མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིར་སྤྱི་འཐུས་ཤིག་དང་ལས་འགུལ་བ་ ༦ བཀག་ཉར།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་ཧྥ་རན་སིའི་གྲོང་ཁྱེར་ཁཱན་ནང་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་སྤེལ་བཞིན་པའི་ངོ་རྒོལ་ལས་འགུལ་ཁག་མུ་མཐུན་བཞིན་ཡོད་པ་དང་། དེ་རིང་གི་ལས་འགུལ་ཁྲོད་བོད་མི་མང་སྤྱི་འཐུས་གཅིག་གཙོས་པའི་ལས་འགུལ་བ་ ༦ ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

 དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ དང་ཕྱེད་ཀའི་སྟེང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ཁང་དང་། བོད་རང་བཙན་སློབ་ཕྲུག་ཚོགས་ཆུང་། དེ་བཞིན་ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག་ཧྥ་རན་སིའི་གྲོང་ཁྱེར་ཁཱན་ནང་ངོ་རྒོལ་ལས་འགུལ་སྤེལ་མགོ་བཙུགས་ཡོད་འདུག་ལ། ལས་འགུལ་མགོ་འཛུགས་སྐབས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཧྥ་རན་སིའི་བསྟན་རྣམ། དབྱིན་ལན་གྱི་པདྨ་ཡུ་ཀོ སུད་སིའི་མིག་དམར་བཅས་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་བསྟུན། ཁོ་ཚོའི་མཉམ་དུ་ཡོད་པའི་ལས་འགུལ་བ་ཁག་ཅིག་སྲང་ལམ་དུ་ཉལ་ནས་ངོ་རྒོལ་སྐད་འབོད་བྱས་སྐབས། ཉེན་རྟོག་པས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་གཙོས་པའི་ངོ་རྒོལ་བ་བདུན་འཛིན་བཟུང་དང་དུས་ཡུན་ཆུ་ཚོད་གསུམ་ཙམ་རིང་བཀག་ཉར་བྱས་ཡོད་འདུག

འདིའི་སྐོར་བསྟན་རྣམ་ལགས་སུ་ཁ་པར་བརྒྱུད་བཀའ་འདྲི་ཞུས་སྐབས། ཁོང་གིས “ སྤྱིར་བཏང་ཁ་སང་ནས་ང་ཚོས་ལས་འགུལ་སྤེལ་མགོ་བཙུགས་ཡོད་པ་རེད། ཁ་སང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། ཡུ་རོབ་བོད་ཀྱི་གཞོན་ནུའི་ཚོགས་པའི་མི་བཞི་ཡིས་སྲིད་འཛིན་ཧུའུ་ཅིན་ཐའོ་འདིར་འབྱོར་སྐབས་དང་བསྟུན་ནས་བོད་ཀྱི་རྒྱལ་དར་དང་། འབོད་ཚིག་འཁོད་པའི་འཕྲེད་དར་འཁྱེར་ནས་གྲོང་ཁྱེར་མེ་འཁོར་འབབ་ཚིགས་ཀྱི་ཐོག་ཁང་ཡང་སྟེང་ནས་མར་དཔྱངས་ནས་ང་རྒོལ་ལས་འགུལ་སྤེལ་བ་རེད། ད་དུང་སང་ཉིན་ཡང་མུ་མཐུད་ནས་ལས་འགུལ་སྤེལ་འཆར་ཡོད་པ་རེད ” ཅེས་དང་།  “ དེ་རིང་གི་གསར་འགོད་གསལ་བསྒྲགས་ནང་། གཙོ་བོ་རྒྱ་ནག་གིས་བོད་ཐོག་བཟུང་བའི་དྲག་རྩུབ་ཀྱི་སྲིད་ཇུས་མཚམས་འཇོག་དགོས་པ་དང་། དེ་རིང་འདིར་འཛོམས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་དབུ་ཁྲིད་ཚོས་བསམ་བཞེས་གནང་སྟེ། རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་དང་མཉམ་དུ་གླེང་སློང་དགོས་པའི་འབོད་སྐུལ་ཞུས་ཡོད། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ནང་གི་བོད་མིའི་བདེ་སྡུག་མཚོན་ཆེད་ང་ཚོ་ལམ་ཁའི་ནང་ཉལ་ནས་ངོ་རྒོལ་སྐོད་འབོད་བྱས་པ་ཡིན ” ཞེས་དེ་རིང་གི་ལས་འགུལ་སྐོར་ངོ་སྤྲོད་གནང་སོང་།

ཁོང་གིས་མུ་མཐུད་ནས་ “ སྤྱིར་བཏང་ང་ཚོར་གྲོང་ཁྱེར་ནེ་སི་ནང་མ་གཏོགས་ཁཱན་ནང་ལ་ངོ་རྒོལ་སྤེལ་རྒྱུའི་ཆོག་མཆན་ཐོབ་ཡོད་པ་མ་རེད། དེའི་སྒང་ལ་དམ་དྲག་ཧ་ལས་པའི་ཤུགས་ཆེན་པོ་འདུག གོ་ཐོས་ལ་ཁཱན་གྲོང་ཁྱེར་ཆུང་ཆུང་འདིའི་ནང་ད་ཐེངས་ཉེན་རྟོག་པ་དང་སྲུང་སྐྱོབ་དམག་མི་ཁྲི་ཉིས་ལྷག་ཡོད་ཚུལ་འདུག ལམ་ཁ་ཆེ་ཆུང་གང་ཡིན་ཡང་ཐར་རྒྱུ་ཁག་པོ་རེད། ཆུ་ཚོད་སྐར་མ་རེ་རེ་བཞིན་ཐད་འཕུར་གནམ་གྲུའི་བསྐོར་བ་བྱེད་ཀྱི་འདུག ཡིན་ནའང་། ང་ཚོས་ཐབས་ཤེས་དང་འབད་བརྩོན་འདྲ་མིན་བྱས་ཏེ་ཚོགས་ཆེན་ཚོགས་སའི་ཉེ་སར་བསླེབས་ཐུབ་པ་རེད། ཚོགས་རར་ཉེ་སའི་སྲང་ལམ་ཆུང་ཆུང་ཞིག་གི་ནང་གསར་འགོད་གསལ་བསྒྲགས་དང་ངོ་རྒོལ་སྐད་འབོད་བྱས་པ་ཡིན། ཉེན་རྟོག་པ་རིམ་པ་བཞིན་འབྱོར་ནས་ང་ཚོ་མི་བདུན་འཛིན་བཟུང་དང་། གཞན་དེ་ཚོར་ངོ་རྒོལ་མཚམས་འཇོག་བཅུག་ནས་ཕྱིར་ཕུད་བཏང་སོང་། ང་ཚོ་མི་བདུན་པོ་ཆུ་ཚོད་གསུམ་རིང་བཀག་ཉར་དང་འདྲི་བརྩད་བྱས་རྗེས་ཀློད་གྲོལ་བཏང་སོང”  ཞེས་ཁོ་ཚོ་འཛིན་བཟུང་བཀག་ཉར་གྱི་བརྒྱུད་རིམ་གསལ་བཤད་དང་འབྲེལ། གྲོང་ཁྱེར་ཁཱན་ནང་ཉེན་རྟོག་པའི་དམ་དྲག་ཤུགས་ཆེན་ཡོད་ནའང་། ལས་འགུལ་སྤེལ་སྐབས་དང་འཛིན་བཟུང་བྱེད་སྐབས་གྲོང་ཁྱེར་མི་མང་གིས་༼ ཡག་པོ་འདུག༽ ༼ ང་ཚོ་བོད་པའི་རྒྱབ་རྩར་ལངས་ཡོད། ༽ཅེས་སྐད་ཤུགས་ཆེན་པོ་བརྒྱབ་སྟེ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་ཚུལ་གསུངས་བྱུང་།

གཞན་ཁ་སང་ཧྥ་རན་སིའི་རྒྱལ་སར་ཕ་རི་སིར་ངོ་རྒོལ་སྐད་འབོད་བྱེད་སྐབས། བོད་རིགས་གཞོན་སྐྱེས་བུ་མོ་ཏྰ་ར་སྒྲོལ་མ་ལྷ་མོ་དང་། ཀ་མེ་ཡ། བུ་ཡོན་ཏན། བསྟན་འཛིན་ཟླ་བཟང་། བཀྲ་ཤིས་བསམ་འཕེལ། བསྟན་པ་དར་རྒྱས་བཅས་ཀྱིས་དང་བླང་ཐོག ཕ་རི་སིའི་དྲན་རྟེན་སྒོ་ཆེན་( Charles du gaule )སྟེང་བོད་ཀྱི་རྒྱལ་དར་དང་།  ༼ སྲིད་འཛིན་སར་ཁོ་རྫེ། བོད་སྐྱོབས་རོགས། ༽སོགས་འཁོད་པའི་འཕྲེད་དར་རིང་བོ་ཞིག་དཔྱངས་ཡོད་པ་དང་། འཕྲེད་དར་དེའི་རིང་ཐུང་ལ་མེ་ཊེར་ ༣༠ ལྷག་ཡོད་འདུག ལས་འགུལ་སྤེལ་རྗེས་ཁོ་ཚོ་ཡང་ཉེན་རྟོག་པས་འཛིན་བཟུང་དང་དུས་ཡུན་ཆུ་ཚོད་གཉིས་ཙམ་ལ་བཀག་ཉར་འདྲི་བརྩད་བྱས་ཡོད་འདུག

སང་ཉིན་གྱི་ལས་འགུལ་སྤེལ་ས་ནི་གྲོང་ཁྱེར་ནེ་སི་ནང་ཡིན་ཞིང་། སྔ་དྲོ་ཆུ་ཚོད་ ༩ ནས་མགོ་འཛུགས་ཀྱི་ཉིན་གང་བོར་ངོ་རྒོལ་སྐད་འབོད་དང་། གཏམ་བརྗོད་ཁྲབ་སྟོན་སོགས་བྱ་འཆར་ཡོད་པ་མ་ཟད། ཁ་སང་ལྟར་འདུ་འཛོམས་ཆེ་སའི་གྲོང་ཁྱེར་ནེ་སིའི་གནའ་བོའི་ལྷ་ཁང་རྙིང་བ་ཞིག་གི་ཡང་སྟེང་ནས་བོད་དོན་བརྗོད་ཚིག་འཁོད་པའི་ཕྲད་དར་དཔྱང་འཆར་ཡོད་འདུག

ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 8

  1. བྱམས་རྒྱལ། says:
    ལོ་ 14 སྔོན།

    ས་གནས་གསར་འགོད་པ་ཟླ་བ་ཚེ་རིང་གིས་གནས་ཚུལ་མུ་མཐུད་མཁོ་འདོན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་ ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་འབྲེལ་མཐུད་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་ཆུང་།་ཡུ་རོབ་བོད་ཀྱི་གཞོན་ནུ་ཚོགས་པ་བཅས་ལ་ཐུགས་རྗེ་ཆེ་ཞེས་ཞུ་ཡ་དང་
    རེ་བསྐུལ་ཞིག་ཞུ་ཡ་ལ་མ་འོངས་པ་ན་ལས་འགུལ་འདིའི་རིགས་མ་སྤེལ་གོང་ས་གནས་བོད་རིགས་རྣམས་བསྐོངས་ཏེ་མི་འབོར་ཤུགས་ཆེ་ཙམ་ལས་འགུལ་ནང་ཞུགས་ཐབས་གནང་སྐྱོང་ཡོང་བ་ཞུ།

    Reply
  2. ནད་པ says:
    ལོ་ 14 སྔོན།

    གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒལ་ཡོད།
    གང་དུ་དམངས་གཙོ་མེད་ན། དེ་རུ་ངོ་རྒོལ་བྱེད་དགོས།
    གང་དུ་ཐོབ་ཐབ་མེད་ན་། དེ་རུ་ངོ་རྒོལ་བྱེད་དགོས།
    གང་དུ་རང་དབང་མེད་ན། དེ་རུ་ངོ་རྒོལ་བྱེད་དགོས།

    སྐྱེས་པ་རླབས་ཆེན་ཞིང་ཤི་བ་གཟི་བརྗིད་རེད།
    གང་དུ་སྐྱེས་ན། དེ་རུ་ཤི་དགོས།
    གང་དུ་སྐྱེས་ན། གང་གི་ཕྱིར་ཤི་དགོས།
    གང་གི་ཕྱིར་ཤི་ན། གང་གིས་དཔའ་བོར་འབོད།

    གངས་ཅན་ལྗོངས་སུ་སྐྱེས། གངས་ཅན་པའི་ཕྱིར་ཤི་ཕོད་པ་དེ་རླབས་ཆེན་དང་གཟི་བརྗིད་ཞིག་ཆགས་ཡོད།

    རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོ་རྒྱལ་རྒྱུར་ཅིག།

    Reply
  3. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    Just Headlines: 1) Kalon Tripa discussed grave situation in Tibet with Senators Lieberman, John McCain & House Foreign Affairs Committee etc, 2) UN experts voiced grave concern over severe Human Rights violation in Tibet, 3) Tibetan Parliament thanked The World Community for their continued support & solidarity, 4) ITN, TYC, SFT & TWA etc launch Global Day of Action ahead of G-20 Summit & UN Sessions, stage protests worldwide, 5) 36 RTYC Delhi youths stormed Chinese Embassy in Delhi, 6) SFT members staged pro-Tibet Actions in Cannes, over 9 Tibetan activists detained, 7) SFT members staged protests in Mumbai, Delhi & Kolkotta etc, 8) Chalk Tibet goes global. Bod Gyalo. Rise up for Tibet Strong & Loud. Dear Compatriots, All the Best for the Global Actions.

    http://www.facebook.com/profile.php?id=548493473&sk=wall
    འདི་གཟིགས་རོགས།

    Reply
  4. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོ་གང་དུ་སོང་ཀྱང་སྐད་འབོད་ངོ་རྒོལ་ཡོད་པ་དེ་ནི་དམར་པོའི་སྲིད་གཞུང་འདི་ལ་བཀྲ་མ་ཤེས་རྟགས་ཤིག་ལོས་ཡིན།

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    བཟང་གི་གནད་ལ་ཁེལ་གྱིན་ཡོད་པས་རྟགས་རེད

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    1) http://www.youtube.com/watch?v=98-sHEso_ZM&feature=share
    2) BBC News – Tibetan Buddhist nun burns herself to death in China
    http://www.bbc.co.uk
    3) Tibetan exile leader urges US to seek access to region where protesters set themselves on fire

    Reply
  7. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    ངོ་དེབ་ facebook ཁག་ཏུ་གཟིགས་དང་། ལས་འགུལ་མང་པོ་ཞིག་གང་འདྲ་འགྲོ་བཞིན་པ་གསལ་པོ་འདུག

    Reply
  8. ཤག་སྒང་པ། says:
    ལོ་ 14 སྔོན།

    ཤིན་ཏུ་ལེགས། འདི་ལྟར་གནང་དགོས་པ་ནི་ང་ཚོའི་འོས་འགན་རེད། བོད་རིགས་དྲག་གྲས་ཚང་མ་ཕྱི་རྒྱལ་དུ་ཡོད་སྐད། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese