སེར་བྱེས་གྲྭ་ཚང་ནས་ནང་ཆོས་དོན་གཉེར་ཅན་གྱི་རྒྱ་གར་བ་དྲུག་བཅུ་ཙམ་ལ་ནང་ཆོས་ཀྱི་ལྟ་གྲུབ་དང་། ནང་ཆོས་ཀྱི་ཚན་རིག་ངོ་སྤྲོད་དང་ཟབ་སྦྱོང་སྤྲད་འདུག
རྒྱ་གར་ལྷོ་ཕྱོགས་སེར་བྱེས་གྲྭ་ཚང་གིས་གནས་ཚུལ་བཏང་བའི་ནང་བཀོད་དོན། “ ༧གོང་ས་མཆོག་གི་བཀའ་སློབ་དགོངས་དོན་ལྟར། ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་ནས་ཉིན་གསུམ་རིང་། འདི་ག་སེར་བྱེས་གྲྭ་ཚང་གི་གོ་སྒྲིག་འོག་སེར་བྱེས་ཡིད་དགའ་ཆོས་གླིང་མགྲོན་ཁང་དུ། སེར་བྱེས་མཁན་རིན་པོ་ཆེ་དབུ་བཞུགས་ཐོག ནང་ཆོས་ཀྱི་ལྟ་གྲུབ་ངོ་སྤྲོད་གནང་མཁན་སྐྱབས་རྗེ་མཆོག་སྤྲུལ་ཁང་གསར་རིན་པོ་ཆེ་མཆོག་དང་། ནང་ཆོས་ཀྱི་ཚན་རིག་ངོ་སྤྲོད་པ་དགེ་བཤེས་ཉི་མ་བཀྲ་ཤིས་ལགས་བཅས་ནས། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མངའ་སྡེ་ཆེན་པོ་གསུམ་ནས་ཕེབས་པའི་ཡེ་ཤུ་དང་། ནང་པ། རྒྱ་གར་བ་ནང་ཆོས་ལ་དོན་གཉེར་ཅན། རྒྱ་གར་གཞུང་ཞབས་པ་ཕོ་མོ་ ༦༠ ལྷག་ཙམ་ལ་ནང་ཆོས་ཀྱི་ལྟ་གྲུབ་དང་། ནང་ཆོས་ཀྱི་ཚན་རིག་ངོ་སྤྲོད་ཟབ་སྦྱོང་ཞིག་གནང་ཞིང་ཡོད་ཅིང་། ཉིན་མཐའ་མར་གཟབ་སྦྱོང་བ་ཚོར་ཕྱག་ཁྱེར་དང་མཇལ་དར་སྒྲོན་འབུལ་བཅས་གནང་སྟེ། ཟབ་སྦྱོང་དུ་མཉམ་བཞུགས་མཁན་ཡོངས་ནས་བློ་ཡིད་ཚིམ་པ་ཞིག་བྱུང ” ཞེས་བཀོད་འདུག་ལ། རྒྱ་གར་དང་ཕྱི་རྒྱལ་བ་ནང་ཆོས་ལ་དོ་སྣང་ཅན་མང་དུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་སེར་བྱེས་གྲྭ་ཚང་གི་ངོས་ནས་ལས་གཞི་འདི་ལོ་རེར་ཐེངས་ ༣ རེར་སྤེལ་རྒྱུ་ཡིན་ཚུལ་ཡང་བཀོད་འདུག
ཡག་པོ་རེད། འོན་ཀྱང་ཅིག་བྱས་ཚད་ཚང་མ་སྐྱབས་མགོན་རིན་པོ་ཆེའི་ཅིག་རེད་ཉིག་རེད་ཟེར་བསྡད་པ་དེ་འདྲ་སྙན་མོ་ཞིག་མ་རེད་འདོད།
བཟང་གི་བཟང་གི་་་་་་་་དྲན་ཤེས་དང་ནམ་ཤེས་སོགས་ཀླད་པའི་བཙལ་ནས་རྙེད་རྒྱུ་ཞིག་ཨེ་ཡོད་ན། བཙལ་བཙལ་བའི་ཐ་མ་མ་རྙེད་པ་དང་མི་རྙེད་པ་སོགས་དངོས་པོ་རང་རང་གི་གཤིས་སུ་གྲུབ་ཡོད་པ་རེད། དགེ་བཤེས་ལགས
ནང་ཆོས་དང་ཚན་རིག་ཟབ་སྦྱོང་འདི་༧་གོང་ས་མཆོག་གི་བཀའ་དགོངས་བཞིན་ཡོད་ན་ཡག་པོ་ཡིན་ཀྱང་མཁྱེད་ལྡན་པ་རྣམས་ཀྱིས་ངེས་པར་དུ་ཡིན་གཟམ་གནང་གར་ཆེ་ལགས།།
ནང་ཆོས་དང་། ཚན་རིག་ཟུང་འབྲེལ་གྱི་ཟབ་སྦྱོང་ལ་བསྟོད་པར་འོས་སོ། སེ་ར་བྱེས་པ་རྟག་ཏུ་རྒྱས་པར་ཤོག
སེ་ར་ཙམ་མིན་པར་མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཕལ་མོ་ཆེའི་ངོས་ནས་ནང་ཆོས་དང་ཚན་རིག་ཐད་བགྲོ་གླེང་གི་གོ་སྒྲིག་བྱེད་དགོས་ངེས་ཤིག་ཆགས་ཡོད་ནའང་། ད་བར་གོ་མེད་ཚོར་མེད་དུ་བསྡད་པ་ནི་ཞན་ཆ་ཆེན་པོ་ཞིག་རེད། མ་འོངས་པར་ཅིས་ཀྱང་ཕྱི་རྒྱལ་གྱི་དོན་གཉེར་ཅན་ཚོར་ནང་ཆོས་འཆད་ཁྲིད་ཀྱི་ལས་འགུལ་སྔར་བས་ཤུགས་ཆེར་སྤེལ་དགོས་པར་སྙམ།
དེ་སྔོན་ལོ་མང་རིང་མཚན་རིག་ཟབ་སྦྱུང་གི་སྤྱི་ཚོགས་ནང་ཕན་འབྲས་གང་བསྐྲུན་ཡོད་པ་ཡིན་ནམ།