མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིགས་རྒྱུད་བཙོང་བ་དང་སྤྲོད་པ་ལ་དགེ་མཚན་འདུག་གམ། གཉིས་པ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྤྱིར་འགྲོ་བ་མིའི་རང་བྱུང་གི་སེམས་པའི་ཆགས་སྟངས་དང་ཆུང་ནས་གཤིས་ལ་འཇགས་པའི་གོམ་གཤིས། ཁོར་ཡུག་དང་གྲོགས་ཉེ་དུ་ཡིས་བྱིན་པའི་མངར་སྐྱུར་འདྲེས་མའི་ཚོར་བ་བཅས་ལ་བརྟེན་ནས། མཚན་མཐུན་བཟའ་ཚང་འདི་བྱུང་བར་འདོད་ཀྱི་ཡོད་ལ། དངོས་ནས་བཤད་ན། མཚན་མཐུན་གཉེན་སྒྲིག་བྱེད་པའི་གོམ་གཤིས་དར་ནས་ཡུན་རིང་སོང་མེད་ཀྱང་། མཚན་མཐུན་མཉམ་འདུག་བྱེད་པའི་སྲོལ་དེ་ནི་སྔ་མོ་ནས་ཡོད་རབས་འདུག དེ་ནི་གཅིག་ནས་ཆོས་རྒྱུད་ཁ་ཤས་ལ་ཁག་བཞག་ནས་བྱུང་བར་བཤད་མཁན་ཡོད་ལ། དེ་ལྟར་མི་འདོད་པར་སྐྱེ་ནས་སྐྱེ་བ་སྐྱེ་བར་དགའ་བ་དང་། བུད་མེད་བུད་མེད་ལ་དགའ་བའི་སེམས་གཤིས་ཡོད་པར་ངེས་འཛིན་བྱེད་མཁན་ཡང་ཡོད་པ་རེད།

གང་ལྟར། དེ་རིང་གླེང་གཞི་དངོས་ནི། མཚན་མཐུན་གཉེན་སྒྲིག་བྱེད་མཁན་གྱི་བུད་མེད་ཀྱི་སྐོར་ནས་གོང་གི་ལེའུ་ཚན་དང་བོར་མདོར་བསྡུས་ཤིག་བཤད་ཟིན་པ་དེ་ཡིས་འཐུས་པར་བྱེད། ད་འདི་ནས་གང་གླེང་བར་བྱ་བ་ནི། མཚན་མཐུན་གཉེན་སྒྲིག་བྱེད་མཁན་གྱི་སྐྱེ་བ་དག་གི་སྐོར་ནས་རེད། དེ་ཡང་མཚན་མཐུན་གཉེན་སྒྲིག་བྱེད་མཁན་གྱི་སྐྱེ་བ་དག་གི་ཁྲོད་དུ་ཡང་རིགས་རྒྱུད་འཁུར་བ་དང་རིགས་རྒྱུད་བསྐྱེད་སྲུང་བྱེད་མཁན་བྱུང་ཡོད་ལ། ཉེ་བའི་ལོ་འགའི་སྔོན་དུ་ཨ་རི་ནས་སྐྱེ་བ་ཞིག་གིས་རང་གི་གྲོད་པའི་ནང་དུ་རིགས་རྒྱུད་ཅིག་བླུགས་ནས་བདེ་ལེགས་ངང་སྐྱེ་ཡོད་ལ། ད་ལྟ་དེ་རིང་ཡང་ང་རང་བསྡོད་སའི་རྒྱལ་ཁབ་འདིའི་ནང་དུ་ཡང་། སྐྱེ་བ་ཞིག་གི་རང་གི་གྲོད་ཁོག་ནང་དུ་ཕྲུ་གུ་ཞིག་འཁུར་ནས་སྐྱེ་གྲབས་ཡོད། གནས་ཚུལ་རྒྱུས་ལོན་བྱས་པ་ལས་ཤེས་པ་ཡིན་ན། སྐྱེ་བ་དེ་ནི་ཆོས་ལུགས་པའི་ཁྱིམ་རྒྱུད་ཅིག་ནས་བྱུང་བའི་མི་ཞིག་རེད་འདུག་ལ། རྒྱལ་ཁབ་འདིའི་མི་རིགས་ཀྱི་ལོ་རྒྱུས་སྟེང་ནས་སྐྱེ་བ་ཞིག་གི་ལུས་ལ་ཕྲུ་གུ་འཁུར་བ་ཁོ་རང་དང་བོ་དེ་ཆགས་ཡོད་པར་བཤད་ཀྱི་འདུག མི་རིང་བར་ཟླ་ངོ་གཅིག་གི་རྗེས་སུ་ཕྲུ་གུ་བདེ་ལེགས་ངང་སྐྱེ་ཐུབ་པར་བཤད་ཀྱི་ཡོད།

དོན་དངོས་སུ་སྐྱེ་བ་ཕོ་ཡི་ལུས་ལ་བུད་མེད་ཀྱི་ཚོར་བ་ཞུགས་ནས་ཡོད་པའི་བཤད་ཚུལ་ཡོད་ལ། འདི་ནི་དངོས་སུ་སྐྱེ་བ་ཞིག་གི་ལུས་ལ་བུད་མེད་ཅིག་གི་རྣམ་ཤེས་ངོ་མ་ཞིག་ཞུགས་པ་མ་རེད་ཟེར་ནས་བཤད་ཁག་ན་ཡང་། གནམ་འོག་འདི་ནས་སྐྱེ་བ་དང་བུད་མེད་གཉིས་ལས་སྐྱེ་བ་ནས་ལས་ཀྱི་ཐག་གིས་བཅད་པ་དང་། སྔོན་བསགས་ལས་དབང་ལ་ཁས་ལེན་བྱེད་པའི་བོད་མི་དང་ནང་བའི་རྗེས་མཇུག་པ་ཞིག་ལ་མཚོན་ནས་བཤད་ན། སྐྱེ་བ་སྔ་ཕྱི་ལ་འགྱུར་བ་མིག་གིས་རིག་ས་ནས་གཏོང་བའི་དེང་རབས་ཚན་རིག་གི་བྱེད་ཐབས་གསར་བ་འདི་དག་ལ་འགྲེལ་བཤད་ཇི་ལྟར་བརྒྱབས་ན་འོས་པ་ཞིག་ཆགས་འདུག་སྙམ་ན། དངོས་ནས་བསམ་གཞིགས་བྱེད་པ་གཅིག་བུས་མི་འགྲིག་པར། དངོས་སུ་མི་འདི་ཡི་རིགས་ཀྱི་ལོ་རྒྱུས་ཡིག་ཐོག་དུ་བླངས་ནས་དགེ་སྐྱོན་ཞིབ་ཚགས་པོ་རེ་བྱེད་ཐུབ་ན་བསམ་བྱུང་།

ད་ལྟའི་བར་དུ་བོད་མིའི་ཁྲོད་དུ་མཚན་མཐུན་གཉེན་སྒྲིག་བྱེད་མཁན་ནི་དངོས་སུ་རིག་རྒྱུ་ཕར་ཞོག་གོ་རྒྱུ་ཡང་མེད་པར་ད་ལྟའི་བར་དུ་སོང་བ་རེད། ཡིན་ཡང་། ལོ་སྔོན་མའི་ནང་དུ་ཨ་རིའི་ཡུལ་དུ་གནས་བསྡོད་བྱེད་པའི་བོད་ཀྱི་སྐྱེ་བ་ཞིག་གིས་ཨ་རིའི་ཕོ་གསར་ཞིག་དང་མཚན་མཐུན་གཉེན་སྒྲིག་བྱས་པ་རེད། བོད་ཀྱི་མི་རིགས་ཁྲོད་དུ་མཚན་མཐུན་གཉེན་སྒྲིག་འདི་དར་སྲིད་དམ། གལ་སྲིད། དར་བ་ཡིན་ན་འཚམ་པོ་འདུག་གམ། མཚན་མཐུན་གཉེན་སྒྲིག་བྱེད་མཁན་དག་གིས་རིགས་རྒྱུད་ལ་འགན་འཁུར་གྱི་ཡོད་དམ། རིགས་རྒྱུད་ལ་བསམ་མཁན་གྱི་མཚན་གཉེན་སྒྲིག་མཁན་ཅི་ཙམ་ཡོད་དམ། དངོས་ནས་བཤད་ན། མཚན་མཐུན་གཉེན་སྒྲིག་འདིས་སྤྱི་ཚོགས་ཀྱི་དགེ་སྐྱོན་གང་ཞིག་གི་གོ་གནས་ཤུགས་ཆེ་བ་བཟུང་ཡོད་དམ།

གང་ལྟར། མཐའ་དོན་དུ་ངས་བསམ་ན། བོད་དུ་དར་སྲིད་པའི་མཚན་མཐུན་གཉེན་སྒྲིག་པའི་ལུགས་སྲོལ་འདི་དང་འགྲོགས་ནས་རིགས་རྒྱུད་བཙོང་བ་དང་སྤྲོད་མཁན་ཡང་ཡོང་སྲིད་པ་རེད། དེ་ཡིན་དུས་བོད་རང་ལ་ཡང་སྔ་མོ་ནས་ཕྲུ་གུ་སྐྱེ་མི་ཐུབ་པའི་ཉེ་འབྲེལ་ལ་བུ་སྐལ་ཟེར་ནས་བྱིས་པ་སྤྲོད་སྲོལ་ཡོད་པ་ལས། རིགས་རྒྱུད་བཙོང་བ་དང་སྤྲོད་པའི་སྲོལ་འདི་བྱུང་མེད་དུས། ཕྱིས་སུ་དེ་ལྟར་བྱུང་བ་ཡིན་ན། བོད་མིའི་སྤྱི་ཚོགས་ཁྲོད་དུ་དགེ་མཚན་གང་བྱུང་གི་རེད་དམ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༥ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese