མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུད་སྨད་གྲྭ་ཚང་གི་ཆོས་བརྡ་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp
རྒྱུད་སྨད་གྲྭ་ཚང་གི་ཆོས་བརྡ་གསལ་བསྒྲགས།


༄། །དད་དམ་མཆོག་ཏུ་དགེ་ཞིང་དོན་གཉེར་གྱི་འདུན་པ་བརྟས་པའི་ཆོས་ཞུ་བ་སེར་སྐྱ་ཡོངས་ཀྱི་སྙན་ལམ་དུ་ཞུ་དོན།འདི་ག་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གིས་རིང་མོ་ཉིད་ནས་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་བཞིན། འདི་ལོ་ཕྱི་ཟླ་ ༡༢ ཚེས་ ༠༤ དགེ་བར་ཧུན་སུར་རབ་རྒྱས་གླིང་གཞིས་སྒར་སྨད་རྒྱུད་གྲྭ་ཚང་དུ་ཞབས་སོར་བཀྲ་ཤིས་ཀྱི་རེ་ཁ་བཀོད་དེ་གསུང་ཆོས་སོགས་མཛད་འཕྲིན་ཁག་བཀྲིན་བསྐྱང་རྒྱུའི་ཞལ་བཞེས་གསུང་གི་བདུད་རྩི་སྤྱི་བོར་ཕེབས་ཡོད། དེ་ཡང་འདི་སྔོན་གྱི་མཛད་འཆར་བྱས་ན་ཕྱི་ཟླ་༡༢ ཚེས་ ༠༥དགེ་བར་ཞབས་སོར་འཁོད་དེ་མཛད་འཕྲིན་ཁག་བསྐྱངས་རྗེས་དེ་ཚེས་༡༡ཉིན་ཕྱིར་ཕེབས་བསྐྱང་རྒྱུའི་མཛད་འཆར་རགས་རིམ་བཀོད་སྒྲིག་མཛད་དོན་བཞིན་གནས་ཚུལ་གང་འཚམས་ཁྱབ་བརྡལ་ཕྱིན་ཡོད་མོད། གལ་ཆེའི་མཛད་བྲེལ་གཞན་གྱི་དབང་གིས་ཕྲན་བུའི་མཛད་རིམ་ལ་འགྱུར་བ་བྱུང་སྟེ།
    ཕྱི་ཟླ་ ༡༢ ཚེས་ ༠༤ དགེ་བར་འདི་ག་ཧུན་སུར་སྨད་རྒྱུད་གྲྭ་ཚང་དུ་ཞབས་ཀྱི་པདྨོ་མངོན་པར་བཀོད་ནས་ས་གཞི་དགེ་མཚན་དུ་བྱས་ཤིང་།ཚེས་ ༠༥ དང་ ༠༦ལ་གཤམ་གསལ་གྱི་བཀའ་ཆོས་བཀྲིན་བསྩལ་རྒྱུ་དང་། ཚེས་ ༠༧གྱི་སྔ་དྲོར་གྲྭ་ཚང་དང་རབ་གླིང་འགོ་མང་སེར་སྐྱ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བསྟན་འགྲོའི་མགོན་དུ་སྐུ་ཚེ་ཞབས་པད་བརྟན་པའི་བརྟན་བཞུགས་འབུལ་བཞེས་བསྐྱངས་ཤིང་། ཉིན་རྒྱབ་བཀའ་ཆོས་འཕྲོ་ནས་བསྩལ་རྒྱུ་དང་། དེའི་ཕྱི་དྲོར་མགོན་པོ་གང་གིས་དེ་སྔོན་ནས་བཀའ་སློབ་ལམ་སྟོན་སྤྱི་ཕེབས་དགོངས་དོན་བཞིན། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་གསར་སྐྲུན་ལེགས་པར་ཟིན་པའི་གངས་ཅན་རིག་གནས་སློབ་གྲྭ་དབུ་འབྱེད་དང་རབ་གནས་བྱིན་འབེབས་ཀྱི་རྟེན་འབྲེལ་མཛད་སྒོ་མདོར་བསྡུས་གནང་རྒྱུ། ཚེས་ ༠༨ ཉིན་ཕྱིར་ཕེབས་བསྐྱང་རྒྱུ་བཅས་ཡིན་པ་དཔལ་ལྡན་ལྷོ་སྤྱིི་བརྒྱུད་ནས། བཀའ་གསུང་འཆི་མེད་བདུད་རྩིའི་སྦྲང་ཆར་བདག་ཅག་རེ་བའི་ཚ་གདུང་གཞིལ་བའི་གསོས་སུ་སྤྱི་བོར་བསྩལ་སྨིན་བྱུང་སོང་བ་དང། བཀའ་ཆོས་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རྫོགས་རིམ་སྐོར་གྱི་གཞུང་སྟེ།རིམ་ལྡ། ཞེས་སུ་གྲགས་པ་དེའི་འགྲེལ་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་རིམ་པ་ལྔའི་རྣམ་པར་བཤད་པ་ཟུང་འཇུག་ནོར་བུའི་བང་མཛོད་ཅེས་བྱ་བའི་གཞུང་འདིའི་བཀའ་ཁྲིད་བསྩལ་རྒྱུ་ཡིན་པ་མ་ཟད། བཀའ་ཆོས་འདིའི་ཕྱག་དཔེ་ཡང་། གྲྭ་ཚང་ནས་པར་སྐྲུན་ཞུ་བཞིན་པས་སྐབས་འཚམས་འདུས་ཚོགས་སུ་འགྲེམས་འབུལ་ཞུ་ཆོག་པ་བཅས་ཀྱི་ཆོས་བརྡ་གསལ་བསྒྲགས་སུ།

རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནས།

 

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese