག་རེད། འཕེལ་རིམ་འདི་ནི་རྒྱ་ནག་རང་གི་དེད་བཞག་པའི་ལམ་ཁ་ཉག་གཅིག་ཡིན་པ་མ་ཟད་བཙན་གྱིས་དེད་པའི་ལམ་ཁ་ཞིག་ཡང་རེད་དོ།། 

 

ལར་རྒྱ་ནག་གིས་༸གོང་ས་མཆོག་ལ་སྐྱོན་མེད་ཉེས་འཛུགས་ཇི་ལྟར་བྱས་ན་མེ་ལྕེ་འདིའི་བོངས་ཚད་ཇེ་ཆེར་འགྲོ་བའང་ཆོས་ཉིད་ཅིག་རེད། བོད་ནང་གི་རིགས་ཞེན་ལྡན་པའི་མི་རབས་གསར་བ་འདི་དག་འགད་རྫས་ཀྱི་ལམ་ཁ་འདི་ལ་གོམ་པ་སྤོས་ཉིན་ནས་འཚེ་བ་ཡིན་མིན་ཁ་ཡ་མི་བྱེད་ལ། བོད་རང་བཙན་གྱི་རྒྱུ་ལམ་ཡང་འདི་ནས་རྙེད་འགྲོ་བ་ཞིག་རེད།  སྐབས་འདིར་བོད་མདོ་དབུས་ཁམས་གསུམ་ནས་རྒྱ་ནག་རང་ལུགས་པ་དང་བོད་པ་རིགས་ཞེན་པས་བར་དམར་གསོད་ཀྱི་མེ་ལྕེ་དགུང་དུ་འཕྱུར་ཞིང་རྒྱ་ནག་གི་པེ་ཅིན་དང་ཧྲང་ཧེ་སོགས་ནས་ཀྱང་འགད་རྫས་ཀྱི་དྲི་མ་འཕུར་བའི་དུས་སུ་ཐོན་ངེས་རེད། སྐབས་དེར་རྒྱ་ནག་པ་ཚོར་ཡང་ནོངས་འགྱོད་ཀྱི་ཁུར་བོ་ཞིག་འཁུར་འཇུག་གི་རེད། འདི་ནི་རྒྱ་ནག་གི་ང་ཚོར་ཕྱིན་པའི་འདེམ་ཁ་རེད་ལ། ཁོང་ཚོར་སྤྲད་པའི་གྱོང་གུད་ཞིག་ཀྱང་རེད། དུས་སྐབས་དེར་རྒྱ་ནག་གཞུང་འཛིན་པས་༸ཏཱ་ལའི་བླ་མར་ཞི་འདུམ་གྱི་གཅོམ་ཚིག་སྨྲ་རུང་ཞི་འདུམ་གྱི་དབང་ཚད་དེ་༸ཏཱ་ལའི་བླ་མའི་བཞེས་ཀྱི་མ་རེད་ལ།  ཡང་གཅིག་བཤད་ན་མ་འོངས་བའི་འགད་རྫས་ཁྲོད་ཀྱི་མི་རབས་གསར་བ་ཚོར་བོད་རང་བཙན་མ་གཏོགས་དགོས་རྒྱུ་མ་རེད་། དུས་རབས་ཉེར་གཅིག་པའི་ནང་ཡང་ལམ་ཁ་འདི་འདྲ་ཞིག་ལ་འཁྲིད་མཁན་ནི་རྒྱ་ནག་གཞུང་འཛིན་པ་ཚོ་ལས་གང་ཡང་ཡོད་པ་མ་རེད་ཞེས་དབྱེ་ཞིབ་པ་ཚོས་སྨྲ་སྤོབས།

   

ཀྱག་ཀྱོག་གི་ལམ་ཁ་འདི་ནི་༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་ལ་ཞུ་བ་ཇི་ལྟར་ཕུལ་ཡང་མ་ཉན་པའི་འབྲས་བུ་ཞིག་དང་། ཞི་བ་ལ་གཞོལ་བའི་མྱི་རིགས་ཞིག་ལ་ཚད་ལས་བརྒལ་བའི་ཐུབ་ཚོད་ཀྱི་འབྲས་བུ་ཞིག་ཀྱང་རེད། ད་དུང་ཡང་དམར་ཕྱོགས་པས་བོད་མི་དང་གྲངས་ཉུང་མི་རིགས་ལ་བསམ་ཤེས་གང་ཡང་མ་བྱས་ན་ཡུ་གུར་དང་སོག་པོ་སོགས་ཀྱིས་ཀྱང་ཐབས་ཟད་ཀྱི་ལས་འགུལ་འདི་རྩོམ་གྱི་ཡིན་པ་སྨྲ་མི་དགོས་ལ། རྒྱ་ནག་ནང་ལོག་གྱི་དམངས་གཙོ་དོན་གཉེར་བྱེད་མཁན་རྣམས་ཀྱིས་ཀྱང་མི་དམངས་ཀྱི་རང་དབང་དང་དམངས་གཙོའི་ཆེད་ཡོད་ཚད་འབུལ་ཀི་རེད། འདི་ནི་རྒྱ་ནག་གི་མགོ་སྟེང་སློག་པའིི་བཞུར་ལམ་ཞིག་ཏུ་སྨྲ་གཏིབ་བོ།།

 

འདི་ནི་རྒྱ་ནག་གིས་འཛམ་གླིང་བ་ཀུན་གྱི་གཙུག་ཏུ་བཀུར་བའི་༸ཏཱ་ལའི་བླ་མར་མཐོང་ཆུང་དང་ཉེས་མེད་སྐྱོན་འཛུགས་བྱས་པའི་རྣམ་སྨིན་དང་། བོད་པའི་མཚོན་གྲངས་ཉུང་མི་རིགས་ཁག་ལ་གཉའ་གནོན་བྱས་པའི་འཇུག་འབྲས་ཤིག་ཏུ་འཁུམས་ཆོག སྐབས་དེར་བོད་ལ་རང་སྐྱོང་ཞིག་ཚུར་ཞི་བའི་ངང་ཕུལ་ཡང་ལེན་གི་མ་རེད། མ་ཟད་རྒྱ་ནག་ལག་ཏུ་ཤོར་བའི་ཁྲང་ཨན་ཚུན་ཆད་ཕྱིར་སྤྲོད་དགོས་བའི་བསྒྲགས་གཏམ་སྤེལ་སྲིད། 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    རྒྱ་ནག་གིས་གདུག་བཙུབ་གཉལ་གནོན་ལ་བོད་མི་ཚོས་བཟོད་སེམས་དེ་མཐའ་ཅན་དུ་འགྱུར་རྒྱུ་ཡིན་པ་གདོན་མི་ཟ་འཚེ་བའི་ལམ་ལ་མི་འདོད་བཞིན་དུའགྲོ་དགོས་པ་ཆགས་རྒྱུ་རེད་སྐབས། དེར་དྲག་སྤྱོད་པའི་མི་བྱང་བོིད་མི་མགོ་ལ་གཡོག་རུང་ད་ལྟ་ལས་སྡུག་ཆགས་འགྲོ་བ་གང་ཡང་ཡོད་ནི་མ་རེད། ་འཛམ་གླིང་མི་མང་གིས་བོད་པ་འུ་ཐུག་ཐབས་ཟད་ནས་ལམ་ཁ་འདིར་མི་འདོད་བཞིན་རྒྱ་ནག་དམར་ཕྱོགས་ཚོགས་པས་གདམ་པ་ལ་ཁག་མི་འདུག་སྙམ་པ་ཡོད་རེད་འཇིག་རྟེན་འདིའི་སྟེང་རྒྱ་ནག་གིས་བོད་པར་ཐུབ་ཚོད་བླང་སྟིང་འདི་འདྲ་མིག་མཐོང་ལས་རྣ་ཐོས་ཀྱང་ཡོད་མི་སྲིད་པ་ལྟ་བུ་ཡིན།སྤྱིར་སྟིང་༸གོང་ས་མཆོག་གིས་ལམ་སྟོན་གནང་བ་ལྟར་འཚེ་མེད་ཀྱི་ཐབས་ལས་འདི་ཕྱོགས་གཉིས་ལ་སྡབ་སིག་མི་དགོས་པར་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་ཐུབ་ན་དེའི་དགེ་མཚན་ཆེ་བ་རེད་འོན་ཀྱང་རྒྱ་ནག་གིས་སྲིད་ཆུས་ལ་འགྱུར་བ་གཏོང་རྒྱུ་ཕར་ཞོགས་ད་དུང་སྡུག་རུ་གཏོང་གིན་ཡོད་ཙང་

    Reply
  2. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 14 སྔོན།

    བོད་པའི་ཁ་དཔེར་རམ་། ཡང་ན་གཤིས་རྒྱུད་ལ་འཇགས་པའི་སྐད་ཆ་སྟེ།
    ལས་རྒྱུ་འབྲས་འཁོར། ཞེས་པ་བཞིན། ནམ་ཞིག་དགྱ་ནག་ལ་ཉི་མ་འདི་འཆར་ཡོང་པ་ཏན་ཏན་ཡིན།

    Reply
  3. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    རེད་ཡ། རྒྱའི་གཙོ་འཛིན་མོ་ཀྲུའུ་ཞིས་ཀྱང་གང་ན་གཉའ་གནོན་གྱི་བུད་ཤིང་ཡོད་ན་དེ་རུ་ཡར་ལངས་ཀྱི་མེ་དཔུང་ཡོད་ཅེས་ལབ་མྱོང་བ་དེར་ད་ལྟའི་ཧུའུ་ཅིན་ཐོ་སོགས་ཀྱིས་ཀྱང་དྲན་གསོ་ཞིག་བྱེད་འོས།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    སྐུ་ཞབས་མེ་ལྕེ་ལགས། ཀྱེད་ཀྱིས་༢༠༠༨་ལོའི་བོད་མིའི་ཞི་བའི་ངོ་རྒོལ་ལམ་སྒེར་ལངས་ཆེན་མོར་ལས་འཕྲོས་པའི་གཏམ། <<ས་འབར་རྡོ་འབར>>ཞེས་པ་ལེའུ་བདུན་གྱི་བདག་ཉིད་ཅན་དེ་བརྩམས་གྲུབ་ནས་ད་གཟོད<<ལྐོག་ཉན་རླུང་འཚུབ>>ཀྱི་གློག་བརྙན་གསོན་པོ་འདི་བྱུང་བ་མིན་ནམ། གལ་ཏེ་ཁྱེད་ཀྱི་དེབ་དེའི་མ་ཡིག་འདིར་སྐྱབས་བཅོལ་ལ་ཕེབས་ཐུབ་ན་ཅི་མ་རུང།
    མི་ཚང་མ་དང་ལྷག་པར་རྩོམ་པ་པོ་དག་གི་རང་དབང་དང་ཐོབ་ཐང་ལ་གཉའ་གནོན་བྱེད་པ་འདིས། དོན་ལ་མི་དམངས་དགྲ་རུ་སློང་བའི་སྐུལ་འདེད་ལས་ཅི་ཡང་མིན། དེས་ན་དེ་རིང་གི”ལྐོག་ཉན་རླུང་འཚུབ”དམར་གཞུང་ལགས། ཁྱེད་ཀྱིས་མུ་མཐུད་འདི་ལྟར་གནང་རོགས། ང་ཚོའི་འཁོན་སེམས་སླར་གསོ་དང་ཆིག་སྒྲིལ་ཤུགས་ཆེར་གཏོང་རྒྱུ་སོགས་<མི་ཉིད་ཀྱི་རྒྱུ་འབྲས་བློ་མིག>འབྱེད་པར་ཕན་རླབས་ཧ་ཅང་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese