མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེང་གེའི་སྡེར་མོ།-གླེང་མི་འོས་པ་ཞིག་གླེང་བ།

བོད་ཀྱི་དུས་བབ།
༢༠༡༡/༡༠/༣༠
Share on FacebookShare on TwitterShare on EmailShare on Whatsapp

དགེ་འདུན་རབ་གསལ།

མེ་ལྕེ་ཞིག་མཆེད། མེ་ལྕེའི་ཚ་ཚད་ནི་ཧ་ཅང་ཚད་མཐོ་པོ་ཞིག་རེད། ཐབ་ན་འབར་བཞིན་པའི་མེ་དེའི་ཚ་ཚད་ལས་ཀྱང་བརྒལ་འདུག མེ་ཚ་བོ་དེའི་དཀྱིལ་དེ་སྣུམ་གྱིས་ཁེངས། སྣུམ་དེ་དཔའ་བོའམ་དཔའ་མོ་ཞིག་གི་སྐུ་ལུས་ལ་སིམ། དེས་དྲངས་པའི་མེ་ལྕེ་དེ་དག་ནི་ཡོམ་ཡོམ་གྱིས་མཆེད། ལྷོག་ལྷོག་ཏུ་མཆེད། བ་སྤུ་ཞིག་མེས་ཚིག་པའི་ན་ཟུག་ཀྱང་བཟོད་དཀའ་བ་རེད། འོན་ཀྱང་མེ་ལྕེས་ལག་པ་འཚིག མེ་ལྕེས་རྐང་པ་ཚིག མེ་ལྕེས་རྣ་བ་དང་མིག་འབྲས་ཀྱང་འཚིག དབང་པོ་རེ་རེ་འཚིག་སྐབས་མེ་ལྕེས་སྤྲད་པའི་ན་ཟུག་ནི་བཟོད་དཀའ་བ་ཞིག་རེད། ཡན་ལག་རེ་རེ་ནས་འཚིག་སྐབས་མེ་ལྕེས་མཆེད་པའི་ན་ཟུག་ནི་བཟོད་དཀའ་བ་ཞིག་རེད། མིའི་གཤིས་ཀའི་ཐོག་ནས་ངུ་ངག་འདོན་པ་ནི་ ཨ་ཚ་ཚ་ ཞེས་པ་དེ་ཡིན། འོན་ཀྱང་དཔའ་བོ་དང་དཔའ་མོ་ཚོའི་ངུ་ངག་ནི། “བོད་རང་དབང་རང་བཙན་གཙང་མ་ཡིན།” “༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་སོགས་རེད། འདི་ནི་སྤུན་ཟླ་བཅུ་གྲངས་ཤིག་མེས་འཚིག་པ་མ་རེད། འདི་མི་རིགས་ཤིག་མེས་འཚིག་པ་རེད། དེའི་རྐྱེན་གྱིས་ བོད་དང་ཕྱི་རོལ་གྱི་འཇིག་རྟེན་གང་ཡིན་ལ་གནས་བཅས་པའི་བོད་མི་ཡོད་དོ་ཅོག་གི་སེམས་འདི་མེ་ལྕེ་ལ་མཆེད། དཔའ་མོ་དང་དཔའ་བོས་མྱངས་པའི་ན་ཟུག་དེ་སྒོམ། མིག་མཐའ་མཆི་མས་གཡོགས། མཆི་མ་དེ་ཡང་ས་སྣུམ་ཞིག་དང་མཚུངས། མེ་ལྕེ་དྲག་ཏུ་མཆེད་པའི་རྒྱུར་གྱུར། འདི་ནི་ད་ལྟའི་བོད་ཀྱི་སེམས་ཁམས་རེད།

དཔའ་བོ་དང་དཔའ་མོ་བཅུ་པོ་འདིའི་སྐུ་ལུས་མེ་ལ་སྒྲོན་པའི་གནས་ཚུལ་འདི་ བོད་མ་ཡིན་པའི་ས་ཆ་གཞན་ཞིག་ཏུ་བྱུང་ཡོད་ན། འཛམ་གླིང་གི་གཟིགས་ཚུལ་གང་འདྲ་ཡོད་དམ། གནས་ཚུལ་འདི་ ནིའུ་ཡོག་དང་ཇུ་རེ་སི་ལིམ་ལྟ་བུར་བྱུང་ཡོད་ན་གང་འདྲ་ཡིན་ནམ། རྟོག་པ་མཐའ་བཟུང་གི་དྲི་བ་འདི་དག་གིས་ང་ཚོའི་སེམས་ཁོང་དུ་ཆུད་པར་བྱེད། དཔའ་བོ་དང་དཔའ་མོ་དེ་ཚོའི་ཆེད་དུ་ཨོམ་མ་ཎི་པད་མེ་ཧུམ།

དེ་འདྲའི་སེམས་ཁམས་ཤིག་གིས་མནར་བཞིན་པའི་སྐབས་སུ་གངས་ཅན་སྐྱིད་གཤོངས་སུ་ཤར་ཕྱོགས་ཁུག་རྟ་ལ་འབྲེལ་བའི་གླེང་སློང་ཞིག་བྱུང་འདུག དྲ་བ་དག་ན་འདི་བསྙད་པའི་གླེང་སློང་ཆེས་མང་བོ་ཞིག་འབྱུང་བཞིན་འདུག སྐད་ཆ་ཚིག་གསུམ་བཤད་འདོད་ཀྱང་མིད་པ་བརྣངས་ནས་རེ་ཞིག་འགག་པར་འགྱུར། བློ་བཟང་སེང་གེ་ལགས། ༢༠༠༨ ནས་བོད་དུ་གསར་བརྗེའི་ལས་འགུལ་ལངས་ཏེ་ད་བར་ཇེ་ཆེ་ལས་ཇེ་ཆུང་དུ་མ་གྱུར་བའི་དུས་ཚོད་དེའི་རིང་ལ། ང་ཚོ་བཙན་བྱོལ་བ་ཚོས་བསྒྲུབས་པ་ནི་བློ་བཟང་སེང་གེ་ལགས་རེད། བློ་བཟང་སེང་གེའི་འོས་འདེམས་ཀྱིས་བཙན་བྱོལ་བའི་ཁ་དང་སེམས། ལུས་པོ་བཅས་བཟུང་བ་རེད། བློ་བཟང་སེང་གེ་ཁྲི་འདོན་སྐབས་སྡེ་སྲིད་གསར་པ་རྩིས་ལེན་རྩིས་སྤྲོད་ཀྱི་མཛད་རིམ་སྣ་ཚོགས་ཤིག་བྱུང་བ་དང་། དེ་འབྲེལ་གྱི་སྟོན་མོ་ཡང་ཆེ་དགུ་འཛོམས་ཐོག་ནས་བྱས་པ་རེད། ད་ནི་སྟོན་མོའི་དུས་ཚོད་མཇུག་རྫོགས་སོང་། ལས་ཀའི་དུས་ཚོད་ལ་སླེབས་པ་རེད།

ལས་ཀའི་དུས་ཚོད་ལ་སླེབས་སྐབས། དོན་དག་རྣམས་བཤད་དགོས་པ་རེད་ལ། དོན་དག་རྣམས་སྒྲུབ་དགོས་པ་རེད། བཤད་དགོས་རྒྱུའི་དོན་དག་གཅིག་ནི་ཤར་ཕྱོགས་ཁུག་རྟའི་གནས་ཚུལ་ལ་སྦྲེལ་ནས་བཤད་ཆོག་པ་འདུག དམངས་གཙོ་དང་སྒྲིག་གཞི་ཟེར་བ་འདི་ཁ་བྲལ་ཐབས་ཡོད་མ་རེད། རང་དབང་ལ་ས་མཚམས་ཤིག་འཇོག་པ་ནི་སྒྲིག་གཞི་རེད། སྒྲིག་གཞི་ལ་བརྟེན་ནས་ལས་ཀ་ཐོབ་པའམ་ལས་ཀ་ཤོར་བ་ནི་རྒྱུ་མཚན་ལྡན་ལྡན་པ་ཞིག་རེད། གནད་དོན་འདི་ལ་རྩོད་པ་ཡོད་མ་རེད། ད་རྩོད་པ་དེ་གང་ན་འདུག་ཅེ་ན། བློ་བཟང་སེང་གེས་དབང་ཆ་སྤྱོད་སྟངས་དེ་ན་འདུག བློ་བཟང་སེང་གེ་ལ་མི་མང་གི་བསམ་ཚུལ་མགོ་གནོན་བྱེད་སླད་ཅི་ཡང་བྱེད་ལ་ཅི་ཡང་བཤད་པའི་གཤིས་ཀ་ཞིག་མངོན་པ་དེ་རེད། གཤིས་ཀ་འདིས་མི་མང་པོའི་ཡི་ག་འགག་བཅུག་པ་རེད།

གཤིས་ཀ་འདི་གླེང་སྐབས་སྔོན་གྱི་ལོ་རྒྱུས་འགའ་རེ་ལ་ཡང་དགོངས་པ་བཞེས་དགོས་པ་རེད། ད་བར་བོད་སྐད་དུ་གླེང་སློང་དེ་ཙམ་མ་བྱུང་བ་ནི། བློ་བཟང་སེང་གེས་འོས་འགྲན་སྐབས་བཤད་པའི་ཚིག་དེ་དག་རེད། གཅིག་ནི་ཁོང་ཧར་ཝ་ཌི་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན་རབས་བཤད་པ་དེ་རེད། འོན་ཀྱང་ཁོས་བཤད་མེད་པ་ནི། ཧར་ཝ་ཌི་སློབ་གྲྭ་ཆེན་མོར་རང་ཉིད་ལ་ཞིབ་འཇུག་པའི་མིང་གནས་བྱུང་བ་དེ་ནི་འཕྲལ་སེལ་ཙམ་ཡིན་པ་དང་། དེ་ནི་ལོ་རེ་བཞིན་སྙན་ཞུ་ཕུལ་ཏེ་ཞུ་དགོས་པ་མ་ཟད། དེ་ནི་ཤར་ཕྱོགས་ཁུག་རྟའི་ལས་ཀ་དང་བསྡུར་ཆོག་པའི་ཆོད་གན་ལྟ་བུ་ཞིག་ཡིན་པ་རེད། འདི་ནི་ཁོང་གིས་བཤད་མེད་པ་དེ་རེད། ཡང་བློ་བཟང་སེང་གེས་བཤད་པ་ནི་ ཁོང་ལ་སློབ་གྲྭ་ཆེན་མོས་དགོངས་པ་སྤྲད་དེ་བཀའ་ཁྲིའི་ཕྱག་ལས་གནང་ཐུབ་པ་བྱུང་སྐོར་དེ་རེད། འོན་ཀྱང་ཁོང་གིས་མ་བཤད་པ་ནི། དབྱིན་སྐད་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་ཀྱིས་འདི་དག་ལ་ཞིབ་འཇུག་བྱས་ཤིང་མཐའ་ན། ཁོང་དང་སློབ་གྲྭ་ཆེན་མོའི་ལས་ཀའི་བར་ན་ཐེ་ཝན་གྱི་ཚོགས་པ་ཞིག་ཡོད་པའི་ལོ་རྒྱུས་ཀྱང་བྱུང་ཡོད་པ་དེ་རེད། ད་དུང་ཁོང་གི་སྒེར་གཞིས་ཁྱིམ་གྱི་གནས་བབ་སོགས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་སྐོར་ཞིག་ལ། གསལ་བཤད་བྱེད་རྒྱུ་ཞིག་ད་དུང་ལྷག་ཡོད་པ་རེད། དེ་ནི་བློ་བཟང་སེང་གེ་ལ་རང་གི་ལོ་རྒྱུས་བོད་མིར་འཆད་སྐབས་འདམས་གསེས་བྱེད་པ་དེ་རེད། དེས་ན། བློ་བཟང་སེང་གེར་ཡོད་པའི་གཤིས་ཀ་སྐོར་ཞིག་ང་ཚོས་ད་དུང་ཤེས་མེད་ལ། དེའི་ཆེད་དུ་ད་དུང་ང་ཚོ་མུ་མཐུད་ནས་སྒུག་རྒྱུ་རེད། འོན་ཀྱང་གཤིས་ཀ་དེའི་ཟུར་གཅིག་ནི་ཤར་ཕྱོགས་ཁུག་རྟའི་གནས་ཚུལ་དེ་ཡིན་པ་ནི་གོར་མ་ཆག

སེང་གེས་སྡེར་བགྲད་བྱས་པའི་རྨ་ཁ་ལ་སྨན་བཅོས་ད་དུང་བྱས་མེད་པའི་སྐབས་འདིར། ང་ཚོ་སེང་གེ་ལ་བལྟ་བཞིན་ཡོད་ལ། སེང་གེའི་གཡུ་རལ་དང་། སེང་གེའི་སྡེར་མོ་དེ་ཡང་རྒྱ་ནག་གིས་བཟོས་པའི་འགྱིག་གཟུགས་ལྟ་བུ་ཞིག་མིན་ཅིང་། སེང་གེ་ངོ་མའི་གཡུ་རལ་དང་སྡེར་མོ་ཞིག་ཡིན་པ་ཤེས་རྒྱུ་ལའང་ང་ཚོ་སྒུག་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༦ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༨ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༠ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 54

  1. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱང་ལྟ་ལགས། ཁྱེད་ཀྱིས་གསུང་པ་ལྟར་ང་ནི་རྩོམ་པ་པོ་ཞིག་མིན་ལ་རྩོམ་འབྲིའི་ཤེས་བྱ་གང་ཡང་མེད་མཁན་ཞིག་དང་། ཚིག་སྦྱོར་དང་དག་ཆ་གང་ཐད་ནས་ལས་དང་པོ་པ་ཞིག་ཡིན་པའི་ངོས་ལེན་ཡོད། འོན་ཀྱང་མི་རིགས་འདི་ལ་ལྷག་བསམ་རྣམ་དག་དང་རང་ཚུགས་བརྟན་པོ་འཛིན་ཐུབ་མཁན་ཕྱི་ནང་དང་དགྲ་གཉེན་གྱི་དབྱེ་བ་གསལ་པོ་ཕྱེ་ཤེས་མཁན་ཞིག་ཡིན་པའི་སྤོབས་པ་ཡོད།
    ཁྱེད་ལ་མཚོན་ན་རྩོམ་པ་པོ་ཞིག་ཡིན་ཚོད་རེད་ལ་བོད་ཡིག་གི་ཚིག་སྦྱོར་དང་དག་ཆ་སོགས་ཀྱི་ཐད་ནས་ཡག་པོ་འདུག་ཀྱང་བསམ་བློའི་སྨིན་ཚད་ཞན་པོ་རེད་འདུག་ལ། བསམ་བློའི་ཁ་ཕྱོགས་ཀྱང་ཡང་དག་པ་ཞིག་ལ་འགྲོ་ཡི་མེད་པའི་ཚོར་སྣང་བྱུང་། འདི་ནི་ཁྱེད་ཅིག་པུ་ལ་མིན་པར་བཙན་བྱོལ་ཁྲོད་ཀྱི་རྩོམ་པ་པོ་དང་མཆན་འདེབས་པོ་མང་པོ་ཞིག་ལ་བྱུང་བའི་ཚོར་སྣང་ཡིན།
    རྒྱུ་མཚན་ནི། བཙན་བྱོལ་བའི་རྩོམ་པ་པོ་དང་མཆན་བདེབས་པོ་མང་ཆེ་བས་ཁ་ནང་ལ་བསྐོར་ནས་རང་གཞུང་དང་གཞུང་གི་དབུ་ཁྲིད་རྣམས་ལ་ཁ་རྡུང་སྐྱོན་བརྗོད་ཁོ་ན་བྱེད་པ་ལས། ཁ་ཕྱིར་བསྐོར་ནས་དགྲ་བོ་རྒྱ་དམར་ལ་ཁ་གཏད་གཅོག་མཁན་དཀོན་པོ་ཡིན་པ་དྲ་ལམ་ཁག་ལ་བལྟས་པ་ཙམ་གྱིས་གསལ་པོ་མཐོང་ཐུབ་པ་ཞིག་རེད།
    ཡིད་སྐྱོ་དགོས་པ་ཞིག་ནི་འདིའི་རྒྱབ་ལྗོངས་ལ་བལྟས་ན་ རང་གཞུང་དང་གཞུང་གི་དབུ་ཁྲིད་ཚོ་ལ་སྐྱོན་བརྗོད་ཇི་ལྟར་བྱས་ཀྱང་དམ་བསྒྲགས་དང་བདའ་འདེད་ཁྲིམས་སྦྱོར་སོགས་བྱེད་མཁན་མེད་པའི་དབང་གིས་ཁ་ནས་གང་ཐོན་བཤད་བསྡད་པ་ཞིག་རེད་ལ། དོ་བདག་རང་ཉིད་བོད་ནང་ལ་འགྲོ་དགོས་པ་བྱུང་ན་དཀའ་ངལ་འཕྲད་དོག་དང་། བོད་ནང་ལ་ཡོད་པའི་གཉེན་ཉེ་སོགས་ལ་དཀའ་ངལ་འཕྲད་དོག་གིས་མདུང་རྩེ་ཕྱི་ལ་བསྐོར་མ་ཕོད་པ་རེད།
    འདིའི་རྩ་བ་ཐུག་ས་ནི་མི་འདི་དག་ལ་བསམ་བློའི་སྙིང་སྟོབས་མེད་པ་དང་དྲང་ཚུགས་མེད་པ་མི་གཞི་མེད་པ་ཡང་དག་པའི་ཁ་ཕྱོགས་མེད་པ་བཅས་ལ་ཐུག་ཡོད། འདི་ནི་རྩོམ་པ་པོ་ཞིག་དང་ཤེས་ཡོན་པ་ཞིག་ལ་མཚོན་ན་ཧ་ཅང་གི་ཞེན་ཆ་ཆེན་པོ་རེད་འདོད།
    སྤྱིར་སྐྱོན་བརྗོད་བྱེད་པ་ནི་ཡང་རྒྱས་ཀྱི་རྩ་བ་ཡིན་པའི་བཤད་གསོལ་ཞིག་ཡོད་ལ། དོན་ལ་ཡང་འགན་ཁུར་ཡོད་པ་དང་དྲང་ཚུགས་ཡོད་པ་གནས་ལུགས་ཡོད་པའི་སྐྱོན་བརྗོད་ཞིག་ཡིན་ན་བདེན་པ་རེད། ཡིན་ན་ཡང་ང་ཚོའི་ནང་ཁུལ་གྱི་སྐྱོན་བརྗོད་ཕལ་ཆེ་བ་ནི་དེ་ལས་ལྡོག་སྟེ་འགན་ཁུར་མེད་པ་དང་དྲང་ཚུགས་མེད་པ་གནས་ལུགས་མེད་པ་བཅས་ཡིན་པས། འདི་ལྟ་བུའི་སྐྱོན་བརྗོད་ལ་བརྟེན་ནས་ཡར་རྒྱས་འགྲོ་རྒྱུའི་ཚབ་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་མི་སྲིད་པ་མ་རེད།
    དེས་ན་བཙན་བྱོལ་གྱི་རྩོམ་པ་པོ་དང་མཆན་འདེབས་པོ་ཚོས་ཁ་ཕྱོགས་མ་ནོར་བ་ཞིག་དགོས་རྒྱུ་ནི་གལ་ཆེ་བར་སེམས་སོ།།

    Reply
  2. རྒྱང་ལྟ། says:
    ལོ་ 14 སྔོན།

    ལུང་རྟོགས་ལགས།
    དུས་ཚོད་ཀྱི་དབང་གིས་ད་ལྟ་མ་གཏོགས་དྲ་ལམ་ཉུལ་རྒྱུ་མ་བྱུང་། ལན་འཕྱི་དྲག་པས་དགོངས་སེལ་ཞུ། སང་ཉིན་ནས་ཀྱང་ཉིན་ཤས་ལ་དྲ་ལམ་ལ་ཡོང་ཐུབ་ས་མ་རེད། འདི་ན་སུ་ཉེས་ཀྱི་གནས་ཚུལ་ཚང་མ་དྲ་ལམ་ན་གསལ་ཡོད། གངས་ཅན་སྐྱིད་གཤོངས་གཙོས་བོད་པའི་སྤྱི་ཚོགས་ཀུན་ཏུ་གླེང་སློང་ཆེ། དེར་
    བརྟེན་གནད་དོན་འདི་ལ་བཀའ་ཤག་གིས་རང་འགུལ་གྱིས་གསལ་བཤད་ཅིག་ཡོང་རྒྱུར་སྒུག་ཡོད། བར་ལམ་བོད་ནང་གི་ཛ་དྲག་གནས་བབ་འདི་དང་བསྡོངས་ནས་གནད་དོན་འདིའི་ཐད་བཀའ་ཤག་ལ་ཚ་འདེད་གཏོང་མི་ཡོང་གི་མ་རེད་སྙམ། ཡིན་ནའང་གནས་ཚུལ་འདི་ཤེས་ལྡན་པ་མང་པོ་ཞིག་གི་མིག་ནང་གི་ཚེར་མར་གྱུར་ཡོད་སྟབས། མི་དམངས་འདུ་འཛོམས་སོགས་ཀྱི་སྐབས་བཀའ་ཤག་ལ་ཏན་ཏན་དྲི་བ་ཡོང་གི་རེད་ལ།  དེ་བཞིན་གནད་དོན་འདིའི་སྐོར་ལ་བོད་ནང་གི་ཤེས་ལྡན་པ་རྣམས་ཀྱིས་ཀྱང་བཀའ་ཤག་ལ་རིམ་པས་དོག་འདྲི་ཡོང་ངེས་རེད། ནམ་ཞིག་གི་དུས་གནད་དོན་འདི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་།  ཡང་ན་རྒྱལ་སྤྱིའི་ཁྲིམས་ཁང་གང་རུང་ཞིག་ནས་འདྲི་གཅོད་ཡང་བྱེད་སྲིད།བྱ་བ་ཚང་མར་གོ་རིམ་བཞིན་བརྒྱུད་དགོས་པ་རེད།  མཐའ་དོན་ཁྱེད་རང་ནི་སློབ་མ་ཞིག་ཡིན་མིན་མི་ཤེས་ཀྱང་། ལུས་རྒས་ཤིང་སེམས་མ་རྒས་པ་ཞིག་དང་། ལྷག་པར་བོད་ཀྱི་སྐད་ཡིག་ཐད་ཀ་ངོ་ཡིག་ངོ་ཆོད་ཙམ་གྱི་ལས་དང་བོ་བ་ཞིག་ཡིན་པ་ངས་སྔ་ས་ནས་ཤེས་ཡོད། འོན་ཀྱང་ངེད་ནས་ཤིང་འཁོགས་པ་ཞིག་ལ་ཡང་ནས་བསྐྱར་དུ་དྲང་ཕུད་པ་ནི། དྲང་མོར་ཞུ་ན་ཁྱེད་རང་གཙོ་བོ་བྱས་ཏེ་གཙོ་མགོར་བཞག་པ་ཞིག་མིན།  ཁྱེད་ལ་བརྟེན་ནས་བོད་རྒྱ་ཆེ་མི་དམངས་ཀྱི་སྤྱན་ལམ་དུ་བདེན་པ་མང་པོ་ཞིག་གསལ་བཤད་བྱ་རྒྱུའི་གོ་སྐབས་བྱུང་བས་ཡིན།  དེ་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།
    ད་རེས་ངེད་ནས་ཁྱེད་ལ་རང་རྩོམ་འཕྲལ་སྦྱར་མའི་སྐྱོ་དབྱངས་ཤིག་གིས་སྐྱེལ་མ་
    བྱེད།

    ཤིན་ཏུ་འཇིགས་རུང་ཀླ་ཀློའི་བསམ་སྦྱོར་གྱིས།།
    གངས་ཅན་བསྟན་སྲིད་བརླག་ལ་མ་བཟོད་པར།།
    བདེན་པའི་དོན་དུ་གཅེས་སྲོག་བསྟབས་པ་ཡི།།
    གཞིས་ལུས་དཔའ་བོའི་ཚོགས་ལ་སྙིང་ནས་གུས།།

    འདི་ན་ཁྱི་ཕག་མི་གཙང་ཕུང་པོ་ལ།།
    ཇི་ལྟར་ཞེན་ཆགས་ཆེ་བའི་ངང་ཚུལ་བཞིན།།
    བདེན་དོན་དཔྱད་པར་བློ་མིག་རབ་ལྡོངས་ནས།།
    དམུས་ལོང་གཡང་སར་འདྲེན་པའི་བྱེད་པོ་མང་།།

    དཀར་ནག་དབྱེ་བ་དཔྱད་གསུམ་ལུང་རིག་གིས།།
    ཕུ་ཐག་བཅད་དེ་བདེན་པ་ངོ་སྤྲད་ཀྱང་།།
    གཡོ་སྒྱུ་ཁྲམ་མོའི་ཁ་ཐག་ཇི་ལྟ་བུ།།
    བྲེ་མོའི་ལོང་གཏམ་སྨྲ་རྣམས་སྙིང་རྗེ་ཡུལ།།

    ཞེ་སྡང་ཆུ་ཡི་རྦ་ཀློང་འཁྲུག་པའི་ཁར།།
    ཕྲག་དོག་རླུང་དམར་འཚུབ་པའི་བསམ་སྦྱོར་གྱིས།།
    བདེན་པ་རྫུན་པར་འགེབ་པའི་དྲན་འཕྲུལ་འདི།།
    གངས་ཅན་པ་ཡི་བསོད་བདེ་ཟད་མིན་ནམ།།

    ཀྱེ་མ་གངས་རིའི་མགོན་པོ་སྤྱན་རས་གཟིགས།།
    སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་ཁམས་འདིར།།
    དྲང་པོ་རྣམས་ལ་ནང་གི་དཔོན་གྱིས་བརྙས།།
    བོད་ཁམས་སྤྱི་ལ་རྒྱ་དམར་ཀླ་ཀློས་བརྙས།།

    བསིལ་ལྡན་བོད་ཀྱི་སྤྱི་མཐུན་བསོད་ནམས་སྟོབས།།
    རླུང་ནང་མར་མེའི་རྗེས་སུ་དཔོག་མིན་ན།།
    སྤྱན་རས་གཟིགས་དབང་གངས་ཅན་འགྲོ་བའི་མགོན།།
    མི་མངོན་དབྱིངས་ནས་ཐུགས་རྗེ་སྤྱན་གྱིས་གཟིགས།།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱང་ལྟ་ལགས། ཁྱེད་རང་ནི་མི་ཨུ་ཚུགས་ཅན་ཞིག་རེད་འདུག་ལ་ང་ནི་སློབ་མ་ཞིག་ཡིན་པས་ཁྱེད་དང་གཏམ་ཉོག་མང་པོ་བཤད་རྒྱུའི་དུས་ཚོད་མེད་ལ། ཁྱེད་རང་གི་སྐད་ཆའི་ནང་དོན་ཡང་ཡང་སྐོར་བསྐྱར་སྐོེར་ཙམ་ལས་གསར་པ་གང་ཡང་མི་འདུག་པས་མང་པོ་བཤད་དགོས་དོན་ཡང་མི་འདུག
    འོན་ཀྱང་ཁྱེད་རང་གི་རྣམ་དཔྱོད་ཤིང་སྐམ་ལྟ་བུ་དེ་ལེགས་བཤད་ཀྱི་ཆར་པས་ཅུང་ཟད་རླན་ན། ཁྱེད་ཀྱིས་བཤད་པ་ལྟར་བཀའ་ཁྲིའི་ཐག་གཅོད་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཞིང་། རྒྱལ་ནང་སྒྲིག་འཛུགས་རང་གི་ཁྲིམས་སྒྲིག་དང་འགལ་བ་ཞིག་ཡིན་ན། དམངས་གཙོའི་སྤྱི་ཚོགས་ནང་མི་སུ་ཡིན་ཡང་ཁྲིམས་ལུགས་ཀྱི་འོག་ལ་འགྲོ་དགོས་ཤིང་། ཉེས་ཅན་ཁྲིམས་ལ་གཏུག་རྒྱུ་དེ་ཡང་དམངས་གཙོའི་སྤྱི་ཚོགས་ཀྱི་འགན་ཁུར་སྟངས་ཤིག་ཡིན་པས་ངེས་པར་དུ་ཁྲིམས་ལ་གཏུག་དགོས། དེ་ལྟར་བྱས་ན་ད་བཟོད་དཀར་ནག་གི་མཐའ་གསལ་ཡོང་ངེས་རེད། དེ་མིན་ངོ་གདོང་ཙམ་ཡང་སྟོན་མི་དགོས་ཤིང་དངོས་མིང་ཙམ་ཡང་ཤོད་མི་དགོས་པའི་དྲ་ངོས་སུ། གཅིག་རྒྱབ་ཅིག་ལང་གིས་གཏམ་ཉོག་བཤད་ནས་བསྡད་ན་སྤྱི་ཚོགས་ཆུང་ཆུང་འདི་ཞོ་བཞིན་ཆག་པ་ཁྲག་བཞིན་སྐྲུག་རྒྱུ་ལས་ཕན་ཐོག་ཅི་ཞིག་ཡོད། ཁ་བཤད་བཞག་ནས་ལག་ལ་ན་གྱི་ཐོག་ལ་བབས་ནས་ཤོག་དང་ངས་ལྟད་མོ་བལྟས་ནས་འདུག
    མདོར་ན་ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་ཐོབ་ཐབས་བྱས་ན་ནོར་འཁྲུལ་རེད
    ངས་ཀྱང་འདི་ནས་མཁས་དབང་དགེ་ཆོས་ཀྱིས་གསུང་པའི་ཚིག་བཅད་ཅིག་གིས་བདེ་མོ་འཇོག་ཆོག
    འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས།།
    རང་གི་བདེན་ཁ་རང་ལ་སྦྱིན་པ་འདི།།
    རིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ།།
    མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲེལ།།

    Reply
  4. རྒྱང་ལྟ། says:
    ལོ་ 14 སྔོན།

    ལུང་རྟོགས་ལགས།
    མ་གཞི་ཁྱེད་ལ་ལན་རྒྱབ་ན་སྤྱང་ཀི་རྣ་བར་ཆོས་བཤད་ཀྱི་དཔེ་ལྟར་ངེས་ཀྱང་། ཁྱེད་ཀྱི་རྣམ་རིག་ཀོ་གྱོང་དེ་སླར་ཡང་ཐེངས་གཅིག་མཉེད་ཕྱིར་གསལ་བཤད་ཐུང་ངུ་ཙམ་ཞུ། “ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་མ་གནང་པ་རེད་”ཅེས་པ་དེའི་ནང་དོན་བཤིག་ན་དུས་བཀག་ནང་ཚུད་ཀྱི་ལས་དུས་མ་ཚང་གོང་གི་ཟླ་གཅིག་སྔོན་ལ་རྒྱང་ཕུད་བྱས་པ་ཡིན་ཞེས་པ་དེ་རེད། དེ་བདེན་མིན་ཁྱེད་རང་ཐུགས་ཡིད་ཆེས་ས་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ལ་བཀའ་འདྲི་ཞུ་ན་གསལ་བོར་ཆགས་ངེས།  དྲ་ལམ་ན་བོད་མི་ཤེས་ཡོན་པ་བརྒྱ་ཕྲག་ལྷག་གིས་ཉིན་མཚན་ལྟོས་མེད་དུ་བསམ་ཚུལ་འདོན་བཞིན་པའང་སྒྲིག་འཛུགས་ཀྱིས་ཐག་གཅོད་དེ་དྲང་བདེན་ཞིག་བྱུང་མ་སོང་ཞེས་ཤོད་བཞིན་ཡོད། སྒྲིག་འཛུགས་ཀྱིས་ཕོག་ཟས་པ་ཙམ་གྱིས་ལས་བྱེད་བླངས་དོར་སྒྲིག་གཞི་འཁྱེར་དགོས་ན།  དེ་དོན་གྱིས་སྒྲིག་གཞི་ནང་གསལ་ཁ་དགོས་པ་དང་། ཡང་ན་ལས་ཞུགས་སྐབས་ངོ་སྤྲོད་གནང་དགོས་པ་རེད།  དེ་འདྲའི་སྔོན་འགྲོའི་བརྡ་སྦྱོར་སོགས་གང་ཡང་མེད་པར་ལམ་སྐེད་ནས་སྒྲིག་གཞི་ལ་འགལ་ཚུལ་ཞིག་མིག་ལྡན་སུས་བལྟས་ཀྱང་དྲང་བདེན་མིན་པར་སོང་།  ད་རེས་སྒྲིག་འཛུགས་ཀྱིས་ཐག་གཅོད་དེ་སྒེར་གཅོད་ཡིན་པ་ཞིག་ལ་གཟུར་གནས་ཤེས་ཡོན་ཅན་ཚང་མས་ངོས་འཛིན་གནང་བཞིན་ཡོད། ཁྱེད་ཀྱིས་ཤེས་ཀྱི་
    ཡོད་དམ། བདེན་པ་བློས་གཏོང་དང་རྫུན་པ་འགེབ་ཐབས་འདི། འཛིན་སྐྱོང་བཀའ་ཤག་དང་བོད་མིའི་རྩ་དོན་གྱི་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་རྒྱུ་ལས་གནོད་རྒྱུ་རེད། འདི་ན་གླེན་པ་ངས་ཀྱང་ཁོམ་སྐབས་ཟུར་འདོན་གྱིས་བགྲོ་གླེང་ནང་ཆ་ཤས་ལེན་བཞིན་པ་ཡང་།  ང་ཚོའི་དམངས་གཙོ་སྒྲིག་འཛུགས་འདི་དང་། འཛིན་སྐྱོང་བཀའ་ཤག་གསར་བ་འདི་ཡག་པོ་ཞིག་ཆགས་ན་བསམ་སྟེ། འདི་ལྟར་བགྲོ་གླེང་ནང་ཞུགས་བཞིན་ཡོད། ཁྱེད་ཀྱིས་ཤ་ཚ་སྟངས་དང་ང་ཡི་ཤ་ཚ་སྟངས་གཉིས་གནམ་ས་གོ་ཟློག་གི་ཁྱད་པར་རེད། ད་རེས་ཤར་ཁུག་ལ་ཐག་གཅོད་བྱེད་སྟངས་ཐད་སྒྲིག་འཛུགས་ཀྱིས་ཡང་བསྐྱར་ལངས་ཕྱོགས་ཤིག་བཟུང་ཐུབ་ན་སྒྲུང་རྫོགས་པ་རེད། འདི་མུར་བཞག་ན་གནད་དོན་འདི། བོད་ཀྱི་ལོ་རྒྱུས་སྟེང་གི་ནག་ཐིག་ཅིག་ཆགས་རྒྱུར་མ་ཟད།  བློ་སེང་གི་མི་ཚེ་སྒེར་གྱི་གནས་བབ་ཁྲོད་ཀྱང་བློ་འགྱོད་ཡོང་ངེས་ཀྱི་གནད་དོན་ཞིག་ཆགས་རྒྱུ་རེད། ད་རེས་བློ་བཟང་སེངྒེ་བཀའ་ཁྲིར་འཁོད་པ་ལ། བོད་མི་ཤེས་ཡོན་པ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་གནང་ཐུབ་ཡོད། མགོ་བཙུགས་མ་ཐག་པའི་བཀའ་ཤག་འདིས་ཕྱིས་འབྱུང་གི་ལས་དོན་མང་པོའི་ཁྲོད། བོད་མིའི་ཤེས་ལྡན་པ་རྣམས་གྲོགས་སུ་འགུག་རྒྱུ་དེ་ང་ཚོའི་བདེན་མཐའ་སེལ་ཐབས་ལ་སྨན་པའི་ཐབས་ཇུས་ཡག་ཤོས་དེ་ཡིན། དེ་ལ་རྒྱབ་བསྟེན་བྱས་ན། ཁ་གསབ་དཀའ་བའི་གྱོང་རྒུད་དེ་ཁྱོད་དང་ང་ཚུད་པའི་བོད་མི་རིགས་ཚང་མ་ལ་ཕོག་རྒྱུ་རེད།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དོན་ཚན་དགུ་བའི་ནང་། སྐྱེ་བོ་རེ་རེར་རང་དབང་ཐོག་ནས་བསམ་ཚུལ་འཆང་བ་དང་འདོན་པའི་ཐོབ་ཐང་ཡོད་ཅེས་གསལ་བས་མ་ཟད།  བསམ་ཚུལ་དེ་བར་མཚམས་ལ་ལྟོས་མི་དགོས་པར་བརྒྱུད་ལམ་ཅི་རིགས་བརྒྱུད་དེ་རང་དབང་ཐོག་ནས་བསམ་ཚུལ་དང་། གནས་ཚུལ་འཚོལ་བསྡུ་བྱེད་པ་དང་། ལེན་པ།མཁོ་སྤྲོད་བྱེད་པ་བཅས་རང་དབང་ཡིན་ཚུལ་གསལ་ཡོད། ང་ཚོ་བཙན་བྱོལ་བོད་མིའི་རྩ་ཁྲིམས་ནང་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་བྱེད་པ་ཞེས་འཁོད་བཞིན་དུ། འདི་ལྟར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འབྲུ་དོན་ལ་རྒྱབ་འགལ་བྱས་ན། མགོ་ནས་འདུག་མཁན་ཚོས་རང་གི་རྩ་ཁྲིམས་ལ་སྒྲིག་འགལ་བྱས་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོང་ཁྱབ་གསལ་བསྒྲགས་ལའང་རྩིས་མེད་བཏང་བ་རེད། ཁྱེད་ཀྱིས་བལྟས་ན་བྱེད་སྟངས་འདི་གང་དང་མཐུན་དཔེ་ཡང་དག་ཅིག་ཆགས་ས་རེད།  ང་ཚོ་མཚན་ཉིད་ཚང་བའི་དམངས་གཙོ་ཡང་དག་ཅིག་གི་ལམ་བུའི་ཐོག་སྐྱོད་ཀྱི་འདུག་གམ།  གནས་སྟངས་འདི་ལ་བོད་དོན་རྒྱལ་སྐྱོར་བྱེད་མཁན་ཚོ་ཡང་བློ་ཕམ་ཡོང་རྒྱུ་ཉག་གཅིག་རེད། ཁྱེད་ཀྱིས་ང་ལ་སྙུག་མིང་འོག་འཛུལ་བར་སྐྱོན་བརྗོད་བྱེད་ཀྱི་འདུག  སྙུག་མིང་འདི་ང་རང་གི་བསམ་བློ་ལྟ་གྲུབ་ལ་འབྲེལ་ཡོད། དེ་སྐོར་ཁྱེད་ལ་ཤོད་དགོས་མ་མཆིས། ངས་གཞུང་གི་སྒྲིག་འཛུགས་ཆེ་ཕྲ་ཆུང་གསུམ་གང་དུ་ཡང་ལས་ཀ་བྱེད་ཀྱིན་མེད་པས་སྙུག་མིང་སྤྱད་དང་མ་སྤྱད་ལ་ཁྱད་པར་སྤུ་ཙམ་ཡང་མེད། དགོས་གལ་བྱུང་ཚེ་གདོང་སྟོན་རྒྱུར་གྲ་སྒྲིག་ཨང་གསར་ཡོད། སྙུག་མིང་འདི་སྔོན་མ་ནས་བེད་སྤྱོད་བཞིན་པ་དྲ་ལམ་ལ་ཞུགས་མཁན་ཚང་མས་མཁྱེན་ཐུབ།

    ད་རེས་ངེད་ནས་ཁྱེད་ལ་མཁས་དབང་དགེ་ཆོས་ཀྱི་སྙན་རྩོམ་ཞིག་གིས་སྐྱེལ་མ་བྱེད།
    མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།།
    ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།།
    མདོར་ན་ཁྲག་དོག་ཅན་གྱི་སྐྱེས་པོ་འདིའི།།
    དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།།

    Reply
  5. མྱི་ལྟིག says:
    ལོ་ 14 སྔོན།

    བཀླགས་ཟིན། ཡང་ནང་འཁྲུག་རྒྱག་ན་ཐང་གི།

    Reply
  6. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱང་ལྟ་ལགས། ཡང་ཁྱོད་ཐལ་ཆ་ཤོར་སོང་ཞེས་མི་ལ་མཛུབ་མོ་འཛུགས་རྐྱང་ལས་རང་སྐྱོན་མི་མཐོང་བའི་ཚུལ་ལ་བལྟས་ན་ཁྱེད་རང་ཡང་རྣམ་རིག་གུ་དོག་ཅན་ཞིག་ལས་གུ་ཡང་ཅན་ཞིག་མིན་པ་བསྟན་ཡོང་གི་འདུག
    ཁྱེད་ཀྱིས་ཤར་ཁུག་ཉིན་གླ་བ་ཡིན་པས་ལས་བྱེད་ཀྱི་བླང་དོར་སྒྲིག་གཞི་དང་འགལ་མེད་ཚུལ་དང་། ཉིན་གླ་བས་བླང་དོར་སྒྲིག་གཞི་སྲུང་བརྩི་ཞུ་མི་དགོས་པར་བཤད་ཞིན་འདུག་ཀྱང་། ལེན་འདེབས་ཚོགས་ཆུང་གི་ཚོགས་གཙོ་དང་དྲིལ་བསྒྲགས་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ནས། ༼ “ གནད་དོན་དེ་ནི་ལས་བྱེད་བླང་དོར་སྒྲིག་གཞི་ལེའུ་གསུམ་པའི་དོན་ཚན་བརྒྱད་པའི་ལས་བྱེད་ཀྱི་ཀུན་སྤྱོད་བླང་དོར་དོན་ཚན་ལས། གཞུང་ཞབས་བྱེ་བྲག་པར་སྐྱོན་བརྗོད་བྱས་ཏེ་མི་མང་སྐུལ་སློང་བྱེད་མི་ཆོག་ཞེས་པར་འགལ་ཡོད་པ་རེད། ༽ཞེས་དང་། ཡང “གཞུང་གིས་ཕོགས་གནང་གི་ཡོད་སྟབས། གཞུང་གི་སྒྲིག་གཞི་གཞིར་བཟུང་ཡིན་གཅིག་མིན་གཅིག་འགྲོ་དགོས་གྱི་ཡོད་པ་རེད་ཅེས་གསུང་འདུག་ལ།
    ཡང་ཁྱེད་རང་གིས་ཤར་ཁུག་ཟླ་བ་ཅིག་གི་དུས་ཚོད་མ་རྫོགས་སྔོན་ནས་རྒྱང་ཕུད་བྱས་པ་རེད་ཅེས་བཤད་པ་ནི་འོག་གི་ལྷ་མོ་སྐྱབས་ལགས་ཀྱི་མཆན་དེ་ནས་ལུང་དྲངས་ཁུལ་བྱས་པ་འདྲ་ན་ཡང་། དྲིལ་བསྒྲགས་དྲུང་ཆེ་ལགས་ནས། ༼ བློ་བཟང་ཆོས་འབྱོར་ལགས་ལས་གནས་ནས་ཕྱིར་འཕུད་བཏང་བའི་སྐད་ཆ་མ་ཡིན་པར། ཉིན་གླའི་ལས་གནས་དེར་མུ་མཐུད་བསྐོ་བཞག་གནང་ཡོད་པ་མ་རེད།” ༽ཅེས་གསུང་འདུག་པས་ད་འོ་ན་ཁྱོད་རྒྱང་ལྟ་ལ་ཡིད་ཆེས་བྱེད་དགོས་སམ་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེར་ཡིད་ཆེས་བྱེད་དགོས། ངས་ནི་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེར་ཡིད་ཆེས་བྱེད་པ་ལས་དངོས་མིང་ཙམ་ཡང་མེད་པའི་དྲ་འབུ་ཞིག་ལ་ཡིད་ཆེས་བྱེད་ཐུབ་ས་མ་རེད།

    Reply
  7. ཟླ་བ་གཞོན་ནུ། says:
    ལོ་ 14 སྔོན།

    འདི་འདྲ་ཞིག་ཀྱང་མཐོང་སོང་། གཟིགས་དང་།
    http://www.jamyangnorbu.com/blog/2011/06/02/lobsang-sangay%e2%80%99s-wrong-churchill-quote/

    Reply
  8. དུག་མདའ། says:
    ལོ་ 14 སྔོན།

    ཕྲན་ནི་སྔ་མོ་ནས་བོད་པའི་བདེན་མཐའ་ལ་སེམས་ཤི་ཚར་བ་ཞིག་གམ་ཡང་ན་རང་ཉིད་ཀྱིས་རང་ཉིད་ཅུང་ཡག་ཏུ་བཏང་སྟེ་སྐད་འབོད་ཅུང་ཟད་ཙམ་གྱིས་རང་ཉིད་བོད་པ་ཞིག་ཡིན་པའི་འགན་རྫོགས་པར་འདོད་མཁན་ཞིག་མིན་པར་འདོད་ཡོད་་ཟེར་མཁན་ཞིག་ཡིན་པས། བཀའ་བློན་ཁྲི་བའམ་ཁོང་གི་སྐྱོན་ཡོན་འཇོན་ཐང་ལ་ལྟ་རྟོགས་ཀྱང་དམིགས་བསལ་གྱིས་བྱེད་ཀྱིན་མེད་ལ། སྐྱོན་ཞིག་ཨེ་མཐོང་མཐོང་དེ་ལས་ཀྱང་བྱེད་ཀྱིན་མེད། རྒན་རབ་གསལ་གྱིས་ཁུག་ལྟ་ལས་བཀའ་ཁྲི་ལ་བརྟག་དགོས་བར་འདུག་ཟེར་བ་སོགས་དེང་གི་རྒྱལ་སྤྱིའི་བཤད་ལ་དགའི་འགྲོ་སྟངས་དང་མཐུན་ཞིང་། བཤད་པ་ཐལ་ཆེ་བ་དག་ལ་དགོངས་དག་ཀྱང་བྱས་འདུག་པས་པས། ཤོག་ཁག་གི་སྐད་ཆའི་ཁ་གཡོགས་ཀྱང་དགོས་པ་མི་འདུག་སྙམ།

    Reply
  9. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    བློ་བཟང་སེང་གེ་ལགས་ཀྱི་ལོ་རྒྱུས་ཅུང་ཁ་གསལ་ཞིག་འདི་ན་འདུག
    http://our2011katrilobsangsangay.webs.com/intibetan.htm

    ཁོང་གིས་ང་ཚོར་མ་གསུངས་ཤིང་གཞན་གྱིས་བཙལ་ནས་རྙེད་པའི་དོན་གཅིག་ནི། ཐེ་ཝན་གྱི་ཧའོ་རེན་ཚོགས་པ་ཟེར་བས་ཁོང་གི་སློབ་གྲྭ་ཆེན་མོའི་ནང་དུ་ བོད་ཀྱི་ཁྲིམས་ལུགས་སློབ་སྦྱོང་ཆེད་ ཨ་སྒོར་ ༡༠༠༠༠༠ སྤྲད་ཡོད་པ་དེ་རེད། དེའི་སྐོར་ཞིབ་གསལ་འདི་ན་བྲིས་འདུག ཡིག་ཆ་ཁུངས་མ་འཚོལ་ཐུབ་པ་འདུག
    http://forums2.phayul.com/forums/index.php?/topic/20750-breaking-news-lobsang-sangay’s-campaign-finance-source-identified/
    ད་ནད་རྙིང་དང་སྐད་ཆ་རྙིང་པ་འདི་དག་ཅིའི་ཕྱིར་གླེང་ཞེ་ན། ང་ཚོས་ད་དུང་བློ་བཟང་སེང་གེའི་མི་གཤིས་ཤེས་ཀྱི་མེད་པ་དེ་རེད། དེ་ཡིན་མ་གཏོགས། བློ་བཟང་སེང་གེའི་བཀའ་ཁྲིའི་མཛད་པ་རྣམས་ལམ་འགྲོ་མ་བྱུང་ན་བསམས་པའི་ཡིད་སྨོན་ང་ཚོར་ཡོད་པ་མ་རེད། བློ་བཟང་སེང་གེའི་མཛད་པ་འཕྲིན་ལས་རྒྱས་དགོས་པ་རེད། འོན་ཀྱང་མཛད་པ་རྒྱས་པ་དེ་བོད་མི་མང་ལ་ཤ་ཚ་བ་དང་། ལྷག་བསམ་ཟོལ་མེད། གཡོ་སྒྱུས་མ་གོས་པ་ཞིག་དགོས་པ་རེད། མིའི་གཤིས་ཀ་ལ་གཡོ་སྒྱུ་ནི་ཡོད་ཡོད་ཡིན་བརྟེན། རྩོམ་འབྲི་མཁན་ཚོས་དེ་འགོག་པའི་འབད་བརྩོན་བསྟེན་ན་དེ་ནི་ཉེས་པ་ཞིག་མ་རེད་དྲན། དེ་ནི་བློ་བཟང་སེང་གེ་ལ་མ་དགའ་བའི་རྣམ་པ་ཞིག་ཀྱང་མ་རེད། དེ་ཙམ་ཡིན།

    Reply
  10. རྒྱང་ལྟ། says:
    ལོ་ 14 སྔོན།

    ལུང་རྟོགས་ལགས།
    ཡང་ཁྱོད་ཐལ་ཆ་ཤོར་སོང་། སྨྲ་བརྗོད་རང་དབང་དང་དམངས་གཙོ་ཞེས་པ་ནི་འགན་ཁུར་ཡོད་པ་དང་ཁྲིམས་དང་སྒྲིག་གཞི་ལྡན་པ་ཞིགམ་རེད་ཅེས་ཁྱེད་ལ་ངས་ཤོད་རྒྱུ་མ་བྱུང་། ཡང་ཁྱེད་ཀྱིས་འབེན་ཤར་ནས་བཞག་སྟེ་མདའ་ནུབ་ལ་འཕེན་
    བཞིན་འདུག འདི་ལྟར་བྱས་ན་ཐག་ཆོད་ཐབས་ཡོང་གི་མ་རེད། ཁྱེད་ཀྱི་རྣམ་རིག་དེ་ཇི་འདྲའི་གུ་དོག་ཅིག་
    ཨང་། ཤར་ཁུག་འདི་བཙན་བྱོལ་སྒྲིག་འཛུགས་ནང་གཞུང་ཞབས་དང་། ཆོད་གན། རང་ཁུངས། ཉིན་གླ་གསུམ་གྱི་ལས་བྱེད་ཁྲོད་ཉིན་གླ་རེད། ལས་བྱེད་ཀྱི་བླངས་དོར་སྒྲིག་གཞི་དེ་གོང་གསལ་ལས་བྱེད་དག་ལས་ཉིན་གླ་བར་ཁྱབ་ཀྱིས་ཡོད་པ་མ་རེད། དེར་བརྟེན་གཞུང་གི་ལས་བྱེད་སྒྲིག་གཞི་ལ་འགལ་ཚུལ་མེད། ལར་ནས་ཉིན་གླ་བས་ཀྱང་གཞུང་གི་བླངས་དོར་སྒྲིག་གཞི་དེ་སྲུང་བརྩི་དགོས་ན། གཞུང་གི་ལས་བྱེད་ཀྱི་བླངས་དོར་སྒྲིག་གཞི་དེ་ནང་གསལ་ཁ་དགོས་པ་རེད། གཉིས་ནས་གཞུང་སྒེར་གྱི་ཚོགས་པ་གང་ཞིག་ཡིན་ཡང་ལས་བྱེད་གསར་བ་འཛུལ་ཞུགས་སྐབས་སྒྲིག་གཞི་ངོ་སྤྲོད་གནང་སྲོལ་ཡོད། ཤར་ཁུག་ལ་གཞུང་གིས་དེ་ལྟར་ལམ་སྟོན་གང་ཡང་བྱས་མེད་སྟབས། སྒྲིག་གཞི་གང་ལ་འགལ་དགོས་པ་རེད། སོང་ཙང་
    སྒྲིག་འགལ་མིན་པ་ཞིག་ལ་སྒྲིག་འགལ་བཟོས་པ་དང་། དེ་ཡང་དུས་བཀག་ནང་ཚུན་མིན་པར་ཟླ་གཅིག་སྔ་སྣུར་གྱིས་ཤར་ཁུག་རྒྱང་ཕུད་བྱས་པ་དེ་སྒེར་གཅོད་རེད་ཟེར་གྱི་ཡོད། ཁྱེད་ཀྱིས་ཤེས་ཀྱིན་མེད་པ་འདྲ།
    རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་གསལ་བསྒྲགས་དོན་ཚན་དགུ་བའི་ནང་།སྐྱེ་བོ་སུ་ཡང་གང་བྱུང་གིས་འཛིན་བཟུང་དང་། བཀག་ཉར་བྱེད་པའམ། རྒྱང་འབུད་གཏོང་བ་རིགས་བྱས་མི་ཆོག་ཅེས་བཀོད་ཡོད་པ་མ་ཟད། ཁྲིམས་ཐོག་ནས་ནག་ཉེས་ཡོད་པར་ར་འཕྲོད་མ་བྱུང་བར་དོ་བདག་ལ་ཉེས་མེད་དུ་ཆ་འཛིན་དགོས་པའི་ཐོབ་ཐང་ཡོད་ཅེས་པའི་དམངས་གཙོའི་ཁེ་དབང་དང་སྒྲིག་གཞི་འདི་ང་ཚོས་སྲུང་བརྩི་དགོས་
    ཞེས་ཤོད་ཀྱི་ཡོད། མཇུག་མཐར་ངས་ཁྱེད་ལ་སྒྲུང་གླུ་ཞིག་གིས་སྐྱེལ་མ་བྱེད།

    གླུ་ཨ་ལ་ལ་མོ་ཨ་ལ་ལེན།། གླུ་ཐ་ལ་ལ་མོ་ཐ་ལ་ལེན།།
    ཁྱེད་ལུང་རྟོགས་རིག་ཤེས་རྟུལ་ལུགས་ལ།། ཕྲན་རྒྱང་ལྟས་གསེད་བཀྲོལ་བྱེད་ལོང་མེད།།
    གླུ་གོ་ན་རྣ་བའི་བདུད་རྩི་བྱོས།། གླུ་མ་གོ་གླུ་ལ་འགྲེལ་བ་མེད།།

    Reply
  11. གྲྭ་རྒོད says:
    ལོ་ 14 སྔོན།

    རྨ་བརྗོད་རང་དབང་ཟེར་བ་དེ་ལ་ཡང་ཚད་ཡོད་ལ་སྤྱི་ཚོགས་བདེ་འཇགས་ལ་གནོད་པ་འམ་རང་རེའི་མི་རིགས་ལ་གནོད་སྐྱོན་དུ་འགྲོ་བ་མདོར་བསྡུས་ན་སྒེར་གྱི་བྱ་བ་འགའ་ཞིག་འགྲུབ་མ་ཐུབ་པའི་དབང་གི་སྐད་ངན་འདྲ་མིན་སོགས་ཚད་བགག་དྲ་རྒྱའི་ནང་དུ་ཚུལ་ཡོད། བསམ་ཤེས་མེད་པ་ཁྱོད་ལྟ་བའི་སྐད་ཆ་དེ་ཚོ་ཡང་དུས་ནང་ཡིན་པ་ཤེས་པར་ཀྱིས་ཤིག

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་ངས་ཁྱོད་ལ་རྐུ་མ་རེད་བརྗོད་པ་ཡིན་་་་་་་་་་་་དམང་གཙོ་རང་དབང་ལོངས་སུ་སྤྱད་ནས་ངས་ཁྱོད་ཀྱི་ཅ་དངོས་བརྐུས་པ་ཡིན་་་་་་་་་འདི་འདྲ་བཤད་ན་ཐལ་དྲག་པ་མ་ཡིན་ནམ་་་་་་་་་་་་་་་ཆབ་བྲག་ཁྱོད་རང་བོད་མི་མང་སྤྱི་འཐུས་བྱ་མྱོང་མཁན་ཞིག་གིས་བོད་མི་རིགས་དང་བསྟན་པ་ཆབ་སྲིད་སྤྱི་ལ་ཕན་པའི་སྐད་ཆ་རེ་བཤད་ཐུབ་ན་བཟང་་་་་་་་་་་་མི་རེ་གཉིས་ཀྱི་རྒྱབ་སྐྱོར་བྱ་ནས་འཕགས་འཚགས་མང་པོ་མ་བརྒྱབ་ན་མི་ལེགས་སམ་་་་་་་ཁྱོད་རང་གི་སྐད་ཆ་དེ་ཚོའི་རྒྱབ་ལོགས་སུ་ཅི་ཞིག་སྦས་ཡོད་ཚང་མས་གསལ་པོ་ཤེས་ཀྱི་ཡོད་ཚོད་རེད།

    Reply
  13. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་གཞུང་ལ་ལན་འདེབས་ཚོགས་ཆུང་དེ་མུ་མཐུད་དགོས་ངེས་ཡིན། ཤར་ཕྱོགས་ཁུག་རྟ་རང་ཡང་དོན་འདིར་སྤྲོ་བ་བརྟས་ཡོད། ནུས་པ་ཡང་ཐོན་གྱིན་པ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་བཀའ་ཤག་གི་ཡིག་ཆ་ལས་གསལ་རྟོགས་ཐུབ།
    དེ་བས་གོང་རིམ་ནས་གཞུང་དོན་ལན་འདེབས་དེ་ཉིད་གལ་ཆེར་བརྩིས་ནས་ཁོ་ལ་རྩོམ་ཡིག་སྤེལ་ཕྱོགས་ལ་མཛུབ་སྟོན་ཞིག་གནང་སྟེ་ཁུག་རྟའི་བསམ་སྤྱོད་ལ་གཅིག་བལྟས་ནས་དེ་ནས་མི་ཡོང་ན་ལས་ཡུན་རྫོགས་པ་དང་མཉམ་དུ་ཁ་རོག་བཞག་བཞག་ན་ཡང་འོས་པ་ཞིག་རེད་མོད། གོང་རིམ་ནས་བསམ་ཤེས་མ་གནང་བར་ལས་ཡུན་མ་རྫོགས་གོང་གི་ཟླ་གཅིག་ལྷག་སྔོན་ལ་ཁྲིམས་འགལ་གྱི་ཉེས་མིང་འོག་ནས་ལས་མཚམས་འཇོག་དགོས་པའི་བཀའ་བཀོད་འདི་ཅུང་ཐལ་དྲགས་མི་འདུག་གམ། འདི་ལྟར་བྱས་པས་གཞུང་སྒེར་གཉིས་ལ་ཕན་རླབས་ཆེའམ།
    གནད་དོན་འདི་མི་གཅིག་གི་ཁ་ཕོར་ཙམ་ཞིག་གི་ཆེད་དུ་མིན་པར་ཤེས་ཡོན་ཅན་ཚོའི་་ལས་སྐལ་ལ་ཐུག་པ་ཞིག་ལ་ངོས་འཛིན་གྱིན་ཡོད། ངའི་རེ་བ་ལ་གོང་རིམ་ནས་ཐབས་མཁས་དང་དཀྱེལ་ཡངས་སྒོས་ཤེས་ཡོན་ཅན་ལ་བདག་སྐྱོང་དགོས་རྒྱུ་གལ་ཆེར་མཐོང་གིན་ཡོད། དེ་ཡང་བཀའ་ཁྲི་སྔོན་མས་ཤེས་ཡོན་ཅན་ཚོར་མཐོང་ཆེན་དང་བདག་སྐྱོང་གནང་ཚུལ་ལ་མིག་དཔེ་བལྟ་འོས།
    གང་ལྟར་ཐེངས་འདིའི་གླེང་སློང་འདི་རིགས་ཀྱིས་གོང་རིམ་དབུ་ཁྲིད་ཁག་ཅིག་ལ་མ་འོངས་པར་ཤེས་ཡོན་ཅན་ལ་ལྟ་སྟངས་ཡག་པོ་དང་བྱེད་ཐབས་འོས་འཚམས་བཀོལ་ནས་ཕྱག་ལས་གནང་དགོས་པའི་ཉམས་མྱོང་ཞིག་རག་ཡོད་པ་དང་དེ་བཞིན་ཤེས་ཡོན་ཅན་ཚོས་ཀྱང་གོང་རིམ་གྱི་ཞབས་འོག་ནས་སྙུག་རྩེ་ཇི་ལྟར་འཁྱུག་དགོས་པའི་བསླབ་བྱ་ཞིག་ཐོབ་ཡོད་པས། དེ་ནི་སྐབས་དོན་གྱི་དགོས་ཕན་ཡང་ཡིན།
    བཀའ་ཤག་གསར་བས་ཞིབ་འཇུག་ཁང་ཞིག་གསར་འཛུགས་གནང་རྒྱུའི་ལས་འཆར་དེ་གང་མྱུར་དབུ་འཛུགས་ཡོང་རྒྱུའི་རེ་བ་ཡོད། རང་ཉིད་ལ་མཚོན་ན་ཡང་དེའི་ནང་ལ་ཆ་ཤས་ལེན་འདོད་ཡོད། རྒྱབ་སྐྱོར་ངོ་མ་དེ་གཞུང་གི་ལས་ཀ་གང་རུང་རེའི་ནང་ལ་སོ་སོས་ནུས་པ་དངོས་སུ་འདོན་རྒྱུ་དེ་ཡིན་པར་ངོས་འཛིན་གྱིན་ཡོད། འོན་ཀྱང་ད་དུང་ཡང་གོང་རིམ་དང་འོག་རིམ་གང་ཞིག་ཡིན་ཡང་སྤྱི་ཚོགས་ཀྱི་ཞན་ཆ་དང་ནོར་འཁྲུལ་ལ་ཐེར་འདོན་གྱི་སྙུག་ཁ་གཏད་ཐག་གཅོད་ཡིན།

    Reply
  14. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 14 སྔོན།

    ཞིབ་ཀློག་གིས་བསམ་གཞིག་དང་བཅས་ནས་སྒུག་བསྡད་ཡོད།

    དུས་ལ་ཐོན་ན་སྐད་ཆ་བཤད་ཁོ་ཐག་ཡིན། ད་དུང་མུ་མཐུད་ནས་གླེང་ན་བཟང་བར་སྙམ།

    Reply
  15. ལུང་རྟོགས། says:
    ལོ་ 14 སྔོན།

    རྒྱང་ལྟ་ལགས། སྨྲ་བརྗོད་རང་དབང་དང་དམངས་གཙོ་ཞེས་པ་ནི་འགན་ཁུར་ལྡན་ཞིང་ཁྲིམས་དང་སྒྲིག་གཞི་ཡོད་པ་ཞིག་ཡིན་དགོས་པ་ལས། འགན་ཁུར་མེད་པའི་སྐད་ཆ་བཤད་ཅིང་ཁྲིམས་འགལ་གྱི་ལས་ཀ་བྱས་ན་དེ་སྨྲ་བརྗོད་རང་དབང་མ་རེད་ལ་དམངས་གཙོ་དེ་བས་ཀྱང་མ་རེད། གལ་ཏེ་ཁ་ནས་བཤད་ཚད་སྨྲ་བརྗོད་རང་དབང་དང་ལག་ནས་ལས་ཚད་དམངས་གཙོ་ཡིན་ན། མི་བསོད་ཤོགས་ལབ་ན་ཡང་སྨྲ་བརྗོད་རང་དབང་དང་རྐུན་མ་རྐུས་ན་ཡང་དམངས་གཙོ་ཡིན་ནམ། དམངས་གཙོའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཡང་ཁྲིམས་འགལ་གྱི་སྐད་ཆ་བཤད་པ་དང་བྱ་བ་བྱས་ན་ཡན་པོར་གཏོང་མི་སྲིད་པ་ཁྱོད་རང་གིས་ཀྱང་ཤེས་རྒྱུ་རེད། ཁྱེད་རང་གིས་བཤད་སྟངས་ལ་བལྟས་ན་དམངས་གཙོ་དང་རང་དབང་ཞེས་པ་དེ་མི་ཞིག་གིས་ང་ཚོ་དམངས་གཙོ་དང་རང་དབང་རེད་ཅེས་མོ་ཊ་འགྲོ་སའི་ལམ་དཀྱིལ་ལ་ལང་བསྡད་པའི་སྒྲུང་ཞིག་ཡོད་པ་དེ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་འདྲ།
    གྲྭ་རྒོད་ལགས། ཁྱེད་རང་གིས་ངའི་སྐད་ཆ་ལ་གནས་ལུགས་དང་རྒྱུ་མཚན་གྱིས་ལེན་འདེབས་མེད་པར་ནག་གསུབ་གཏོང་རྐྱང་བྱེད་བཞིན་འདུག་པས་འདི་ལྟ་བུའི་བྱེད་བབ་ལ་ལན་འདེབས་བྱེད་རྒྱུའི་ངལ་བ་བསྟེན་འདོད་མ་བྱུང་། བཙན་བྱོལ་སྤྱི་ཚོགས་འདི་སྨྲ་བརྗོད་རང་དབང་ཡིན་པ་ཁྱེད་རང་གིས་ཤེས་པར་གྱིས་ཤིགས།

    Reply
  16. གྲྭ་རྒོད says:
    ལོ་ 14 སྔོན།

    ལུང་རྟོགས་ལགས། རང་ཉིད་ཀྱི་བསམ་ཚུལ་ལ་རང་ཉིད་ཀྱི་གསལ་བྱེད་དགོས་ཕན་མེད། རྒྱུ་མཚན་ཁྱོད་རང་ཉིད་ཀྱི་མ་ཤེས་པས་དབང་གི་འགྲོ་བ་མའི་སེམས་ཁམས་ལ་བསམ་བློ་གཏོང་མ་ཤེས་པ་རང་ལས་མེད། གཅིག་ཅེ་ན་ལག་ཆ་ཡང་ཡིན་སྲིད། ནོར་ཡང་སྲིད། གང་ལྟར་ཀྱང་གསུང་སྟངས་ལ་སྐྱོན་ཤོར་བ་རང་ལས་མེད་པ་གསལ་བྱེད་དགོས་དོན་མེད། རྗེས་སུ་དེ་འདྲ་མ་གསུང་རོགས། བོད་ཀྱི་སྣེ་ཁྲིད་དག་འམ་ཡང་ན་སེམས་ཤུགས་ཅན་སོགས་ལ་བློ་ཕམ་མ་བཅུག་རོགས་ཞེས་ལག་གཉིས་ཕལ་མོ་བྱས་ནས་ཞུ་རྒྱུ་ཡིན། དགོངས་དག་ལུང་རྟོགས་ཞེས་བཅོས་རོགས།

    Reply
  17. རྒྱང་ལྟ། says:
    ལོ་ 14 སྔོན།

    ལུང་རྟོགས་ལགས།
    ད་ཁྱེད་ལ་ཇི་ལྟར་ཞུ་དགོས་པ་རེད། བློ་བཟང་ཆོས་འབྱོར་གྱི་སྨྲ་བརྗོད་རང་དབང་བཀག་སོང་ཞེས་ཆོལ་ཁ་གསུམ་གྱིས་མི་ངོ་ཡོད་པར་ངོས་འཛིན་གྱིན་ཡོད་ན། མདོ་སྨད་གྱི་རྩོམ་པ་པོ་རྣམས་ཕྱོགས་སྒྲིལ་བྱས་ཟེར་བ་དེ་ཁག་འགྲོ། སྐད་ཆ་བསམ་ནས་ཤོད་དགོས་མཁན་དེའང་སུ་ཡིན་མིན་ཡང་ཐག་ཆོད་འགྲོ། ངས་ཁྱེད་ལ་ནན་གྱིས་ཞུ་བཞིན་ཡོད། འདི་ན་གནས་ལུགས་དང་རྒྱུ་མཚན་བཞག་ནས་ཕྱོགས་ཞེན་སུས་བྱས་ན། མཇུག་མཐར་གྱོང་རེག་རྒྱུ་དེ་བོད་མི་རིགས་རེད། དེ་ནང་དུ་ཚང་མ་ཚུད་ཡོད། ཁྱེད་རང་ཡང་དྲང་བདེན་དང་གནས་ལུགས་འཚོལ་མཁན་ཞིག་ཡིན་ན།  ཤོག་དང་། ང་ཚོ་ཚང་མས་གནས་ལུགས་དང་དྲང་བདེན་བཙལ་ནས་བོད་མི་རིགས་འདི་སྐྱོབ། ཕ་རོལ་ནས་རྒྱ་དམར་གྱི་རྫུན་ཁུངས་བརྟོལ།  ཚུལ་རོལ་ནས་ནང་གི་རུལ་སོང་ཐེར་འདོན་གྱིས་བོད་མི་རིགས་འདི་མཚན་ཉིད་ཚང་བའི་དམངས་གཙོ་ཡང་དག་ཅིག་གི་ལམ་བུའི་ཐོག་སྐྱོད་རྒྱུ་འབད་བརྩོན་བྱེད།

    Reply
  18. རྒྱང་ལྟ། says:
    ལོ་ 14 སྔོན།

    སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར་ཞེས་གསུངས་པ་ལྟར། ཕྱོགས་ཞེན་བྱེད་ཀྱི་འདུག་ཟེར་མཁན་ཚོས་ཀྱང་ཕྱོགས་ཞེན་བྱེད་བཞིན་ཡོད་པ་ལས་རྒྱུ་མཚན་ལ་བསམ་བློ་བཏང་ནས་བོད་འདི་དམངས་གཙོ་ཡང་དག་ཅིག་གི་བགྲོད་ལམ་ཐོག་སྐྱོད་ཨེ་ཐུབ་ལ་ལྟ་བཞིན་མི་འདུག
    བརྒྱ་བཤད་སྟོང་བཤད་ཇི་ལྟར་བྱས་ཀྱང་གནས་ལུགས་གཅིག་མ་གཏོགས་ཡོད་པ་མ་རེད། གནས་ལུགས་གཅིག་པོ་དེ་བཀའ་ཤག་འདིས་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་སོང་བྱས་པ་དེ་རེད།
    དེ་ཕན་ནས་སྐད་ཆ་ཡར་སྐྱོགས་མི་སྐྱོགས་ཇི་ལྟར་བྱས་ཀྱང་ཡས་ལ་བརྔོས་ཀྱང་ཡོང་རྒྱུ་རྩམ་པ་ལས་མེད།

    Reply
  19. Dawai Shonu says:
    ལོ་ 14 སྔོན།

    རབ་གསལ་གྱིས་དང་པོ་ནས་ལུང་ཚན་གྱི་ཞེན་ཁོག་དང་ང་རྒྱལ་གྱིས་བཏུམས་ཏེ་རྩོམ་འདི་བྲིས། བཀའ་ཤག་གིས་ནོར་བ་ཡིན་པ་ཁོ་ནར་གྲུབ་ཆེད་སེམས་ལ་གང་དྲན་དྲན་བྲིས། ཀློག་མཁན་ཚང་མ་མི་ལྐུགས་པ་ཁོ་རང་གི་གང་ལབ་པ་དེར་ཡིད་ཆེས་བྱེད་ཀྱི་ཡོད་ཤག་བྱས། བློ་བཟང་ཆོས་འབྱོར་གྱི་ནོར་འཕྲུལ་དེ་མ་གླེང་བར་གཞན་གྱི་ནོར་འཕྲུལ་མེད་བཞིན་དུ་ནོར་འཕྲུལ་བཏོན་ཐབས་བྱས།
    རབ་གསལ་ལགས། ཁྱེད་རང་བོད་ཡིག་ཙུང་ཙམ་ཤེས་ཀྱི་ཡོད་དྲོ། ཡིན་ནའང་མི་གཞན་ཚང་མ་ལྐུགས་པ་མ་རྩིས་ན་ཁྱེད་རང་གི་བློ་རྒྱ་ལ་ཕན།

    རྒྱལ་གཅེས་པ་དངོས་ན་ཡིན་ན་བོད་ལ་ཕར་བསྡད། རྒྱ་ནག་ལ་ཁ་གཏད་གཅོག་དགོས་པ་འདྲ། ཚུར་བཙན་འབྱོལ་ལ་བྲོས་ཡོང། བཙན་འབྱོལ་སྤྱི་ཚོགས་འདི་ལ་ངོ་རྒོལ་དང་གནོད་སྐྱོན་རྐྱང་རྐྱང་གཏོང་ན་་་་་་་་་གནས་ཚུལ་འདི་ཚོ་ལ་བསམ་བློ་ཞིག་གཏོང་ན་་་་་རྒྱབ་ཏུ་དམིགས་ཡུལ་ག་རེ་ཡོད་ན་་་་་་་་ག་རེ་ཡིན་ན་་་་

    Reply
  20. ལུང་རྟོགས། says:
    ལོ་ 14 སྔོན།

    ང་ལ་མཚོན་ན་ཨ་མདོ་བ་ལ་མི་དགའ་སྡང་ཟུག་བྱེད་དགོས་དོན་གང་ཡང་མེད་པར་མ་ཟད། བོད་ཕྱི་ནང་གཉིས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སྲོག་རྩ་ལྟ་བུ་འཛིན་མཁན་ནི་ཨ་མདོ་བ་རྣམས་ཡིན་པ་གསལ་པོ་རེད་ལ། ༢༠༠༨ ནས་དུས་ད་ལྟའི་བར་བོད་མིའི་རང་དབང་གི་ཆེད་དུ་དཀའ་ལས་མང་ཤོས་རྒྱག་མཁན་ཡང་ཨ་མདོ་བ་དང་ཁམས་དཀར་མཛེས་པ་རྣམས་ཡིན་པ་ལ་སུས་ཀྱང་སྨྱོན་དུ་མེད་པས་ཁོང་ཅག་ལ་ཡིད་སྨོན་དང་དགའ་ཞེན་ཡོད། འོན་ཀྱང་རང་ཉིད་དགའ་ཕྱོགས་དེས་བྱ་བ་བཟང་ནང་ཅི་ཞིག་བྱས་ཀྱང་བཟང་པོར་བརྩི་རྐྱང་བྱེད་པའི་གཤིས་ཀ་ཞིག་བདག་ལ་མེད་ཅིང་། རྩོམ་པ་པོ་བློ་བཟང་ཆོས་འབྱོར་ལགས་ཀྱི་གླེངས་རྙོག་འདིའི་ཐད་བཙན་བྱོལ་ཁྲོད་ཀྱི་མདོ་སྨད་རྩོམ་པ་པོ་རྣམས་ནས་རང་ཚུགས་བརྟན་པོ་ཞིག་འཛིན་ཐུབ་མ་སོང་ལ་ཕྱོགས་སྒྲིལ་གྱི་རྣམ་པ་ཤུག་ཆེར་ཐོན་པའི་ཚོར་བ་ཞིག་བདག་ལ་ཡོད་ཅིང་ཡོད་པ་ལྟར་དུ་བཤད་པ་ཡིན། མི་བདེན་སྙམས་ན་གླེངས་རྙོག་འདིའི་ཐད་ཀྱི་རྩོམ་ཡིག་དག་དང་དེ་དག་གི་གཤམ་གྱི་མཆན་བུ་རྣམས་ལ་ཞིབ་འཇུག་ཅིག་གྱིས་དང་ངེས་ཤེས་སྐྱེ་ངེས་རེད། དངོས་སུ་མཐོང་བཞིན་དུ་ད་དུང་སྨྱོན་འདིང་ན་ནི་ཁྱེད་རང་ཡང་མཐར་ལྷུང་བ་ཞིག་ལ་མ་བརྩིས་རང་བརྩིས་རེད། རྟ་མགྲིན་རྡོ་རྗེ་ལགས། ངས་བློ་བཟང་ཆོས་འབྱོར་ལ་རྒྱབ་སྐྱོར་བྱེད་མཁན་ཁྲོད་ཆོལ་ཁ་གཞན་གཉིས་ཀྱི་མི་གཅིག་ཀྱང་མི་འདུག་ཞེས་བཤད་པ་མ་ཡིན་པར་གནད་དོན་འདིའི་ཐད་མདོ་སྨད་ཀྱི་རྩོམ་པ་པོ་རྣམས་ཕྱོགས་སྒྲིལ་གྱི་རྣམ་པ་ཐོན་འདུག་ཞེས་བཤད་པ་ཡིན་པས། སྐད་ཆའི་གོ་དོན་མ་རྟོག་གོང་མི་ལ་སྡིག་རྒྱུ་བཞག་ནས་སྐད་ཆའི་གོ་བ་ལོན་རྗེས་གཞི་ནས་སྐད་ཆ་བཤད་པར་ཡོང་ན་ཡག་པོ་འདུག གྲ་རྒོད་ལགས་ནས་ཀྱང་ངས་ནང་ཁུལ་དཀྲུག་ཤིང་བཞག་པ་ལྟ་བུ་ཞིག་གསུང་འདུག་ཀྱང་ངས་བལྟས་ན་བྱ་བའི་འགོ་མཐོང་བ་ཙམ་གྱིས་ཞིབ་འཇུག་གང་ཡང་མེད་པར་གང་བྱུང་གིས་རྩོམ་ཡིག་སྤེལ་མཁན་དང་མཆན་འདེབ་མཁན་དེ་ཚོ་ནི་ནང་ཁུལ་དཀྲུག་མཁན་ངོ་མ་དེ་རེད་འདོད། མ་ཟད་ངས་དུས་བབ་ནང་ལ་མཆན་གྲང་ལས་འདས་པ་ཞིག་བཀོད་ཡོད་ལ་དེ་དག་གི་མགོར་རང་མིང་གསལ་པོ་བཀོད་ཡོད་པ་ལས་མིང་འདྲ་མིན་གྱི་འོག་ནས་མཆན་འདྲ་མིན་གང་ཡང་བཀོད་མེད་པས་ཁྱེད་རང་གིས་ཞིབ་འཇུག་ཅིག་གནང་ན་ང་ནང་ཁུལ་དཀྲུག་མཁན་ཡིན་མིན་གསལ་པོ་ཤེས་ངེས་རེད། སྤྱིར་མི་ལ་ཆགས་སྡང་ཡོད་པས་ཕྱོགས་ཞེན་གྱི་རྣམ་པ་ཅུང་ཟད་རེ་སུ་ལ་ཡིན་ཡང་ཐོན་སྲིད་པ་རེད། འོན་ཀྱང་མི་རིགས་འདིའི་གནས་སྟངས་ཉག་ཕྲའི་སྐབས་འདིེར་ནང་ཁུལ་ཕྱོགས་ཞེན་གྱི་རྣམ་པ་ཤུགས་ཆེན་པོ་ཐོན་ན་འགྱེལ་ཐོག་རྡོག་བརྫིས་ལྟ་བུ་འགྱུར་ངེས་པས་ངས་གང་ལ་ཡང་མ་འཛེམ་པར་རེ་བསྐུལ་དེ་ཞུས་པ་ཡིན་པས་དཔྱོད་ལྡན་རྣམས་ཀྱིས་དཔྱད་ཞིབ་ཡག་པོ་གནང་རོགས།

    Reply
  21. དམར་ཁ་ཚ། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་གྱིས་དཔྱད་བརྗོད་དོན་དང་ལྡན་པ་ཞིག་བྲིས་འདུག གྲྭ་རྒོད་ཟེར་བ་སོགས་ལོང་པ་རེ་ཟུང་གིས་ཀུ་ཅོ་འདོན་གྱིན་འདུག་མོད། ཤེས་རབ་ཀྱི་རྩལ།་མེད་ལ། ཆགས་ཞེན་གྱི་མིག་ཟུང་འབུར་བ་ཅན་ཚོས་ཡག་རྩོག་གི་དབྱེ་འབྱེད་གང་ནས་ཤེས། ཨ་རིའི་ཨོ་བྷ་མར་དཔལ་འབྱོར་ཉམས་ཉེས་ཀྱི་བརྡབས་གསིག་ཐེབས་པ་ལྷན། བོད་ཀྱི་ཨོ་བྷ་མ་བློ་བཟང་ལའང་སྒེར་གཅོད་དང་། བློ་ཐུང་། ཁོག་རྒྱ་མེད་པའི་ཉམས་ཉེས་ཤིག་ཐེབས་བཞིན་འདུག་མོད། ད་དུང་རེ་སྨོན་བྱེད་དགོས་པ་ནི་བཀའ་ཁྲི་ཁོང་ཉིད་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་སྟབས་བྱེད་ཐུབ་པས་རྨི་ལམ་དེ་རེད། བོད་རྒྱལ་ལོ།

    Reply
  22. རྭ་ལོ། says:
    ལོ་ 14 སྔོན།

    ང་ཚོའི་བཀའ་ཁྲི་ཁོང་དགུང་ལོ་ཆུང་ཆུང་རེད། ཤེས་རྒྱ་ཆེན་པོ་རེད། ད་བར་དུ་སུ་གང་གིས་གསུང་མ་ཐུབ་རེ་ཁོང་གིས་གསུང་གི་འདུག ད་བར་དུ་སུ་གང་གིས་སྒྲུབ་མ་རེ་ཁོང་གིས་སྒྲུབ་གི་འདུག ལས་རིམ་ཚང་མ་བང་སྒྲིག་ནས་ཡོང་གི་ཡོད་པ་རེད། ད་ཁྱོད་ཚོའི་མུག་ཁ་དེ་ཅུང་བཙུམ་ནས་ཕྱར་གྲུ་མཉམ་འདེགས་བྱས་ན་གང་འདྲ་རེད།

    བཀའ་ཁྲི་ཁོང་ལ་བོད་མི་དམངས་ཀྱི་བཀའ་ལུང་ཆ་ཚང་ཡོད་པ་རེད། བཅོལ་བའི་ལས་ལ་མི་གཞོལ་བར། མ་བཅོལ་བའི་ཇུས་གཏོགས་སྐམ་པོ་རེར་འཐམ་མཁན་ལས་བྱེད་རེ་ཟུང་ཕྱིར་འབུད་བྱ་རྒྱུའི་དབང་ཚད་ཁོང་ལ་ཡོད་དང་ཡོད།

    དོན་དག་གཞན་པ་ཞིག་ནི། ལ་ལས་འདི་ཆོལ་ཁའི་ཕྱོགས་ཞེན་ཡིན་པར་བཤད། དགེ་འདུན་རབ་གསལ་ལགས་ཀྱིས་ཀྱང་ཆོལ་ཁའི་ཞེན་ཁོག་བཤད་པ་ཞིག་མི་འདུག་ལ། མཆན་མཁན་སུ་གཅིག་གིས་ཆོལ་ཁའི་ཞེན་ཁོག་གི་ཆ་ནས་གླེང་བཞག་པ་ཞིག་མཐོང་མ་སོང་། དེ་ལྟར་གླེང་མཁན་ནི་རིགས་དབྱེན་དཀྲུག་པ་རེད། ང་རང་ཡང་མདོ་སྨད་པ་ཐེབ་ཆག་ཅིག་ཡིན། འོན་ཀྱང་། ཞེན་ཁོག་སྐམ་པོ་དེས་ཅི་ཡང་མི་ཡོང་བ་ངོ་འཕྲོད་བསྡད་མཁན་ཞིག་ཡིན།

    Reply
  23. རྭ་ལོ། says:
    ལོ་ 14 སྔོན།

    ངས་བསམ་ན། བཀའ་ཁྲིས་གནང་སྟངས་འགྲིག་བསྡད་འདུག གངས་སྐྱིད་ན་ལས་བྱེད་ ༤༠༠ ཡོད་པ་དེ་དག་ཚང་མ་ཤར་ཁུག་འདྲ་བོ་ཞིག་ཡིན་ན་གང་འདྲ་ཡོང་ས་རེད། སོ་སོའི་ལས་ལ་མི་གཞོལ་བར་ཚང་མས་མགོ་ཚོས་ལ་མི་ཚོས་པ་འདྲ་བོ་རྐྱང་བཤད་ནས་བཀའ་ཁྲིའི་སྐྱོན་བགྲང་བསྡད་ན་གང་འདྲ་ཡོང་ས་རེད།

    ངས་སྔོན་མ་ནས་ཤར་ཁུག་ལ་བཤད་ཡོད། བཀའ་ཁྲི་མ་བདམས་པའི་སྔོན་ལ་ག་རེ་བྱས་ནས་དོན་དག་འདིའི་རིགས་མ་གླེང་བ་ཡིན། ད་ནི་ཚར་ཚར་དུས་གནས་སྐབས་རིང་བསྒྱུར་དུ་ཡོད་པ་དང་བཅོས་སུ་འོས་པའི་ལས་དོན་གཞན་གླེང་ན་མ་གཏོགས། ཁོང་གི་བོད་ཡིག་གི་ཤེས་ཚད་གླེང་ནས་ཅི་ཡོང་།

    ངའི་བསམ་པར། ད་ནི་ཤར་ཁུག་གིས་རུ་སྡེ་བ་གཉིས་ཀར་དགོངས་དག་ཞུས་ན་རེད། དྲ་ཐོག་གི་སྐད་ཆ་རྫོབ་རོ་འདིའི་རིགས་ཀྱང་ཤར་ཁུག་གི་ཁ་མ་བྲོ་བར་བྱུང་བ་རེད། མང་ཚོགས་ཀྱི་སྙིང་ལ་གནོད་པའི་གླེང་གཞི་འདི་ཁོའི་བྱས་ཉེས་ལས་བྱུང་བ་རེད། ཁོས་གཞུང་དམངས་གཉིས་ཀར་དགོངས་དག་ཞུས་པ་ཡིན་ན་དེ་ནས སེམས་ཀྱི་སྡུག་དང་གདོང་གི་རྡུལ་དག་སོང་བ་རེད།

    རྗེས་ཕྱོགས་མི་སུ་ཡིན་རུང་བཀྲ་མི་ཤིས་པའི་ལས་དེ་ཚོར་རང་རང་གིས་གཟབ་རྒྱུ་གལ་ཆེན་པོ་རེད།

    Reply
  24. འཇམ་དབྱངས། says:
    ལོ་ 14 སྔོན།

    སྤྱིར་བཏང་ཚོགས་པ་གང་ཞིག་ནས་མི་སུ་ཞིག་ལས་གནས་ལས་གནས་དབྱུང་གཏོང་བའི་ལུགས་སྲོལ་ཡོད་པ་སུས་ཀྱང་ཤེས་པ་རེད། ཡིན་ན་ཡང་ང་ཚོ་ཧ་ལས་ཤིང་ཧོན་ཐོར་ནས་འཆད་བཞིན་པ་ནི།
    གཅིག བློ་བཟང་སེངྒེ་ལགས་ཀྱིས་རང་གི་ཞན་ཆ་བཤད་པའི་རྩོམ་ཡིག་ཅིག་ལ་ཁ་གཡར་ནས། དམངས་གཙོའི་སྒྲིག་འཛུགས་དང་སྨྲ་བརྗོད་རང་དབང་རྩིས་མེད་དབང་བ།
    གཉིས། བོད་ཀྱི་དྲྭ་རྒྱ་ཁག་ཏུ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་ལ་སྐྱོན་བརྗོད་སྣ་ཚོགས་ཡོང་བཞིན་པ་རྣམས་སྣང་མེད་དུ་བཞག་ནས། རང་ཉིད་ཀྱི་མཚང་ལ་ཕོག་དུས་ཅི་ཡང་བྱེད་ཕོད་པ་འདིས་ཁོའི་གཤིས་ཀར་སྲིད་དབང་སྒེར་འཛིན་པའི་གཡའ་ཡོད་པའི་རྣམ་པ་མངོན་པ།
    གསུམ། རང་ཉིད་ལ་ཁ་གཏད་དང་འགྲན་བསྡུར་བྱེད་ས་མེད་ན་རང་ཉིད་ཀྱི་ལས་ཀའི་ངོ་བོ་དང་གནས་སྟངས་ཡར་རྒྱས་མི་འགྲོ་བའི་སྤྱི་ཚོགས་ཀྱི་རྒྱུན་སྲོལ་རྩིས་མེད་བཏང་བ།
    བཞི་པ། བཀའ་ཁྲིར་ལངས་སྐབས་རང་ཉིད་སྡོད་སའི་ས་གནས་བོད་རིགས་ཚོར་རང་ཉིད་བཀའ་ཁྲིར་ལངས་པའི་འགྲན་རྩོད་སྐོར་གྱི་གཏམ་བཤད་གཅིག་ཀྱང་སྤེལ་མེད་པར་གསང་བ་ཞིག་ཡོད་པ།
    ལྔ་པ། ལས་རོགས་བཀའ་བློན་དུ་དེ་སྔ་རྩོད་གཞི་དང་གླེང་རྙོག་ཡོད་པའི་མི་ཞིག་འདེམས་བསྐོ་བྱས་པ།
    དྲུག་པ། རང་གི་ཉེ་འབྲེལ་ལ་བཀའ་བློན་གྱི་གོ་གནས་སྤྲད་པ།
    འདི་ལྟ་བུའི་གནས་ཚུལ་ལ་བལྟས་ན་ཡང་། བློ་བཟང་སེངྒེས་རང་གི་སྲིད་དབང་བརྟན་ཡོང་བར་མི་སྣའི་རྒྱབ་རྩ་ངེས་ཅན་ཞིག་གྲ་སྒྲིག་བྱས་པ་རེད། བློ་བཟང་སེངྒེ་ཡང་མི་ཡིན་པས་སྐྱོན་ལོས་ཡོད། ཁོ་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཀྱང་གང་ཐུབ་དྲང་བདེན་གྱི་སྐད་ཆ་བཤད་དགོས་པ་ནི་ “རེ་བ་བཟང་ས་ནས་རྒྱག་དགོས་” པའི་བཀའ་རྩ་རེད། ཡང་སོ་སོའི་སྐད་ཆར་སོ་སོས་འགན་ཁྱེར་དགོས་པ་རེད། ལྷག་པར་མི་ཉག་སྐལ་བཟང་དང་འཇམ་དཔལ་རལ་གྲི་ཟེར་བ་སོགས་ཀྱིས་དེ་བས་ཀྱང་རང་གི་སྐད་ཆར་འགན་འཁྱེར་དགོས་པ་རེད། དེ་ནི་འགན་ཆེན་པོ་རེད། དྲྭ་བདག་སོ་སོའི་ངོས་ནས་ཀྱང་མི་འདི་དག་ལ་རྒྱུས་ལོན་བྱེད་དགོས་པ་རེད། དེ་ནི་ “གྲ་སྒྲིག་སྡུག་ས་ནས་བྱེད་” དགོས་པའི་རྐྱེན་གྱིས་རེད། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག

    Reply
  25. གྲྭ་རྒོད says:
    ལོ་ 14 སྔོན།

    ལུང་རྟོགས་ལགས་ལ་ཆེད་ཞུ། ཁྱོད་ཀྱི་གསུང་སྟངས་ཏེ་མཐོང་བ་དང་་ང་བློ་ཕམ་སྐྱེས་སོང་། བཙན་བྱོལ་ནང་དུ་མི་ཁྱོད་ལྟ་བུ་མང་བས་འདི་འདྲ་ཡོང་བཞིན་པ་རེད། སྐད་ཆ་ལ་ལ་ཞིག་བཤད་པ་ལས་མ་བཤད་ན་ཡག་པོ་རེད། དོན་དག་ལ་ལ་ཞིག་གོ་བ་ལས་མ་གོ་ན་བཟང་ཟེར་བ་ལྟར་རེད།མཐུན་འབྲེལ་དང་ཆིག་སྒྲིལ་ལ་བསམ་བློ་གཏོང་རོགས། བོད་ནང་གི་བོད་མིའི་རེ་བ་སྟོང་ཟད་དུ་མ་གཏོང་རོགས་ཞུ་རྒྱུ་ཡིན་ལག་གཉིས་ཐལ་མོ་བྱས་ནས།

    Reply
  26. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    དེ་རིང་དྲ་ཐོགས་གི་གྲོགས་པོ་མང་པོ་ཞིག་གིས་སྐད་ཆ་བཤད་སྟངས་ནོར་འདུག་དགེ་འདུན་རབ་གསལ་དང་ས་ལེ་རྒྱལ་སོགས་དྲང་ཚུགས་ཅན་གྱི་སྐད་ཆ་བཤད་མཁན་ཡིན་པ་ལས་ཕྱོགས་རིས་མཐུན་ཁྱེར་དང་ངོ་བསྟོད་སྤྲེལ་ལད་འཁྲབ་མཁན་མིན་པ་ནམ་རྒྱུན་དྲ་ཐོགས་ཕེབས་མཁན་ཚང་མའི་ཤེས་གསལ་རེད། དགེ་རབ་ཁོང་གིས་གསུང་པ་ནང་བཞིན་བློ་སེང་གི་བཤིས་ཀ་ནི་ང་ཚོ་ཚང་མའི་མི་ཤེས་རྒྱུ་མང་པོ་རེད་ ཨ་རི་ཧ་ཝ་ཌི་སློབ་གྲྭའི་ནང་ལས་གནས་གང་ཡིན་སོགས་སྔར་ནས་རྩོམ་པ་པོ་ཁང་སར་རྡོ་རྗེ་དང་དགེ་རབ་སོགས་གིས་གསང་པ་ནང་བཞིན་རེད། ད་དུང་ང་ཚོ་ཚང་མའི་མི་ཤེས་བཞིན་དུ་ཨུ་ཚུགས་བྱེད་ནས་ཁོང་གཅིག་ཡིན་འདོག་འདོག་བཤད་སྡད་ན་ཕན་ཐོག་ཡོད་མ་རེད དེ་ལས་ང་ཚོ་ཚང་མའི་སྐྱོན་ཡོད་ས་སྐྱོན་བརྗོད་དང་ཡོད་ཏན་ཡོད་ས་བསྟོད་པ་བྱེད་དགོས་གི་རེད་ ཡིན་གཅིག་མིན་གཅིག་ཆོ་ཁ་དང་ཆོས་ལུགས་ཕྱོགས་རིས་ཞིག་བྱེད་སྡད་ན་ང་ཚོ་རང་ཉིད་གི་རང་བཅད་པ་ལས་དགེ་མཚན་གང་ཡོད། ཤར་ཁུ་སྙོགས་གླེང་ནི་ཚོགས་ཆུང་གི་ཚོགས་གཙོ་ཐུབ་བསྟན་བསམ་འཕེལ་གི་དྲི་བ་ལེན་འདེབས་ལ་ལྟོས་ན་གསལ་པོ་རེད་ཁོང་གིས་ལས་བྱེད་སྒྲིགས་གཞི་དང་འགལ་ཚུལ་དང་ཡང་ཆོད་གན་རྫོགས་ཚུལ་སོགས་ནང་འགལ་ཤ་སྟགས་གསུང་གི་འདུག ད་དུང་ཁ་ཤས་ཞིག་གི་ཤར་ཁུ་ཀླུ་མཁར་བྱམ་དང་སྡུར་ནས་བཤད་གི་འདུག་ཡིན་ཡང་ཀླུ་བྱམ་ཤར་ཁུ་དང་བསྡུར་ཐབ་གཏན་ནས་མེད་གང་ཡིན་ཟེར་ན་ཀླུ་བྱམ་ཁོང་གིས་བོད་མི་རིག་ཆེད་དུ་རྩོམ་ཡིན་འབྲི་གི་ཡིན་སྐད་ཆད་བཤད་གི་ཡིན་གསུང་པ་ལས་ངའི་རྩོམ་ཡིག་བྲིས་པ་དེ་ནོར་སོང་དགོངས་དག་ཐུགས་བདེན་ཞུས་མེད། ཤར་ཁུ་གི་ངའི་རྩོམ་ཡིག་སྤེལ་བ་ནོར་སོང་ཕྱིན་ཆད་དེ་འདྲའི་རྩོམ་ཡིག་སྤེལ་གི་མིན་དགོངས་དག་ཐུག་བདེན་ཞུས་པ་རེད་ དེའི་ཐོགས་ནས་རྩོམ་པ་པོའི་ཁ་ཕྱོགས་ལྟོ་གོས་ཆེད་ཡིན་དང་ཡང་ན་བོད་མི་རིག་ཆེད་གང་ཡིན་གསལ་པོ་བྱེད་ཡོད་པ་རེད།

    Reply
  27. བསྟན་པ། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་གྱིས་དྲང་བདེན་གྱི་སྐད་ཆ་གོ་རྒྱུ་ཞིག་བཤད་འདུག་པས་ཐུགས་རྗེ་ཆེ། གཙོ་བོ་བློ་སེང་ཁོ་རང་ནོར་ཡོད་ཙང་རྩོམ་པ་དང་བསམ་བློ་པ་ཆབ་སྲིད་པ་ཚང་མའི་བློ་སེང་གི་མདུན་དུ་ཡིག་ཐོག་ངང་བསམ་ཚུལ་ལྷུག་ལྷུག་དེ་གསུང་རོགས། བློ་སེང་ཁོ་རང་ལ་ཡིག་ཐོག་ནས་འཕྲིན་སོགས་གང་མང་ཞིག་བསྐུར་ཐུབ་ན་དགེ་མཚན་ཆེ་བ་ལས་དྲ་ཐོག་ཏུ་བསམ་ཚུལ་དྲང་པོར་བརྗོད་ན་ཡང་ཕྱོགས་ཞེན་གྱི་སྐད་ཆ་མེད་པས་ཕན་ཐོག་མི་འདུག དྲ་གྲོགས་བསམ་བློ་རྒྱ་ཆེ་རུ་གཏོང་རྒྱུ་གལ།

    Reply
  28. རྟ་མགྲིན་རྡོ་རྗེ། says:
    ལོ་ 14 སྔོན།

    ལུང་རྟོགས་ལ་ཞུ་རྒྱུར།
    ཁྱེད་ཀྱིས་ཁ་ཡག་ལ་སྦྱར་ནས་མགོ་འོག་ལ་བསྡུས་པའི་དབྱེན་དཀྲུག་གི་སྐད་ཆ་མ་བཤད་ན། འདི་ན་
    བཀའ་ཤག་གསར་བའི་ཐག་གཅོད་ནོར་འཁྲུལ་དུ་ངོས་འཛིན་མཁན་གྱི་མཆན་བུ་བའི་ཁྲོད་མདོ་སྟོད་དང་
    མདོ་སྨད་དབུས་གཙང་སྟེ་བོད་ཆོལ་ཁ་གསུམ་གྱི་མི་ངོ་མཆིས། གལ་གནད་ལ་ཐུག་སྟེ་ངོ་སྤྲོད་བྱ་དགོས་
    བྱུང་ཚེ་དེ་དུས་གདོང་སྟོན་རྒྱུ་གྲ་སྒྲིག་ཡོད་པ་རེད། ཁྱེད་ཀྱིས་རྐང་བཙུགས་ནས་མདོ་སྨད་ཀྱི་མཆན་བུ་ཁོ་ནར་ངོས་འཛིན་པ་ནི། གཅིག་བྱས་ན་ཁྱེད་ཀྱི་ཕུགས་ལ་བསམ་བློ་གཏོང་མ་ཤེས་པ་ཡིན་སྲིད་མོད། གཅིག་བྱས་ན་ཁྱེད་ཀྱིས་རྐང་བཙུགས་ནས་བོད་མི་ནང་ཁུལ་དཀྲུགས་བཞིན་འདུགརྗེས་སོར་ཁྲིམས་ཐོག་ནས་སྐད་ཆ་འདི་གླེང་དགོས་བྱུང་ཚེ་ཁྱེད་རང་གང་དུ་ཡོད་ཀྱང་སྐད་ཆ་འདིར་འགན་ཁྱེར་ཐུབ་དགོས། དེ་ཁྱེད་ནས་ཤེས་པར་གྱིས་་་་་་་་་་་་་་་་

    Reply
  29. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་བློ་གཟུ་བོར་གནས་ནས་སྐད་ཆ་ཞིག་ཤོད་དང།
    གལ་སྲིད་ཁྱོད་རང་བློ་སེང་གི་སྐུ་སྟེགས་ལ་ཡོད་ན་ཁུག་རྟས་ཁྱོད་ལ་རྩོམ་ཡིག་འདི་འདྲ་ཞིག་བྲིས་ན་ཁྱོད་རང་གྲགས་འགུལ་གང་ཡང་མེད་པར་བཞུགས་རྒྱུ་ཡིན་ནམ།
    ཡང་ན་རྩོམ་ཡིག་དེ་ལ་ལེགས་སོ་བསྔགས་བརྗོད་ཞུ་གི་ཡིན་ནམ།
    མཛུབ་མོ་རང་ཉིད་ལ་ཚུར་བཀུགས་ནས་བཀའ་མོལ་ཞིག་གསུངས་དང།

    Reply
  30. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 14 སྔོན།

    ལུང་རྟོགས་ལགས་སུ་ཞུ་རྒྱུ།
    གལ་སྲིད་ཁྱེད་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དུ་སྐད་ཆ་དྲང་པོ་མདའ་འདྲ་པ་ཞིག་བཤད་འདོད་ན། ཆོལ་ཁའི་མིང་ཨ་མདོ་ཞེས་བརྗོད་པ་ནི་ལེགས་པོ་མིན་འདུག ཁྱེད་ཀྱིས་དཔེར་ན་། བོད་ནང་སུ་དཔའ་པོ་དཔའ་མོ་རྣམས་ཀྱིས་རང་སྲོག་བློས་གཏོང་བཞིན་པའི་སྐབས་འདིར་ང་ཚོས་འདིར་རྩོད་པ་རྒྱག་པ་འདི་ཧ་ཅང་སྐྱོ་པོ་རེད་ཅེས་བརྗོད་ན་ཇི་འདྲ་མི་ལེགས་སམ།

    Reply
  31. རྭ་ལོ། says:
    ལོ་ 14 སྔོན།

    ༼རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ།༽ ཞེས་པའི་གཏམ་དཔེ་འདི་ཅི་འདྲ་རིན་ཐང་ཅན་ཞིག་རེད་ཨང་།

    ཕ་མེས་ཡང་མེས་ཚོས་སྡོམ་ཚིག་འདི་འདྲ་ཞིག་ཕྱི་རབས་པ་ཚོར་བཞག་པ་རེད། ལོ་ག་ཚོད་ཅིག་ཕྱིན་མིན་སུས་ཤེས།

    Reply
  32. ཤེས་རབ། says:
    ལོ་ 14 སྔོན།

    རྩོམ་པ་པོས་གང་བཤད་བཞག་ཅིག་གཡུག་ནས་གླེན་བཤད་རྒྱག་པ་འདི། མིག་ཡ་གཅིག་མེད་པའི་རྟགས་རེད། དེ་ཐབས་ཤེས་ཡོད་པ་མ་རེད། ལས་རེད། མ་ཤེས་ན་ཐབས་ཤེས་མེད་པ་རེད།
    དེ་ནས་དཔུང་སྒྲིལ་ཟེར་བའི་སྐད་ཆ་རྫོབ་རོ་དེ་དག་མ་བཤད་ན་ཡག་གི་རེད། བདེན་པ་ཡོད་ན་དཔུང་སྒྲིལ་དགོས་ཀྱི་རེད། བདེན་པ་བོར་ནས་བཙན་བྱོལ་དུ་རོ་ཟ་རྒྱུ་ཡིན་ནམ། བདེན་པའི་ཆེད་དུ་༧གོང་ས་མཆོག་སྐུ་ཚེ་མང་ཆེ་བ་ཕྱི་ཡུལ་ནས་བཞུགས་ཡོད། གནད་འགག་འདི་ཚོ་འགོ་འཚོས་པ་གནང་ན་ཡག་གི་རེད།
    སེང་གེ་ཨ་རི་ནས་ཡོང་བ་རེད། ཨ་རིའི་བོད་མི་ཚོས་ཁོ་སོང་ས་བསྡད་སའི་སྐྱག་པ་དང་གཅིན་དྲི་ཚོར་ཡོད་པ་རེད། ཨིན་ཡིག་ཐོག་ན་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་པས་ས་ས་དང་རྡོ་རྡོ་སར་བཞག་འདུག དེ་ཁུངས་སྐྱེལ་དང་བཅས་པ་འདུག དེ་བས་དེ་མཐོང་བྱེད་ཀྱི་མིག་མེད་ཀྱང་མིག་ཅིག་གཡར་ནས་ལྟོས་ན་དགའ་ནི་རེད།
    འགྱུར་མེད་ཟེར་བ་དེས་དགོངས་སེལ་ཞུས་འདུག་ཟེར།་དེ་ལབ་ན་ག་རེ་ལབ་ཀྱི་ཡོད་པ་རེད་དམ། ཁོང་གི་༧གོང་ས་མཆོག་དང་རྒྱལ་བོ་གཉའ་ཁྲི་ནས་ཁྲིམས་མཐུན་བར་མ་ཆད་པར་ཡོང་བའི་གཞུང་དེ་བརྩི་བཀུར་བྱས་ནས་ལབ་གླེང་མི་ཡོང་ཆེད་གང་ཡོང་ཡོང་བསམ་ཤེས་བྱས་ཚུལ་གསལ་བསྒྲགས་དག་ཏུ་བཀོད་མི་འདུག་གམ། སེང་གེ་ཤོག་བུར་འགྱུར་བཞིན་པ་དེ་ཤོག་བུ་རང་རེད་མ་གཏོགས་གཞན་གང་ཡང་མ་རེད། དེ་བས་རྣམ་པ་ཚོས་སྐད་ཆ་བཤད་ན་འགོ་ཚོས་པ་གནང་རོགས། བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པའི་གཏམ་བོད་བསྒྱུར་ཁ་ཤས་ཤིག་གཤམ་གྱི་དྲ་གནས་དག་ཏུ་ཡོད།
    http://www.khabdha.org/?p=16958
    http://www.khabdha.org/?p=17312
    http://www.khabdha.org/?p=15303
    དེས་ཁྱེད་ཚོར་མིག་རེ་སྟེར་ཐུབ་པའི་ཡིད་ཆེས་ཡོད།

    Reply
  33. ནགས་མཚོ says:
    ལོ་ 14 སྔོན།

    གྲོགས་རབ་གསལ་ལགས་ཞུ་རྒྱུ།

    རྒྱབ་ཀྱི་ལྷགས་པ་འགོག་མ་ཐུབ་ན་ཡང་།
    མདུན་གྱི་ཉི་མ་མ་འགོག་གནང་།

    རང་གི་དེ་འདྲ་བཤད་ན་ གཉེན་ཟུར་དུ་ཕུད། དགྲ་པང་དུ་བླངས།
    ཞེས་པ་ལྟར་རེད།

    Reply
  34. དགེ་འདུན་རབ་གསལ། says:
    ལོ་ 14 སྔོན།

    གཟིགས་མཁན་ཚོས་མཆན་བུ་མང་པོ་བཏབ་འདུག ཐུགས་རྗེ་ཆེ།
    རྩོམ་གྱི་མཆན་བུ་རྣམས་ཀྱི་ཁ་ཕྱོགས་དེ་སླར་ཡང་ཤར་ཕྱོགས་ཁུག་རྟ་ལ་འཁོར་འདུག ངས་སྒྲིག་གཞི་ལ་བརྟེན་ནས་ལས་ཀ་འཐོབ་ཆོག་གི་རེད་ལ་ལས་ཀ་ཤོར་ཡང་ཆོག་གི་རེད་ཅེས་ཞུས་ཡོད། འདི་གནད་དོན་དེ་མ་རེད། གནད་དོན་ངོ་མ་ནི། བློ་བཟང་སེང་གེས་རྐྱེན་རྩ་འདི་འདྲ་ཞིག་ལའང་འཇུས་ནས་དབང་ཆ་སྤྱད་པ་དེ་རེད། ཤར་ཕྱོགས་ཁུག་རྟའི་རྩོམ་གྱི་ནང་དོན་དེས་བཀའ་ཁྲིའི་དགོངས་པ་ཚོམ་ཡོད་པའང་གསལ་པོ་རེད། རང་གི་མིང་གནས་ལ་དོ་ཕོག་འགྲོ་གི་ཡོད་དུས་ ཁུག་རྟའི་ལས་ཀའང་མཚམས་འཇོག་བྱེད་བཅུག་པ་རེད། འདིའི་ཐོག་ནས་ཁུག་རྟ་ལ་བརྟག་པ་ལས་སེང་གེ་ལ་བརྟག་རྒྱུ་དེ་གལ་ཆེན་པོར་མཐོང་སོང་། སེང་གེ་ལ་བརྟག་པ་དེ་ཡང་བོད་སྤྱི་པའི་བདེ་དོན་ལ་འབྲེལ་བ་མི་འདུག་མ་གསུངས་རོགས། སེང་གེ་མི་རེད། མི་དེ་ཡང་འཇོན་པོ་ཞིག་རེད། འོན་ཀྱང་ཁོང་གི་གཤིས་ཀ་ཁག་ཅིག་ཁོང་གིས་ང་ཚོར་གསུངས་ཡོད་མ་རེད། ཁོང་གི་ལོ་རྒྱུས་ཁག་གཅིག་ཁོང་གིས་ང་ཚོར་གསུངས་ཡོད་པ་མ་རེད། ཡང་དྲང་པོར་གསུངས་ཡོད་པ་མ་རེད། དེ་ཚོ་ཡང་ཁོང་གི་གཤིས་ཀ་ཞིག་རེད། དེ་དག་ཀྱང་དབྱིན་སྐད་ཀྱི་གསར་ལམ་དག་ན་ཁུངས་དང་བཅས་ཏེ་བཀོད་འདུག བོད་ཡིག་ལ་ད་བར་གླེང་སློང་བྱས་མ་སོང་། བྱས་ཙང་འདིར་བཤད་པ་ཡིན།
    སྐྱོན་བཤད་སྐབས་བཟང་ཡང་བཤད་དགོས་པ་དེ་ཡང་གལ་ཆེན་པོ་རེད། དེ་འདིར་ཆད་པ་རེད། དེ་ལ་དགོངས་དག་ཞུ།

    Reply
  35. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་ནང་གི་ཨ་མདོ་བ་ཚོས་བོད་མི་ས་ཡ་དྲུག་གི་རང་དབང་དང་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུའི་ཆེད་དུ་རང་ལུས་མཆོད་མེར་འབུལ་བཞིན་པའི་སྐབས་འདིར། བཙན་བྱོལ་ནང་གི་ཨ་མདོ་བ་ཚོས་ཆོལ་ཞེན་ལུང་ཞེན་གྱི་དབང་དུ་གྱུར་ཏེ་ཕྱོགས་སྒྲིལ་གྱིས་རང་གཞུང་བཀའ་ཤག་དང་བཀའ་ཁྲིའི་གདོང་ལ་བུད་བཞིན་པ་འདི་ནི་ཇི་འདྲའི་ཡིད་མུག་པ་ཞིག་རེད། ནམ་རྒྱུན་མི་བསམ་ཡོད་ཤེས་ལྡན་ལ་བརྩི་བའི་རྒན་ལྷ་མོ་སྐྱབས་དང་། རྩོམ་པ་པོ་རྒན་རབ་གསལ་ལགས། རྩོམ་པ་པོ་གསལ་ལེ་རྒྱལ་སོགས་བཙན་བྱོལ་ནང་ཅུང་ཟད་གོ་རྒྱུ་ཡོད་པའི་ཨ་མདོའི་རྩོམ་པ་པོ་ཧ་ལམ་ཡོང་རྫོགས་ཕྱོགས་གཅིག་ལ་སྒྲིལ་ནས་བཀའ་ཁྲིའི་གདོང་ལ་ཐོན་ནས་བློ་བཟང་ཆོས་འབྱོར་ལ་རྒྱབ་སྐྱོར་བྱེད་བཞིན་པ་དྲ་རྒྱ་ཉུལ་མཁན་ཞིག་ཡིན་ན་ཤེས་གསལ་རེད། འདི་ལྟ་བུའི་བྱེད་བབ་འདི་ནི་དགྲ་དགའ་གཉེན་སྡུག་ལས་སུ་ལ་ཡང་ཕན་ཐོག་མེད་པ་མ་ཟད་དོན་ཆུང་འདི་བཙན་བྱོལ་གཞུང་དམངས་བར་དང་། མི་མང་ནང་ཁུལ་ལ་སྐྲུག་གཞི་ཆེན་པོ་ཞིག་ལ་འགྱུར་སྲིད་པས་ཆོལ་ཞེན་ལུང་ཞེན་གྱི་བྱེད་བབ་འདི་རིགས་ངེས་པར་དུ་མཚམས་འཇོག་གནང་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  36. གྲྭ་རྒོད says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ཟེར་བ་འདིས་གསུང་བ་འདི་ཚོ་ལ་ཞིབ་འཇུག་ཞིག་བྱས་ན་དོག་པ་ཟ་དགོས་པ་ཞིག་རེད། མི་འདི་ཚོའི་བྱེད་སྟངས་འདི་རང་ཉིད་དངུལ་གྱི་ཉོས་བས་དབང་ལས་བྱུང་བ་ཞིག་མིན་ནམ་བསམ། རང་ཉིད་ཀྱི་འདོད་བློ་ལྟར་རང་སྟངས་ནས་ཡིད་མ་ཁེངས་པ་ཞིག་ལས་བྱུང་བ་ཞིག་ཡིན་པ་གསལ་བཤད་མི་དགོས་པ་ཞིག་རེད། བོད་མང་ཆེ་བའི་ཁ་ཕྱོགས་ཤེས་དགོས་པ་མ་ཟད་ང་ཚོ་ལ་དུས་རབ་འདིར་དགོས་པ་དེ་གང་ཡིན་ངོ་འཕྲོད་དགོས།

    Reply
  37. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    འདི་གནའ་སྔ་མོའི་དུས་བབ་ཚང་གི་རྩོམ་སྒྲིག་པ་རབ་གསལ་ཟེར་བ་དེ་མ་རེད་པས། ཡ་མཚན་ཞིག་ལ། ཁོང་ད་ལྟ་ད་དུང་ཡང་འཇིག་རྟེན་འདིར་བསྡད་ཡོད་པ་གྲགས། བར་སྐབས་ཤིག་ནས་གོ་རྒྱུ་ཐོས་མེད་པ་ཆགས་སོང་། ངའི་བསམ་པར་བསྟན་འཛིན་མགོན་པོ་དང་མཉམ་རྡོ་རྗེ་གདན་ལ་སྒོམ་རྒྱག་ས་འགྲོ་ཡོད་དམ་སྙམ་བྱུང་། དེ་རིང་དྲ་ཐོག་ན་སླེབས་པ་དང་དུས་མཉམ་དུ་ཞེན་ཁོག་སྐམ་པོ་དེ་སྔར་བཞིན་འགྱུར་བ་འགྲོ་མི་འདུག ཁོང་གིས་ཁྱི་སྐད་རྒྱག་སྟངས་ལ་བལྟས་པ་ཡིན་ན་བོད་མི་མང་གི་བཀའ་ཤག་ལ་དྲིན་ལན་ལོག་མཇལ་དང་ཡང་ན་རྒོལ་ལན་ཞིག་ལོག་འདོད་པ་དེ་ཁོ་ན་ཡིན་པ་གྲགས། ཤར་ཕྱོགས་ཁུག་རྟ་ཟེར་བ་འདི་མི་གསོན་པོར་བསྡད་བསྡད་པ་རེད། ཁྱེད་རང་ནམ་ཞིག་ཀྱང་ཁོང་གི་རྒྱབ་མདུན་ན་ལངས་ཆོག་ཆོག་རེ། གལ་ཏེ་ངོ་མ་ཁྱོད་ལ་སྙིང་དམར་པོ་ཞིག་ཡོད་ན་བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ལུས་མེར་བསྲེགས་བཏང་གཏོང་བཞིན་པའི་སྤུན་ཟླ་ཚོའི་ཤུལ་ན་ཉི་མ་དེ་རིང་ནས་བཟུང་ཡར་ལོངས་ཤིག།

    Reply
  38. ཚ་ཤོད་ཤེས་རབ། says:
    ལོ་ 14 སྔོན།

    ཁ་སང་དེ་རིང་འདི་ནས་རྩོམ་པ་པོ་རྒན་རབས་པ་ཆབ་བྲག་ལྷ་མོ་སྐྱབས་དང་། དགེ་འདུན་རབ་གསལ་གཉིས་ཀྱིས་ཀྱང་རང་གི་ལས་དོན་གྱི་ཞར་ ཞོར་ནས་ཁོམ་སྐབས་ཕྱུང་སྟེ་སྨྲ་བརྗོད་
    རང་དབང་རྩལ་འདོན་གནང་བཞིན་པ་ནི། གཉོམ་ལག་མ་རྒྱས་པའི་བོད་དམངས་གཙོ་གཞུང་ཞིག་ལ་མཚོན་ན། ཇི་འདྲའི་ལག་ཆ་མང་པོ་ཞིག་ལེན་རྒྱུ་ཡོད་པ་ཨང་། འདི་ཚང་མ་༸གོང་ས་མཆོག་གིས་རིང་ནས་ཡིད་ལ་བརྣག་པའི་
    དམངས་གཙོ་མཚན་ཉིད་ཚང་བ་ཞིག་ལ་མངོན་འགྱུར་ཡོང་རྒྱུར་རེ་བའི་ཞབས་ཞུ་རྨ་མེད་ཅིག་དང་། བོད་མི་རིགས་འདིའི་སྨྲ་བརྗོད་རང་དབང་སྲུང་སྐྱོབ་ཀྱི་གོམས་སྟབས་གསར་བ་ཞིག་ཀྱང་ཡིན་པས་ཁ་དྲོ། ཡག་བྱུང་ཞེས་ཞུ་རྒྱུ་ཡིན།

    Reply
  39. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    ཆབ་བྲག་ལྷ་མོ་དང་དགེ་འདུན་རབ་གསལ་གཉིས་ཀྱིས་སྣེ་ཁྲིད་ནས་སྤྱི་ཚོགས་ཆུང་ཆུང་འདི་དུབ་བུ་དགུ་འཐོར་དུ་མ་བཏང་རོགས།

    ཁུག་རྟ་ཁོ་རང་གིས་བླང་དོར་སྒྲིག་གཞི་ལ་འགལ་ཡོད་པ་ངོས་ལེན་བྱས་བ་མ་ཟད་སྒྲིག་གཞི་དེ་དང་འགལ་བའི་འགྱོད་བཤགས་ཀྱི་སྙན་ཞུ་ཡང་ཕུལ་ཚར་འདུག
    ད་ཁྱེད་ཚོས་བླང་དོར་སྒྲིག་གཞི་ལ་འགལ་མེད་རབ་བཤད་བ་ནི་ར་བཟི་བའི་སྐད་ཆ་མ་རེད་དམ།
    དོ་བདག་ཁུག་རྟ་རང་ཉིད་ཀྱིས་བླང་དོར་སྒྲིག་གཞི་དང་འགལ་བ་ཁས་ལེན་བྱས་པའི་ཡིག་ཆ་ཁ་བརྡ་ནང་དུ་འདུག

    Reply
  40. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དམངས་གཙོའི་འགོ་གཙོ་ལ་ལེགས་ཉེས་ཀྱི་རྩོམ་ཡིག་དགོས་པ་ནི། དམངས་གཙོའི་རང་དབང་དང་ཁེ་ཕན་ཡིན་པས་ངེས་པར་དུ་དགའ་བསུ་ཞུ་འོས་ལ། འོན་ཀྱང་ལུང་ཚན་གྱིས་ཞེན་ཆགས་དང་འགའ་ཞིག་གིས་བོད་ཡིག་པོ་མི་ཤེས་སྟངས་སོགས་འོས་བསྡུའི་སྔོན་ལ་བཤད་དགོས་པ་ད་ལྟ་གཞི་ནས་བཤད་པ་ནི་སྤྱི་དོན་ལ་ཕན་ལས་གནོད་ཆེ། རྩོམ་གྱི་མཇུག་ཏུ་འོས་ལངས་སྐབས་སུ་བཤད་མ་བཤད་སོ་སོར་ཁ་ཁག་གསལ་སྟོན་བྱས་པ་ནི། མཁས་ལ་དྲང་ཚུགས་ཆེ་བའི་རྩོམ་ཡིག་ཏུ་མཐོང་ལགས།

    Reply
  41. དཀོན་མཆོག་དོན་འགྲུབ། says:
    ལོ་ 14 སྔོན།

    དེང་གི་སྤྱི་ཚོགས་ནང་མིང་གྲགས་ཡོད་པའི་རྩོམ་པ་པོ་ཆབ་བྲག་ལྷ་མོ་སྐྱབས་དང་། དགེ་འདུན་རབ་གསལ་བཅས་པའི་༸གོང་ས་མཆོག་གི་བཀའ་དགོངས་བཞིན་སྤྱི་ཚོགས་ནང་འགན་བཞེས་ཏེ་སྣེ་ཁྲིད་མ་ཐུབ་རུང་སྤྱི་ཚོགས་གཏོར་བཤིག་མ་གཏོང་རོགས་གནང་ཞེས་སོར་བཅུ་ཐལ་མོ་སྙིང་ཁར་སྦྱར་ཏེ་སྐྱབས་འཇུག་ཞུ་རྒྱུ་དང་། ཤར་ཕྱོཊ་ཁུག་རྟའི་གནས་དོན་རྣམས་བློ་གཟུར་བོ་གནས་ཏེ་ཁོང་གི་ཟིན་བྲིས་དེ་ནས་གསལ་པོ་ཆགས་ཀྱིན་འདུག་པས་དེའི་སྐོར་ངེད་ཅག་གིས་ཇུས་གཏོགས་མ་བྱས་ན་ཡག་བ་མིན་འགྲོ་སྙམ།

    Reply
  42. ཨ་མིའི་བུ། says:
    ལོ་ 14 སྔོན།

    བོད་ནང་བོད་མི་རྣམས་ཀྱི་རང་ལས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་མེ་མཆོད་རྒྱག་གི་ཡོད།
    རང་རེ་བཙན་བྱོལ་བ་ཚོ་འདི་ལྟར་ཕྱོགས་རིས་ཀྱི་གདོན་གྱི་མནར་ནས་འདིག་ཕོད་དམ། འདི་གསར་པ་གང་ཡང་མ་རེད་སྔོན་མ་ཟམ་གདོང་བླ་མས་ཡང་ཀླུ་མཁར་བྱམས་ཀྱང་གཞུང་ལས་ནས་ཕུད་པ་རེད་དེ་སིས་ཀྱང་མ་གོ་བ་འེ་རེད།

    Reply
  43. ཐིག says:
    ལོ་ 14 སྔོན།

    དུས་དང་ཐོག་མ་འོངས་བཀའ་ཁྲི་དེ།
    ན་གཞོན་ཞིང་འཛངས་མི་དགོས་པ་དང་།།
    དེང་ད་དུས་ཤེས་འཇོན་དགོས་པ་ལས།།
    དཔོན་སྐུ་དྲག་རིགས་རྒྱུད་མི་དགོས་སྨྲས།།

    དུས་བར་མ་བོད་ཀྱི་བཀའ་ཁྲི་དེ།།
    སྐུ་བརྗིད་ལ་གདེང་ཚོད་ཡོད་པ་དང་།།
    བོད་མ་འོངས་རེ་བ་ཡོད་ལུགས་སོགས།།
    སྟོད་མེ་ཏོག་ཆར་པ་བབས་བབས་གཏོར།།

    ད་སྐུ་ཉིད་མཛད་འཕྲེན་སྐྱང་མུས་སུ།།
    བོད་རང་གི་སྐད་ཡིག་རྨོངས་པ་དང་།།
    རང་འཁོན་སེམས་བསྐྱངས་ནས་མི་གསོད་སོགས།།
    དམའ་མདོང་རྕེ་བྲང་ལ་གཏད་པར་བྱེད།།

    བོད་ལས་དབང་འདི་ལྟར་གཉེན་འཕྲང་འདིར།།
    སྨྱུག་ལག་ཐོག་བོད་མི་ཐ་ཤལ་གྱིས།།
    རིགས་ཝ་མོའི་ཚུལ་གྱི་བྱེད་ལུགས་འདིར།།
    ང་བུ་ཆུང་མི་བཟོད་མཆི་མ་ཤོར།།

    བོད་ཁ་བའི་ལྗོངས་ཀྱི་བདེ་སྐྱིད་འདི།།
    གོང་སྐུ་བཞུགས་སྐྱབས་མགོན་བླ་མ་དང་།།
    དེའི་ཞོར་རུ་བཀའ་བླུན་སྤྱི་འཐུས་ཚོའི།།
    དོན་ཁོ་ན་མིན་པར་མི་རྟོགས་ཅི།།

    མཚོན་སྨྱུག་རྕལ་ཡོད་ཀྱང་བེད་སྤྱོད་དེ།།
    ཕྱོགས་ཁ་གཏད་དགྲ་ལ་མ་གཏད་པར།།
    ནང་རང་རིགས་བོད་ལ་གཏད་དོན་ཅི།།
    འདི་ང་ཚོའི་བོད་མིའི་བྱེད་ལུགས་སམ།།

    ཁོ་ཁུག་རྟ་བྱིའུ་གནས་འབྱུངས་དེ།།
    དོན་ཆེན་པོ་མིན་པར་སྒེར་གྱི་དོན།།
    གོང་བཀའ་ཁྲི་ལྡིག་པའི་ཚིག་རྩུག་རྣམས།།
    བོད་སྤྱི་ལ་ཐུག་མིན་མི་ཤེས་ཅི།།

    དུས་དེང་སང་རྒྱ་ཡི་གསང་ཉུལ་སོགས།།
    མིག་ཅེར་བཞིན་དཀྲུག་རྒྱུ་འཚོལ་པ་དང་།།
    བོད་ཆིག་སྒྲིལ་ཐོར་བའི་དུས་དེ་ཉིད།།
    གང་མགྱོགས་མགྱོགས་ཡོང་པར་སྒུག་ནས་ཡོད།།

    དགྲ་དགའ་ཞིང་གཉེན་སྡུག་ཚིག་རྙོག་རྣམས།།
    དུས་ད་ནས་མཚམས་འཇོག་ཡོད་པ་དང་།།
    བོད་སྒྲིག་འཛུགས་གོང་ན་བཞུགས་ཡོད་པས།།
    མགྱོགས་མྱུར་ཏུ་གསལ་ཁ་བཟོ་ཡོང་སྙམ།།

    Reply
  44. གཉའ་འབྲོང་ཐུ་བུ། says:
    ལོ་ 14 སྔོན།

    ཁ་བ་སྐམ་པོའི་སྐད་ཆ་ཉུང་ཉུང་དེར་གོ་རྒྱུ་ཆེན་པོ་འདུག སྡེར་ཆགས་ཀྱི་རྒྱལ་བོ་ཞིག་གིས་འདབ་ཆགས་བྱིའུ་ཞིག་བདས་པ་དེ་ནི་བྱིའུ་ཁུག་རྟའི་ངག་གི་ཀྱུར་ཀྱུར་གཅིག་པོ་ཡིན་རྒྱུ་མ་རེད། དམིགས་ཡུལ་གཞན་ཞིག་ཡོད་རྒྱུ་རེད་འདོད་ཀི དེ་ལ་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་དུ་མཐོང་། བཟང་ཕྱོགས་ཀྱི་དམིགས་ཡུལ་ཡིན་ནམ་ངན་ཕྱོགས་དམིགས་ཡུལ་ཡིན་མིན་ཀྱང་དེ་དུས་ལྷང་ལ་འབུད་རྒྱུ་རེད།

    Reply
  45. ཁ་བ་སྐམ་པོ། says:
    ལོ་ 14 སྔོན།

    གྱི་ན་བས་སེམས་ལ་འཁོར་བའི་སྐད་ཆ་དགའ།
    སྤྱིར་བཏང་བློ་བཟང་སེང་གེའི་གནས་སྟངས་ད་ཞིག་ལ་ངོ་སྤྲོད་བྱེད་པ་ནི།
    འཕྱི་སོང་བ་རེད་འདི་རུ་འདིའི་བཤད་སྟངས་ནི་བློ་སེང་གིས་འཇོན་གི་རེད་བསམ་ནས་སྔོན་ལ་བཤད་རོགས་མ་ཆོད། འོ་འཇོན་ས་མ་རེད་གོ་བསམ་དུས་ད་གཟོད་སྐྱོན་མང་པོ་ཞིག་མཁྱེན་ཡོད་ཁ་བྱེད་གོ་ནི་རེད། ཆེས་ཉོབ་ཤོས་འདི་རུ་འདི་རེད། སྐྱོན་གྱི་ཕྱོགས་སྔོན་ལ་མི་བཤད་པར་རྗེས་ནས་བཤད་པ་ཚོ་ནི་ཨམ་སྐད་ཀྱི་ཁོག་རྩོག་ཟེར་བ་དེ་རེད།
    རྩོམ་པ་པོ་དགེ་འདུན་རབ་གསལ་དང་ཆབ་བྲག་ཕོ་ཉ་སོགས་སྤྱི་ཚོགས་འདིའི་ནང་གདེང་འཇོག་ཅུང་ཡོད་པ་ཚོས་དེ་ལྟར་མ་གནང་རོགས་ཞུ། ཁྱོད་ཚོར་ཡིད་ཆེས་བྱེད་མཁན་མང་ནི་རེད། འུ་ཚོར་འཐེན་འཁྱེར་མ་མང་ན་མ་ཉུང་ཞིག ལྷོད་ལྷོད་གནང་ནས་བསམ་གཞིག་བྱེད་རོགས་ཞུ།

    Reply
  46. རྟ་མགྲིན། says:
    ལོ་ 14 སྔོན།

    སྨྲ་བརྗོད་རང་དབང་ལ་བཅོ་རྒྱུ།

    Reply
  47. རྟ་མགྲིན། says:
    ལོ་ 14 སྔོན།

    ཤར་ཕྱོགས་ཁུག་རྟའི་སྐོར་འདི་གནས་ཚུལ་ཧ་ཅང་གི་ཚབ་ཆེན་ཆགས་སོང་། འདི་ནང་གི་གནད་དོན་གཙོ་བོ་ཤར་ཕྱོགས་ཁུག་རྟ་མ་རེད། ཡིན་ངོ་མ་དེ་སྨྲ་རང་དབང་ལ་ཐུག་ཡོད།

    Reply
  48. ཁ་བའི་བུ། says:
    ལོ་ 14 སྔོན།

    དགེ་འདུན་རབ་གསལ་ལགས་ཀྱིས་གང་ལེགས་བྲིས་པར་ཡི་རངས་ཞུ། ང་ཚོས་སེང་གེའི་སྡེར་མོ་དེ་འགྱིག་ལས་གྲུབ་པར་སེམས་ཐག་གཙང་བཅད་ཀྱིས་བརྗོད་ཐུབ་ལ། གཡུ་རལ་སོགས་ཀྱང་སྲང་བར་གྱི་བ་སྤུ་ལས་གྲུབ་པ་ཞིག་ལས་སེང་གེ་ངོ་མའི་སྡེར་མོ་དང་། གཡུ་རལ་ག་ལ་ཡིན། ཅི་སྟེ་སེང་གེ་ངོ་མའི་སྡེར་མོ་དང་། གཡུ་རལ་ལྡན་ན་ད་བཟོད་ཤར་ཕྱོགས་ཁུག་རྟ་ཕལ་ཆེར་ཁོང་གི་སྡེར་མོའི་འོག་གྲོངས་ཚར་བ་རེད། སྟབས་ལེགས་པ་ཞིག་ལ་འགྱིག་གི་སྡེར་མོས་ཤར་ཕྱོགས་ཁུག་རྟ་ཤི་རྒྱུ་ཕར་བཞག ན་གཟུགས་ཙམ་ཡང་བཏང་བཟོ་མིན་འདུག

    Reply
  49. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 14 སྔོན།

    དངོས་འབྲེལ་བྱེད་ན་ཤར་ཕྱོགས་ཁུག་རྟས་ཉེར་རབས་ཁམས་དང་ཨ་མདོའི་རྒྱལ་གཅེས་དཔའ་བོ་དག་གི་རྒྱ་གཞུང་ལ་ངོ་རྒོལ་བྱེད་པའི་རྒྱུན་རིང་དང་གོ་ལྡོག་པའི་རྣམས་པ་འདི་མཐོང་། གཞུང་དང་ཚོགས་པ་གང་ཞིག་ཡིན་ན་དེར་སྒྲིག་འཛུགས་ཤིག་མེད་ན་ཡོང་ཐབས་མེད་པས་སྒྲིག་འཛུགས་དེར་ཁྲིམས་དང་མཐུན་པ་ཞིག་ཡོང་མིན་དེ་ཡང་ཁྲིམས་ཁང་ནང་བཤད་དགོས་པ་ལས་སྤྱི་ཚོགས་ནང་འུར་སྒྲོག་བྱེད་སྟངས་འདི་བདེ་སྲུང་ལས་ཁུང་ཙམ་མ་ཡིན་པ་དེར་འབྲེལ་ཡོད་རྣམས་ཀྱི་ཀྱང་དོ་སྣང་བྱེད་དགོས་པ་མཐོང་།

    Reply
  50. གནས་ཚང་། says:
    ལོ་ 14 སྔོན།

    ད་རེས་རྒན་རབ་གསལ་ནོར་འདུག ཤར་ཕྱོགས་ཁུག་རྟ་ལགས་ལ་རྐྱེན་ངན་གྲོགས་ཤར་གྱིས་ཨ་འཇིགས་ཀྱི་བླ་བྱར་གྱུར་འདུག་པར་མ་ཟད། ཟམ་གདོང་གི་སྒོ་བྱ་དང་དཔལ་ལྡན་ཚོགས་གཙོའི་ཁྱིམ་བྱ། དབུ་མའི་ལམ་ལས་འགུལ་ཁང་གི་ནེ་ཙོར་གྱུར་འདུག་ཅེས་ཚང་མ་ལོས་བཤད་ཀྱིན་འདུག དེ་མིན་ནུབ་ཕྱོགས་སུ་ཆོད་གན་མ་བཞག་པར་རྒྱ་ནག་ལྟར་མི་ཚེ་གཅིག་ལ་ལས་ཀ་སྤྲད་སྟངས་ཤིག་ཀྱང་ཡོད་དམ། ཕལ་ཆེར་རྒན་ལགས་དེའི་གྲས་མིན་འགྲོ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese